Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བེལ་ཡམ་ཤག་ཁུ་སེ་པེ་ཨར། William Shakespeare

Posted on 2009-08-142009-08-14 By དགེ་རབ་ 4 Comments on བེལ་ཡམ་ཤག་ཁུ་སེ་པེ་ཨར། William Shakespeare

ཤག་ཁུ་སི་པེ་ཨར་དང་ཟློས་གར་གྱི་སྒྱུ་རྩལ།
རྔ་བ་རྒྱལ་ཁམས་པ།

William Shakespeare (http://en.wikipedia.org/wiki/William_Shakespeare)
William Shakespeare

བེལ་ཡམ་ཤག་ཁུ་སི་པེ་ཨར་མཆོག་དགོངས་པ་རྫོགས་ནས་ད་བར་མི་ལོ་བཞི་བརྒྱ་ལྷག་འདས་ཟིན་མོད། ཁོང་གིས་བརྩམས་པའི་ཟློས་གར་གྱི་འཁྲབ་སྟོན་ཁག་གིས། མི་རབས་དང་། རིག་གཞུང་གསར་བའི་དངོས་པོ་ཆེས་ཆེར་དར་ཁྱབ་འགྲོ་བཞིན་པའི་དུས་རབས་ཉེར་གཅིག་པ་འདིའི་ཁྲོད་དུའང་། དགའ་བ་ཁོང་ནས་རྒྱས་པས་གད་མོ་འཆོར་ཞིང་། སེམས་པ་གཏིང་ནས་སྐྱོ་བས་མིག་ཆུ་འཐོར་བ། ཞེ་སྡང་རབ་ཏུ་འཕེལ་ནས་ཨམ་གཙིག་སྡོམ་པ་སོགས། རྩོམ་པ་པོའི་སེམས་ཁམས་ཀྱི་ལྟ་བས་བསླུས་པའི་འཛམ་གླིང་རིས་མེད་ཀྱི་མི་རིགས་བགྲང་ལས་འདས་པ་ཞིག་བྱུང་ཡོད། ལྷག་པར་དུ་ཁོང་གིས་བརྩམས་པའི་ཟློས་གར༼དབྱར་དཀྱིལ་གྱི་མཚན་མོའི་རྨི་ལམ་ཞིག༽ཅེས་པ་དང་། ༼ཧམ་མི་ལེ་ཁྲི༽ ༼རོ་མོའོ་དང་ལྗོས་ལེ་ཡ༽ཞེས་པའི་གར་རྩོམ་ཁག་ལ་ཤེས་ནས་ངོ་མཚར་སྐྱེས་པའི་གཟུར་གནས་མཁས་བླུན་མང་བོས། བསྔགས་བརྗོད་ཀྱིས་སྨྲ་ལྕེའང་ཟད་མཐར་སླེབས་པའི་ཚོད་དུ་སྣང་ཞིང་། ཕྱི་གླིང་བའི་སྤྱི་ཚོགས་ཁྲོད་ན་ཟློས་གར་གླེང་སྐབས། རང་རེས་མཁས་པ་རྣམ་པས་རྒྱལ་བོ་དགེ་བའི་དབང་པོ་དང་། པཎ་ཆེན་ནག་མོའི་ཁོལ། རྒྱལ་བོ་ཚུལ་ཁྲིམས་ཉི་མ་དགའ་བའི་ལྷ་སོགས་རྒྱ་གར་པཎ་གྲུབ་དག་ལ་ཇི་ལྟར་དད་མོས་གདེང་འཇོག་གནང་བ་ལྟར། ༼ཤག་ཁུ་སེ་པེ་ཨར༽ཞེས་ཟློས་གར་དང་། སྙན་ངག་གི་རྩོམ་རིག་སྒྱུ་རྩལ་ཐད། དམིགས་བསལ་གྱི་མཁྱེན་ཡོན་རྫོགས་པའི་མཁས་པའི་གོ་འཕངས་ཆེན་པོ་བརྙེས་མཁན་ཞིག་ཏུ་ཡོངས་གྲགས་ངོས་འཛིན་གནང་བཞིན་འདུག་གོ། དེ་ཡང་སྐུ་ཞབས་བེལ་ཡམ་ཤག་ཁུ་སི་པེ་ཨར་མཆོག་ནི། ཡབ་ལྗོན་ཤག་ཁུ་སི་པེ་ཨར་མཆོག་དང་། ཡུམ་མེ་རེ་ཨར་སྒྲེན་དུ་འབོད་པ་གཉིས་ཀྱི་རྒྱུད་དུ། སྤྱི་ལོ༡༥༦༤ཟླ༤ཚེས༢༣ཉིན་དབྱིན་ཇི་ལུང་བའི་སི་གྲི་རེ་སྤོར་སྒྲི་ཞེས་པར་སྐུ་འཁྲུངས། ཁོང་གི་ཡབ་ལྗོན་མཆོག་ནི་གོ་བ་དཀར་བོའི་ལག་ཤུབ་དང་། རྟ་སྒ་བཟོ་ཚོང་གནང་མཁན་ཞིག་ཡིན་ལ། དེ་ཉིད་ཀྱི་ཕ་ཁྱིམ་ནི་སི་གྲི་རེ་སྤོར་སྒྲིའི་བྱང་ཕྱོགས་ཀྱི་གྲོང་གསེབ་སི་ནེ་ཁྲིར་སྤེལ་སྒྲི་ཞེས་པ་ནས་ཡིན་པར་བཤད་ཅིང་། ཁོང་སྤྱི་ལོ༡༥༥༡ནས༡༥༥༢གང་རུང་ཞིག་ཏུ་སི་གྲི་རེ་སྤོར་སྒྲིར་གསར་དུ་ཕེབས་ནས། ཧན་ལེ་སྲང་ལམ་གྱི་ཐོག་ཁང་བ་ཞིག་ཏུ་གནས་བཅས་ནས་གཞིས་ཆགས་པ་ཞིག་ཡིན་པར་གྲགས། ལྗོན་མཆོག་གིས་ཐོ་མ་སི་སྒྲེན་སོན་ཞེས་པའི་ལག་རྩལ་དགེ་རྒན་ཞིག་བསྟེན་ནས་གོ་བ་དཀར་པོ་འདུལ་སྦྱོང་དང་། རྟ་སྒ་བཟོ་སྟངས་སྐོར་སློབ་གཉེར་གནང་སྟེ། རང་ཉིད་ཀྱིས་ཚོང་ཁང་ཞིག་སྒེར་གཉེར་སྒོ་འབྱེད་གནང་། འགྲོ་སོང་ཆུང་ལ་ཁེ་དཔོག་བཟང་བའི་ཚོང་བྱར་ལམ་ལྷོང་ཡག་པོ་བྱུང་རྐྱེན། སྤྱི་ལོ༡༥༥༦ལོར་རང་གི་གཟིམས་ཁང་འཕྲོ་ན་ཡོད་པའི་ཁང་བ་དེ་ཉོས་ནས། ཁང་བུ་ཟུང་མཉམ་འབྲེལ་གྱིས་ཁང་ཆེན་གཅིག་གི་ངོ་བོར་བཟོ་བཅོས་བཏང་ཞིང་། དེ་ནི་བེལ་ཡམ་ཤག་ཁུ་སི་པེ་ཨར་མཆོག་སྐུ་འཁྲུངས་གཞིས་ངོ་མ་དེ་ཡིན་འདུག་ལ། ས་གནས་དེའི་ཁང་ཁྱིམ་དང་། སྲང་ལམ་གྱི་ལྗོངས་བཀོད་མང་བོ་ཞིག་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་རྣམ་པ་ལྟར། སྒྱུར་བཅོས་གང་ཡང་མ་བཏང་བར་མཛམ་གླིང་མི་མང་གི་མིག་ཡིད་རྣ་བའི་དགའ་སྟོན་དུ་བཞག་ཡོད་པ་དང་། ཁྱད་པར་དུ་ཁོང་སྐུ་འཁྲུངས་འདས་ཀྱི་ས་དང་། ཡུ་ཤིའི་ཆོས་སྒོར་ཐོག་མར་ཞུགས་སའི་གནས། རྒྱལ་བོ་ཤག་ཁུ་སི་པེ་ཨར་མཆོག་གི་སྤྱི་སྡེའི་ཟློས་གར་ཁང་གསུམ་སོགས་སུ། ལོ་རེ་བཞིན་ཡུལ་སྐོར་སྤྲོ་འཁྱམ་པ་འབུར་གཏེར་དུ་མ་གཟིགས་སྐོར་དུ་ཕེབས་བཞིན་ཡོད་སྟབས། འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་ཀྱི་སྤྲོ་འཁྱམ་ས་ཁུལ་ཞིག་ཏུ་ཆགས་པ་རེད། སྤྱི་ལོ༡༥༥༧ལོར་ལྗོན་ཤག་ཁུ་སི་པེ་ཨར་མཆོག་དང་། རོ་བྷིར་གྲི་ཨར་སྒྲིན་དུ་འབོད་པར་བུ་མོ་བརྒྱད་ཡོད་པའི་ཆུང་ཤོས། མེ་རེ་ཨར་སྒྲིན་ཞེས་པ་མཉམ་པོར་འཇིག་རྟེན་མཐུན་འཇུག་གི་གཉེན་སྒྲིག་ཞུས། ལྕམ་སྐུ་མེ་རེ་མཆོག་ནི་ཡབ་ཀྱི་བུ་མོ་དག་ལས་འཇོག་ཐང་ཆེ་ཤོས་དེ་ཡིན་འདུག་ཅིང་། ཁོང་སྐུ་གཤེགས་རྗེས་བུ་མོ་དེ་ཉིད་ཀྱིས་ཕ་ཤུལ་རྒྱུན་འཛིན་གྱིས་ཁྱིམ་ཚང་གི་འགན་ཁུར་ཆ་ཚང་བླངས། མོ་རང་ལོ་ན་བཅོ་བརྒྱད་དུ་སོན་པ་ན་ལྗོན་ཤག་ཁུ་སི་པེ་ཨར་དང་མཉམ་པོར་ཆང་ས་བརྒྱབས། གཉེན་སྒྲིག་རྗེས་ཁོང་གཉིས་ཀྱི་རྒྱུད་དུ་རིགས་ཀྱི་མྱུ་གུ་འགའ་ཞིག་འཁྲུངས་པ་ལས། སྔ་མ་གཉིས་ཆ་ཕྲུ་གུའི་སྐབས་ནས་སྐུ་འཚོ་མ་ཟིན་ལ། གསུམ་པ་ནི་བེལ་ཡམ་ཤག་ཁུ་སི་པེ་ཨར་མཆོག་ཡིན་ཞིང་། ཁོང་སྐུ་འཁྲུངས་དུས་གྲོང་གསེབ་སི་གྲི་ར་སྤོར་སྒྲིའི་ནང་གཉན་རིགས་ཀྱི་ནད་ཡམ་ཧ་ཅིང་ཚབས་ཆེན་ཞིག་ཁྱབ་གདལ་དུ་ཕྱིན་ཡོད་པའི་དུས་ཤིག་ཡིན་སྟབས། ལོ་དེ་གའི་ནང་རང་དུ་གྲོང་སྡེའི་མི་འབོར་གྱི་བརྒྱ་ཆ་བཅོ་ལྔ་ཙམ་ནད་ཡམ་གྱིས་གྲོགས་འདུག ཡབ་ལྗོན་མཆོག་གྲོང་སྡེའི་མི་སེར་དངོས་གནས་པར་འདེམས་ཐོན་བྱུང་བའི་ལེགས་འབྲས་ལྟ་བུར། སྤྱི་ལོ༡༥༦༡ལོར་བུ་རྒྱུད་ཚོའང་དམིགས་བསལ་སློབ་ཡོན་འབུལ་ལམ་ཞུ་མ་དགོས་པར་དབྱིན་ཇིཔྱེའི་རྒྱལ་ཐོག་དྲུག་པའི་བརྡ་སྤྲོད་ཀྱི་སློབ་གྲ་གསར་བའི་ནང་འཛུལ་ཞུགས་སློབ་སྦྱོང་གི་གོ་སྐབས་བཟང་བོ་ཐོབ། བེལ་ཡམ་མཆོག་གོང་གསལ་སློབ་གྲར་མ་ཕེབས་གོང་། དགུང་གྲངས་བཞི་ཡས་མས་ཤིག་གི་སྒང་སློབ་གྲ་ཆུང་ངུ་ཞིག་ཏུ་ྐློག་གི་སློབ་དཔོན་བསྟེན་ཏེ། དབྱིན་ཇིའི་གསལ་བྱེད་ཀྱི་ཡི་གེ་དང་། ལྷའི་ཁ་དོན། སླ་རྩིས་བཅས་ཐུགས་སྦྱོང་གནང་ཡོད་ངེས་རེད། ལར་ནས་སྐབས་དེའི་དབྱིན་ཇིའི་སྤྱི་སྲོལ་ཞིག་ཏུ། བུ་རྣམས་ནི་བརྡ་སྤྲོད་སློབ་གྲར་ཕེབས་རྐྱང་དང་། བུ་མོ་ཕལ་ཆེར་འབྲི་ྐློག་གི་ཤེས་བྱ་ལས་ཚེམ་བྲུབས་ཀྱི་ལག་རྩལ་སློབ་སྤྱོང་གནང་རྒྱུ་ཤས་ཆེ་བར་མངོན་ལ། སློབ་གྲ་ཁག་གི་ཉིན་རེའི་འཆར་ཅན་གྱི་སློབ་དུས་ཀྱང་། དེང་སྐབས་ལ་ལྟོས་ན་ཆེས་ཧ་ཅིང་གི་རྒྱུན་རིང་ཞིང་ཁག་པོ་ཞིག་སྟེ། ཞོགས་ཀ་སྔ་བོ་ཆུ་ཚོད་དྲུག་པའི་ཐོག་ནས་འཛིན་གྲ་དབུ་ཚུགས་ཤིང་། ཉིན་གོང་ཆུ་ཚོད་བཅུ་གཅིག་ནས་དང་བོ་བར་གསོལ་ཇ་དང་ངལ་གསོ་བའི་དུས་ཚོད། དེ་ནས་དགོང་གྲོ་ཆུ་ཚོད་ལྔ་བའི་ཐོག་སློབ་མཇུག་བསྡུ་བ་སོགས། ཉིན་བཞིན་ཆུ་ཚོད་བརྒྱད་ལ་སློབ་སྦྱོང་བྱེད་དགོས་པ་མ་ཟད། སྔ་དགོང་གི་ཁ་དོན་ཀྱང་རྒྱས་པོ་ཞིག་ཡོད་ཚོད་རེད། སློབ་ཚན་ཡང་གཙོ་བོ་གནའ་བོའི་རོམ་གྱི་སྐད་ཡིག་ཡིན་ལ། སྐད་ཡིག་དེ་ནི་སྲིད་དོན་མཁས་པ་དང་། བརྡ་སྤྲོད་སྨྲ་བ་སོགས་བརྒྱུད་ཡོ་རོབ་ནང་ཁུལ་དུ་དར་ཁྱབ་སོང་བ་ཞིག་རེད་འདུག (མུ་འགོད་་)

རྩོམ་རིག

Post navigation

Previous Post: རང་རིགས་བོད་མི་རྣམས་ཀྱིས་ཐུགས་གཟབ་དགོས་པ།
Next Post: གངས་སྐྱིད་དུ་སྲོག་རླུང་ཤེལ་དམ་བཟོ་གྲྭ

Comments (4) on “བེལ་ཡམ་ཤག་ཁུ་སེ་པེ་ཨར། William Shakespeare”

  1. བྱ་རྒོད་རྒྱལ་པོ། says:
    2009-08-14 at 11:38 am

    ཝེལ་ལིམ་ཤཀ་སེ་པེཡར་ཞེས་བྲིས་ན་གོ་ཡི་འདུག། དེ་མིན་ཁྱེད་ཀྱིས་བྲིས་གནང་བ་དེ་གང་འདྲས་ཀློག་ནའང་ཁོང་གི་མིང་རེད་མི་འདུག
    ཡང་ན།

    ཝེལ་ལིམ་ཤག་སེ་སྤི་ཡར།

  2. བློ་ says:
    2009-08-14 at 6:11 pm

    བྱ་རྒོད་ལགས། ཁོང་ཨ་མདོའི་མཁས་པ་ཞིག་ཡིན་པ་འདྲ། ཨམ་སྐད་ནང་བེ་ཟེར་བ་འདིས་ V གི་སྒྲ་གསལ་བར་ཐོན་ཐུབ། དབུས་སྐད་ནང་V སྒྲ་ཐོན་མི་ཐུབ་པས་རྡ་སའི་རྒན་འགོག་འགས་V ལ་སྒྲ་ཚབ་ཅིག་བཟོས་འདུག་ག སྐབས་འདིར་ William ཟེར་བའི་ W་ལ་V སྒྲ་ཐོན་པས་Will་ལ་བེལ་ཟེར་ན་འགྲིག་འདུག རྒྱུ་མཚན་སྒྲ་ཨམ་སྐད་ལ་་Vསྒྲ་ཡོད་པ་དང་དབུས་སྐད་ལV་སྒྲ་མེད་པའི་ཁྱད་པར་རེད། iam་ལ་ཡམ་སྒྲ་འདྲ་བོ་ཞིག་འདུག་སྙམ། པེ་ཨར་དང་སྤི་ཡར་གཉིས་ཡང་ཨམ་སྐད་དང་དབུས་སྐད་ཀྱི་པ་སྒྲའི་ཀློག་ལྟངས་ཀྱི་ཁྱད་པར་རེད།

  3. བྱ་རྒོད་རྒྱལ་པོ། says:
    2009-08-15 at 1:31 am

    བྱས་ན། ཁུ་དང་ཨར་གྱི་སྒྲ་གདངས་དེ་ཡང་གང་འདྲ་རེད། སྤྱིར་བཏང་རང་ཉིད་ཀྱི་ཡི་གེ་ཀློག་སྟངས་གང་འདྲ་ཞིག་ཡིན་རུང་སྤྱི་ཚོགས་ཁྲོད་ཡི་གེ་བྲིས་དུས་སྤྱི་ཡོངས་མང་ཆེ་བས་ཀློག་སྟངས་དེ་བྲིས་ན་ཚང་མས་གོ་ཐུབ་པ་སོགས་ཀྱི་དགེ་མཚན་འདུག། དེ་འདྲ་མིན་པར་དཔེར་ན། ཧ་ལ་ཤ་ཟེར་མཁན་མི་ཞིག་གིས་ཡི་གེ་བྲིས་དུས། རྒྱ་ནག་གི་དཔོན་པོ་ཤོ་ཅིང་ཐའོ་ཞེས་བྲིས་ནང་བཞིན་སོ་སོ་ཅིག་བྲིས་བསྡད་ན་་གོ་ཡག་མི་འདུག་ག།

  4. མེ་སྒྱོགས་རྒྱ་མཚོ། says:
    2009-08-18 at 6:21 pm

    ང་ལའང་འདི་ཐད་ཚོར་བ་ཞིག་བྱུང་། How about བེལ་ཡིམ་ from wēi lián or 威廉 ?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme