Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ གཞུང་ལུགས་བྲན་རྒོལ་༽ཟེར་བའི་གཡམ་རྒྱུག་རུ་ཁག་ལ།

Posted on 2012-12-282012-12-28 By ཤར་ཕྱོགས་ཁུག་རྟ། 9 Comments on ༼ གཞུང་ལུགས་བྲན་རྒོལ་༽ཟེར་བའི་གཡམ་རྒྱུག་རུ་ཁག་ལ།

ལྗགས་གཏུབ། ༼ ལྷོ་ཕྱོགས། ༽

དེ་རིང་སང་ཉིན་ན་གཞོན་གསར་པའི་རྩོམ་སྤུས་ཉིན་རེ་ནས་ཉིན་རེར་ཇེ་བཙོག་རེད། དགོད་ཀྱི་ཡོང་བའི་ཁར་སེམས་པ་སྐྱོ་བྱུང།། ད་གང་ལྟར་བོད་ཕྱི་ནང་གཉིས་ན་ཉ་ཉོག་འབྲི་མཁན་མང་བ་ལ། ཚང་མ་ན་ཚ་ཞིག་ཡོད་པ་ནི། དེབ་ཀློག་དང་སློབ་སྦྱོང་གི་རིམ་པ་བསྐྱུར་ནས་གང་དྲན་ཡིག་ཐོག་ལ་བྲིས་ནས་རྩོམ་ཡིན་ན་ཅིག་ཨེ་འཁྱོང་ལྟ་བ་འདི། དེང་སང་གི་བོད་ཀྱི་བྱིས་པ་ཚང་མའི་ཨེ་ཙི་ན་ཚ་སྡུག་ཤོས་དེ་རེད།

མ་གཞི་བརྗོད་གཞི་འདི་དང་འབྲེལ་ནས་གླེང་ན། དང་པོ་རྔ་བ་ཀིརྟི་དགོན་པ་ཞེས་མཚན་འབོད་ན་དགོན་ཆེན་དེའི་གནས་ཚུལ་ཤེས་པ་བྱེད་དགོས་ཀྱི་རེད་དེ། ཨམ་མདོའི་ཨམ་ཕྲུག་ཚོར་ཨག་སར་ཆེ་ཙང་ལམ་སེང་བྱིས་པའི་གཅིན་པ་བཏང་བཏང་གིས་གང་དྲན་རྣམས་བཤད་ཁུལ་བྱེད་པ་འདི་གཞར་ཡང་དཔྱོད་ཤེས་པ་ཞིག་ལ་འོས་འཚམས་གཏན་ནས་མ་རེད། དངོས་གནས་དེང་སེང་བོད་ནང་གི་རྩོམ་སྤུས་ཇེ་བཙོག་ནས་ཇེ་བཙོག་རེད། ཉུང་མཐར་བོད་ཀྱི་ཡི་གེ་འདི་སྐྱག་པ་དང་གཅིན་པ་བཙོག་པ་འབྲི་སྤྱད་བྱས་པ་ཡིན་ན། དེ་འབྲི་མཁན་ངོ་མི་ཚ་རུང་རྩོམ་སྒྲིག་པ་ཅི་ནས་ཀྱང་ངོ་ཚ་དགོས་ཚོད་རེད་མོད། དེ་འདྲའི་རྣམ་འགྱུར་རྩ་བ་ནས་མཐོང་གི་མི་འདུག དྲ་བ་ཡིན་ན་འདྲ། དུས་དེབ་ཡིན་ན་འདྲ། དེང་སང་མི་འདྲ་མི་འདྲ་མང་པོ་འཁོར་ཐབས་འདུས་ཐབས་ལ་འབད་པ་བྱེད་པ་ལས་དེས་དངོས་གནས་བོད་ཀྱི་རྩོམ་རིག་སྤྱི་དང་བྱེ་བྲག་སྙན་ངག་དག་སྡེབས་སོགས་ཀྱི་སྲོག་དབུགས་རྒྱུན་སྲིང་བྱེད་ཀྱི་ཡོད་མེད་ལ་ལྟ་ཐུབ་ཀྱི་མེད་པ་འདྲ། དེ་ནི་དངོས་གནས་ཐབས་སྐྱོ་བོའི་གནས་ཤིག་རེད་འདོད།

 

གཉིས་ནས་ལྗགས་མདའ་ཟེར་བས་གྲྭ་བ་དེ་ཚོས་འདི་བྲིས་འདུག དེར་དགོན་པའི་ལས་སྣེས་འདི་ལྟར་གསུངས་འདུག་ཅེས་ཞིབ་ཚགས་དགོས་པ་མ་གཏོགས། རྔ་བ་ཀིརྟི་དགོན་པ་ལབ་ན་གནམ་རེད་ལ་ས་ཡང་རེད། དེ་བས་ཁྱེད་ནས་ཅིའི་ཕྱིར་སྐད་ཅོར་རྒྱག་བཞིན་པའི་གཞི་རྩ་དང་པོར་བཤད། སྐད་ཅོར་མ་རྒྱབ་ཐབས་མེད་ཀྱི་གནད་དོན་དེབ་ལས་དྲངས། རིག་པ་དང་གནས་ལུགས་ཀྱི་ལམ་ནས་ཡང་དག་པར་དགག་སྒྲུབ་བྱས་ཚར་རྗེས། ད་གཟོད་དགོན་པའི་ལས་སྣེས་འགྲིག་མི་འདུག་ཅེས་བཤད་ན་འོས་མོད། དེ་གང་ཡང་མེད་པར་ཨམ་རྟགས་ཨག་སར་དམར་རྗེན་བསྟན་འདུག་པར་གད་མོ་མི་ཤོར་རང་ཤོར་རེད། དཔེར་ན་གོང་གི་རྩོམ་དེའི་ནང་དགེ་ཆོས་ལུང་ཤར་སོགས་དྲངས་འདུག གསལ་བོར་བཤད་ན། ལྗགས་མདས་དགེ་ཆོས་དང་ལུང་ཤར་གཉིས་ཀྱི་ལོ་རྒྱུས་ག་ཚོད་ཅིག་ཤེས་ཀྱི་ཡོད་ན། ངས་བསམས་ན་ཁོས་རྣ་ཐོས་ཙམ་མ་གཏོགས་ཤེས་ཀྱི་མེད་པ་གསལ་བོ་རེད། བོད་ནང་སྐད་ཆ་འདི་མང་པོས་བཤད་ཁུལ་བྱེད་ཀྱི་འདུག ཡིན་ནའང། ལུང་ཤར་ལ་ཞིབ་འཇུག་བྱས་ཏེ་སྐད་ཆ་བཤད་མཁན་སུ་ཞིག་ཡོད། ངས་ཤེས་པ་ལྟར་ན། ལུང་ཤར་འདི་བོད་ཀྱི་བྱུང་རབས་ཁྲོད་ཀྱི་སྐར་མ་འོད་ཆེན་ཞིག་མ་རེད། དེང་སང་སྒྲོག་བཞིན་པ་དེ་གཡམ་སྒྲོག་རང་རེད། རི་བོང་ཅལ་འདྲོགས་རང་རེད། དེ་ལྟར་ངས་ཐག་བཅད་པ་ཡིན། དེར་ལྗགས་མདའ་བློ་མིག་ཡོད་ན་སྐབས་དེའི་མདུན་རྒྱབ་གནས་ཚུལ་དང་ཁོའི་གཤིས་ཀའི་སྐོར་ནས་ངེད་དང་མཉམ་རྩོད་པ་བྱེད་ཐུབ་བམ།

 

གལ་སྲིད་ལན་མེད་ན། ད་ནས་བཟུང། ནམ་ཡིན་ཡང། སྦོམ་བཤད་མ་བྱེད། རང་ཉིད་ཀྱིས་བསམ་ཚུལ་རིང་ཐུང་གང་འདྲ་ཞིག་འབྲི་སྐབས། བརྗོད་བྱ་རྗོད་བྱེད་གཉིས་ཀ་དྲི་བ་གང་ནས་སླེབས་ཀྱང་ཁུངས་འཁྱོལ་བ་ཞིག་གནང་དགོས་པ་གལ་ཆེན་རེད། ཁྱེད་ཀྱི་ཡིག་ཉོག་ཧྲིལ་བོ་ཚོར་བ་ཐད་སྤྲོས་མ་གཏོགས་དཔེ་ཀློག་དང་རིག་པ་ལྡན་པའི་ཞགས་རྩི་ཡི་གེ་ན་གཅིག་མེད་པ་ཉི་མ་ལག་པས་མི་ཁེབས་པའི་ཚུལ་དུ་སོང་འདུག

 

བར་མཚམས་སུ་བོད་ཀྱི་གཏམ་དཔེ་ཞིག་དྲངས་ནས་རྫིག་ཉམས་ཀྱང་བསྟན་འདུག་མོད། མི་སྣ་ཚོགས་ལ་བསམ་ཚུལ་སྣ་ཚོགས་ཡོད་པ་ཆོས་ཉིད་དུ་གྲུབ་ཀྱང། བསམ་ཚུལ་བརྗོད་པ་ལ་ཁྲིམས་ཀྱིས་ཚད་བཀག་མེད་པའི་རྒྱལ་ཁབ་ཅིག་འཛམ་གླིང་འདིར་ཡོད་པ་མ་རེད། འུ་ཚོས་སྨྲ་བརྗོད་རང་དབང་ཞེས་མ་ཎི་བགྲང་བགྲང་བྱེད་པ་དེའང། རྒྱལ་ཁབ་དེ་དང་དེའི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་ལོངས་སུ་སྤྱོད་ཀྱི་ཡོད་པ་ལས། རྩ་ཁྲིམས་ནང་ས་མཚམས་བཟོས་མེད་པ་ཞིག་གཏན་ནས་ཡོད་མི་སྲིད། དེས་ན་ཀིརྟི་དགོན་ཆེན་གྱི་ལས་སྣེ་ཚོས་གལ་སྲིད་གྲྭ་གཞོན་ལས་དང་པོ་བ་དེ་ཚོ་གནས་དབྱུངས་བཏང་ཡོད་ནའང། དེ་ལས་སྣེ་དག་གི་བསམ་བློ་གཏོང་སྟངས་ཁོ་ནས་གནས་དབྱུངས་བཏང་སྲིད་དམ། སྤྱིར་འདུལ་ཁྲིམས་དང་དགེ་འདུན་གྱི་ནང་ཁྲིམས། དགོན་པའི་བཅའ་ཡིག་ཟེར་བ་སོགས་ནི་དགོན་སྡེའི་སྲོལ་རྒྱུན་འགྲོ་ལུགས་རེད། དེ་ལ་དུས་བསྟུན་བསྒྱུར་བཅོས་གཏོང་རྒྱུ་ཡོད་པའི་ཆ་གཅིག་དང། བསྒྱུར་བཅོས་གཏོང་རྒྱུ་ལས་སླ་པོ་མེད་པ་འདུལ་ཁྲིམས་སོགས་ཡོད་པ་རེད། དེ་རྣམས་གང་ལའང་ལྟོས་མེད་ཀྱིས་རང་དགར་གྲྭ་ཕྲུག་དེ་ཚོ་གནས་དབྱུངས་བཏང་འདུག་གམ། ཁྱེད་ནས་ཞིབ་དཔྱོད་གང་ཡང་མེད་པར་ཁ་པར་ནང་གི་སྐད་འཕྲིན་ཙམ་ལ་ཆ་འཇོག་གིས་གང་དྲན་ཐོལ་བྱུང་དུ་སྨྲས་ཏེ་རང་གི་ལྕེ་ལུ་མདའ་ཡིན་བསམས་ནས་ཚོར་བ་འབྲི་རྐྱང་བྱས་ན་བྱིས་པའི་རང་རྟགས་བསྟན་པ་མ་རེད་དམ།

 

ད་དུང་ཁྱེད་རང་འཛེམས་དོགས་གང་ཡང་མེད་པར། ཀིརྟི་སྐྱབས་མགོན་གྱི་མཚན་ཤར་ཤར་དྲངས་འདུག རིན་པོ་ཆེའི་མཁྱེན་ཡོན་དང་ད་ལྟའི་མཛད་འཕྲིན། ལྷག་པར་དགོན་སྡེ་སྲོལ་རྒྱུན་གསར་བརྗེའི་མཛད་འཕྲིན་རྣམས་གཟིགས་པ་ཡིན་ན། ཅི་དགར་བག་མེད་ངང་ཁོང་གི་མཚན་འདྲེན་རྒྱུར་ཞེད་སྣང་ལངས་པ་ཞིག་ཡོད་ཐག་ཆོད་ཡོད། ཡིན་ནའང། དེ་ནི་ཉིད་ལ་མ་འཛོམས་པའི་ཆ་ཡིན་སྟབས་ངས་འཁང་ར་ག་ཚོད་བྱས་ཀྱང་ནམ་མཁའ་སྟོང་པར་མེ་མདའ་རྒྱབ་པ་དང་མཚུངས་པས་ཅི་བྱ།

 

དེ་དང་ཆབས་ཅིག བོད་ནང་གི་དེང་སང་ནུབ་བྱང་གི་བུ་གུ་ཚོ་བྱིས་པ་ཡིན་དྲགས། ལོ་ངོ་གཅིག་གཉིས་རིང་ལྟོས་ལྟོས་རིག་རིག་ལ་བོད་ནང་གི་བོད་ཡིག་དྲ་ཚིགས་རྣམས་ཐཱན་པས་བཟུང་ཞིང། མུ་གེས་འཆི་ལ་ཉེ་སྟབས། རང་ཉིད་ནམ་རྒྱུན་ཡོང་ས་རེ་བ་ཡོད་ས་ན་གཞོན་དྲ་བ་དང་སེང་རྡོར་སེང་བརྫིའི་རྒྱགས་གཏམ་དྲ་ཚིགས་བཅས་ལྟོས་ལྟོས་རིག་རིག་ལ་འཆི་འཇུག་མ་འདོད་ནས། ལྗགས་མདའ་ཟེར་བས་གཡམ་སྒྲོག་གིས་རྐྱེན་བྱས་ཏེ། ཡིད་ལ་དྲན་པ་རྣམས་ཤར་མར་སྨྲས་ཏེ་བསྐྱར་ཀློག་སོང་མེད་དོ།།

 

༢༠༡༢། ༡༢། ༡༥། ཉིན།

སྣ་ཚོགས།

Post navigation

Previous Post: གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཀྱི་གསོལ་འདེབས་བཞུགས་སོ།
Next Post: འདོར་དུ་མེད་པའི་འགན་འཁྲི་ཡི་ཅོང་བརྡ།

Comments (9) on “༼ གཞུང་ལུགས་བྲན་རྒོལ་༽ཟེར་བའི་གཡམ་རྒྱུག་རུ་ཁག་ལ།”

  1. རྟེན་འབྱུང་། says:
    2012-12-28 at 2:00 pm

    ད་རེས་ཤར་ཁུག་གི་བསམ་བློ་གཏོང་ཕྱོགས་དང་སྒྲུབ་བྱེད་ཀྱི་རྒྱུ་མཚན་བཀོད་སྟངས་སོགས་གནས་ལུགས་དང་གནད་ལ་འཁེལ་བ་དང་། མཚན་ཉིད་རིགས་པའི་འགྲོ་ཕྱོགས་དང་ཤས་ཆེར་མཐུན་པས་བསྔགས་བརྗོད་དང་བརྒྱབ་སྐྱོར་ཡོད།

  2. ཤར་ཕྱོགས་ཁུག་རྟ། says:
    2012-12-28 at 9:47 pm

    དྲ་འབུ་རྟེན་འབྱུང་ལགས། རྩོམ་ཡིག་འདི་འབྲི་མཁན་ང་མིན་པ་དེ་དོན་དགོངས་འཇགས་ཞུ།།

  3. ཁྱུང་དཀར says:
    2012-12-29 at 12:13 am

    གོང་བརྗོད་རྩོམ་ཡིག་ཡག་སྣང་བྱུང་། རྟེན་འབྱུང་གི་ཁ་ནང་ལ་ཤར་ཁུག་བདེ་སེ་འདུག་རུང་ལྗགས་གཏུབ་ཤར་ཁུག་མིན་པ་གསལ་འགྲེལ་བྱས་པས་ཚོད་ཚོད་ལ་ཚོད་དཔག་བྱས་ན་དགེ་བ་འདྲ་མི་འདུག་ག

  4. གནམ says:
    2012-12-29 at 3:29 am

    མགོ་ལུས་མི་མཚུངས་བའི་ཞི་ཁྲོ་ཡ་མ་ཟུང་ལྡན་གྱི་རྩོམ་ཆག་འདིའི་འབྲི་སྟངས། དེ་འདྲའི་བློ་ལ་འབབ་པོ་ཞིག་མ་རེད། བསྟོད་ན་འདོད་ན་བསྟོད་ཚིག་གིས་གང་དགོས་བ་རེད། སྨད་པར་བསམ་ན་སྨད་ཚིག་གིས་གང་དགོས་བ་རེད། གཅིན་སྐྱག་ཆབ་བཤང་སོགས་མིང་ཚིག་ཤེས་ཚོད་པོ། ཚོད་ཚོད་ལ་བཀོལ་བ་ནི། བློ་ན་གོ་རིམ་ཞིག་དང་ཚིག་རྩ་་བརྟན་པོ་ཞིག་མེད་པའི་རང་མཚང་བརྟོལ་བ་ཡིན་ནོ།

  5. རྟེན་འབྱུང says:
    2012-12-29 at 4:58 am

    དགོངས་དག་འོག་ནས་ཁུག་རྟ་ཞེས་པའི་མིང་ཅིག་ཡོད་པ་མཐོང་བས་ནོར་ཐལ་བྱུང་འདུག་ཕར་ཚུར་གཉི་ཆ་ལ་དགོངས་དག་ཞུས་པ་ཡིན། ཁུག་རྟས་ང་ལ་དྲ་འབུ་ཟེར་ནས་མིང་ཅིག་བཏགས་འདུག ངས་ཀྱང་ཁུག་ངན་ལ་མིང་ཅིག་འདོགས་དགོ། དེ་རིང་ནས་ཁྱོད་ལ་ནང་འབུ་ཞེས་འདོགས་རྒྱུ་ཡིན། གང་ཡིན་ཟེར་ན་ནང་རྐུན་ཁྱིས་མི་ཁོག་ཞེས་པའི་དཔེ་ལྟར་ནང་འབུ་འདི་སུས་ཀྱང་འགོག་མ་ཐུབ་པར་མཐའ་མ་མིའི་ཚེ་སྲོག་འཕྲོག་གི་ཡོད་པ་རེད། ཁྱོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་རྣམ་འགྱུར་འདྲ་མིན་མང་པོ་བསྟན་ནས་ང་ཚོའི་ཚེ་སྲོག་འཕྲོག་རྒྱུའི་ལས་ཀ་རབས་དང་རིམ་པ་བྱས་ན་ཡང་སུས་ཀྱང་མ་ཤེས་པར་བསྡད་ཡོད་པ་རེད། དེར་བརྟེན་ཁྱེད་ཀྱི་མིང་ལ་ནང་འབུ་ཞེས་འདོགས།

  6. སྙིང་དཀར། says:
    2012-12-29 at 1:33 pm

    གོང་གི་ལྗགས་གཏུབ་ཀྱི་སྐད་ཆ་དེ་བདེན་པར་མཐོང་། གང་ཡིན་ཞེ་ན། ཕྲན་ཡང་ཁོམ་པ་ཡོད་དུས་དྲ་ལམ་དུ་ཉུལ་མཁན་ཞིག་ཡིན་པའི་ངོས་ཐད་ནས་བཤད་ན། དེང་སང་དྲ་ལམ་ཕར་ཆེ་བ་ན་རྩོམ་ཡིག་འབྲི་མཁན་དང་མཆན་བུ་བཏབ་མཁན་མང་ཆེ་བས་དཔྱོད་ཤེས་ཀྱི་བློ་མིག་བོར་ནས་ཟེར་སྒྲོས་དང་གཡམ་རྒྱུག་བྱས་ཏེ་དཀྲོག་གཏམ་དང་ནང་དཀྲུག་བྱེད་རྒྱུར་འཛེམ་ཟོན་སྤུ་ཙམ་ཡང་གནང་གི་མི་འདུག ཁོང་ཚོར་དགྲ་དགའ་གཉེན་སྡུག་གི་ལས་ལ་ཞུགས་དུས་སྨྲ་ལྕེ་བདེ་ཞིང་དྲན་འཕྲུལ་ཡང་ཧ་ཅང་རྒོད་ཀི། དཔེར་ན། རྔ་བ་ཀིརྟི་དགོན་པར་མཚོན་ན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐད་ལ་མཛད་རྗེས་ཆེན་པོ་བཞག་མྱོང་ཡོད་པར་མ་ཟད། ཀིརྟི་རིན་པོ་ཆེ་ཁོང་ཡང་བཙན་བྱོལ་དུ་ཕེབས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་བརྟན་པོའི་སྒོ་ནས་ད་བར་དུ་སྲིད་ཞི་མི་དམན་པ་ཞིག་གནང་དང་གནང་མུས་རེད། ཡིན་ནའང་དེང་སང་དྲ་ལམ་འགའ་ན་རྔ་བ་ཀིརྟི་དགོན་པ་དང་། ཀིརྟི་རིན་པོ་ཆེ་གཉིས་ལ་སྒྲོ་འདོགས་དང་སྐུར་འདེབས་རེ་བྱས་ཡོད་པ་མཐོང་དུས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བློ་དེ་ཙམ་བདེ་པོ་མ་བྱུང་། བོད་རིགས་གཞོན་སྐྱེས་དགའ་རེས་བསམ་བཞིན་དུ་དགྲ་དགའ་གཉེན་སྡུག་གི་ལས་བྱས་པ་མིན་ནའང་གཞན་གྱིས་བསམ་བཞིན་དཀྲུག་ཤིང་བྱས་པའི་འོག་ཏུ་མགོ་བོ་འཐོམ་སྟེ་ནང་ཁུལ་མི་འཆམས་པའི་དཀྲོག་གཏམ་སྣ་ཚོགས་ཤིག་སྤེལ་བཞིན་འདུག་པས་ངོ་མ་བློ་འཚབ་སྐྱེ་བ་ཞིག་རེད། སློབ་དཔོན་རིན་པོ་ཆས། བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ། །ཞེས་གསུངས་པ་ལྟར་རེད་སྙམ་མོ།།

  7. མི་བདེན་པ། says:
    2012-12-30 at 5:24 am

    འདི་འབྲི་མཁན་དེ་དབུས་ཡིན་ཁུལ་བྱས་འདུག་ཏེ་དྲང་མོ་བཤད་ན་དེ་ཨ་མདོ་བ་ཞིག་རེད།དེ་ལྷོ་ཕྱོགས་ན་ཡོད་ལུགས་བཤད་འདུག་དེ་དྲང་མོ་བཤད་ན་བྱང་ཕྱོགས་ན་ཡོད་པ་ཞིག་རེད།དེ་མ་ཟད་ཀིརྟི་གྲ་ཚང་རང་ན་ཡོད་པ་ཞིག་རེད།རྩོམ་ཆག་འདི་འདྲ་འབྲི་འཚམས་ཞོག་མ་གཏོགས་ཕྱི་བསྔོགས་ནང་བསྔོགས་བྱས་ཡོང་།དེ་དུས་དེ་ངོ་ཤོར་ཡོང

  8. རྩ་འགབ་ཚང་། says:
    2012-12-30 at 9:37 am

    སློབ་དཔོན་རིན་པོ་ཆེ། རེད་རེད་་་་་་་བཛྲ་གུ་རུས་བོད་ལ་དྲན་ཆེན་བྱས་ཀྱང་དྲིན་མི་གོ་་་་་དོན་ངོ་མ་སྐད་ཆ་འདི་ཁོས་བཤད་པ་ཡིན ། རང་མཚང་རང་གིས་བྲུས་པ་མ་རེད་དམ། མཚོ་སྐྱེས་པ་་་་་ཧ་ཧ་ཧ་་་་ཐ་ན་ཡོང་ཁོངས་ཀྱང་སྦ་གསང་བྱས་པ་དེ། ཁོ་མི་ཡག་རྟག་རེད་དམ་་་་་ལྟོས་དང་་་་ལྫག་གཏུབ་ཟེར་བ་དེས ། བསམ་བློའི་བཅིང་གྲོལ་ཐོབ་པའི་བོད་གསར་སྐྱེས་དཔྱད་གླེང་བ་ཚོའི་མི་གཞི་ལ་དམའ་ཕབ་པ་ལས ། ཕུག་བསམ་དང་རྒྱང་ཕྱོད་ཆེ་བའི་སྐད་ཆ་སྣ་གཅིག་ཀྱང་མི་འདུག

  9. རྩ་འགབ་ཚང་། says:
    2012-12-30 at 9:38 am

    ལྗགས་གཏུབ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme