Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སློབ་ཕྲུག་ལུང་རིག་རྡོ་རྗེས་རང་སྲེག་གཏོང་རྩིས་བྱས་པ།

Posted on 2012-12-25 By ཤར་ཕྱོགས་ཁུག་རྟ། 12 Comments on སློབ་ཕྲུག་ལུང་རིག་རྡོ་རྗེས་རང་སྲེག་གཏོང་རྩིས་བྱས་པ།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཁྱིམ་སློབ་གྲའི་འཛིན་རིམ་དགུ་པ་ཡིན་པ་དང་རང་ལོ་ཉི་ཤུ་ལ་སོན་པའི་་་མིང་ལ་ལུང་རིག་རྡོ་རྗེ་ཟེར་བའི་སློབ་ཕྲུག་ཞིག་གིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་ཁ་ས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༢༤་ཉིན་སློབ་གྲའི་ལོ་འཁོར་གུང་སེང་གི་ཉིན་མོ་དང་བསྟུན་སྦེལ་ཀོབ་ལུགས་བསམ་གཞིས་གྲོང་དང་པོའི་མཉམ་འབྲེལ་ཚོང་ཁང་མདུན་དུ་སྔ་དྲོ་ཆོུད་༩།༣༠ཙམ་ལ་ལུས་ལ་ས་སྣུམ་བླུག་ཏེ་རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས་རླུང་བུ་ཤུགས་ཆེན་གཡུགས་རྐྱེན་མེ་འབར་མ་ཐུབ་པའི་སྐབས་མི་གཞན་གྱིས་ཤེས་རྟོག་བྱུང་ཏེ་བཀག་འགོག་བྱེད་ཐུབ་པ་བྱུང་འདུག སློབ་ཕྲུག་དེར་རང་ལུས་མེར་སྲེག་གཏོང་དགོས་དོན་བཅར་འདྲི་བྱས་པར་ཁོང་གིས་རང་ལུས་མེར་སྲེག་གཏོང་དགོས་དོན་ནི་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་རྣམས་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་གནས་ཚུལ་ཁྱབ་རྒྱུར་བཀག་སྡོམས་ནན་པོ་བྱེད་ཀྱི་ཡོད་སྟབས་ཁོང་གི་རང་དབང་ལུར་པར་རང་ལུས་མེར་སྲེག་བཏང་ཏེ་བོད་དོན་གནས་ཚུལ་དེ་རྒྱལ་སྤྱིའི་ཐོགས་ཁྱབ་ཏེ་རྒྱབ་སྐྱོར་ཐུབ་རྒྱུའི་རེ་་བ་བྱས་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

 

ཁོང་གིས་༢༠༡༡་ལོ་ནས་རང་ལུས་མེར་སྲེག་བཏང་རྒྱུའི་བསམ་བློ་བཏང་ཡོད་ན་ཡང་སྐབས་དེར་ཡིག་ཚད་གཏོང་ལ་ཉེ་བ་ཡིན་སྟབས་སློབ་ཕྲུག་རྣམས་ཀྱི་ཡིག་ཚད་ལ་དོ་ཕོག་མ་ཡོང་ཆེད་ཡིག་ཚད་ཚར་ནས་མེར་སྲེག་བཏང་རྒྱུའི་ཐག་གཅོད་བྱས་པ་ཡིན་གསུང་གི་འདུག སློབ་བུ་ལུར་རིག་རྡོ་རྗེ་ལགས་སུ་རང་ལུས་མེར་སྲེག་གིས་ཆེད་གྲ་སྒྲིག་དང་མེར་སྲེག་བཏང་མ་ཐུབ་པའི་རྒྱུད་རིམ་སྐོར་ལ་བཅར་དྲི་ཞུས་པར ཁོང་གིས་སྔ་ས་ནས་རང་ལུས་མེར་སྲེག་བཏང་རྒྱུའི་འཆར་གཞི་ཡོད་པ་བཞིན་ཕྱི་ཚེས་༢༤་ཞོགས་པ་སློབ་ཕྲུག་རྣམས་སློབ་གྲའི་ལོ་འཁོར་གུང་སེང་གཏོང་རྒྱུའི་ཆེད་སྔ་དྲོའི་མཛད་སྒོར་ཕྱིན་པའི་གོ་སྐབས་དང་བསྟུན་་ནས་་ཁྱིམ་ཚང་ནང་གི་འདྲི་ཤིག་ལ་གཏོར་བྱེད་ཀྱི་ས་སྣུམ་འགྱིག་དམ་གང་ཡོད་པ་དེ་དང་སྔ་ས་ནས་གྲ་སྒྲིག་བྱས་ཏེ་ཡོད་པའི་གཙག་སྒྲ་ཁྱེར་ནས་གཞིས་གྲོང་དང་པོའི་མཉམ་འབྲེལ་གྱི་འཐུང་ཆུ་དངས་བསིལ་བཙོང་སའི་རྒྱབ་ཀྱི་ཁང་པ་སྟོང་པ་ཞིག་ཡོད་པ་དེར་ཕྱིན་ཏེ་ལུས་པོར་ས་སྣུམ་བླུག་ཡོད་པ་དང་སྐབས་དེར་གཡས་གཡོན་དུ་ལས་ཀ་བྱེད་མཁན་བེུད་ཞིག་གིས་མཐོང་ཏེ་ཚུར་རྒྱུག་ཡོང་སྐབས་ཁོང་གིས་་ཐད་ཀར་མཉམ་འབྲེལ་གྱི་ཚོང་ཁང་མདུན་དུ་བྲོས་ནས་རང་ལུས་མེར་སྲེག་གཏོང་རྩིས་བྱེད་སྐབས་རླུང་བུ་རྒྱབ་ནས་མེ་སྤར་མ་ཐུབ་པར་སྡད་པའི་སྐབས་དེར་་་རྒྱ་གར་བ་ཞིག་དང་མཉམ་འབྲེལ་ཚོང་ཁང་གི་ལས་བྱེད་པས་མཐོང་ནས་བཀག་འགོག་བྱས་རྗེས་་སློབ་གྲའི་ལས་འབྲེལ་ཡོད་ལས་བྱེད་རྣམས་འབྱོར་ཡོད་པ་རེད་འདུག

 

ཁ་ས་སློབ་བུ་ལུང་རིག་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྩིས་བྱེད་བཞིན་པའི་སྐབས་སུ་ཐོག་མར་བཀག་འགོག་བྱེད་མཁན་རྒྱ་གར་བ་ཤི་ན་ལྦ་་ལགས་སུ་སྐབས་དེའི་མཐོང་ཐོས་བྱུང་བའི་གནས་ཚུལ་བཅར་དྲི་ཞུས་པར་ཁོང་གིས་ང་རང་མཉམ་འབྲེལ་ཚོང་ཁང་ལ་ཁ་ཚ་པོའི་ཟས་རིགས་ཚོང་བཅོལ་བྱེད་པར་ཡོང་སྐབས་སློབ་ཕྲུག་ཞིག་གིས་ཚོང་ཁང་མདུན་དུ་ལུས་ལ་མེ་སྤར་བཞིན་པ་མཐོང་བྱུང་ཁྲིས་ལ་སློེབས་དུས་ས་སྣུམ་གྱི་དྲི་མ་ཡང་མང་པོ་ཁ་གི་འདུག་་དེ་ནས་ངས་ལམ་སེང་ཚོང་ཁང་གི་ལས་བྱེད་ལ་སྐད་རྒྱབ་པ་ཡིན་ཕྲུ་གུ་དེས་བྲོས་འགྲོ་གི་འདུག་ང་ཚོས་ཚུར་འཇུས་ནས་ཆུ་བླུག་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་ཕྱོགས་མཚུངས་སློབ་བུ་ལུང་རིག་རྡོ་རྗེའི་སློབ་གྲའི་ཁྱིམ་ཚང་༡༧་གི་མ་མ་དབྱངས་ཅན་སྒྲོལ་དཀར་་ལགས་སུ་སློབ་བུ་ལུང་རིག་རྡོ་རྗེའི་དུས་རྒྱུན་གྱི་བྱ་སྤྱོད་གང་འདྲ་ཡོད་མེད་བཅར་དྲི་ཞུས་པར་ཁོང་གིས་ནམ་རྒྱུན་དུ་ནས་བོད་དོན་ཐོག་སེམས་ཤུགས་ཆེ་བ་དང་སློབ་གྲོགས་གཞན་ལ་ཡང་དེ་བཞིན་སློབ་གསོ་རྒྱག་རྒྱག་མཁན་ཞིག་ཡིན་པའི་འགྲེལ་བརྗོད་གནང་གི་འདུག་སྒྲ དེང་སྐབས་བོད་ཁྱིམ་སློབ་གྲའི་ལོ་འཁོར་གུང་སེང་ཡིན་སྟབས་སློབ་བུ་ཁོང་སེ་ར་དགོན་པ་ལ་སྤུུན་མཆེད་ཞིག་གི་སར་བཞུགས་ཡོད་པ་རེད།

 

ལྷོ་ཕྱོགས་ནས་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས།

གསར་འགྱུར།

Post navigation

Previous Post: མ་ཅང་ཀྲེ་ལ་སྲང་ལམ་ཉུལ་བ། རེབ་ཐོག་མདའ།
Next Post: ཀ་ཕྲེང་སེམས་ཀྱི་རེ་འབོད།

Comments (12) on “སློབ་ཕྲུག་ལུང་རིག་རྡོ་རྗེས་རང་སྲེག་གཏོང་རྩིས་བྱས་པ།”

  1. དགའ་ཡ་ says:
    2012-12-25 at 5:42 pm

    ཁྱེད་ཀྱིས་བོད་མི་རིགས་ལ་བཅངས་པའི་ལ་ཞེན་དང་སྙིང་སྟོབས་ལྷག་བསམ་བཅས་ལ་རྗེས་སུ་ཡིད་རང་ཡོད་མོད།
    ལུང་ཁུག་ཞིག་ཏུ་མེར་བསྲེག་བཏང་རྗེས་དེ་ཙམ་གྱིས་ནུས་པ་ཐོན་རྒྱུར་དཀའ་བ་དང་། ཁྱེད་ཀྱི་ཕ་མ་དང་ནང་མི་རྣམས་སྐྱོ་གདུང་གིས་བཟོད་མི་ཐུབ་པས་སྡུག་བསྔལ་ཞིག་སླེབ་ཡོད་ངེས།
    དེ་ལས་མུ་འཐུད་དུ་སློབ་སྤྱོང་ལ་བརྩོན་དང་ཁྱེད་ལྟ་བུར་ང་ལ་ཡང་མཁོ་ལ་ང་ཚོ་མི་རིགས་འདི་ལ་མཁོ།
    མེར་བསྲེགས་བཏང་མ་ཐུབ་པར་ཡག་པོ་བྱུང་འདུག གལ་སྲིད་ཁྱེད་རང་གིས་མེར་བསྲེགས་བཏང་ཡོད་ན་ང་ཚོས་ཁྱེད་ལ་མཆོད་མེ་རྐང་གཅིག་དང་མ་ཎི་ཡིག་དྲུག་གིས་སྐྱེལ་མ་བྱེད་རྒྱུ་ལས་གཞན་གང་ཡང་བསྒྲུབ་མི་ཐུབ།
    ཐ་ན་ BBC དང་CNN ལ་གསར་འགྱུར་མཁོ་སྤྲོད་བྱེད་རྒྱུར་ཡང་ནུས་པ་མེད།
    ཁྱེད་རང་ལྷོད་ལྷོད་ངང་བཞུགས་རོགས སྡུག་བསྔལ་འདི་ཁྱེད་གཅིག་བུས་ག་ལ་ཡིན་། བོད་མི་ས་ཡ་དྲུག་གིས་མྱོང་བཞིན་པའི་སྡུག་བསྔལ་ཡིན་ཡ། གྲོགས་པོ་ལགས།

  2. དོམ་ཁྲ། says:
    2012-12-25 at 11:15 pm

    ངོ་མ་ངར་གི་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་སེམས་ཁོང་ན་ཡོད་པའི་སྡུག་བསྔལ་དེ་བཞིན་ས་ཡ་དྲུག་གི་མི་རིགས་འདིའི་ཡོད་ཚད་ལ་དེ་དང་གཅིག་མཚུངས་ཡིན།

  3. འཇམ་གཅེས says:
    2012-12-26 at 2:15 am

    ཨ་མའི་བུ་རྒོད་ཁྱོད་ཀྱིས་མི་རིགས་ཀྱིས་རྩ་དོན་སེམས་ཁོངས་སུ་ཉར་ནས་མ་འོངས་འཐབ་རྩོད་ཆེད་དུ་སློབ་སྦྱོངས་ཧུར་ཐག་གནང་རོགས། ད་ཕྱིན་མེ་བསྲེག་བྱ་བ་ལ་མ་འཇུག་རོགས། ང་ཚོར་སློབ་སྦྱོང་མེད་པའི་དབང་གི་གནས་བབ་འདི་འདྲ་ཞིག་བྱུང་བ་རེད། ད་མར་འགྱེད་ས་ནས་ཡར་ལང་དགོས་ཤེས་སོང་པེས་་་་་་་་་་་་་་་་་་་་

  4. གནམ says:
    2012-12-26 at 3:35 am

    གནམ་གིས་སྲུང་རྒྱོ། གནམ་གིས་བསྲུངས་བཞག་ཟིག། ད་དེ་འདྲ་མ་གནོངས་ཨ།

  5. ཅང་མེད་སྣང་སྐྱིད says:
    2012-12-26 at 5:06 am

    ངོ་མ་ལོ་ཆུང་ཆུང་སེམས་ཤུགས་ཆེན་པོ་ཧ་ལས་པ་རེད། ཡིན་ཡང་ཕྱི་མིག་ཞིག་ངེས་པར་ཏུ་ལྟ་དགོས། འདི་ལྟར་ཁྱེད་ཅག་ནུས་ལྡན་དཔའ་བོ་དཔའ་མོ་ཚོ་ཕེབས་ཚེ་ཤུལ་ལུས་ནུས་མེད་ཅི་ཡང་མི་འཇོན་པ་ང་ཚོས་ཇི་ལྟར་བྱ། དེའི་ཕྱིར་ངེས་པར་དུ་གསོན་ནས་ང་ཚོའི་ཆེད་དུ་དང་ང་ཚོ་སྐྱོབ་ཕྱིར་ང་ཚོ་ལ་སྙིང་རྗེ་སྒོམ་ནས་བློ་གཅིག་སེམས་གཅིག་གི་སློང་སྦྱོང་ལ་མུ་མཐུད་དུ་འབད་རོགས།

  6. གེ་སར་ནས་ says:
    2012-12-26 at 6:17 am

    ཤི་བ་ལས་གསོན་པོ་སྡད་ནས་་་་རང་བཙན་ལ་སེམས་ཤུག་བྱེད་ན་ཡག་པོ་ཡོད་རེད་་་གྲོག་པོ་ལགས་་་་

  7. ཕྱག་འཚལ། says:
    2012-12-26 at 8:01 am

    ལྐུགས་པ་རང་རེད། ་ལུང་ཁུག་ཞིག་ཏུ་མེར་བསྲེགས་བྱ་རྩིས་བྱས་ན་སུས་ཀྱང་ཤེས་ཀྱི་མ་རེད།

  8. ཉི་འོད་གྲོངས says:
    2012-12-26 at 11:35 am

    ཕྱག་འཚལ་ཟེར་བའི་མི་ངན་དེས་ལབ་ཡག་སྡུག་ལ། དངོས་གནས་ཡིན་ཁྱེད་ཀྱི་སྙིང་སྟོབ་ལ་ཡིད་རང་ཡོད། འོང་ཀྱང་མེ་སྲེག་གནང་མ་་ཐུབ་་པ་དེ་་ཡག་པོ་་རེད་འདུག། ཁྱོད་འདྲ་བ་ང་ཚོ་བོད་པའི་ནོར་རེད། རང་དགོས་པ་དེ་སློབ་་སྦྱོངས་རེད་ཨ་མའི་བུ་རྒོད་ཁྱོད་ཁ་་དྲོ་

  9. དགེ་བསམ says:
    2012-12-26 at 1:04 pm

    དེ་ལྟར་མ་བྱེད་སློབ་སྦྱོང་ལ་འབད་རོགས་ཞུ། ཁྱེད་ཡང་འདི་ལྟར་བཞུད་ན་འུ་ཚང་ལ་གྱོང་རེད་ཡ།

  10. སྐྱུ་རྩི་ནས། says:
    2012-12-26 at 1:40 pm

    ང་ཚོས་བོད་ནང་གི་དཀའ་སྡུག་རྣམས་བསམ་སྐབས་ངོ་མ་རང་ལུས་བློས་གཏོང་གི་ལས་འགུལ་རེ་བརྩམ་ན་བསམ་པ་དྲན་ཡང་ཞིབ་ཕྲ་བསམ་བློ་བཏང་ན་ཤི་བ་ལས་གསོན་པ་གཟི་བརྗིད་ཆེ་བར་སྙམས། དེ་བས་སོ་སོའི་མི་རིགས་ཀྱི་རིག་གཞུང་གཏིང་ཟབ་པ་ཞིག་སྦྱངས་ནས་མི་རབས་ནས་མི་རབས་སུ་སྲུང་སྐྱོབས་བྱེད་ཐུབ་པ་ཞིག་བྱུང་ན་ཨ་ཞང་ཇག་པའི་སྙིང་ལ་ཡང་དེ་གཟན། དཔའ་བོ་ལགས་ད་སྐུ་སྲོག་ལ་གཅེས་སྤྲས་གནང་རོགས། ང་ཚོ་ཤི་ཡས་མང་དྲག་གི

  11. lobsang says:
    2012-12-26 at 2:52 pm

    ང་ཚོས་བོད་ནང་གི་དཀའ་སྡུག་རྣམས་བསམ་སྐབས་ངོ་མ་རང་ལུས་བློས་གཏོང་གི་ལས་འགུལ་རེ་བརྩམ་ན་བསམ་པ་དྲན་ཡང་ཞིབ་ཕྲ་བསམ་བློ་བཏང་ན་ཤི་བ་ལས་གསོན་པ་གཟི་བརྗིད་ཆེ་བར་སྙམས། དེ་བས་སོ་སོའི་མི་རིགས་ཀྱི་རིག་གཞུང་གཏིང་ཟབ་པ་ཞིག་སྦྱངས་ནས་མི་རབས་ནས་མི་རབས་སུ་སྲུང་སྐྱོབས་བྱེད་ཐུབ་པ་ཞིག་བྱུང་ན་ཨ་ཞང་ཇག་པའི་སྙིང་ལ་ཡང་དེ་གཟན། དཔའ་བོ་ལགས་ད་སྐུ་སྲོག་ལ་གཅེས་སྤྲས་གནང་རོགས། ང་ཚོ་ཤི་ཡས་མང་དྲག་གི

  12. སྐལ་བཟང་ says:
    2012-12-27 at 1:53 am

    དེ་འདྲ་སློབ་ཕྲུག་ལྐུགས་པ་ག་རེད་རེད་་དུས་ཚད་དེ་འདྲ་ཡག་པོ་
    སློབ་སྦྱོང་དང་གང་ཐད་ནས་རང་དབང་ཡོད་མཁན་་བོད་ལ་སེམས་ཤུགས་
    ཡོད་རང་སྲེགས་གཏང་དགོས་མ་རེད་བོད་རིགས་མི་དམངས་ལ་ཞབས་ཞུ་ཞུས་
    བོད་ཡིག་སྦྱོང་སེམས་ཅན་ལ་ཕན་འདོག་ཐུབ་པ་གྱིས་་རང་གིས་རང་བསྲེགས་ནས་
    ག་རེད་བྱེད་རྩིས་ཡོད་སོ་སོ་རང་ལ་དེ་འདྲ་མ་དགའ་བ་མེ་ལ་སྲེག་དགོས་དོན་གང་ཡིན།
    བོད་ལ་དགའ་ན་ལས
    དང་རྒྱུ་འབྲས་སྲུང་དུས་རྣམས་པ་ཀུན་ཏུ་སེམས་བཟང་པོ་བྱེད་ན་དངོས་གནས་བོད་ལ་སེམས་ཤུགས་ཡོད་མཁན་རེད་
    ཁོང་ཁྲོ་མི་ལ་ལང་རྒྱུག་པ་ཁྱི་ལ་རྒྱབ་་ན་་་་སུ་ལ་ཕན་ཐོག་གི་མ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme