Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་པུཥྤ་ཧ་རི།

Posted on 2012-12-17 By ཁ་བརྡ་ 8 Comments on བྱང་པུཥྤ་ཧ་རི།

སྐྱོ་བྲག་དགའ་དབང་།

པཎ་ཆེན་ནཱ་རོ་པའི་བཞུགས་གནས་བྱང་པུཥྤ་ཧ་རི་ས་ཆ་ག་བར་ཡོད་མེད་ཐད། རུས་པའི་རྒྱན་ཅན་གྱི་མར་པའི་རྣམ་ཐར་དུ། ནཱ་རོ་པ་ཕེབས་སྒུག་གིས་མར་པ་ནཱ་ལན་ཏྲར་བཞུགས་པ་ན་བང་ཆེན་འབྱོར་བས་དགེ་ཚུལ་ཤེས་རབ་སེང་གེ་དང་བསྡེབས་ཏེ་བྱོན། སྤང་ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕུ་ལ་ཧ་རིར་ནཱ་རོ་པ་མཇལ་བར་གསུངས་ཤིང་། དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ཏུ། པ་ཊ་ན་ནས་ར་ཇི་གི་ལི་ལ་འགྲོ་བའི་ལམ་དུ་བི་ཧར་ཤ་རའི་ཧཕི་ཟེར་བའི་གྲུ་ཟན་ལ་སླེབ་ཅིང༌། དེ་ནས་ནུབ་ཏུ་བལྟས་ན་བྲག་རི་ལེབ་མོ་ཞིག་མཐོང་བ་དེ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་གི་ཤུལ་ཡིན་ཟེར། སྔོན་གཙུག་ལག་ཁང་དེ་རྒྱ་གར་ན་གྲགས་པ་ཞིག་ཡིན་ཅིང་རང་རེ་བོད་ཀྱི་བསམ་ཡས་ཀྱང་དེ་ལ་དཔེ་བྱས་ཏེ་བཞེངས་པ་ཡིན། ས་འདི་ཡིན་ཟེར་བ་ཙམ་ལས་གནས་ཀྱི་ཤུལ་ལ་སོགས་པ་ནི་མི་སྣང༌། རི་འདི་ནི་ན་རོ་པའི་བཞུགས་གནས་ཕུ་ལ་ཧ་རི་བྱ་བ་དེ་ཡིན་པར་ཐེ་ཚོམ་མི་འདུག་སྟེ། ཆག་ལོའི་རྣམ་ཐར་དུ་ན་ལནྡཱའི་བྱང་ངོས་ཚ་འབོག་གཅིག་གི་ས་ན་རི་དེ་ཡོད་གསུངས་ཤིང༌། ན་ལནྡཱའི་བྱང་ན་རི་འདི་གཅིག་པུ་མ་གཏོགས་ཡེ་མེད་ལ། རིའི་དབྱིབས་ཀྱང་བོད་ཀྱི་ཕྱོགས་སུ་མགོ་གུག་པ་ལྟར་ཡོད་པས་མི་ལའི་རྣམ་ཐར་དང་ཡང་འགྲིག །ཅེས་བྲིས་ཡོད། ཡང་འབྲུག་པ་པད་དཀར་གྱི་ཆོས་འབྱུང་དུ། མར་པ་དབུས་དང་ཁ་ཆེར་བྱོན། ཁྱད་པར་པུཥྤ་ཧ་རིར་བཞུགས་ནས། དགྱེས་རྡོར་རྒྱུད་གསུམ་གྱི་བཤད་པ། དབང་ལུང་མན་ངག་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར། བཀའ་སྲུང་གུར་དུད་སོལ་དང་བཅས་པ་གནང་སྟེ། གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན། །དཔལ་པུཥྤ་ཧ་རིའི་དགོན་པ་དེར། །སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཐོབ། །ཅེས་པུཥྤ་ཧ་རི་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཡོད་པར་མར་པའི་མགུར་གྱིས་བསྒྲུབས་ཤིང་། ཀ་ཤི་མིར་ཏེ་ཁ་ཆེ་དང་ས་འབྲེལ་ཡིན་པའི་ལ་དྭགས་དང་ཁུ་ནུ་པ་སོགས་གནའ་ནས་ད་བར་ཁ་ཆེའི་ཡུལ་དུ་པུཥྤ་ཧ་རིའི་གནས་མཇལ་དུ་འགྲོ་བཞིན་ཡོད་འདུག །འདི་ལྟར་ན་པཎ་ཆེན་ནཱ་རོ་པ་ལ་མིང་གཅིག་པའི་གདན་ས་གཉིས་ཡོད་ལས་ཆེ་སྙམ་པ་འདུག་གོ། །

སྣ་ཚོགས།

Post navigation

Previous Post: ཕ་རིན་སའི་གསར་འགོད་པ་ཞིག་རང་སྲེག་གཏོང་མཁན་གྱི་ཁྱིམ་དུ་སོང་བ།
Next Post: སུས་ཀྱང་བཤད་མ་མྱོང་བའི་སྙིང་གཏམ་ཚིག་གསུམ།

Comments (8) on “བྱང་པུཥྤ་ཧ་རི།”

  1. ཏི་སི། says:
    2012-12-17 at 1:12 am

    ཡ་ཡ་དེ་འདྲ་བོ་འདུག། ཡིན་ནའང་། གཙོ་བོ་རུས་པའི་རྒྱན་ཅན་གྱིས་མགུར་དེ་གཞུར་བཟུང་ན་ལེཧས།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-12-17 at 1:40 am

    པུཥྤཧརི་གནས་མཆོག་དེ། །
    རྟག་པ་ཡིན་ན་དགའ་བ་ལགས། །
    མར་པ་ཆོས་ཀྱི་བློ་གྲོས་དེ། །
    ད་ལྟའང་ཡོད་ན་དགའ་བ་ལགས། །

    གདུང་སྲས་དར་མ་མདོ་སྡེ་དེ། །
    སྐུ་ཚེ་རིང་ཙམ་གནས་ན་ཨང་། །
    མི་ལ་བཞད་པ་རྡོ་རྗེ་ཁོང་། །
    དེ་རིང་མགུར་ཅིག་གསུངས་ན་ཨང་། །

  3. ཀརྡོ་གཉེར་ཕྱག་པ་ says:
    2012-12-17 at 12:49 pm

    ཕུ་ལ་ཧ་རི་དང་པུཥྤཧ་རི་གཉིས་གནས་གཅིག་གམ་སོ་སོར་རེད།

  4. Gonpo says:
    2012-12-17 at 12:57 pm

    དེ་གཉིས་གཅིག་པ་རེད

    བོད་སྐད་དུ་མེ་ཏོག་མདངས་འཕྲོག་དགོན་པ་ཟེར

    པུཥྤ་ ཕུལ་ འདི་གཉིས་ཀ་མེ་ཏོག་ལ་ཟེར་གི་འདུག

  5. ཀརྡོ་གཉེར་ཕྱག་པ་ says:
    2012-12-17 at 6:27 pm

    མགོན་པོ་ལགས་ཀྱིས་གསལ་བཤད་གནང་བ་ལ་བཀའ་དྲིན་ཆེ། ངས་ཀློག་དུས། མར་པ་དབུས་དང་ཁ་ཆེར་བྱོན། ཁྱད་པར་པུཥྤ་ཧ་རིར་བཞུགས་ནས། ཞེས་པ་འདིས་དབུས་དང་ཁ་ཆེ་མ་ཡིན་པའི་པུཥྤ་ཧརི་ཅིག་ཡོད་གོ་ཐུབ་སྙམ་ལགས། བླ་མ་མར་པ་ལོ་ཙ་པ་རྒྱ་གར་དུ་ལན་འགའ་ཤས་ཕེབས་སྐབས། དགོན་པའི་སྒོ་སྲུང་དུ་བཞུགས་པའི་ན་རོ་པ་དེ་པུཥྤཧརི་དང་། དེ་ནས་གནས་ངེས་དུ་སྤྱོད་པ་ལ་གཤེགས་དུས་ཕུ་ལ་ཧ་རི་ཞེས་གནས་དེ་གཉིས་སོ་སོར་མེད་དམ་སྙམ་པས་དཔྱད་པར་མཛོད་ཅིགུ

  6. ཀརྡོ་གཉེར་ཕྱག་པ་ says:
    2012-12-17 at 6:36 pm

    བཀའ་རྒྱུད་ཆེ་བཞི་ཆུང་བཞིའི་ནང་ལ། བླ་མ་མར་པ་དང་། མི་ལ་རས་པ། རས་ཆུང་པ་དང་སྒམ་པོ་པ་ཁོང་བཞི་ཡི་ཡང་སྲིད་བླ་སྤྲུལ་མེད་དགོས་དོན་གང་ལ་ཐུག་པ་ཡིན་ནམ། ལགས། སུས་འགྲེལ་བཤད་གནང་ཐུབ་བམ།
    དེ་བཞིན་རྗེ་ས་སྐྱ་པཎ་ཆེན་དང་རྗེ་བླ་མ་ཙོང་ཁ་པའི་ཡང་སྲིད་ཀྱང་ཡོད་དམ་མེད། ཡོད་ན་ངོས་འཛིན་སུ་ལ་བྱེད། མེད་ན་མེད་དགོས་དོན་སུས་གསུངས་ཐུབ་བམ།

  7. བཀྲིས། says:
    2012-12-18 at 10:18 pm

    ཀ་རྡོ་ལགས་ཀྱིས་བླ་མའི་ཡང་སྲིད་ཀྱི་འདྲི་བ་འདི་གནད་འགག་རེད། མདོར་ན། རྩོད་མེད་ཀྱི་བླ་མ་མཁས་གྲུབ་གཉིས་ལྡན་རྣམས་ལ་ཡང་སྲིད་མེད། སྟོན་པ་དང་། འཇམ་དབྱངས་། སྤྱན་རས་གཟིགས། དེ་བཞིན་བྱམས་པ་དང་ཀླུ་སྒྲུབ་སོགས་ལ་རྒྱ་གར་ལ་ཡང་སྲིད་ཕེབས་པ་གསུངས་ཡས་མེད།

    བོད་ལ་བྱོན་པའི་གུ་རུ་རིན་པོ་ཆེ་དང་། རྗེ་ཨ་ཏི་ཤ། དེ་བཞིན་བོད་པའི་རྗེ་བློ་བཟང་གྲགས་པ། ས་སྐྱ་པན་ཊི་ཏ། དེ་བཞིན་མར་པ་དང་མི་ལ། ད་དུང་། སྙིང་མའི་འཇུ་མི་ཕམ་དང་ཚད་ལྡན་བླ་མ་མང་པོ་ཞིག་ལ་ཡང་སྲིད་བསྟན་རྒྱུ་མེད།

    ད་དེ་ནས་མར་རྩིས་པའི་སྤྲུལ་སྐུ་ལུང་སྐུ་ཆོས་སྐུ་དང་མང་པོ་ཞིག་འཁྲུངས་ཡོང་གི་འདུག། ཧ་ལམ་རྙིང་མའི་བླ་མ་ཚང་མའི་ཕྲུ་གུ་སྤྲུལ་སྐུ་རེད། བཀའ་བརྒྱུད་པའི་ནང་ལ་ཡང་ན་ཚ་དེ་བགོས་ཡོང་གི་འདུག

  8. ཀརྡོ་གཉེར་ཕྱག་པ་ says:
    2012-12-19 at 12:42 pm

    བཀྲ་ཤིས་ལགས་ཀྱིས། ཡང་སྲིད་ཡོད་མེ་སྐོར་ལ་རང་གི་བསམ་ཚུལ་གསལ་བཤད་གནང་བར་བཀའ་དྲིན་ཆེ། ང་ཚོ་ལ་སྤྱན་རས་གཟིགས་དང་འོད་དཔག་མེད་ཀྱི་ཡང་སྲིད་ངོས་འཛིན་ཐུབ་ན། རྙིང་མའི་སློབ་དཔོན་རིན་པོ་ཆེ་དང་སློབ་དཔོན་ཞི་བ་འཚོ་དང་། བི་རོ་ཙ་ན་སོགས་བཀའ་བརྒྱུད་པའི་མར་མི་དྭགས་གསུམ་དང་། ས་སྐྱའི་ས་པཎ་སོགས་འགའ་ཤས་དང་། དགེ་ལྡན་པའི་ནང་ལ་ཇོ་བོ་རྗེ་དང་། རྗེ་ཡབ་སྲས་གསུམ་གྱི་ཡང་སྲིད་ངོས་འཛིན་ཐུབ་ན་དད་པ་དག་སྣང་ལ་ཕན་པ་ལས་གནོད་ཆེ་བ་ཨ་ཡོད་སྙམ་མོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme