Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲི་ཀའི་ཨ་མྱེས་ཡུལ་ལྷར་བསྟོད་པ་ཤ་ཀུ་ཏའི་ཆུན་པོ། ཅོག་རོང་བྱང་རྒྱ།

Posted on 2012-12-242012-12-25 By ཁ་བརྡ་ 8 Comments on ཁྲི་ཀའི་ཨ་མྱེས་ཡུལ་ལྷར་བསྟོད་པ་ཤ་ཀུ་ཏའི་ཆུན་པོ། ཅོག་རོང་བྱང་རྒྱ།

བདག་གིས་སོ་ཞི་ལས་བསྡད་དུས་ཨ་མྱེས་ཡུལ་ལྷའི་ཕོ་ཉ་ཞིག་བདག་གི་རྒྱབ་ལ་ཐོན་ནས་ཡུལ་ལྷའི་སྐུ་ཚེ་བརྟན་པར་བཞུགས་པའི་རྩོམ་ཞིག་འབྲི་དགོས་ཞེས་བསྐུལ་བས། ང་རྒྱལ་གྱི་གཞན་དབང་དུ་གྱུར་ཏེ་རང་ཉིད་ལ་བསྟན་བཅོས་རྩོམ་པའི་ནུས་པ་མེད་པ་དེ་བརྗེད་དེ་ཁོང་ཚང་ལ་ཡ་ཞེས་ཁས་ལེན་ཤོར་བས་མི་འབྲི་ཐབས་མེད་པའི་གནས་སུ་ལྷུང་སྟེ། སྡུག་བསྔལ་དང་བར་ཆད་དང་རྐྱེན་ངན་དང་འཐབ་འཁྲུག་དང་སྐྱོ་གར་བཅས་ཀྱིས་གང་བའི་ཨ་མེ་རི་ཀ་མུན་ནག་ལུང་བ་ལའང་ཨ་མྱེས་ཡུལ་ལྷའི་བྱིན་རླབས་ཀྱི་ཉི་ཟེར་ཞིག་ཤར་ན་བསམ་ནས་ཡུལ་ལྷའི་བསྟོད་པ་འདི་བྲིས་བ་ཡིན། ཉེ་བའི་ཆར་གངས་ཅན་པ་མང་པོ་ཞིག་གི་ཚེ་སྲོག་རྐྱེན་ལམ་དུ་ཕྱིན་པ་དང་ལྷག་ཏུ་ཨ་མེ་རི་ཀ་ནས་གཞོན་ནུ་གདུག་ཅན་ཞིག་གིས་བྱིས་པ་ཉི་ཤུ་ལྷག་དང་ལག་དམར་ཁོང་གི་མ་དང་བཅས་བའི་དར་མ་བདུན་ལྷག་ལ་མེ་མདའ་བརྒྱབ་ནས་དུས་གཅིག་ཏུ་བཀྲོངས་པའི་བརྗོད་ལས་འདས་ཤིང་བཤད་སྲོལ་མེད་པའི་རྐྱེན་ངན་བར་ཆད་འདི་དང་འདྲ་བ་མ་འོངས་བའི་དུས་སུ་མི་འབྱུང་བའི་ཆེད་དུ་འཇམ་དབྱངས་ནག་པོའི་ཡང་སྤྲུལ་ཨ་མྱེས་ཡུལ་ལྷ་ཁྱེད་ཀྱིས་དགོངས་སུ་གསོལ། འཛམ་གླིང་ཡུལ་གྲུའི་མི་རྣམས་ཀྱི་མགོན་གྱིས་དཔུང་གཉེན་གྱིས་ལམ་སྣ་དྲོངས།

རྨ་ཀླུང་གཙང་མོའི་རབ་ཁ་ན།

འབའ་རྩེ་དཀར་མོའི་གདུང་རྒྱུད་ན།

བདག་གི་ཨ་མྱེ་ཡུལ་ལྷ་ཡིས།

ཁྲི་ཀའི་མི་དམངས་རྟག་ཏུ་སྐྱོངས།

 

ཁྱེད་ལ་བསྟོད་ན་ཁྱེད་ཀྱིས་སྲུང་།

ཁྱེད་ལ་སྨད་ན་ཁྱེད་ཀྱིས་འདུལ།

དགྲ་འདུལ་གཉེན་སྐྱོང་ལྷ་རྒན་ཁྱེད།

བསྐལ་བ་ཁྲི་ལོ་བར་དུ་བཞུགས།

 

སྐྱབས་ཅིག་འོ་དོད་བོས་ཙ་ན།

གླིང་ལ་དཀྲིས་གསུམ་རྒྱག་ནུས་ཤིང་།

མེ་ཤུགས་འཕུར་མདའ་ལས་མགྱོགས་པའི།

མཐུ་རྩལ་ཐོགས་མེད་ཁྱེད་ལ་མངའ།

 

གཡས་ནས་རྒྱ་ནག་ཐུན་ཙུས་མཆོད།

གཡོན་ནས་ཤན་པ་ར་མགོས་མཆོད།

མདུན་ན་བསམ་འཕེལ་ནོར་བུ་འབྱུང་།

རྒྱབ་ཀྱི་དབང་ཐང་ཀླུ་ལྟར་བཙན།

 

བུ་འདོད་པ་ལ་བུ་སྟེར་ཞིང་།

དཔོན་འདོད་པ་ལ་དཔོན་ས་བསྩལ།

སློབ་གྲྭ་བ་ལ་ཡོན་ཏན་བསྩལ།

ཀུན་དགའ་དོན་འགྲུབ་ཀུན་ལ་བསྩལ།

 

དུས་ནི་སྙིགས་མར་གྱུར་བའི་ཚེ།

ལྷ་ལའང་མི་མཐུན་བར་ཆད་མང་།

དགྲ་ཡ་འཁོན་ཡས་མཐོ་འཚམ་ན།

གཙོ་འཛིན་མའོ་ཡིས་ལས་ལས་བྱོས།

 

ཞིང་བ་འབྲོག་པ་ཨུ་ཚུགས་ཆེ།

གྲོང་ཁྱེར་བ་རྣམས་སེར་སྣ་ཆེ།

ཁྱེད་ལ་འཕྲིན་བཅོལ་སྐུལ་བསྐུལ་ནས།

ཁྱེད་ཐུགས་བསུན་པོར་བཏང་ལོས་ཡོད།

 

དེ་ཕྱིར་ངལ་བ་གསོ་དགོངས་ན།

ཨ་རིའི་ཡུལ་ལ་ལན་ཅིག་ཕེབས།

ལུང་བ་ཆེ་དང་རྒྱན་པོ་གྲོང་།

མྱི་ཡོག་གྲོང་ལ་ངས་ཁྱེད་ཁྲིད།

 

ཕ་མ་བྱིས་པ་དགྲ་བཅོམ་པ།

དགྲོང་སོགས་མཚམས་མེད་ལྔ་བྱེད་པའི།

གདུག་པ་ཅན་དང་མ་ཧྤྷེ་ཡ།

ལག་དམར་རྐུན་ཇག་འདི་ན་སྐུང་།

 

སྙིང་རྗེ་མེད་པའི་སྲིན་པོ་རྣམས།

ཁྱེད་ཀྱི་མཐུ་ཡིས་ཐུལ་བར་མཛོད།

རྒྱུ་འབྲས་མེད་པའི་ཨ་རི་འདི།

ཁྱེད་ཀྱིས་དབང་དུ་འདུས་བར་མཛོད།

 

དངོས་འབྱོར་ཡིད་སྤྲུལ་ཨ་རི་ཡི།

ཡོད་ཚད་བདག་གིས་ཁྱེད་ལ་འབུལ།

མ་རྩ་རིང་ལུགས་ལས་མཆེད་པའི།

བྲན་གཡོག་འདི་རྣམས་ཁྱེད་ཀྱིས་སྐྱོབས།

 

རླབས་ཆེན་གཟི་བརྗིད་མགོན་པོ་ཡི།

སྐུ་ཚེ་རྟག་ཏུ་བརྟན་པར་ཤོག

ཡང་དག་མཐུ་ལྡན་ལྷ་མཆོག་གི

འཕྲིན་ལས་གླིང་བཞིར་བྲིན་པར་ཤོག

 

ཁྲི་ཀའི་མི་རྣམས་ཁྱེད་ཀྱི་གཉེན།

མ་གཡེང་མ་གཡལ་དེ་རྣམས་སྐྱོངས།

ཁྲི་ཀའི་ཡུལ་འདི་ཁྱེད་ཀྱི་གནས།

ས་དེར་ཡུན་ནས་བཞུགས་པར་མཛོད།

—————————————————————-

མཆན།

ཤ་ཀུ་ཏ། ཁྲི་ཀའི་ཡུལ་ན་མ་གཏོགས་མེད་པའི་ཤིང་ཐོག་ཅིག་གི་མིང་། སྨན་གཞུང་གི་ཚེ་འཕེལ་བདུད་རྩི་ཕལ་ཆེར་འདི་ལས་བྱུང་བ་ཡིན།

སོ་ཞི། ཉི་ཧོང་ངམ་འཇར་པན་གྱི་ཟ་མ་ཞིག་གི་མིང་། 

གཙོ་འཛིན་མའོ། རྒྱ་ནག་གུང་ཁྲན་ཚོགས་པའི་ཤིང་རྟའི་སྲོལ་འབྱེད་མའོ་ཙད་ཏུང་ཟེར་བ་དེར་གོ་དགོས། 

ལུང་བ་ཆེ། ཨ་རིའི་ས་ཆ་ཞིག་གི་མིང་ཡིན། ས་གས་ནས་ལུང་བར་གྱུར་བ་རེད་ཅེས་བཤད་སྲོལ་ཡོད།

རྒྱན་པོ་གྲོང་། ལ་སི་བེ་ཀ་སི་ཟེར་བའི་ཨ་རིའི་གྲོང་ཁྱེར་རྒྱན་པོ་འབྱེད་ས་ཞིག

མྱི་ཡོག་གྲོང་། ཨ་རིའི་གྲོང་ཁྱེར་ཆེན་པོ་ཞིག་གི་མིང་། 

མ་ཧྤྷེ་ཡ། འཛམ་བུ་གླིང་གི་ཇག་ཚོགས་ཆེས་ཤོས་ཀྱི་མིང་། 

སྣ་ཚོགས།

Post navigation

Previous Post: ང་གང་ནས་ཡོང་བ་ཡིན་ནམ།
Next Post: རྒྱབ་མདུན་གྱི་འགལ་བ། བསམ་བློའི་ཁྱད། ལེགས་བཤད།

Comments (8) on “ཁྲི་ཀའི་ཨ་མྱེས་ཡུལ་ལྷར་བསྟོད་པ་ཤ་ཀུ་ཏའི་ཆུན་པོ། ཅོག་རོང་བྱང་རྒྱ།”

  1. རང་གྲོལ། says:
    2012-12-24 at 2:32 pm

    ཡུལ་ལྷ་ཞེས་པའི་རྒྱ་རྒན་དེ་ཡག་པོ་ཞིག་ཡིན་རབས་མི་འདུག ཡུལ་མི་རྣམས་ཀྱིས་དེའི་ཆེད་དུ་ར་དམར་པོ་གསོན་བསྲེག་ད་བར་དུ་བྱེད་ཀྱི་ཡོད་རབས་ཟེར་གི་དེ་བདེན་པ་ཡིན་ནམ། དྲ་གྲོགས་རྣམས་ལན་ཞིག་གསུང་རོགས།

  2. ཀླུ་སྨྱོན། says:
    2012-12-24 at 7:07 pm

    ར་ཤས་སོ་ཞིས་བཟོས་ཏེ།།
    ཡུལ་ལྷའི་ཐུགས་དམ་སྐོངས་དང་།།
    གེགས་དང་བར་ཆད་ཟེར་བ།།
    ར་མ་མེ་ལ་སྲེག་འདྲ།།

  3. སྤོབས་པ་མཐའ་ཡས། says:
    2012-12-25 at 12:43 am

    ར་མ་མེ་ལ་སྲེག་སྲོལ་ཡོད་ན་ཡུལ་དེ་ན་ཞིབ་འཇུག་བྱ་ས་མང་ཐག་ཆོད་རེད། དེ་ང་ཚོ་བོད་མིའི་ཕ་མེས་ཀྱི་ཆོས་ལུགས་ངོ་མ་དེ་རེད། ཆོས་ལུགས་ཆོ་ག་དེ་འདྲ་འདྲ་བོ་ད་དུང་ལུས་ཡོད་ས་རེ་ཡོད་ན་ད་ང་ཚོས་ངོ་མ་རང་རེས་མེས་པོ་ཚོའི་ཡིད་ཆེས་དད་མོས་ཀྱི་གཏད་སོ་དེ་ངོས་ཟིན་ངེས་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-12-25 at 1:57 am

    བུ་འདོད་པ་ལ་བུ་སྟེར་ཞིང་།
    དཔོན་འདོད་པ་ལ་དཔོན་ས་བསྩལ།
    སློབ་གྲྭ་བ་ལ་ཡོན་ཏན་བསྩལ།
    ཀུན་དགའ་དོན་འགྲུབ་ཀུན་ལ་བསྩལ།
    འདི་ནི།
    བུ་འདོད་པ་ལ་བུ་སྟེར་ཞིང་།
    དཔོན་འདོད་པ་ལ་དཔོན་ས་བསལ།
    སློབ་གྲྭ་བ་ལ་ཡོན་ཏན་བསལ།
    ཀུན་དགའ་དོན་འགྲུབ་ཀུན་ལ་བསལ།
    ་་་སོགས་ལ་སྩོགས་ལྟར། བསལ་འདི་ཡང་བསྩལ་ཞེས་ཡོད་པས། དེས་ན། སྩལ། སྩོལ། སྩལ། སྩོལད། ཞེས་འབྲི་དགོས་པ་རྒན་ལ་དྭགས་པས་སྐུ་ངལ་མང་པོ་བསྐྱོན་ནས་དགག་གཞག་གནང་དགོས་ཡང་དེ་ལ་ཐུག་པ་རེད་དོ། །

  5. གནམ says:
    2012-12-25 at 5:00 am

    ཨ་རིར་བཀུར་མཁན་མེད་པར་བོས་བ་དེ།
    གཉན་རྒན་ལྟོགས་ཤི་ཐེབས་པར་བོས་བ་འདྲ།
    ཉ་ཤ་སོ་ཞི་མཚོ་སྲིན་བཞེས་བའི་ཚོགས།།
    ཨ་མྱེས་ཡུལ་ལྷ་དེ་འདྲ་ཨེ་ཡོད་ན།

    ཡུལ་ལྷ་མགྱོགས་མོ་དེ་འདྲ་ཡོད་གྱུར་ན།
    ཟླ་བ་གཟའ་སྐར་བདག་པོ་རྒྱག་དུ་ཐོངས།།
    མྱི་གཞུག་ཁྱི་གཞུག་ལས་སྐྱོབས་བོད་མིའི་ཆེད།
    ཨ་མྱེས་ཡུལ་ལྷ་དེ་འདྲ་ཨེ་ཡོད་ན།

  6. དཀོན་མཆོག་ཚེ་བརྟན་ says:
    2012-12-26 at 10:07 am

    ལོ་ཡེ་ཨ་རིར་ཕེབས་ཐུབ་བམ།་ཕེབས་ཐུབ་ན་གསེར་སྐྱེམས་གང་ལེགས་བྱེད་འདོད་ཡོད།
    ཁྲི་ཀའི་ཡུལ་ན་ལྷ་གཉེན་མཐུ་བོ་ཆེ།།རྒྱ་ནག་ཞིན་མ་ཐེན་ཙེ་ཞེས་གྲགས་ཁྱེད།།མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།།བསང་བསུར་བཞེས་ལ་འདོད་དོན་ལྷུན་འགྲུབ་མཛོད།།

  7. རིག་གྲོལ། says:
    2015-11-11 at 7:24 pm

    ཁྲི་ཀའི་ཡུལ་ན་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཞིན་མ་ཐེན་ཙེ་ཞེས་གྲགས་ཁྱེད།། མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།། བསང་བསུར་བཞེས་ལ་འདོད་དོན་ལྷུན་འགྲུབ་སྩོལ།།
    ཕ་ཡིས་ལན་མང་མཆོད་ཅིང་འབོད་པའི་སྒྲ།། བུ་ཡིས་ད་དུང་རྣ་བར་ལྷང་སེ་ཡོད།། རྣམ་དག་བསམ་པས་དགོས་འདོད་བསྒྲུབ་ངེས་ན།། དམ་ལྡན་གྲོགས་སུ་བཀུར་ངེས་མཐུ་བོ་ཆེ།

  8. ཅོག་མྱི། says:
    2015-11-12 at 1:17 am

    ཨ་མྱེས་ཡུལ་ལྷ་མཐུ་ཆེན་སྟོབས། བདག་ཅག་རྣམ་ཀུན་སྲུང་དུ་གསོལ། དབུ་མའི་ལམ་ལ་རེ་འདོད་ན། དང་བོར་ཡུལ་ལྷ་ལེགས་པར་མཆོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (32)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme