Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་ཅང་ཀྲེ་ལ་སྲང་ལམ་ཉུལ་བ། རེབ་ཐོག་མདའ།

Posted on 2012-12-25 By ཁ་བརྡ་ 4 Comments on མ་ཅང་ཀྲེ་ལ་སྲང་ལམ་ཉུལ་བ། རེབ་ཐོག་མདའ།

ཆེ་བར་བསམ་ན་སྲང་ལམ་དོག་མོ་ཞིག།

ཆུང་གི་འདོད་ན་མྱི་ཚོགས་འདུ་ས་ཞིག།

ལྡི་ལིའི་གྲོང་མཐའི་བོད་པའི་གཞིས་སྒར་ན།།

ཁ་སང་དེ་རིང་བདག་ཀྱང་འདུར་གྱིན་ཡོད།།

རྒྱ་བོད་སོག་གསུམ་མ་འདུས་འདི་ན་མེད།།

དམིགས་ཡུལ་ཡོད་མེད་ཚང་མ་འདི་ན་ཡོད།།

ཕོ་རྐྱང་མོ་རྐྱང་འཁྲབ་ས་འདི་རེད་ཟེར།།

གནས་མཆོག་འདི་ན་ལྟད་མོ་སྣ་ཚོགས་འདུག།

 

སྒོར་མོ་ཡོད་ན་བུ་མོ་ཉོ་རྒྱུ་འདུག།།

འཇོན་ཐང་ཡོད་ན་བུ་རྟགས་འཇོག་རྒྱུ་འདུག།

ཅི་ཡང་མེད་ཀྱང་ཇ་རེ་བཏུང་བསྡད་ན།།

མིག་གི་ལྟད་མོར་གཡེང་ས་ཧ་ཅང་མང་།།

 

བུ་མོ་སྒེག་ཉམས་ཅན་པོའི་འགྲོ་སྟངས་དེས།།

མི་རྐྱང་མང་པོའི་མིག་ཟུང་འཐེན་ནས་འགྲོ།

སྤྲང་པོ་མཐེ་བོང་བསྒྲེངས་མཁན་ཉམ་ཐག་ཚོར།།

ཚང་མའི་སྡང་མིག་བགྲད་དེ་སྡིག་ཅིང་དམོད།།

 

ཚོང་བ་དེ་ཚེ་ཧམ་སེམས་ཆེ་བར་འདུག།

ཟ་མ་དེ་ཚོ་གོང་ཚད་ཆེ་བར་འདུག།

ཕྱུག་པོའི་འགྱིང་ས་སྤྲང་པོ་ནུར་ས་འདི།།

རྒྱ་གར་བོད་པ་གཉིས་ལ་རྨི་ལམ་རེད།།

 

ཕྱི་ལ་གཡོག་ཏུ་འགྲོ་ན་འདི་ནས་སྒུག།

ཕ་ཡུལ་གྲོང་ལ་ལོག་ན་འདི་རུ་བརྒྱུད།།

གང་ལ་འགྲོ་ན་འདི་ལ་ཕེབས་ཤོག་དང་།།

རྒྱུ་དང་འབྱོར་བ་ཡོད་ན་ལམ་ཁ་མང་།།

 

སྐྲ་ལོའི་ཁ་དོག་བསྒྱུར་བའི་ཕོ་གསར་མང་།།

ལང་ཚོ་སྒོར་ལ་བརྗེ་བའི་བུ་མོ་མང་།།

ས་སྲོད་སྲང་ལ་ཉུལ་ན་རིག་རྒྱུ་མང་།།

མང་པོ་མིག་གིས་རོལ་ས་བསམ་ཡས་གླིང་།།

 

སྙན་ངག

Post navigation

Previous Post: ལམ་གྱི་སྙན་ངག རེབ་ཐོག་མདའ།
Next Post: སློབ་ཕྲུག་ལུང་རིག་རྡོ་རྗེས་རང་སྲེག་གཏོང་རྩིས་བྱས་པ།

Comments (4) on “མ་ཅང་ཀྲེ་ལ་སྲང་ལམ་ཉུལ་བ། རེབ་ཐོག་མདའ།”

  1. ཆོས་འཕེལ་དར་རྒྱས་ says:
    2012-12-25 at 12:20 pm

    དེ་ལ་ད་ལོར་ཉིན་འགའ་སྡོད་རྒྱུ་བྱུང་།
    ཇོ་ནང་ཚང་གི་མར་ཕྱོགས་ན།
    བཀྲ་ཤེས་བདེ་ལེགས་གསོལ་མགྲོན་ཡོད།
    ཆུ་བཞི་སྒང་དྲུག་ཁང་ཆེན་ནང་།
    རྒྱ་ནག་སི་ཁྲོན་ཟས་སྣ་ཡོད།
    སྲང་ལམ་དོམ་མོ་དེའི་ནང་ནས།
    ཡར་འགྲོ་མར་འགྲོ་གང་ཙམ་བྱས།
    མོ་སྐྱེས་ཉོ་རྒྱུ་ཡོད་པ་མཐོང་མ་སོང་།
    ཕོ་སྐྱེས་སྐྲ་མདོག་བསྒྱུར་བ་མཐོང་མ་སོང་།
    སྟོད་ལ་སེར་བོ་བསྐྱོན་པའི་མི་རྐྱང་འགས།
    དགེ་བཤིས་ཡིན་ཟེར་ཕྱིར་བསྐྱོད་བྱེད་པ་མཐོང་།

  2. དགའ་ཡ་ says:
    2012-12-25 at 5:45 pm

    སྙན་རྩོམ་འདི་སྙན་པ་ལ།

  3. གནམ says:
    2012-12-25 at 6:31 pm

    མ་ཅང་ཀྲེ་ལའི་དཀྱིལ་འི་ཇ་ཁང་ནང་།
    བུ་མོ་སྤུན་གཉིས་སེམས་པ་ཤོར་ས་གཉིས།།
    ཕ་མར་ཚེ་གཡོག་བྱེད་པའི་བཟང་མ་གཉིས།།
    ཇ་རེ་འཐུང་དུས་ལྟ་རེ་ཤོར་གི་འདུག།

    མ་ཅང་ཀྲེ་ལའི་སྲང་ལམ་དོག་མོ་ན།
    ཁ་ནས་བཤད་ན་གནམ་ས་ལག་ལ་ལེན།
    ལག་ལ་བཞག་ན་མགོ་སྐོར་མགོ་གཡོག་རེད།
    ནོར་གྱིས་བཅོམ་པའི་མྱི་གཤིས་འདི་ན་ཡོད།

    རྡ་ས་ལྡི་ལས་བར་ན་གཞི་བདག་མང་།།
    ཡར་ལ་སོང་ན་ཡར་ནས་ཐུག་རྒྱུ་མང་།།
    མར་ལ་ཡོང་ན་མར་ནས་མཇལ་རྒྱུ་མང་།།
    ནོམ་པ་རིག་ན་སྨྱོན་པ་འདི་ན་མང་།།

    རེབ་མདའ་གཞི་བདག་གཞན་ལ་འགྲོ་འདོད་འདྲ།
    རང་དོན་མ་འགྲུབ་ཡང་ཡང་ཡོང་དགོས་འདྲ།
    གྲོགས་ཡེད་སྲུང་མ་འདི་ན་མང་པོ་མེད།
    ཁེར་རྒྱུག་འདུར་རྒྱུག་བར་ནས་ཤི་རེ་བྱོས།།

  4. འདྲེ་རྐང་ཐོ། says:
    2012-12-25 at 9:46 pm

    ཕྱི་སྐྱོད་ལག་འཁྱེར་རྫུན་མ་བཟོ་ས་རེད། །
    རྒྱ་ནག་ཉུལ་མ་སྣ་མང་འདུར་ས་རེད། །
    མྰ་ཅང་ཤོག་པེ་བརྒྱན་འཇོག་བྱེད་ས་རེད།།
    མན་ཇི་ཀྲི་ལིར་ཇག་པའི་བསྟི་གནས་རེད། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme