Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབྲེལ་མོལ་བསྐྱར་གསོ་གནང་ཐུབ་མིན་ཕྱི་ཟླ་ ༣ ནང་ཧ་གོ་བའི་རེ་བ་ཡོད་ཟེར།

Posted on 2013-01-022013-01-02 By ཤར་ཕྱོགས་ཁུག་རྟ། 15 Comments on འབྲེལ་མོལ་བསྐྱར་གསོ་གནང་ཐུབ་མིན་ཕྱི་ཟླ་ ༣ ནང་ཧ་གོ་བའི་རེ་བ་ཡོད་ཟེར།

 

༄༅།། དེ་རིང་བཀའ་ཤག་ནས་ཞི་མོལ་ཚོགས་ཆུང་ཐེངས ༢༥ པ་ཚོགས་དགོས་དོན་དང། ཚོགས་ཐེངས་འདིར་གནད་དོན་གང་ཐད་བགྲོ་གླེང་བྱས་ཡོད་མེད་ཀྱི་གསལ་བསྒྲགས་ཤིག་སྤེལ་སྟེ། ཕྱི་ཟླ ༡༢ པའི་ནང་སྐུ་ཚབ་བསྐོ་བཞག་དང་འབྲེལ་མོལ་བསྐྱར་གསོ་གནང་འཆར་གྱི་བསྒྲགས་གཏམ་མངོན་གྱུར་བྱུང་ཡོད་མེད་ཐད་གསལ་ཁ་གང་ཡང་མ་བྱས་པར། ཕྱི་ཟླ ༣ བར་རྒྱ་ནག་གི་མགོ་ཁྲིད་ཚོས་འགན་ཆ་ཚང་ལེན་རྒྱུར་མ་སྒུག་ན་འབྲེལ་མོལ་བསྐྱར་གསོ་ཡོང་མིན་ཐད་གང་ཡང་གསུང་རྒྱུ་མིན་པའི་ཚུལ་མཛད་འདུག དེ་བཞིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྐྱར་སྒྲིག་ཙམ་བྱེད་འཆར་ལས་སྐུ་ཚབ་བསྐོ་བཞག་ལ་གྲ་སྒྲིག་གནང་བཞིན་པ་ཡིན་པའི་གཏམ་སྒྲ་ཆེན་པོ་རྣམས་ཀྱི་ཞབས་ཕྱག་ཀྱང་རྦད་དེ་ནང་དུ་བརྐུམས་ཡོད་པ་འདྲ།

གསལ་བསྒྲགས་དེའི་ནང་འཁོད་དོན་”དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གི་གཙོ་སྐྱོང་འོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ ནས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡ བར་ཉིན་གཉིས་རིང་བཞུགས་སྒར་དྷ་རམ་ས་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་བསྐོང་ཚོགས་གནང་ཡོད།

ཚོགས་འདུའི་སྐབས་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་ཚུལ་གྱིས་མཚོན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་གི་ཆབ་སྲིད་གནས་སྟངས་དང༌། ཞི་མོལ་གྱི་ལམ་ནས་གང་མྱུར་བོད་དོན་དཀའ་རྙོག་སེལ་ཐབས། དེ་བཞིན་རྒྱ་ནག་གི་འགོ་འཁྲིད་འཕོ་འགྱུར་དང་དེའི་དབང་གིས་བོད་དོན་ལ་ཕན་གནོད་ཇི་འགྱུར་བཅས་ཀྱི་སྐོར་བཀའ་བསྡུར་གནང་ཡོད།

བོད་དང༌། རྒྱ་ནག དེ་བཞིན་རྒྱལ་སྤྱིའི་གནས་སྟངས་བཅས་ལ་གཞིགས་ཏེ་འབྲེལ་མོལ་གྱི་བརྒྱུད་རིམ་ལ་བསྐྱར་ཞིབ་དང་སྦྲགས། འབྱུང་འགྱུར་འབྲེལ་མོལ་གྱི་འདུན་ལམ་དང་གནས་སྟངས་གདོང་ལེན་ཞུ་ཕྱོགས་གོ་བསྡུར་སྦྱང་བཤད་ཞིབ་ལྷུག་བྱུང་ཡོད་ཅིང༌། ྋགོང་ས་མཆོག་གི་སྐུ་ཚབ་བསྐོ་གཞག་གནང་ཕྱོགས་ཀྱིས་མཚོན་པའི་འབྲེལ་མོལ་མུ་མཐུད་ཐབས་སུ་དོན་ཕན་ལྡན་པའི་དགོངས་ཚུལ་གསུངས་ཡོད།

བོད་མིའི་འགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་ ‘‘ང་ཚོས་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བར་བརྩི་བཞིན་ཡོད་ན་ས་གནས་དང༌། དུས་ཚོད་གང་འདྲ་ཞིག་ཏུ་ཡིན་རུང་དོན་ཕན་ལྡན་པའི་འབྲེལ་མོལ་ཞུ་རྒྱུའི་གྲ་སྒྲིག་ཡོད།’’ ཅེས་གསུངས་ཡོད།

བོད་མིའི་འགོ་འཁྲིད་ཀྱིས་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་མུ་མཐུད་ཞུ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་བོད་ནང་གི་མིག་སྔའི་གནས་སྟངས་ལ་ཐུགས་འཚབ་དང༌། འབྲེལ་མོལ་ལ་རྒྱབ་སྐྱོར་ཡོད་པ་བཅས་ཀྱི་བསྒྲགས་གཏམ་སྤེལ་བར་དགའ་བསུ་ཞུ་རྒྱུ་ཡིན།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བསྐྱར་སྒྲིག་བྱ་རྒྱུ་དང༌། འདི་ལོ་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུའི་སྐབས་རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལས་འགན་ཆ་ཚང་བླངས་རྗེས་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་བསྐོང་ཚོགས་ཞུ་རྒྱུ་ཡིན། བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢ ལ།། ཞེས་བཀོད་འདུག

 

དེ་རིང་གསལ་བསྒྲགས་འདི་སླེབས་མ་ཐག དོ་སྣང་ཅན་ཚོས་ཕྱི་ཟླ་གསུམ་པ་བར་དུས་ཡུན་ཕར་འགྱངས་སམ་རྒྱ་ནག་གི་མགོ་ཁྲིད་ཚོའི་འགན་ཁུར་ལེན་རྒྱུར་སྒུག་དགོས་ཚུལ་ལ་དཔྱད་པ་གཏོང་སྐབས། སྔར་ལམ་ལྟར་འབྲེལ་མོལ་ཡོང་རྒྱུར་གཞུང་སྒེར་ཅི་རིགས་ཀྱི་འབྲེལ་བ་བྱེད་མཁན་མེད་པར་གྱུར་བ་དང། དབུ་ཁྲིད་གསར་པའི་འབྲེལ་མོལ་གྱི་དང་བ་དོན་དམ་ཚད་གང་འདྲ་ཡིན་མིན། དེ་བཞིན་གསུམ་བཅུའི་དུས་དྲན་བར་སྒུག་པ་ཡིན་ན་ཁེ་ཕན་ཅི་ཞིག་ཡོད་མེད། ཡང་ན་མཚམས་དེ་ཏག་ཏག་གསུམ་བཅུའི་དུས་དྲན་གྱི་ཟླ་བའི་ནང་འཇོག་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་མིན་ཐད་དོགས་པ་མང་པོ་ཐོན་འདུག 

གསར་འགྱུར།

Post navigation

Previous Post: དཔལ་ལྡན་རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་བྱིན་རླབས་ཆར་རྒྱུན་བཞུགས་སོ། སྤྲུལ་འཁོར་སྐལ་བཟང་དོན་ལྡན།
Next Post: གསར་འགོད་གསལ་བསྒྲགས།

Comments (15) on “འབྲེལ་མོལ་བསྐྱར་གསོ་གནང་ཐུབ་མིན་ཕྱི་ཟླ་ ༣ ནང་ཧ་གོ་བའི་རེ་བ་ཡོད་ཟེར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-01-02 at 6:35 am

    ཞིས་ཅིན་ཕིང་རྒྱ་ནག་གི་ཆབ་སྲིད་དབུ་འཁྲིད་ཆགས་དུས་ཉིན་མོར་་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དགའ་བསུའི་འཚམས་འདྲི་གཏོང་འོས་སམ་མི་འོས། ལགས།

  2. ཐུ་བ་རྒྱ་མཚོ། says:
    2013-01-02 at 7:19 am

    མི་རིང་བར་བོད་རྒྱ་འབྲེལ་མོལ་ལ་གོ་སྐབས་ཤིག་ཡོད་དབང་དུ་བཏང་ན་དོ་སྣང་བྱེད་དགོས་པ་གསུམ་ཡོད།

    ༡ བྲེལ་འཚུབ་མི་བྱེད་པ་དང་གྲ་སྒྲིག་ཨང་སར་ཡོད་པ།
    ༢ འབྲེལ་མོལ་ཆེད་ཞུ་བ་འཐེན་པ་དང་པུས་མོ་བཙུགས་པ་མ་ཡིན་པ།
    ༣ སྐབས་སྔོན་མ་བཞིན་ཤམ་བྷ་ལའི་ཞིང་དུ་ཕྱིན་ནས་ལོག་ཡོང་བ་འདྲ་བོ་མ་ཡིན་པ།

    གོང་གི་དོན་ཚན་གསུམ་ཁ་གསལ་དུ་བཏང་ནས་བཤད་ན་༼༡༽དམག་དང་དམག་རྒྱགས། མཚོན་ཆ་སོགས་གང་ལ་གང་འཚམ་གྲ་སྒྲིག་མེད་ན་དམག་རྒྱག་གི་ཡིན་ཟེར་པ་དེ་སྐད་ཆ་སྟོང་པ་ཡིན། ཆ་རྐྱེན་མ་ཚང་བར་དུ་དམག་རྒྱག་རྒྱུ་བྲེལ་བ་མ་བྱེད་ཟེར་པ་དེ་ཡིན།
    ༼༢༽ཞུ་བ་འཐེན་པ་དང་པུས་མོ་བཙུགས་ནས་དམག་རྒྱག་པར་བསྐུལ་པ་ནི་གླེན་རྟགས་ཡིན་ལ་རང་ཉིད་ཕམ་པའི་སྔ་ལྟས་ཀྱང་ཡིན། སོང་ཙང་ཕ་རོལ་ནས་ཚུར་དམག་མ་དྲངས་པར་དུ་ཕར་དམག་རྒྱག་ག་འགྲོ་མི་ཉན།
    ༼༣༽དམག་དཔོན་གཡུལ་ས་ནས་མེད་པར་ཆགས་ན་གནས་ཚུལ་ལོག་ག་རེད། དེ་མིན་ཚུར་ལོག་ནས་གཡུལ་འབྱེད་ཅི་བྱུང་གི་གནས་ཚུལ་མ་ལུས་ངོ་ལྐོག་མེད་པར་ཡར་ཞུ་བྱེད་དགོས་པ་ཕུད། མར་ཞུ་ཡང་བྱེད་དགོས་གི་རེད། ཤམ་བྷ་ལའི་ཡུལ་ནས་ལོག་ཡོང་བ་བཞིན་བསྟན་རྒྱུ་སྟོན་རྒྱུ་གང་ཡང་མེད་ན་འགྲིག་གི་མ་རེད། དེར་རྟེན་ཡར་ཞུ་མར་ཞུ་གཉིས་ཀ་བྱེད་ནས་མི་མང་གི་སེམས་དོགས་སེལ་ཐུབ་པ་བྱེད་དགོས་གི་རེད།

    དམག་ཟེར་པ་ནི་ལུས་ཐོག་གི་འཐབ་འཛིང་ལ་ཟེར་པ་མ་ཟད་ངག་ཐོག་གི་འཐབ་འཛིང་ལ་ཡང་གོ་ཆོག་གི་རེད། སོང་ཙང་དམག་རྒྱག་པ་ནི་རྒྱལ་ཕམ་ཤན་འབྱེད་པའི་འཐབ་རྩོད་ཅིག་རེད།

  3. བྱེ་ཐང་། says:
    2013-01-02 at 7:28 am

    དགའ་བསུའི་འཚམས་འདྲི་བྱས་ནས་ངོ་མ་སྐྱོ་པོ་རེད།

  4. སྤྱང་ཤོག says:
    2013-01-02 at 10:31 am

    བོད་མིའི་འགོ་འཁྲིད་ཀྱིས་ཆོད་སེམས་བརྟན་པོའི་སྒོ་ནས་འཚེ་བ་མེད་པ་དང་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཛིན་བྱ་རྒྱུ་མ་ཟད། འབྲེལ་མོལ་གྱི་ལམ་ནས་བོད་དོན་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ཉིད་ཐབས་ལམ་བཟང་ཤོས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་ན་འབྲེལ་མོལ་ཆེད་ཞུ་བ་འཐེན་པ་དང་པུས་མོ་བཙུགས་ནས་ཞིས་ཅིན་ཕིང་རྒྱ་ནག་གི་ཆབ་སྲིད་དབུ་འཁྲིད་ཆགས་དུས་ཉིན་མོར་་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དགའ་བསུའི་འཚམས་འདྲི་གཏོང་འོས།
    གང་ལ་ཞེས་ན་གནད་དོན་འདི་(དབང་ཆེ་དབང་ཆུང)དང་འབྲེལ་བ་ཡོད།

  5. འཇམ་གཅེས says:
    2013-01-02 at 11:40 am

    དགའ་བསུ་ཞུ་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མེད་་་

  6. བན་དེ་བ། says:
    2013-01-02 at 11:57 am

    ད་ཅུང་ཕྱིས་དྲགས་པ་རེད། ངོ་མ་འཚམས་འདྲི་ཞུ་བ་ལས་ཾ་སྔོན་རང་དུ་རང་མི་རིགས་མེར་བསྲེག་གཏོང་སྐབས་གནད་དོན་དེ་དག་ལ་བོད་ཀྱི་མགྲིན་ཚབ་པ་ཡིན་ནའང་འདྲ་བོད་མིའི་སྒྲིགས་འཛུགས་ནས་ཡིན་ནའང་འདྲ་དེ་ལྟར་མ་གནང་རོགས་ཞེས་འབོད་བསྐུལ་གསལ་བསྒྲགས་ཞིག་གནང་བ་ཡིན་སྤུན་ཟླ་མི་རིགས་ཚོའི་ལུས་སྲོག་དོར་མི་དགོས་པ་དང། འཛམ་གླིང་མི་མང་གིས་ལྟས་ཀྱང་བོད་མི་འཚེ་མེད་ཞི་བའི་ལྟ་སྒོམ་ལ་ཡིད་ཆེས་དང། རྒྱ་ནག་གིས་ཀྱང་རྣམ་འགྱུར་ཡག་པོ་ཞིག་སྟོན་སྲིད་པ་རེད། མེར་བསྲེག་གིས་མི་ཡི་རིན་ཐང་ལ་དཔགས་པའི་གྲུབ་འབྲས་ཞིག་བྱུང་ཡོད་ན་དེས་མ་འགྲིག་པ་མེད། འོན་ཀྱང་དེ་ཙམ་གྱིས་གྲུབ་འབྲས་འཐོན་ཐུབ་མེད། འོན་ཀྱང་གོ་བ་ལོག་སྒྲུབ་མ་བྱེད་རོགས། དཔའ་བོ་དཔའ་མོའི་ངོས་ནས་རང་གི་ཡོད་ཚད་བློས་བཏང་བྱེད་པ་དེ་ཀས་འགྲིག
    པ་རེད། ད་ལྟ་མེར་བསྲེག་གི་གནས་སྟངས་ཀྱང་ཞི་འཇམ་དུ་བཏང། བོད་མིའི་མགྲིན་ཚབ་པ་སོགས་ཀྱིས་ཀྱང་མེར་བསྲེག་མི་གནང་བའི་འབོད་བསྐུལ་ཙམ་ཀྱང་མ་བྱས་དུས། ད་ནི་རྒྱ་ནག་ཾཁོང་ཁྲོའི་མེ་སྤུངས་འབར་བའི་སྐབས་སུ། ཡར་ཞུས་ཀྱང་རུང། འཚམས་འདྲི་ཞུས་ཀྱང་ཕན་ཐོགས་མི་འབྱུང་བ་ངས་ཐག་ཆོད་ཐུབ། ཁོང་ཚོས་བོད་མིའི་ཉམས་ཚོད་གང་མཚམས་ལོན་ཚར་ཡོད།

  7. མངའ་རིས་ཕྲིན་ལས། says:
    2013-01-02 at 12:05 pm

    རྒྱ་བོད་མཉམ་གནས་བྱེད་ཀྱི་ཡིན་ཟེར་ན་མཚམས་འཕྲིན་གནང་རྒྱུ་རེད། ཡང་མིན་ན་དབུ་མ་ཡིན་ཙང་ཞུས་ན་བོད་མི་དགའ། མ་ཞུས་ན་རྒྱ་མི་དགའ། དབུ་མ་ནི་དེ་ཉིན་མཆོད་འབུལ་ཡིན་གྱི་རེད།

  8. རྩ་འགབ་ཚང་། says:
    2013-01-02 at 1:01 pm

    རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་གྱིས་ནུས་པ་ཐོན་མ་བྱུང་བསམ་ན། ཕྱི་ལོི་༡༩༨༠་ཡར་སྔོན་དང་༢༠༠༧་དང་༨་་ནས་དེ་རིང་བར་གྱི་ཆོལ་གསུམ་ཆིག་སྒྲིལ་དང་རིགས་ཀྱི་ལ་རྒྱ། འཐབ་རྩོད་ཀྱི་རྨང་གཞི་སོགས་གཤིག་བསྡིར་བྱོས་དང་། ད་གཟོད་ཁྱོད་ལ་རང་ཉིད་ཀྱིས་རྒྱ་མི་དང་རྒྱལ་སྤྱི་ཁོ་ན་མ་གཏོགས ། བོད་ནང་ལོགས་ཀྱི་འཐའ་རྩོད་ཀྱི་རྨང་གཞིར་སྲ་བརྟན་ཇི་ལྟར་ཚུགས་མིན་ལ་བསམ་བློ་གཏོང་མ་ཤེས་པའི་གསལ་འདེབས་ཤིག་འཐོབ་སྲིད །

  9. ངོ་ལུག says:
    2013-01-02 at 4:16 pm

    འབྲེལ་མོལ་བསྐྱར་གསོ་ཡོང་མིན་དེ་རྒྱལ་སྤྱིའི་སྣོན་ཤུགས་ཀྱི་ཚད་དང་ནང་ཁུལ་གྱི་ཆབ་སྲིད་མཁའ་དབུགས་དང་འབྲེལ་ཡོད། རང་སྲེག་བློས་གཏོང་གི་ནུས་པའི་འོག་རྒྱ་ནག་ལ་རྒྱལ་སྤྱིའི་སྣོན་ཤུགས་ཞིག་འཕྲོད་དང་འཕྲོད་བཞིན་ཡོད་པ་ནི་གསལ་པོ་ཡིན། འགྲོ་བ་མི་བརྒྱ་ལྷག་གིས་རང་ལུས་བཞུར་དགོས་བྱུང་བ་དེ་དག་ཕྱི་ཕྱོགས་སུ་མུ་འཐུད་ཁྱབ་བསྒྲགས་བྱེད་དགོས་པ་ནི་ཆབ་སྲིད་ཙམ་མ་ཚད་འགྲོ་བ་མིའི་ཀུན་སྤྱོད་དང་འབྲེལ་བ་ཡོད་པ་ཡིན་པས་ཚེ་ལས་འདས་པ་དེ་དག་གི་མངོན་འདོད་མ་འགྲུབ་བར་དུ་དེ་དག་གི་རེ་འབོད་མཚམས་མི་ཆད་པ་བྱེད་དགོས། རྒྱ་ནག་ནས་ད་ལྟ་བར་དུ་རང་སྲེག་ནི་ཕྱི་ཕྱོགས་ནས་བསྐུལ་མ་བྱས་རབས་བཤད་པ་དང་། ད་དུང་བརྙན་འཕྲིན་རྫུན་བཟོ་བྱས་ཡོད་མོད་མི་རྣམས་ཡིད་ཆེས་འཕེལ་བའི་དཔང་རྟགས་གང་ཡང་སྟོན་ཐུབ་མེད་པ་དང་། བྲེལ་ཤའི་ངང་དུ་བཟོས་པའི་བརྙན་འཕྲིན་དེ་ལ་བལྟས་ན་སེམས་ལ་འཇིགས་དངངས་ཡོད་པ་མཐོང་གི་འདུག
    རྒྱ་ནག་གི་ཆབ་སྲིད་མཁའ་དབུགས་དེ་ཕྱོགས་གསུམ་ལ་འཕེལ་ངེས་པ་མཐོང་། ༡ ཤིས་ཅིང་ཕེང་གིས་རྒྱ་ནག་ནང་ཁུལ་དུ་མི་རིགས་རིང་ལུགས་ཀྱི་འདུ་ཤེས་སྤེལ་ནས་གུང་ཁྲན་སྲིད་དབང་མཁྲེགས་འཛིན་བྱེད་པ་དང་། དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་འཇར་པན་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་འགའ་དང་དམག་ཆུང་ངུ་རེ་རྒྱག་སྲིད་པ་དང་། ཞོར་དུ་བོད་དང་ཡུ་གུར་སོགས་ལ་སྔར་ལས་འཇམ་རྩུབ་གཉིས་སྤྱོད་ཀྱི་སྲིད་ཇུས་བེད་སྤྱོད་སྲིད། ༢ ཤིས་ཅིང་ཕེང་གིས་ཀྲོས་ཡོན་ཁང་གཙོས་པའི་རུལ་སྲུང་གཏེ་པོ་ཁག་ཅིག་རིམ་པས་ཁྲིམས་ཐོག་དུ་བསྐྱལ་ནས་ནང་ཁུལ་གྱི་མི་སེར་འཁོན་འགྲས་ཞི་ཐབས་བྱེད་པ་དང་། རིམ་པས་རྒྱ་ནག་ནང་སྲིད་ཇུས་ལྷུག་ཏུ་གཏོང་བ་དང་། བོད་དང་ཡུ་གུར་གཙོས་པའི་མི་རིགས་གནད་དོན་ཐད་འབྲེལ་མོལ་བྱེད་སྲིད་པ། ༣ རྒྱ་ནག་ནང་ཁུལ་དུ་དཔོན་རིགས་ཁག་གི་ཁྱོད་ཤི་ང་གསོན་གྱི་ཁེ་ཕན་འཕྲོག་རེས་འོག་ནང་ཁྲུག་ཡོང་སྲིད་པ་དང་། རིམ་པས་མི་སེར་གྱེན་ལངས་བྱུང་ནས་གུང་ཁྲན་སྲིད་དབང་གློ་བུར་དུ་བྱེ་མཁར་ལྟར་ཉིལ་སྲིད་པ། དེ་ལྟར་ཡོང་བའི་རྟགས་ཙམ་ནི་ཉེ་ཆར་ཤིས་ཅིང་ཕིང་གཙོས་པས་རང་གི་རྒྱུ་དངུལ་ཁྱབ་བསྒྲགས་བྱས་པར་བརྟེན། ཅང་ཙེ་མིན་མ་དགའ་ནས་ཏིང་ཞའོ་ཕེང་གཙོས་པའི་ཁྱིམ་ཚང་ཆེན་པོ་བརྒྱད་ཀྱི་རྒྱུ་དངུལ་ཕྱི་རྒྱལ་གྱི་གསར་ཤོག་བརྒྱུད་ནས་ཁྱབ་བསྒྲགས་བྱས་པ། དེའི་རྐྱེན་གྱིས་ཅང་ཙེ་མིན་དང་རྒྱལ་སྲས་ཚོགས་པའི་བར་ལ་ཡང་འགལ་བ་བྱུང་བ་སོགས་རྒྱ་ནག་ནང་ཁུལ་དཔོན་རིགས་དམར་འཛིང་བྱེད་བཞིན་ཡོད།
    བོད་གཞུང་ངོས་ནས་བཤད་ན་འབྲེལ་མོལ་བསྐྱར་གསོ་ལས་ཀྱང་གལ་ཆེ་བ་ནི། མི་རིང་བར་རྒྱ་ནག་ལ་འགྱུར་བ་གང་ཡོང་བ་འགའ་ཤས་སྔོན་དཔག་བྱེད་དགོས་པ་དང་། སྐབས་དེ་དུས་ཇི་ལྟར་བྱེད་མིན་ད་ལྟ་ནས་གྲ་སྒྲིག་ཚག་ཚུད་པ་དགོས་པ་གལ་ཆེན་མཐོང་། མ་ཚད་བཙན་བྱོལ་བོད་གཞུང་འདི་ཉིད་ཇི་ལྟར་ད་དུང་མི་ལོ་བརྒྱ་ཙམ་རི་རྒྱལ་ལྷུན་པོ་བཞིན་དུ་གནས་ཐབས་དང་། ནང་ཁུལ་གྱི་བོད་པ་དང་མུ་འཐུད་འབྲེལ་བ་ཇི་ལྟར་གནས་ཐབས། ནང་ཁུལ་གྱི་བོད་པ་རྣམས་ཀྱི་སེམས་ཤུགས་ཇི་ལྟར་མི་ཉམས་པ་བྱེད་ཐབས། བཙན་བྱོལ་བོད་གཞུང་གི་སྟོབས་ཤུགས་ཇི་ལྟར་སྤེལ་བ་ལ་རིག་པ་སྒྲིམ་དགོས་པ་ཡིན། དེ་ལྟར་བྱེད་ཐུབ་ན་ཉིན་གཅིག་རྒྱ་ནག་གཞུང་ནས་ཚུར་འབྲེལ་མོལ་བསྐྱར་གསོ་བྱེད་རོགས་ལབ་སྲིད།

  10. ངོ་ལུག says:
    2013-01-02 at 6:41 pm

    རྒྱ་མིའི་གཤིས་ཀ་བཞིན་རྒྱ་ནག་གི་ཕྱི་འབྲེལ་བྱེད་སྟངས་ཡང་མིག་ལྟ་སྟངས་གསུམ་ལ་བསྡུ་ཆོག ཨ་མི་རི་ཀ་དང་ཨུ་རུ་སུ་ལ་མིག་གྱེན་དུ་བལྟ་བ་རེད། རྒྱ་གར་དང་ཧྥ་རན་སི་རྣམས་ལ་མིག་འཕྲེད་དུ་བལྟ། འབར་མ་དང་དབྱི་རག་རྣམས་ལ་མིག་ཐུར་དུ་བལྟ། སྔོན་འཇར་པན་གྱིས་རྒྱ་ནག་བརྡུང་མྱོང་ཡོད་པས་རྒྱ་ནག་གི་སེམས་སུ་ད་ལྟ་ཡང་འཇར་པན་གྱིས་རང་ལ་མིག་ཐུར་དུ་བལྟ་ཡི་ཡོད་བསམས་པ་དང་། ད་ལྟ་འཇར་པན་གྱི་མདུན་དུ་འཕག་ཚགས་མང་པོ་རྒྱག་དོན་གཞན་ཞིག་ནི་ཨེ་ཤི་ཡའི་གླིང་ཆེན་ཐོག་འཇར་པན་གྱིས་རང་ལ་མིག་འཕྲེད་ལྟ་དང་རིམ་པས་གྱེན་ལྟ་ཡོང་ཆེད་ཡང་རེད། བོད་དང་ཡུ་གུར་བ་རྣམས་ལ་རྒྱ་ནག་ནས་མིག་ཇི་ལྟར་བལྟ་བ་ནི་མངོན་གསལ་རེད། རྒྱ་ནག་ལ་ཨ་ར་ཨ་ཚ་སློང་ཐུབ་པ་དང་། ད་ལྟ་འདི་འདྲ་ཞིག་མ་བྱས་ན་རྗེས་མ་འདི་འདྲ་ཞིག་ཤོར་བ་འདུག་བསམས་དུ་འཇུག་པའི་ལན་བརྡ་ཞིག་གསལ་པོ་སྤྲོད་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱེད་ཐུབ་ན་བསམ་མནོ་ཅུང་ཟད་གཏོང་ངེས། རྒྱུ་མཚན་ནི་ཁེ་ཕན་ལ་ཐུག་གི་ཡོད་པ་རེད། དེ་མ་གཏོགས་རྒྱ་མི་ལ་ངོ་བསྟོད་དང་སྙིང་བཏོན་ནས་གྲོས་བྱེད་པ་ནི་ནམ་ཡང་མི་རུང་བ་ཡིན་ཏེ་དེ་ལྟར་བྱས་ན་ཕམ་ཁ་ཕམ་ནག་ལས་ཡོང་མི་སྲིད། བོད་གཞུང་ངོས་ནས་བཤད་ན་ད་ལྟ་རྒྱ་ནག་ལ་ཕར་དུས་ཚོད་ཚོད་བཀག་སྤྲོད་པའི་ཐབས་ཤེས་ཡང་བྱེད་ཆོག་པ་རེད། དཔེར་ན། དབུ་མའི་ལམ་ལ་ད་བར་དུ་རེ་བ་བརྒྱབས་པ་རེད། གལ་སྲིད་རྒྱ་ནག་ནས་ལོ་འདི་དང་ཟླ་བ་འདི་ཞག་མ་འདིའི་གོང་དུ་བོད་རྒྱ་ཞི་འབྲེལ་མ་བྱས་པ་ཡིན་ན་ང་ཚོ་སླར་ཡང་རང་བཙན་གྱི་ལམ་དུ་བསྐྱོད་པ་ལས་ཐབས་མེད་ཅེས་རྒྱ་ནག་ལ་ལན་སྤྲོད་དགོས་པ་དང་། ཨ་རི་དང་རྒྱ་གར་གཙོས་པའི་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་ཡོང་ཐབས་ལ་ད་ལྟ་ནས་ལམ་བཟོ་དགོས་པ་གལ་ཆེན་པོ་རེད།

  11. ངོ་ལུག says:
    2013-01-02 at 7:00 pm

    ད་དུང་བསམ་འཆར་ཞིག་ཡོད། ད་ལྟ་བོད་གཞུང་ནས་རྒྱ་ནག་ལ་འབྲེལ་བ་བྱེད་སྐབས་མིག་འཕྲེད་ལྟའི་སྒོ་ནས་འབྲེལ་བ་བྱེད་དགོས་པ་ལས། མིག་གྱེན་ལྟ་བྱས་ན་ཕམ་ཁ་ཆེ་བ་ཡོང་སྲིད།

  12. ངོ་ལུག says:
    2013-01-02 at 10:13 pm

    ལོ་གཅིག་གོང་ཤིས་ཅིང་ཕེང་གི་སྐྱེ་དམན་བུང་ལི་ཡོན་གྱིས་གཞས་འདི་འདྲ་ཞིག་བཏང་འདུག གཞས་ཚིག་གཙོ་བོ་འདི་འདྲ་ཞིག་རེད། འབངས་མི་སེར་ནི་གནམ། འབངས་མི་སེར་ན་ས། འབངས་མི་སེར་ནི་གུང་ཁྲན་ཏང་གི་སྟོབས་ཤུགས་ཀྱི་ཁུངས་འགོ་རེད། ཤིས་ཅིང་ཕེང་ལོ་༣༦ཐོག་སྔོན་གྱི་སྐྱེ་དམན་གཡུག་ནས་བུང་ལི་ཡོན་དང་ཆང་ས་བརྒྱབས། ཁོ་རང་གི་ཤོད་ཚུལ་ལ་ཁོང་གཉིས་ནི་ཕན་ཚུན་མཐོང་བ་དང་འདོམ་རྩ་ཁྱུག་པའི་དབང་གིས་བཟའ་ཚང་གྱུར་པ་རེད། ཧ་ཧ། བདེན་པ་ཡིན། བུང་ལི་ཡོན་ད་ལྟ་རྒས་པ་མ་གཏོགས་རྣམ་པ་ཏོག་ཙམ་ཡོད་པ་རེད། གཞས་གཏོང་སྐབས་དམག་ཆས་ཞིག་ལུས་ལ་བཀླུབས། ཤིས་ཅིང་ཕེང་གིས་དེ་རིང་ལོ་གསར་ཚེས་གཅིག་གི་ཇ་འཐུང་ཚོགས་འདུའི་གཏམ་བཤད་ནང་། མའོ་ཙེ་ཏུང་གི་སྙན་ངག་མཛེས་ལྗོངས་འདི་རུ་མཚར་རོ་ཟེར་བ་གཏམ་བཤད་ནང་དུ་དྲངས། འདིའི་གོང་དུ་ཡང་མའོ་ཡི་སྐད་ཆ་འགའ་ཤས་བརྡབ་སྐྱོར་བྱས་པ་མཐོང་། ཁོ་རང་གི་གཏམ་བཤད་ནང་དུ་འབངས་མི་སེར་དང་འབངས་མི་སེར་མང་པོ་ལབ། འབངས་མི་སེར་གྱི་སེམས་པ་བསླུ་ཨེ་ཐུབ་ལ་ཤུགས་འདི་ཙམ་རྒྱགས་དོན་ནི་ད་ལྟ་མི་སེར་གྱི་ཁོག་ཏུ་རྣག་གོང་ཆེན་པོ་ཞིག་བསགས་ཡོད་པ་དེ་མི་གད་པའི་ཆེད་དུ་ཕུ་འདེབས་པ་ཡིན་ནམ། ཡང་ན་མའོ་བཞིན་མི་སེར་བེད་སྤྱད་ནས་ཆབ་སྲིད་ཀྱི་དགྲ་ཡ་འགའ་ཞིག་བསྒྲལ་འདོད་པ་ཡིན། ཡང་ན་ཨོ་བྷ་མ་ཡི་བྱེད་སྟངས་ལ་ལད་མོའི་ཚུལ་དུ་དམངས་ལ་གཅེས་གཅེས་འབྱར་འབྱར་གྱི་འཁྲབ་སྟོན་ཙམ་ཞིག་རེད། ཟླ་བ་གསུམ་ཙམ་ཕྱིན་ན་གསལ་ཁ་ག་ལེར་ཡོང་སྲིད།

  13. རིག་པའི་བུ says:
    2013-01-03 at 9:24 am

    ད་མི་ཤེས། བོད་མིས་ནང་ན བསམ་བློ་དེ་འདྲ་བཏང་མཁན་འདུག འུ་ཐུག་ན་དེ་ལྟར་ཡིན་རྒྱུ་རེད།

  14. བྱ་རུ་ཅན་ says:
    2013-01-03 at 2:24 pm

    བོད་ལ་འབྲེལ་མོལ་ཐད་ལ་ངས་སྐད་ཆ་གསར་པ་ཞིག་གོ་བྱུང་། ཁ་སྔོན་བོད་མི་མང་པོ་ཞིག་གིས་རྒྱ་རིས་བོད་རྒྱ་འབྲེལ་མོལ་ལས་མགོ་གཉིས་ལས་ཀ་བཙོག་པ་མང་པོ་བྱས་ནས་རང་སྒེར་གྱི་ཁེ་ཕན་ཆེ་ཕྲ་བསྒྲུབས་ལུགས་འདྲ་མིན་བཤད་ཀྱི་འདུག དོན་དེར་ངས་ཐོས་པའི་སྐད་ཆ་དེས་དོན་ཁ་གསལ་ས་རེད། ངའི་གྲོགས་པོ་ཞིག་གིས་ཟེར་ན། བོད་རྒྱ་འབྲེལ་མོལ་མཇུག་སྒྲིལ་ནས་རྒྱ་རི་སྐུ་གཉིས་བཞུགས་གནས་ནས་྄ཁ་བྲལ་སྐབས། རྒྱ་མི་འཁོར་དེ་དག་གིས་ཁོང་རྣམ་གཉིས་བཞུགས་པའི་མོ་ཊའི་རྗེས་ལ་བལྟས་ནས་ཁ་ངན་ཚིག་ངན་ལབ་པ་མ་ཚད། མ་རབས་ཐ་ཤལ་གྱི་སྡིགས་མོ་ཚད་ལས་འདས་པ་བྱས་སོང་ཟེར། མི་དེས་ཟེར་ན་མ་རབས་ལས་ཚུལ་དེ་འདྲ་མཐོང་དུས་མི་འཁྱམ་སྤྱོད་ངན་ཁྱུ་ཅིག་འདྲ་བས་རྣམ་ཀུན་དཔོན་པོ་ཉམས་དོད་པོ་དེ་གང་དུ་སོང་བ་ཡིན་ནམ་སྙམ་ནས་རེ་ཞིག་ཧང་སངས་བྱུང་། ཕྱིས་སུ་བསམ་བློ་ཞིབ་མོ་བཏང་དུས་བོད་དོན་དེས་རྒྱ་གཞུང་ལ་ཕོག་ཐུག་ཆེན་པོ་ཡོད་པ་དང་རྒྱ་རི་རྣམ་གཉིས་རྒྱ་གཞུང་གིས་བསླུས་མ་ཐུབ་པས་སྙིང་རླུང་སྟོད་ལ་འཚང་པའི་རྟགས་རེད་འདུག་ཟེར། ང་ལ་དེ་བཤད་མཁན་ནི་སྐབས་དེར་འབྲེལ་མོལ་ལ་དངོས་སུ་ཡོད་པའི་མི་ཞིག་རེད། སྐད་ཆ་དེས་ངའི་དོགས་གནད་ཚང་མ་བསངས་སོང་ལ། གོང་ས་མཆོག་གིས་བཀའ་གནང་བའི་མི་དེ་ག་ལ་འཕྱུགས་བསམས་པའི་ངེས་ཤེས་ཤིག་ཀྱང་སྐྱེས་ནས་རང་དབང་མེད་པར་ལག་ཐལ་མོ་བྱར་ཏེ་གོང་ས་མཆོག་ལ་གསོལ་བ་འདེབས་པར་ཐལ། དོན་དེ་ལས་རྒྱ་རི་རྣམ་ག྄ཉིས་ནི་ང་ཚོ་བོད་མི་ཀུན་གིས་བླ྄ོས་འགེལ་྄ཆོག་པ་དང་། ཁོང་རྣམ་གཉིས་ཀྱིས་རང་ཚོད་གང་ཐུབ་ཀྱིས་བྱ་དོན་བསྒྲུབས་ཡོད་ལ། རྒྱ་རི་གཡོ་ཇུས་ལ་རྫི་བསང་པོ་བྱས་པས་རྒྱ་གཞུང་གང་འདོད་ལམ་ལ་སོང་བཅུག་མེད་པ་གསལ་བཤད་ཐུབ། ཞོར་འཕྲོས་ལ་རྒྱ་གཞུང་དེ་མི་྄སླུ་མཁས་པོ་དང་སླུ་ལུགས་འདྲ་མིན་བཅོ་བརྒྱད་ཡོད་པས་སུ་ཡང་ཁོའི་ལག་འོག་ནས་ཐར་དཀའ་བ་འཛམ་གླིང་ལ་སྐད་གྲགས་ཡོད། རྒྱ་གཞུང་རྐུབ་ནག་དེས་ད་ཐེངས་ཀྱི་ནོ་བེལ་རྩོམ་ཡིག་བྱ་དགའ་དངུལ་ལོར་བཏང་ནས་བསླུས་ཡོང་བ་དང་ཨོ་ལིན་ལུས་རྩལ་འགྲན་ཚོགས་འཚོགས་སྐལ་ཀྱང་བསླུ་ཐབས་སྤྱད་ནས་རེག་པ་རེད། དེ་མིན་རྒྱལ་ཚོོགས་སུ་ཡང་རྒྱལ་ཁབ་ཆང་ངེ་ཆུང་ངེ་མང་པོ་ཡང་རང་ཕྱོགས་སུ་བསླུས་ཡོད་པ་ཚང་མས་ཤེས་པ་ལྟར་མང་པོ་དྲངས་མི་དགོས། མདོ་བསྒྲིལ་ན་རྒྱ་རི་རྣམ་གཉིས་ཀྱིས་བོད་མིར་ངོ་གནོང་མི་དགོས་པའི་ལས་ཀ་གནང་ཡོད་པ་དང་ང་ཚོས་ཁོང་རྣམ་གཉིས་གུས་བཀུར་བྱ་འོས་པ་ཞིག་རེད་ཟེར་འདོད་པ་ཡིན།

  15. པདྨ་འཕྲིན་ལས་། says:
    2013-01-03 at 7:04 pm

    བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་རན་པའི་མི་འདི་དག་མ་གཏོགས་མི་འདུག།
    ༡ བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ།
    ༢ རྔ་བ་ཚེ་རྒྱམ།
    ༣ འབའ་བ་སྐལ་བཟང་རྒྱལ་མཚན།
    ༤ རྒྱ་རིག་ཐར་བཅས་རེད།
    གོང་གི་མི་རྣ་འདི་དག་ནི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ལ་ཧ་ཅང་རན་པའི་མི་རྣ་དག་རེད་འདོད། རྒྱུ་མཚན་ནི་བསྟན་འཛིན་རྣམ་རྒྱལ་ལགས་ནི་དབྱིན་ཇིའི་ལ་ཧ་ཅང་བཟང་བ་དང་འཛམ་གླིང་གི་གནས་སྟེང་གསལ་པོ་མཁྱེན་མཁན་ཞིག་རེད། གཞན་པ་དག་ནི་རྒྱ་ཡི་སྐད་དང་ལོ་རྒྱུས་ཆབ་སྲིད་བཅས་ལ་ཧ་ཅང་མཁས་ཞིང། བོད་ནས་ཚར་ནས་སློབ་སྦྱོང་བོད་ནས་རག་མཁན་དག་ཡིན་པའི་བོད་མི་བདེ་སྡུག་དངོས་དེ་ཤེས་གི་རེད། དེ་འདྲ་ཡིན་ཙང་མི་རྣ་འདི་དག་ཧ་ཅང་རན་པོ་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme