Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབང་མེད་སེམས་ཁོང་ནས་རྡོལ་བའི་སྲིད་གསུམ་མགོན་པོའི་བསྟོད་པ་རྦ་ཆུ་རྡོལ་རྡོལ། ཝཱཎ་བྱམས་པ་ལྷུན་གྲུབ

Posted on 2013-01-052013-01-05 By ཁ་བརྡ་ 3 Comments on དབང་མེད་སེམས་ཁོང་ནས་རྡོལ་བའི་སྲིད་གསུམ་མགོན་པོའི་བསྟོད་པ་རྦ་ཆུ་རྡོལ་རྡོལ། ཝཱཎ་བྱམས་པ་ལྷུན་གྲུབ

སྐྱབས་གཅིག་བསྟན་འཛིན་རྒྱ་མཚོ།།

མ་མཇལ་ལོ་གཅིག་སོང་ཡང་།།

ད་རེ་སྐལ་བཟང་ལོ་འདིར།།

 སླར་ཡང་མཇལ་སྐལ་ཐོབ་པས།།

 ལུས་སེམས་དགའ་བདེས་གང་ནས།།

 གང་གི་གསེར་ཞལ་མཇལ་བར།།

 ཉིན་ཞག་གཉིས་ལས་མེད་ཀྱང་།།

 ལོ་ཟླ་འགའ་ཞིག་འགོར་འདྲ།།

 མཇལ་སྒུག་སེམས་ཀྱི་ཚོར་བ།།

 ལོང་ལོང་ཆུ་རླབས་འཕྱུར་ལྟར།།

 ཡང་ཡང་སེམས་ནས་རྡོལ་གྱིན།།

 འདི་འདྲ་བཟོད་བཏུབ་དཀའ་བའི།།

 ངང་སྒུག་སེམས་ཚོར་རྡོལ་འདི།།

 ཨེ་མ་འཇིག་རྟེན་མགོན་པོའི།།

 རྨད་བྱུང་སྐུ་གསུང་ཐུགས་ཀྱི།།

 དཔག་ཡས་ཡོན་ཏན་མཐུ་ལས།།

 བྱུང་བར་སོམ་ཉི་སུར་མཆིས།།

 གང་གི་རྨད་བྱུང་མཛད་འཕྲིན་རེ་རེ་བཞིན།།

 སྒྲོ་སྐུར་མེད་པར་ཇི་ཙམ་བགྲངས་ན་ཡང་།།

 བདག་ལྟའི་སྐྱེས་སྦྱོང་ཤེས་རབ་དམན་དག་ལ།།

 བགྲང་དུ་ཡས་བས་བགྲང་བར་ངལ་བ་ཙམ།།

 དེ་ལྟར་ན་ཡང་སྐལ་བཟང་དུས་གཅིག་འདིར།།

 གང་དེའི་བརྗོད་འདས་སྐུ་གསུང་ཐུགས་གསུམ་གྱི།།

 ཆུ་གཏེར་ལས་ཟབ་མཁའ་ལྟར་མཐའ་ཡས་པའི།།

 དཔག་ཡས་ངོ་མཚར་ཡོན་ཏན་མ་ལུས་ཀུན།།

 ཇི་སྙེད་ཇི་ལྟར་ཐམས་ཅད་བརྗོད་འདས་ཀྱང་།།

 སྐལ་ལྡན་བདག་སོགས་འཇིག་རྟེན་འགྲོ་རྣམས་ལ།།

 སྐལ་བཟང་དུས་འདིར་ཚོགས་གསག་སྒྲིབ་སྦྱོང་སླད།།

 ཆ་ཤས་ཙམ་གཅིག་བརྗོད་པར་སྤྲོ་བ་བརྟས།།

 

༡་ སྐུ་ལ་བསྟོད་པ།

 

གང་གི་བག་ཕེབས་བཞིན་གྱི་དཀྱིལ་འཁོར་ལས།།

 དགྱེས་མཛུམ་པད་དཀར་ཁད་ཀྱིས་བཞད་པ་དང་།།

ཚེམས་ཕྲེང་མུ་ཏིག་རྡོག་པོའི་བསྟར་ཕྲེང་རྣམས།།

དཀར་གསལ་འོད་གྱིར་ཞལ་ལས་མངོན་མཛད་ཅིང་།།

ཕྱག་ཟུང་པད་འདབ་དལ་གྱིས་སྦྱོར་བཞིན་ངང་།།

བགྲང་ཡས་གདུལ་བྱའི་ཆོས་སར་བྱོན་པའི་དུས།།

འཁོར་ཚོགས་མ་ལུས་དགའ་བདེས་མྱོས་པ་དང་།།

དད་དང་སྤྲོ་སེམས་རྦ་ཆུ་ཟགས་ཇི་ལྟར།།

དབང་མེད་སྒོ་གསུམ་བཅོས་མིན་གུས་པ་ཡིས།།

ལག་ཟུང་ཐལ་མོ་རབ་བརྟན་རྡོ་རྗེ་བཞིན།།

དམ་དུ་སྦྱར་ནས་སྲིད་གསུམ་མགོན་ཁྱོད་ལ།།

སྐྱབས་སུ་མཆིས་འདི་ཨེ་མ་ངོ་མཚར་ཆེ།།

 

༢་གསུང་ལ་བསྟོད་པ།

 

གོའུ་ཏམ་དེ་ལ་འགྲན་དུ་བཟོད་པ་ཡི།།

ཁྱོད་ཀྱི་རྨད་བྱུང་གསུང་གི་ཆོས་ཆར་དེ།།

འཁོར་ཚོགས་དད་པའི་ཞིང་སར་འབབ་པ་ན།།

ཐུབ་པའི་རྗེས་འཛིན་ནང་པ་རྣམས་ལྟར་ཅི།།

བདག་དང་འཇིག་རྟེན་རྟག་པར་དམ་འཛིན་ཅིང་།།

སྐྱེ་བ་སྔ་ཕྱི་ལས་འབྲས་རྣམ་གཞག་སོགས།།

མི་འདོད་གདུལ་དཀའ་ལྟ་བ་མཁྲེགས་འཛིན་གྱི།།

མ་རུང་ཕྱི་རོལ་མུ་སྟེགས་ཚོགས་རྣམས་ཀྱང་།།

ཡིད་སེམས་རབ་འགུག་ཁྱོད་ལ་ཆེས་བཀུར་འདི།།

སྔོན་ཆད་ལོ་རྒྱུས་དེབ་ཐེར་ཐམས་ཅད་ནང་།།

བྱུང་མྱོང་པས་ཨེ་མ་ངོ་མཚར་ཆེ།།

 

            ༣་ཐུགས་ལ་བསྟོད་པ།

ཁྱོད་ཐུགས་ཀུན་ཁྱབ་ཐུགས་རྗེ་ཟབ་མོ་ལས།།

ལེགས་འཁྲུངས་དགྲ་གཉེན་ཀུན་ལ་མཉམ་པ་སྟེ།།

ཉེ་རིང་མི་མངའ་རླབས་ཆེན་ཐུགས་སེམས་ཀྱིས།།

རིས་མེད་ཕྱི་ནང་དཔག་ཡས་གདུལ་བྱ་རྣམས།།

བྱམས་དང་བརྩེ་བ་སྙིང་རྗེས་ཚུལ་སྐྱོང་བས།།

གངས་ཅན་མགོན་ལས་འཛམ་གླིང་མགོན་གྱུར་ལ།།

འཛམ་གླིང་མགོན་ལས་འཇིག་རྟེན་མགོན་པོ་འམ།།

ཡང་ན་སྲིད་གསུམ་མགོན་པོར་གྱུར་ཅེས་ནས།།

སྤོབས་པ་ཆེན་པོས་ཁ་ཚོན་རྦད་བཅད་ཀྱིས།།

སྲིད་འདིར་བསྒྲགས་ཀྱང་སུ་ཡིས་བསྙོན་དུ་མེད།།

 

༤་  མཇུག་གི་བསྔོ་བ།

 

དེ་ལྟར་སྲིད་གསུམ་མགོན་པོ་ཁྱོད་ཉིད་ཀྱི།།

ཡོན་ཏན་མ་ལུས་བགྲང་ན་མི་ཚར་ཡང་།།

རེ་ཞིག་བདག་གི་སྣག་སྨྱུག་རྗོགས་པས་ན།།

ངལ་གསོའི་ཚུལ་དུ་འཚམས་འདིར་འཇོག་ནས་ནི།།

་སྲིད་གསུམ་གང་ན་འགྲན་མེད་མགོན་ཁྱོད་ཀྱི།།

སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱ་མཚོ་ཡི།།

ཆུ་ཐིགས་ཙམ་ཞིག་བརྗོད་འདིའི་ཚོགས་གཉིས་ཀྱིས།།

ལུས་ཅན་མ་ལུས་ཚེ་རབས་ཐམས་ཅད་པོར།།

ཁྱོད་ཀྱི་ཐུགས་རྗེའི་བྱིན་ལས་མི་འདའ་ཞིང་།།

མྱུར་བར་སྲིད་པའི་མཚོ་ལས་གྲོལ་བ་དང་།།

མགོན་པོ་ཁྱོད་ཀྱི་གསང་གསུམ་མཛད་པ་ཀུན།།

སྲིད་གསུམ་ཀུན་ཁྱབ་སྐུ་ཚེ་རབ་བརྟན་ཅིང་།།

འཇིག་རྟེན་ཡོངས་སུ་ཞི་བདེས་ཁྱབ་པ་དང་།།

བོད་ལྗོངས་བདེན་པའི་ཉི་མ་ཤར་གྱུར་ཅིག།

 སྤྱི་ལོ་༢༠༡༣་༡་༤

སྟེ་རེ་གཟའ་པ་སངས་ཉིན་གྱི་དགོང་མོར་རང་ཤག་ཏུ་ཤར་མར་བྲིས།

གསར་འགྱུར།, རྩོམ་རིག

Post navigation

Previous Post: རྩམ་པ། སོག་མདའ།
Next Post: འདྲེན་པའི་མི་ཡི་དབང་པོ། འཁྱམས་པོ།

Comments (3) on “དབང་མེད་སེམས་ཁོང་ནས་རྡོལ་བའི་སྲིད་གསུམ་མགོན་པོའི་བསྟོད་པ་རྦ་ཆུ་རྡོལ་རྡོལ། ཝཱཎ་བྱམས་པ་ལྷུན་གྲུབ”

  1. སྦྲ་དཔལ་ལྡན། says:
    2013-01-05 at 1:18 am

    རྩོམ་ཡིག་ཅིག་བྲིས་འདུག་པ་ཧ་ཅ་ཐུགས་རྗེ་ཆེ་ལ་ཐེགས་ཤིག་བཀླགས་ཡིན། འོན་ཀྱང་ཡིག་སྐྱོན་དང་རྩོམ་ཡིག་འབྲི་བར་གོམས་མེད་སྟབས་རྗེས་ཕྱོགས་གང་མང་མང་འབྲི་རོགས། འདི་ནི་བསམ་ཚུལ་ཙམ་ལས་རང་ཉིད་ཀྱིས་ཚད་མར་འཛིན་རོགས།

  2. ཀརྡོ་གཉེར་ཕྱག་པ་ says:
    2013-01-05 at 2:01 am

    ༸གོང་ས་མཆོག་ནི།
    ཨ་མདོའི་༸ལྷ་མོ།
    ལྷ་སའི་༸རྒྱལ་དབང་།
    རྡ་སའི་༸སྐྱབས་མགོན།
    གོ་ལའི་འགོ་འཁྲིད།
    སྲིད་གསུམ་དབང་སྒྱུར།
    འཇིག་རྟེན་བྱེད་པོ།

  3. ཟུར་གནས། says:
    2013-01-07 at 1:28 am

    རྒྱལ་བ་ཀུན་གྱི་ནི་གསུང་།
    དམ་ཆོས་ཀུན་གྱི་ནི་དགོངས་པ།
    དགེ་འདུན་ཀུན་གྱི་ནི་གྲོགས།
    རྒྱལ་བ་བསྟན་འཛིན་རྒྱ་མཚོ།

    བླ་མ་ཀུན་གྱི་ནི་ཐུགས།
    ཡི་དམ་གྱི་ནི་དངོས་གྲུབ།
    མཁའ་འགྲོ་ཡི་ནི་འཕྲིན་ལས།
    རྒྱལ་བ་བསྟན་འཛིན་རྒྱ་མཚོ།

    མི་ཡི་ནང་གི་ནི་ཕུད།
    སྲིད་སྐྱོང་ནང་གི་ནི་མཆོག
    ཆོས་པའི་ནང་གི་ནི་དཔེ།
    རྒྱལ་བ་བསྟན་འཛིན་རྒྱ་མཚོ།

    བོད་པའི་ནང་གི་ནི་སྙིང་།
    རྒྱ་གར་ནང་གི་ནི་མགྲོན།
    འཛམ་གླིང་ནང་གི་ནི་མགོན།
    རྒྱལ་བ་བསྟན་འཛིན་རྒྱ་མཚོ།

    ང་ཡི་ནི་བཤེས་གཉེན་མཆོག
    དྲིན་ཅན་གྱི་ནི་ཕ་མ་
    ཚེ་རིང་གི་ནི་བདག་པོ།
    སྐུ་ཚེ་ནི་རིང་པོ་འོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme