Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེ་མཆོད་ཕུལ་མཁན་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་ག་ལ་འགྲོ་སྲིད། ཁྲིམས་ལུགས་སློབ་མ།བློ་བཟང་གྲགས་པ།

Posted on 2013-01-052013-01-05 By ཁ་བརྡ་ 3 Comments on རང་ལུས་མེ་མཆོད་ཕུལ་མཁན་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་ག་ལ་འགྲོ་སྲིད། ཁྲིམས་ལུགས་སློབ་མ།བློ་བཟང་གྲགས་པ།

ལོ་ཟླ་ནི་ཆུ་བོ་ཇི་བཞིན་རྒྱུན་ཆད་མེད་པར་ད་ཡང་སྤྱི་ལོ་གསར་པ་ཞིག་གི་དབུ་འཛུགས་ཞུས་ནས་ལོ་ཟླ་རིམ་གྱིས་སྔར་བཞིན་འགྲོ་རྒྱུ་ཡིན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཞིག་ལུས་ཡིན། འདས་པའི་ལོ་ངོ་ཧྲིལ་བོ་དེའི་ནང་འུ་ཅག་ཁ་བ་ཅན་གྱི་རྒྱལ་ཁམས་དེ་ཉིད་ཁྲག་རྣག་གིས་རྒྱ་མཚོ་འཁྱིལ་ཏེ། གདོང་དམར་བོད་རིགས་སྤུན་ཟླ་ཡོད་ཚད་ལ་བྱུང་མྱོང་མེད་པའི་ལུས་སེམས་ཀྱི་དཀའ་སྡུག་མྱོང་དགོས་བྱུང་པ་རེད། བདག་ཅག་བཀུར་འོས་དཔའ་བོ་དཔའ་མོ་གྲངས་རྒྱ་མ་ཟིན་ཙམ་གྱིས་རང་ལུས་མེ་མཆོད་ཕུལ་པ་དང་། དེའི་ནང་ནས་འདས་གྲོངས་སུ་སོང་པ་གྲངས་༧༨་ཟིན་ཡོད་པ་དང་། གནས་དོན་དེས་བོད་རིགས་སྤུན་ཟླ་རྣམས་ལ་བཟོད་མེད་ཀྱི་སེམས་སྡུག་བསྐྲུན་པ་མ་ཟད། བོད་ཀྱི་ལས་དབང་འདི་ཉིད་ཀྱང་ཆེས་ཐབས་ཟད་འུ་ཐུག་གི་གནས་སུ་བརྫངས་པ་རེད། ཁོང་རྣམ་པའི་མི་རིགས་ལ་ཞེན་བའི་ལས་འགུལ་འདིས་རང་ཉིད་ཀྱི་ནང་མི་སྤུན་མཆེད་སོགས་ལ་མི་ཚེ་གང་བོར་བརྗེད་ཐབས་དཀའ་བའི་དཀའ་སྡུག་བསྐྲུན་པ་མ་ཚད། བོད་དང་རྒྱལ་སྤྱིའི་ལོ་རྒྱུས་ཀྱི་ཟིན་ཐོ་རུ་བསུག་ཏུ་མེད་པའི་ཡ་མཚན་གྱི་ལེ་ཚན་ཞིག་ཀྱང་གཏོད་གནང་མཛད་པ་རེད་སྙམ།

ཁ་རྩང་དེ་རིང་མི་མང་པོ་ཞིག་གིས་ཁོང་རྣམ་པའི་ཚེ་སྲོག་དེ་དག་དོན་མེད་ཆུད་ཟོས་སུ་འགྱུར་བའི་དོགས་པ་བྱེད་ཅིང་ཡོད་ལ། ཡང་ཁ་ཤས་ཀྱིས་རང་ལུས་མེ་མཆོད་ཕུལ་ཏེ་རྒྱ་ནག་ལ་ཞི་རྒོལ་བྱས་པའི་ལས་འགུལ་འདི་ཉིད་ལ། གྲུབ་འབྲས་ཆོད་ནས་མེད་ལུགས་སོགས་བསམ་ཚུལ་འདྲ་མིན་བྱུང་དང་འབྱུང་མོས་ཡིན་མོད། འོན་ཀྱང་ངས་བསམ་པར། རང་ཅག་བཀུར་འོས་དཔའ་བོ་དཔའ་མོ་རྣམ་གྱིས་མཛད་པའི་ལས་འགུལ་འདི་ལ་འགྲུབ་འབྲས་གཏན་ནས་མ་བྱུང་པ་དང་། ཁོང་རྣམ་པའི་ཚེ་སྲོད་དེ་དག་ཆུད་ཟོས་སུ་སོང་པ་གཏན་ནས་མི་སེམས། གང་ཡིན་ལགས་ན། ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ཆེ་ཕྲ་གང་ཡིན་ཡང་། ངེས་པར་དུ་མི་མཐོང་ལག་ཟིན་དང་། གང་མགྱོགས་ཅི་མགྱོགས་ཀྱིས་གྲུབ་འབྲས་ཤིག་ཐབས་དགོས་པ་ངེས་པ་མེད་ལ། མཚམས་རེར་གྲུབ་འབྲས་ཀྱི་ངོ་བོ་དེའང་ཕྱིར་ཚུལ་གྱིས་མཐོང་ཆོས་སུ་མ་སྣང་པ་དང་། ངང་རྒྱུད་རིང་པོའི་ཐོག་དལ་གྱིས་མངོན་པའི་གྲུབ་འབྲས་དེས་དེ་བས་མ་འོངས་པར་ཆབ་སྲིད་ཀྱི་ལམ་ནས་ཕན་བརླབ་ཆེས་ཆེར་ལྡན་ཐུབ་པའང་ཡོད་པ་རེད།

དེང་སང་མི་མང་པོ་ཞིག་གིས་བོད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མཆོད་མེ་ཕུལ་པ་དེའི་ཐད་འཛམ་གླིང་ནང་གི་གལ་ཆེན་གསར་ལམ་ཁག་དང་། མི་མང་སོགས་ཀྱི་བགྲོ་གླེང་དང་ཚོགས་འདུ། ལྷག་པར་དུ་གཞུང་དང་། ཆབ་སྲིད་པ། རྩོམ་པ་པོ། མི་མང་སོགས་ཀྱིས་དེ་ཙམ་དོ་སྣང་མེད་པ་རེད་ཅེས་གསུངས་ཀྱི་ཡོད་ལ། ཡང་ཁ་ཤས་ཀྱིས་བོད་དཔའ་བོ་དཔའ་མོ་ཚོས་རང་ལུས་མཆོད་མེ་ཕུལ་པ་ནི་ཆུ་རྫིང་ནང་རྡོ་གཡུག་པ་ལྟར་གོ་རྒྱུ་གྲགས་རྒྱུ་མེད་པ་འགྱུར་ཡོད་པ་སོགས་བསམ་ཚུལ་མང་པོ་སླེབས་བཞིན་ཡོད་ནའང་། ངས་དེ་ལྟར་དྲན་གྱིས་མི་འདུག། སྤྱིར་རྒྱལ་ཁབ་དང་སྒེར་བ་སུ་ཡིན་ནའང་རང་ཉིད་ཀྱི་ཁེ་ཕན་སྒྲུབ་པ་དང་། རང་ཉིད་ཀྱི་ཁེ་ཕན་དོན་དུ་གང་ཐུབ་ཀྱིས་གཞན་བསྟུན་བྱེད་པ་ནི་འགྲོ་ལུགས་ཙམ་རེད་མོད། འོན་ཀྱང་ཁོང་ཚོས་ཁ་ནས་མ་བཤད་པ་ཙམ་གྱིས་ཁོང་ཚོར་རྒྱ་ནག་ཐད་སྐྱུག་བྲོ་བའི་ཚོར་བ་ཞིག་སླེབས་མེད་པ་དང་། བོད་དོན་ཐད་བློ་གཟིར་བའི་ངང་བསམ་བློ་ཞིག་གཏོང་མྱོང་མེད་པ་དེ་མཚོན་མི་ཐུབ་པ་རེད། ཡང་མཐར་གཅིག་ཏུ་དེང་སང་འཛམ་གླིང་སྒང་གཞུང་སྒེར་གཉིས་དང་གནད་ཡོད་མི་སྣ། ཤེས་ཡོན་ཅན་ཚོས་བོད་དོན་ལ་དོ་སྣང་གནང་གི་མི་འདུག་ཅེས་བརྗོད་པ་ཡིན་ན། དེ་ནི་མི་རུང་སྟེ། འདས་པའི་ལོ་གཅིག་གི་རིང་། བདག་ཅག་དཔའ་བོ་དཔའ་མོ་མང་པོས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མཆོད་མེར་སྒྲོན་པའི་བཀའ་དྲིན་ནས། འཛམ་གླིང་ཡུལ་གྲུ་དུ་མར་མི་མང་ཁྲོད་དུ་བོད་དོན་ཐད་སྔར་ལས་མཁྱེན་རྟོགས་བྱུང་པ་དང་། རྒྱ་ནག་ལ་སྐྱོན་བརྗོད་དང་སུན་སྣང་སྐྱེས་པའང་མང་པོ་བྱུང་ཡོད་པ་རེད། ད་དུང་རང་ལུས་མཆོད་མེར་སྒྲོན་པའི་ལས་འགུལ་དེའི་རྗེས་སུ། ང་ཚོའི་བཙན་བྱོལ་སྒྲིག་འཛུག་གི་སྣེ་ཁྲིད་མི་སྣ་མང་པོ་རྒྱལ་ཁབ་དུ་མ་ནས་བོད་དོན་དྲིལ་བསྒྲག་དང་། དེང་སྐབས་ཛ་དྲག་གི་གནས་ཚུལ་སོགས་ངོ་སྤྲོད་གནང་པ་གདན་འདྲེན་ཞུས་པ་མ་ཟད། རྒྱལ་ཁབ་མང་པོ་ནས་བོད་དོན་ཐད་དམིགས་བསལ་གྲོས་ཆོད་འཇོག་ཐུབ་པའང་མང་པོ་བྱུང་ཡོད། དེ་དག་ནི་བདག་ཅག་དཔའ་བོ་དཔའ་མོ་དག་གི་རང་ལུས་མཆོད་མེར་སྒྲོན་པའི་མཛད་རྗེས་རེད་ལ། ཁོང་ཚོའི་ཚེ་སྲོག་དག་ཆུད་ཟོས་སུ་སོང་མེད་པའི་དཔང་རྟགས་རེད།

དེང་དུས་ཆབ་སྲིད་ཀྱི་འགྲོས་ལམ་འདི་ནི་ཀྱག་ཀྱོག་ཡིན་ལ། དེའང་རང་གཅེས་འཛིན་དང་རང་ཁེ་བབས་གཞིར་བཅོལ་བའི་འགྲོས་ལམ་ཞིག་ཡིན་པ་རེད། ད་ཆར་བོད་ཀྱི་ཛ་དྲག་གི་གནས་སྟངས་དང་བོད་ཀྱི་བཀུར་འོས་དཔའ་བོ་དཔའ་མོ་མང་པོས་རང་ལུས་མཆོད་མེར་སྒྲོན་ཏེ་བོད་ལ་རང་དབང་དང་༧གོང་ས་མཆོག་ཕྱིར་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པ་སོགས་དྲང་བདེན་དང་ནོར་བ་མེད་པའི་ཆ་རྐྱེན་འདི་དག་སྟོན་པར་འཛམ་གླིང་སྒང་སྤྱི་སྒེར་དང་། ཚོེགས་སྡེ་ཁག་གིས་རང་ཉིད་ཀྱི་ཁེ་ཕན་དང་རང་གཅེས་འཛིན་གྱི་རང་ལུགས་གཞིར་བཅོལ་གྱིས། རྒྱ་ནག་ལ་གནོན་ཤུགས་དགོས་ངེས་ཅན་ཞིག་སྤྲད་མ་ཐུབ་པ་དེ་བདེན་པ་ཡིན་མོད།ཡིན་ནའང་འདི་ནི་ཁོང་ཚོས་རང་ཉིད་ཀྱི་གནས་སྐབས་ཁེ་ཕན་ལ་གཙོར་གཟིགས་ཀྱིས་བྱུང་པ་རེད། ནང་ཞིག་ཁོང་ཚོའང་རྒྱ་ནག་གི་ཤུགས་རྐྱེན་དང་རྡོག་ཕོག་སྤྲད་པའི་ཡུལ་དུ་གྱུར་པ་དང་། རང་ཉིད་ཀྱི་ཁེ་ཕན་དེ་ཉིད་ལ་ཉེན་འཚབ་སླེབས་པ་དང་། རྒྱ་ནག་གི་རྐྱེན་པས་རང་ཉིད་ལ་འགྲོ་ལམ་མ་རྙེད་པའི་དུས་དེ་ནས། རང་ཅག་སྤུན་ཟླ་རྣམས་ཀྱི་ལས་འགུལ་འདི་རིགས་ནི་ཁོང་ཚོར་མཚོན་ན་རྒྱ་ནག་གི་འགྲོ་ལམ་བཀག་པ་དང་། རྒྱ་ནག་ལ་དགྲ་ལེན་འཁོན་ལན་ལོགས་པའི་ལག་ཆ་ཡག་ཤོས་དེ་ཆགས་ཀྱི་ཡོད། འདི་ནི་ཆབ་སྲིད་ཀྱི་ངང་རྒྱུད་རང་བཞིན་ལྡན་པ་དང་འཁོན་ལན་ལོགས་བྱེད་ཀྱི་ལག་ཆ་གསོག་བསྒྲུག་བྱེད་པའི་ཐབས་ལམ་ཞིག་རེད་ལ། སོ་སོ་སྲོང་སྐྱབས་ཐུབ་པའི་མ་ལག་གལ་ཆེན་ཞིག་ཀྱང་ཡིན། དེ་འདྲ་སོང་ཙང་། ང་ཚོས་གནས་སྐབས་ཀྱི་ཆབ་སྲིད་དང་། སྤྱི་ཚོགས་ཀྱི་གནས་བབས་འདི་དང་བྱེད་ཕྱོགས་འདིའི་རྐྱེན་པས། ང་ཚོས་ད་ལྟ་ནས་འུ་ཅག་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་སྡོམ་ཚིག་བཀོད་པ་ནི་ཅུང་སྔར་མི་དྲགས་ནམ་སྙམ།

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: འདྲེན་པའི་མི་ཡི་དབང་པོ། འཁྱམས་པོ།
Next Post: ཅོ་ཀོ་ལེཊ་ཀྱི་དཀྱིལ་ལ། བསོད་ནམས་ཟླ་བ།

Comments (3) on “རང་ལུས་མེ་མཆོད་ཕུལ་མཁན་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་ག་ལ་འགྲོ་སྲིད། ཁྲིམས་ལུགས་སློབ་མ།བློ་བཟང་གྲགས་པ།”

  1. དགའ་སྐྱིད་ says:
    2013-01-05 at 2:37 pm

    ༄། འཛམ་གླིང་ནང་མི་གཞན་གྱིས་བཤེས་མ་བཤེས་ཡོང་སྲིད་པ་རེད། འཛམ་གླིང་ནང་ཡོད་པའི་བོད་མི་ཚང་མ་རང་བསྡོད་སའི་གནས་དེར་བོད་ནང་གི་གནས་ཚུལ་ངོ་མ་དེར་བསལ་བསྒྲགས་ཡག་པོ་བྱས་ན་ཧ་གོ་དང་གོ། བོད་མི་སྒྲིག་གཙུགས་ནས་འགོ་འཁྲིད་ཐུབ་ན་མི་དམངས་སེམས་ཤུགས་མེད་པར་མ་རེད། བར་མར་ནང་གི་མགོ་འཁྲིད་ལྕམ་སྐུ་Aung San Suu Kyi མཆོག་དང་རྒྱ་གར་ནང་གི་འདས་པའི་དབུ་འཁྲིད་དམ་པ་Gandhi JI ལྟར་བུ་མདུན་དུ་དོན་ནས་ཤིས་རྒྱུར་མ་ཀྲག་མཁན་ཁ་ཙམ་ཚིག་ཙམ་མིན་པར་མ་ཟད་རང་ཉིད་མཐོ་སར་འཛིན་རྒྱུར་བསམ་བློ་མེད་མཁན་ཅིག་དགོས་རན་འདུག ༧གོང་ས་མཆོག་ནས་ཕྱིར་ལོ་༡༩༦༡ ནས་མང་གཙོ་གནང་རེད་དངོས་གནས་སེམས་ཤུགས་ཡོད་ན་མི་མང་སྣད་འཁྲིད་ནས་མགོ་འཁྲིད་ཚོ་རྒྱལ་སྤྱིའི་ནང་བོད་དོན་ཚ་ཚ་འུར་འུར་དཔེལ་རན་འདུག། དལྟ་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལས་འཛམ་གླིང་ནང་བོད་དོན་ཆུ་ཚད་མཐོ་པོ་ཡོད་ དུས་ཚོད་དམ་འཛིན་བྱེད་དགོས་འགན་དབང་ཡོད་པའི་མི་ཚོ་ནུས་པ་ཏོན་རན་འདུག།།།

  2. ངོ་ལུག says:
    2013-01-05 at 4:17 pm

    རྩོམ་འདི་ཡག་གི། སློབ་མ་རྣམ་རིག་བཀྲ་བ་ཞིག་ཡིན་ངེས།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-06 at 10:45 am

    ཁྲིམས་ལུགས་སློབ་མའི་རྩོམ་ཡིག་ལེགས་པ་་ཀློག་པར་བདེ། འོན་ཀྱང་། བོད་སྤྱིའི་སྐད་དུ། འདིའི་རྐྱེན་གྱིས། ཞེས་པ་གཏོར་བཤིགས་ཀྱིས་འདིའི་རྐྱེན་པས། ཞེས་བྲིས་པ་དེ། ཁྲིམས་ལུགས་དང་མི་འགལ་ལམ། ཡང་ན། ཁྲིམས་ལུགས་གསར་པར་གང་དྲན་དྲན་གྱིས་བོད་ཀྱི་རིན་ཐང་ཅན་གྱི་ཡི་གེ་དག་རིམ་པས་མེད་པར་བཟོ་ཆོག་པ་ཡིན་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (19)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (10)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme