Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེབ་གསར་འགྲེམས་བསྒྲགས་ལེགས་གྲུབ། རྫ་ཚེ་རིང་བཀྲ་ཤིས།

Posted on 2012-12-102012-12-11 By ཁ་བརྡ་ 18 Comments on དེབ་གསར་འགྲེམས་བསྒྲགས་ལེགས་གྲུབ། རྫ་ཚེ་རིང་བཀྲ་ཤིས།

སྤྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་༼བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་པ་༽ཞེས་པའི་བརྗོད་གཞིའི་ཐོག་ནས་ཕྲན་གྱིས་བྲིས་པའི་རི་མོ་ཅན་གྱི་བྱིས་སྒྲུང་༼བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་༽བོད་ཡིག་དང་རྒྱ་ཡིག་གི་དཔར་གཞི་མི་འདྲ་བ་གཉིས་དུས་གཅིག་ལ་པར་སྐྲུན་ལེགས་གྲུབ་ཀྱི་འགྲེམས་བསྒྲགས་བྱེད་སྒོ་ཐོག་མ་དེ་ཕུན་སུམ་ཚོགས་པའི་ངང་ནས་ཚུགས་ཐུབ་པ་བྱུང་།

ཕྲན་གྱིས་ཆུ་ཚོད་གཉིས་ལ་ཉེ་བའི་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ཁྲོད་དུ་ཡང་། ངོ་སྤྲོད་གྱི་བརྗོད་བྱ་ཧྲིལ་པོ་བོད་ཀྱི་ཕྲུ་གུ་དག་གི་འཚོ་བ་དང་ལས་དབང་གི་སྲོག་ཏུ་བཟུང་བ་ཡིན། སྤོབས་པ་ཡང་ཕྲན་ཙམ་སྐྱེས་བྱུང་། གནས་དུས་འདི་ལྟ་བུར་མི་ལས་འདས་པའི་ལམ་ཁོ་ན་མིན་པར་མིའི་ལུགས་སུ་བྱས་པའི་ལས་ཀ་ཏོག་ཙམ་རེ་བྱེད་པའི་ཁོར་ཡུག་དང་ཐབས་ལམ་རྙེད་པར་མ་ཟད། དེས་མི་གཞན་ལ་སེམས་འགུལ་ཕྲན་བུ་ཐེབས་པ་མཐོང་ན་བྲོད་པའང་སྐྱེས། ཚོགས་ཞུགས་པ་ནི་དད་སློབ་ཀྱི་སྐྱེ་བོ་སྐད་པ་དག་གཙོ་བོ་མ་རེད་ལ། ཚོགས་རའི་སྣང་ཚུལ་ལ་ཡང་དམིགས་བསལ་ཆོས་ལུགས་དང་འབྲེལ་བ་ཡེ་མེད་པ་ལྟ་བུར་འདུག འདུ་འཛོམས་ཀྱི་མི་སྣའང་། ་སློབ་གྲྭའི་བརྩེ་བའི་དགེ་རྒན་དང་། སློབ་གྲྭོགས། ད་དུང་སྤྱི་ཚོགས་ཐོག་གི་ལས་མི་རིགས་མི་འདྲ་བའི་མི་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན། སྤྱི་ཚོགས་ཀྱི་ཐོག་ཏུ་གོ་གནས་ཡོད་པའི་སྒྱུ་རྩལ་པ་སོགས་ཀྱང་འདུག ཁྱད་པར་དུ་དེབ་འདི་ལ་རེ་བ་དང་ཡིད་ཆེས་བཅང་མཁན་གྱི་ཕྲུ་གུ་ཆུང་ཆུང་མང་པོ་འདུག དེ་ནི་རྒྱུན་ལྡན་གྱི་ཆོས་ཚོགས་དག་དང་ཆེས་མི་འདྲ་ས་དེ་རེད། སྣང་ཚུལ་འདི་ཡོངས་རྫོགས་རང་ཉིད་བློ་ཁ་ཁེངས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།

 

 

ཁོང་ཚོས་ངའི་དེབ་ལ་དོ་སྣང་ཅི་ཙམ་བྱས་པ་ནི་ངས་བསམ་པ་ལས་ལྷག་པ་ཞིག་རེད།

 

ངའི་ལག་ཏུ་ད་བར་དེབ་ཀློག་མཁན་གྱི་ཕྲུ་གུ་དང་ཉོ་མཁན་གྱི་ཨ་མ་ཚུད་པའི་གྲོགས་པོ་མང་པོ་ཞིག་གི་ཚོར་བ་དངོས་ཀྱི་ཡི་གེ་ཡང་ཅི་རིགས་འབྱོར་བཞིན་འདུག

འདི་ནི་ཐའེ་སྡོད་བོད་པའི་གཞོན་སྐྱེས་གཉིས་ཀྱིས་དམིགས་བསལ་དགའ་སྣང་ཆེན་པོས་དེབ་ལག་ལ་འཆང་བའི་ངང་ཚུལ་རེད། དཔར་ཆུང་ངུ་གསལ་ལ་མི་གསལ་བ་འདི་ནི་རང་དབང་ཐང་ཆེན་དུ་ཆུ་ཚོད་ཞེ་དགུའི་རིང་སྨྱུང་གནས་ལ་བཞུགས་པའི་བོད་པའི་གཞོན་སྐྱེས་འགའ་ཞིག་གིས་དེབ་འདི་ཀློག་བཞིན་པའི་སྐབས་རེད་ཅེས་ད་ལྟ་རང་མི་ཞིག་གིས་བཏང་བྱུང་།

 

 

སྣ་ཚོགས།

Post navigation

Previous Post: བན་ཕྲུག་ཆུང་ཆུང་།
Next Post: ཚེ་སྲོག་བརྒྱ་བོ། ཨ་རིག་འགྱུར་མེད།

Comments (18) on “དེབ་གསར་འགྲེམས་བསྒྲགས་ལེགས་གྲུབ། རྫ་ཚེ་རིང་བཀྲ་ཤིས།”

  1. གཅན བཟོད་རྒྱ། says:
    2012-12-11 at 1:11 am

    ངར་བ་རེད། བཀའ་དྲིན་ཆེ་ཞུས་པ་དང་ལྷན་དུ་དེབ་དེ་མྱུར་དུ་མཇལ་བར་སྨོན། འོན་ཀྱང་ང་ཡོད་ས་འདིར་བོད་ཡིག་གི་དཔེ་དགོས་མཁོ་བྱུང་ན་གཡར་བོ་བྱེད་སའང་ཅུང་ཐག་ཙམ་འདུག་ཡ།
    སྦྲགས་ཐོག་ནས་སྦྲ་གླ་ཡོད་པའི་སྒོ་ནས་སྐུར་གནང་ཐུབ་ན་ཅི་མ་རུང་། ཡང་གོང་ཆེན་པོ་ཡིན་ན་ང་སློབ་མའི་ངོ་བ་ན་ཡོད་པས་ཉོ་མི་ཐུབ་ཀི
    ཀུ་རེ་ཡིན།

  2. གནམ says:
    2012-12-11 at 1:51 am

    བྱིས་བ་ཆུང་ཆུང་ལ། བྱིས་སྒྲུང་རང་བྲིས་ཡོད་པའི་ཡིད་ཆེ་ཡོད། རྒྱབ་ཤོག་སྟེང་ན་སྐུ་ཉིད་ཀྱི་སྐུ་པར་ཞིག་ཡོད་པ་ཨེ་རེད།

  3. བེ་རི་འཇིགས་མེད། says:
    2012-12-11 at 2:23 am

    རྫ་ཚེ་རིང་བཀྲ་ཤིས། མི་བཀྲ་ཤིས། རྩོམ་བཀྲ་ཤིས། དེབ་བཀྲ་ཤིས།་བཀྲ་ཤིས་སྣ་མང་ལྡན་པའི་རྩོམ་དེབ་གསར་པ་ཞིག་ཐོན་པར་བཀྲ་ཤིས་བདེ་ལེགས་ཞུ། འོན་ཀྱང་བཀྲ་ཤིས་རྩོམ་ཞིག་བཀྲ་མ་ཤིས་པའི་དྲ་རྒྱ་ཞིག་ནང་ལ་ངོ་སྤྲོད་གནང་བ་འདི་མ་བཟང་། ཐལ། རྗེས་ནས་ཁ་མ་དགེ་བའི་དྲ་རྒྱ་འདིའི་ནང་ངོ་སྤྲོད་མི་གནང་བ་འཚལ། རྒྱུ་མཚན་གཞན་དུ་ཞུ་ཆོག མ་གཞི་སྐུ་ཉིད་ཀྱིས་ཀྱང་དྲ་རྒྱ་འདིའི་མགོ་གཞུག་ལ་བལྟས་ན་ཤེས་ཐུབ།

  4. ཨ་རིག་དགེ་མཐོང་གིས། says:
    2012-12-11 at 3:15 am

    གྲོགས་ཀྱི་དཔེ་དེབ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ། མ་ཟད་བྱིས་སྒྲུང་ནི་དེང་གི་དུས་སུ་བོད་ཀྱི་སློབ་ཕྲུག་ཚོ་ལ་དུས་ཐོག་ཆར་བ་རང་དུ་སོང་ཡོད་པས་ཁ་ཚ་དགོས་གཏུགས་རང་རེད། སྙིང་ནས་རྗེས་སུ་ཡི་རང་ཞུ་རྒྱུ་དང་། དེ་ལགཞན་་རྗེས་སུ་ཉིད་ལ་ལྷོད་ཀྱིས་ཞུ་ཆོག་པ་གནོངས།

  5. མེ་ཏོག་དཀར་པོ། says:
    2012-12-11 at 3:23 am

    ཝ་ར་ན་སིའི་དགེ་རྒན་ལགས། །
    རྡ་རམ་ས་ལའི་སྤྱི་མཐུས་ལགས། །
    སེ་ར་དགོན་པའི་དགེ་བཤེས་ལགས། །
    མན་ཇུ་ཊི་ལའི་སྙན་ངག་མཁན།།

  6. ཞུས་ཆེན་པ། says:
    2012-12-11 at 4:23 am

    རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རྩོམ་གནང་མཛད་པའི་ཞེས་པའི་བྱིས་སྒྲུང་གི་དེབ་གསར་ཞིག་འབྲི་རྩོམ་གནང་བར་བཀྲ་ཤིས་པའི་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག མི་རིགས་རང་གི་སྐད་ཡིག་སློབ་གསོའི་ས་བོན་བཟང་བོ། རང་རེའི་གཞོན་སྐྱེས་རྣམས་ཀྱི་ཤེས་ཡོན་གྱི་གཤིན་ས་ཆེར་མོར་མྱུར་དུ་འབུས་པའི་སྨོན་འདུན་དང་། རྫ་ཚེ་རིང་བཀྲ་ཤིས་ནི་དངོས་གནས་ཚེ་རིང་རྒྱུའི་མི་ཞིག་རེད། ནམ་རྒྱུན་ནས་གྲག་འགུལ་ཆེ་བའི་མི་གསོན་ཉམས་དོད་པོ་དང་ལག་རྗེས་ཡོད་མཁན་ཞིག་ཏུ་མཐོང་བས་མུ་མཐུད་དུ་འབད་བརྩོན་གནང་རོགས་ཞུ་འདོད་བྱུང་། ཚེ་རིང་། ལོ་བརྒྱ། བསམ་དོན་འགྲུབ་པར་ཤོག །

  7. ཡིག་བསྒྱུར་བ། says:
    2012-12-11 at 5:50 am

    བྱིས་སྒྲུང་ཞིག་བཏོན་པར་སྙིང་ནས་དགའ། ངས་ཀྱང་བྱིས་སྒྲུང་འགའ་བསྒྱུར་མྱོང་བ་མ་ཟད་བརྩམས་ཀྱང་མྱོང་། བྱིས་སྒྲུང་འབྲི་བ་ལ་བྱིས་བའི་སེམས་ཁམས་སྐོར་ལ་ཐོས་རྒྱ་གང་འཚམས་དགོས་བ་མ་ཟད་བྱིས་སྒྲུང་འབྲི་སྟངས་ཀྱི་རིག་ལམ་དེ་ཡང་གལ་ཆེ། བྱིས་སྒྲུང་འདི་མ་ཀློག་སྔོན་ལ་བསམ་ཚུལ་གཉིས་དང་དོགས་འདྲི་གཅིག་བྱུང་།

    དང་པོ།
    བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་པ་ཟེར་ན། འདི་བྱིས་བའི་བློ་ལ་འགྲོ་བའི་ཁ་བྱང་ཞིག་མ་རེད། ཁ་བྱང་གཅིག་པོའི་ཐོག་ན་དཀའ་ངལ་ཞིག་འདུག བྱིས་བ་ཚོས་སྒྲུང་འདི་མ་ཀློག་སྔོན་ནས་མིང་གཅིག་པའི་བཀྲ་ཤིས་གཉིས་ཡོད་པ་འདི་དཀའ་ངལ་ཆགས་འདུག ལྷག་པར་དུ། བྱིས་སྒྲུང་འདིའི་ནང་དུ།
    བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་དུས། གང་ཟག་གི་མིང་ཚབ་བེད་སྤྱོད་ཇི་ལྟར་བྱས་ཡོད་དམ། བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་པ་འདིའི་ཚབ་ལ། བཀྲ་ཤིས་ཀྱིས་ལྷ་མོར་བཤད་པ་ཟེར་ན། མི་སྣ་གཉིས་དེ་དབྱེ་འབྱེད་སླ་བ་མ་ཟད་མི་སྣའི་མཚན་མ་ཡང་གསལ་བོར་བྱས་ཡོད།
    བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་པ་ཟེར་དུས། སྒྲུང་འདིའི་ནང་དུ་བཀྲ་ཤིས་གཉིས་ཡོད་དམ་ཡང་ན་བཀྲ་ཤིས་གཅིག་ཡོད། དེ་ཡང་གསལ་བོ་མེད། ཁ་བྱང་གསལ་བོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེ། བྱིས་སྒྲུང་གི་ཁ་བྱང་ནི་སྒྲུང་གི་འདོགས་ཐག་ལྟ་བུ་ཡིན། གང་ལྟར། ཁ་བྱང་འདོགས་སྟངས་ཀྱི་སྟངས་ནས་མ་དགོས་བའི་དཀའ་ངལ་དཀའ་བཟོས་འདུག་དྲན།

    གཉིས།
    དེང་གི་སྐབས་སུ་བྱིས་སྒྲུང་དེ་དངོས་ཡོད་འཚོ་བ་ལ་ཅི་ཙམ་ཐག་ཉེ་ན། དེ་ཙམ་གྱིས་བྱིས་སྒྲུང་ཀློག་མཁན་ཚོར་ཕན།
    བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་ཟེར་བའི་ཚབ་ལ། བུ་བཀྲ་ཤིས་ལྷ་སར་ཕྱིན་པ། བུ་བཀྲ་ཤིས་བོད་ལ་ཕྱིན་པ། ཡང་ན་བུ་བཀྲ་ཤིས་ཁམས་སྡེ་དགེ་ལ་ཕྱིན་པ་སོགས། རྩོམ་པ་པོས་གང་དུ་འགྲོ་སའི་ཡུལ་དེའི་གལ་ཆེ་ཆུང་ལ་བསམ་བློ་བཏང་ཡོད་དམ།

    གསུམ།
    བྱིས་སྒྲུང་འབྲི་དུས། མིང་ཚིག་དང་བྱ་ཚིག རྒྱན་ཚིག་གསུམ་གྱི་གྲངས་ཀའི་སྟངས་འཛིན་དེ་ཧ་ཅང་གལ་ཆེན་པོ་ཡིན། དེའི་རྒྱུ་མཚན། བྱིས་བ་མང་ཆེ་བའི་བློ་ངོར། མིང་ཚིག་དང་བྱ་ཚིག རྒྱན་ཚིག་སོགས་གྲངས་ལྔ་བརྒྱ་ལས་མང་བ་ཡོད་མ་རེད། དེས་ན། གོང་གི་བྱིས་སྒྲུང་རྩོམ་པ་པོས་བྱིས་སྒྲུང་འདི་མིང་ཚིག་དང་བྱ་ཚིག རྒྱན་ཚིག་ཅི་ཙམ་གྱིས་གྲུབ་དགོས་མིན་ཐད་བསམ་བློ་བཏང་ཡོད་དམ།
    འདི་ཞོར་ནས་དོགས་འདྲི་ཡིན།

    མཐར་ཁྱེད་ཀྱིས་བྱིས་སྒྲུང་ཞིག་བརྩམས་གནང་བར་ཁ་བྲོ།

  8. དགེ་འདུན་རྒྱ་མཚོ། says:
    2012-12-11 at 6:27 am

    རྫ་བ་ལགས། བྱིས་སྒྲུང་རྩམ་པར་བཀྲ་ཤེས་བདེ་ལེགས་ཡོད་ད ། རང་ཉིད་དྲིལ་སྒྲོག་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ད་ཁྱོད་ཀྱིས་རྙེད་ཚར་བྱ། དེ་ཡང་ཕྱི་ལ་འཁྱམས་པའི་འབྲས་པུ་ཡིན་རྒྱུ་རེད། རང་ལ་མིའི་འགྲོ་སྟབས་མ་ལབ་ཀྱང་ཤེས་བྱ། དེ་ཡང་ཡག་པོ་རེད། རྟེན་འབྲེལ་ཞུ། རང་ཡང་མ་འོངས་པར་མི་ཡག་པོ་ཞིག་ཆགས་རྒྱུ་ཡིན་པར་ང་ལ་ཡོིད་ཅེས་ཡོད།

  9. པདྨ་བསམ་གྲུབ། says:
    2012-12-11 at 7:52 am

    ཁ་བྲོ།

  10. པདྨ་བསམ་གྲུབ། says:
    2012-12-11 at 7:52 am

    ཁ་བྲོ།

  11. རྫ ་ཚེ་རིང་བཀྲ་ཤིས། says:
    2012-12-11 at 9:12 am

    ཀློག་པ་པོ་ཡོངས་ལ་འཚམས་འདྲི་ཞུ། ཡིག་སྒྱུར་བས་གོ་ནོར་ཐེབས་པའི་དྲི་བ་ཞིག་དྲིས་འདུག བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་པ་ཟེར་བ་དེ་དེབ་ཀྱི་ཁ་བྱང་མ་རེད། ཉིན་དེའི་གཏམ་བཤད་ཀྱི་བརྗོད་གཞིའི་ཁ་བྱང་རེད།
    གཞན་གསལ་བཤད་མང་པོ་མི་དགོས་པ་བྱེད།

  12. རྫ ་ཚེ་རིང་བཀྲ་ཤིས། says:
    2012-12-11 at 9:17 am

    ཚང་མ་ལ་འཚམས་འདྲི་ཞུ། གསལ་བཤད་གཉིས།
    གཅིག དེབ་ཀྱི་རྒྱབ་ཀྱི་མདུན་ཤོག་ལ་ངའི་དཔར་ཡོད་པ་མ་རེད། འདི་གཏམ་བཤད་ཀྱི་རྒྱབ་ལྗོངས་ཀྱི་བཀོད་པ་རེད།
    གཉིས་པ། བཀྲ་ཤིས་ཀྱིས་བཀྲ་ཤིས་བཤད་པ་ཉིན་དེའི་གཏམ་བཤད་ཀྱི་བརྗོད་གཞི་ཡིན་པ་ལས་དེབ་མིང་མ་རེད། དེ་ཙམ་ཡིན་ལགས།

  13. ཀླུ་སྨྱོན། says:
    2012-12-11 at 10:02 am

    རྟེན་འབྲེལ་གྲངས་མེད་ཞུ། ངའི་ཤིང་གི་མི་ལྷ་སར་གནས་སྐོར་དུ་ཕྱིན་པའི་སྒྲུང་ཡང་ཉིན་ཞིག་དེབ་ཏུ་དཔར་ཐུབ་པའི་རེ་བ་ལྕི།

  14. གསེར་འབྲུག་སྡེར་ལྔ་ says:
    2012-12-11 at 4:39 pm

    རྫ་ཚེ་ལགས་ཀྱིས་བྱིས་སྒྲུང་བརྩམས་གནང་བར་དགའ་བསུ་དང་འབྲེལ། བྱིས་སྒྲུང་དེ་བྱིས་པའི་སེམས་ཁམས་དང་མཐུན་པ་ཞིག་བྲིས་ཡོད་པའི་རེ་བ་ཡོད། རྒྱུ་མཚན་བཙན་བྱོལ་སློབ་གྲྭ་ཁག་གི་བྱིས་པའི་བསླབ་གཞིའི་སློབ་དེབ་ཕལ་ཆེ་བ་བྱིས་པའི་སེམས་ཁམས་དང་རྒལ་བའི་དགེ་སྡིག་དང་རྒྱུ་འབྲས་ཀྱི་རྣམ་གཞག་སོགས་མང་པོ་ཞིག་བྲིས་ཡོད་པ་རེད། དེ་ལྟར་མིན་པར་ཤོག།

    དེ་ནས་ཅུང་མིང་གྲགས་ཡོད་པའི་སྤྱི་ཟུར་བེ་རི་འཇིགས་མེད་ཀྱིས་རྫ་ཚེ་ལགས་ཀྱིས་ཁ་བརྡའི་དྲ་རྒྱ་འདིར་ངོ་སྤྲོད་གནང་བར་བཀྲ་མ་ཤིས་པའི་དྲ་རྒྱར་ངོ་སྤྲོད་བྱས་རབས་བཤད་པ་ནི་འོས་མཚམས་མིན་པའི་རྫིག་གཏམ་ཞིག་མ་རེད་པས། འོ་ན་བཀྲ་ཤིས་པའི་དྲ་རྒྱ་ཞིག་གང་ན་ཡོད་པ་རེད། ཕལ་ཆེར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་དང་འཕུར་མཆོངས་ལྟ་བུའི་འགྱུར་ལྡོག། ཡར་རྒྱས་རྐྱང་རྐྱང་འོག་དགའ་སྐྱིད་དང་བདེ་སྐྱིད་ཁོ་ན་གླེང་སྟེགས་ཀྲུང་གོའི་དྲ་རྒྱ་ཁོ་ན་མ་གཏོག་ཡོད་རྒྱུ་མ་རེད།

  15. ངོ་ལུག says:
    2012-12-11 at 7:53 pm

    ཀླུ་སྨྱོན་གྱི་ཤིང་གི་མི་ལྷ་སར་ཕྱིན་ཚུལ་དེ་དཔེ་ཡག་པོ་འདུག ང་རང་བྱིས་པའི་སྐབས་སུ་དེ་ཉིད་ཀློག་སྐལ་མ་བྱུང་བར་ཅུང་ཟད་སེམས་ཕང་སྐྱེས། གང་ལགས་ཟེར་ན་ཆུང་དུས་ཤིང་ཏོག་སྣ་ཚོགས་ཟ་རྒྱུ་མེད་པས་སྒྲུང་དེ་ཉན་པ་བརྒྱུད་འཆར་ཡན་གྱི་བསམ་མནོ་མང་པོ་གཏོང་རྒྱུ་ཡོད་ས་རེད། རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱི་དེབ་གསར་ལ་བཀྲ་ཤིས་བདེ་ལེགས། ཁ་བཤད་སྟོང་ལས་ལག་ལེན་གཅིག་དགའ།

  16. ཡིག་བསྒྱུར་བ། says:
    2012-12-12 at 1:35 am

    དང་པོ།
    གཏམ་བཤད་ཀྱི་ཁ་བྱང་དང་དེབ་ཀྱི་ཁ་བྱང་གཉིས་ཀྱི་ཐད་ལ་ང་གོ་ནོར་ཐེབས་འདུག དེ་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཞོར་ནས་ངའི་དོགས་འདྲི་ལ་ལན་ཡོད་ན་དགའ་བ་སྒོམ། མེད་ན་བཏང་སྙོམས་སུ་འཇོག

    གཉིས།
    ཁ་སྣོན་དུ་ཞུ་རྒྱུར། ང་ཚོས་བྱིས་སྒྲུང་འབྲི་བ་དང་མཉམ་དུ་བྱིས་སྒྲུང་འབྲི་སྟངས་ཀྱི་རིག་ལམ་ལ་སློབ་སྦྱོང་བྱེད་དགོས་བ་མ་ཟད་སྐད་ཡིག་གཞན་པའི་ནང་དུ་བྲིས་བའི་བྱིས་སྒྲུང་གང་མང་ཀློག་རྒྱུ་ཡང་གལ་ཆེ། དེང་གི་སྐབས་སུ་བོད་རིགས་བྱིས་སྒྲུང་འབྲི་མཁན་ཚོའི་དཀའ་ངལ་གཅིག་ནི། བྱིས་སྒྲུང་སྐོར་ལ་ཤེས་ཡོན་གྱི་སྦྱོང་བརྡར་མེད་པ་དང་ཆེད་ལས་མེད་པ་འདི་རེད། འདིའི་དཔེ་མཚོན་གསོན་པོ་ཞིག་ནི། ཤེས་རིག་ལས་ཁུངས་ཀྱིས་བཏོན་པའི་བྱིས་སྒྲུང་གི་དེབ་དེ་ཚོ་རེད།

  17. ཏི་སི། says:
    2012-12-12 at 2:44 am

    རྫ་ཚེ་བཀྲ་ལགས། ཡུན་རིང་མ་མཇལ་བར་ད་ལན་རྩོམ་དེབ་བསྐྲུན་པ་ལ་བཀྲིས་བདེ་ལེགས། ཁྱེད་ཀྱི་མགྱོགས་ཕྲིན་ཁ་བྱང་དེ་གནང་རོག་།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-12-12 at 4:04 am

    གནས་བརྟན་རྫ་བཀྲ་ཤིས་ཚེ་རིང་མཆོག་གིས་བོད་ཀྱི་བྱིས་པ་གཞོན་ནུ་རྣམས་ལ་སྨན་པའི་ཕྱིར་དུ། ༼བུ་བཀྲ་ཤིས་ལྷ་ཡུལ་དུ་ཕྱིན་པ་༽ཞེས་པ་ལེགས་གྲུབ་དང་། ད་དུང་། ད་ལྟ་དང་མ་འོངས་པ་ལ་དམིགས་ཏེ། བུ་བཀྲ་ཤིས་བོད་དུ་འགྲོ་བ། ཞེས་པ་དང་། བུ་བཀྲ་ཤིས་བོད་ཡུལ་ཡོངས་ཁྱབ་འགྱུར། ཞེས་སོགས་བོད་ཀྱི་རིག་གཞུང་དང་བཀའ་བསྟན་གསུང་འབུམ་གྱི་ཡི་གེའི་དག་ཆའི་ཉི་ཟེར་བོད་ཕྲུག་གཞོན་ནུ་ཡོངས་ཀྱི་བློ་གྲོས་ཀྱི་པད་ཚལ་སྐྱེད་པའི་གྲོགས་སུ་འགྱུར་བར་བཀྲ་ཤིས་བདེ་ལེགས་ཞུའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme