Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་འབྱོར་རྩོམ་ཡིག་གི་ཆུན་པོ། ༼སྙན་རྩོམ་ ༡༦ ཡོད༽

Posted on 2012-12-102012-12-10 By ཁ་བརྡ་ 3 Comments on བོད་འབྱོར་རྩོམ་ཡིག་གི་ཆུན་པོ། ༼སྙན་རྩོམ་ ༡༦ ཡོད༽

མཁོ་འདོན་པཿ བསོད་ནམས།

༡

མེ་ནང་གི་བོད།

གངས་དགའ།
རྒྱ་ཡི་སྙིང་ལ་ཟུག་པའི་མེ་ལྕེ་དེ།།
གངས་རིའི་ཨ་མ་ཞིག་གི་མིག་ཆུ་ཡིན།།
མེ་མདའི་ཁ་ན་འབར་བའི་མེ་ལྕེ་དེ།།
ཕུ་ནུ་མིང་སྲིང་ཞིག་གི་ན་ཟུག་ཡིན།།
གཟན་ཤམ་ལྷབ་ལྷབ་འབར་བའི་མེ་ལྕེ་དེ།།
ཞི་བདེའི་ལྷ་བྱར་དུངས་པའི་བརྕེ་བ་ཡིན།།
ཕྱུག་རྫི་རི་ནས་འབར་བའི་སྙིང་སྟོབས་དེ།།
སྔོན་བྱོན་བཙན་པོ་ཞིག་གི་ཞབས་རྗེས་ཡིན།།
ཁ་སང་སྲང་ན་འབར་བའི་མེ་ལྕེ་དེ།།
ཨ་ཇོ་དྲན་པའི་གདུང་བ་ཟབ་མོ་ཡིན།།
ད་ནངས་གྲོང་ན་འབར་བའི་མེ་ལྕེ་དེ།།
ལོ་ཟླ་ནག་པོ་ཞིག་གི་གཏམ་རྒྱུད་ཡིན།།
གཞིས་ཁྱིམ་དྲོན་མོ་འབར་བའི་མེ་ལྕེ་དེ།།
གོ་ལ་ཟླུམ་པོ་དཀྲོག་པའི་དུང་བརྡ་ཡིན།།
གསོན་པོ་མེ་ལ་བསྒྲོན་པའི་མེ་ལྕེ་དེ།།
བདེན་པ་རྒྱང་ལ་བསྐུར་བའི་ཕོ་ཉ་ཡིན།།
བུ་ཆུང་ཨ་མ་བོར་བའི་མེ་ལྕེ་དེ།།
ཚ་བོ་ཚ་མོ་བཞག་པའི་དྲན་ཤིང་ཡིན།།
སློབ་གྲྭའི་གྲུ་ན་འབར་བའི་མེ་ལྕེ་དེ།།
ཀ་ཁའི་ལས་དབང་གླེང་བའི་སྟེགས་བུ་ཡིན།།
ཆོལ་གསུམ་བོད་པ་འབར་བའི་མེ་ལྕེ་དེ།།
མཉམ་སྦྲེལ་རྒྱལ་ཚོགས་རྩོད་པའི་དྲང་བདེན་ཡིན།།
སྐྱ་སེར་རྒན་གཞོན་མེད་པའི་མེ་ལྕེ་དེ།།
སྒང་བ་བོད་པ་ཚང་གི་མདུན་ལམ་ཡིན།།
མིག་ཆུ་སེམས་ལ་ལྷུང་བཞིན་མེ་དེ་དྲན།།
མྱ་ངན་མགོ་བོ་སྒུར་བཞིན་ཕ་ཡུལ་དྲན།།
དྲན་གདུང་ལྕི་མོ་འཁུར་བའི་ལོ་ཟླ་འདི།།
ཁ་བ་བོད་པ་ཚང་ནས་སངས་གྱུར་ཅིག།
༄༅།།གཉེན་དང་ཆུང་མ་བུ་ཕྲུག་གང་ལ་མ་ཆགས་བྱང་ཆུབ་སེམས་བསྐྱེད་ནས།།  
རྐང་གཉིས་ས་ཡ་དྲུག་གི་དོན་དུ་གཅེས་པའི་སྐུ་ལུས་མཆོད་མེར་སྒྲོན།།    
གསོལ་འདེབས་ཚིག་གིས་བློ་རྨོངས་སྐྱེས་པོ་ཀུན་གྱི་ཡིད་སེམས་མགུ་བྱེད་པའི།།  
ཕ་ཡུལ་ཀླུ་ཆབ་སྔོན་མོའི་འགྲམ་གྱི་དཔའ་བོ་གསུམ་པ་རྒྱལ་གྱུར་ཅིག།      
ཞི་བདེའི་དེད་དཔོན་ཆེན་པོ།།
༢
ལྷ་གཅིག་གངས་ཅན་མགོན་པོ།།
ཞི་བདེའི་དེད་དཔོན་གཙུག་ཏུ།།
བསྐལ་བརྒྱར་བཞུགས་གསོལ་འདེབས་སོ།།
སིལ་སིལ་ཅན་ནས།
༣
བསམ་པ་གནག་ཅིང་སྦྱོར་བ་རྩུབ་པ་ཡིས།།
ས་བླའི་ལྗོངས་འདི་དམིགས་མེད་བླག་འདོད་ཀྱང་།།
གང་གི་དྲིན་གྱིས་ཡངས་པའི་འཛམ་གླིང་འདིར།།
གངས་རིའི་མཚན་སྙན་སྤེལ་མཛད་མགོན་ལ་འདུད།།
མནར་གཅོད་ཀྱི་མི་བུ་ནས།
༤
འཁྱག་རོམ་གྱི་གངས་ཁྲོད་ན།།
བདེན་ལུགས་ཀྱི་མེ་ལྕེ་འབར།།
ངུ་ངག་གི་དབྱངས་རྟ་ཞིག།
དགུ་ཚིགས་ཀྱི་ཀློང་ལས་ཤོར།།
ཉམ་ཆུང་གི་བོད་པ་ཚོའི།།                    
སྡུག་ཡུས་ཀྱི་སྨྲེ་ངག་ལ།།
མཁྱེན་ལྡན་གྱི་དཔྱོད་ཤེས་ཚོས།།
སྤྱན་གཟིགས་ཀྱི་མ་གཏོང་རོགས།།  
སྤྲེལ་རྒན་སེམས་དཔའ་ནས།
༥
བློ་བཟང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།།
གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན།
འཇིགས་མེད་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་སྡེ།།
བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས།།
གནས་སྐབས་མཐར་ཐུག་བསམ་དོན་ལྷུན་འགྲུབ་ཤོག
གངས་བུ་ཁེར་སྐྱེས་ནས།
༦
འཚེ་མེད་ཞི་བའི་ལྟ་བ་གཞི་བཟུང་བས།།
གཞན་ཕན་ལྷག་བསམ་དཀར་བའི་མ་ནུའི་བུ།།
བོད་མི་ས་ཡ་དྲུག་གི་བདེ་དོན་དུ།།
ཚེ་སྲོག་མེ་རུ་སྒྲོན་པ་ཕྱག་གི་ཡུལ།།
བོད་ནང་གི་བཙན་འོག་གི་རྣམ་ཤེས་ནས།
༧
ཕྱི་རྒོལ་བསྟན་དགྲ་ཞི་བས་ཚར་གཅོད་ཞིང་།།
སྐལ་ལྡན་ཚོགས་རྣམས་ཐར་བས་ལམ་སྟོན་པ།།
འཇིག་རྟེན་དབང་ཕྱུག་དང་མཚུངས་རྗེ་བླ་མ།།
སྣོད་བཅུད་འཇིག་རྟེན་འགྲོ་བའི་གཙུག་ན་མཛེས།།
འདོད་ཆུང་ཆོག་ཤེས་བསམ་པའི་འདུ་ཤེས་མེད།།
སྲིད་འབྱོར་དབང་ན་སྨྱོས་པའི་རྒྱ་དཔོན་རྣམས།།
བློ་རིག་ལྡན་པའི་བློ་བཟང་སེང་གེ་ལ།།
དབུ་ཁྲིད་མཚོན་པའི་ནུས་པ་ག་ལ་ཡོད།།
གངས་རིའི་མིག་ཆུ་ཡིས།
༨
རྒྱ་ཡི་སྙིང་ལ་ཟུག་པའི་མེ་ལྕེ་དེ།།
གངས་རིའི་ཨ་མ་ཞིག་གི་མིག་ཆུ་ཡིན།།
མེ་མདའི་ཁ་ན་འབར་བའི་མེ་ལྕེ་དེ།།
ཕུ་ནུ་མིང་སྲིང་ཞིག་གི་ན་ཟུག་ཡིན།།
མེ་ནང་གི་བོད་ཀྱིས།
༩
ཨ་ཇོ་ལགས།
སྐར་ཚོགས་འོད་དུ་འཚེར་བའི།།
མུན་པའི་མཚན་མོ་ཞིག་ལ།།
དགུ་ཚིགས་ལམ་དུ་བྱས་ནས།།
ཨ་ཇོ་རྒྱང་དུ་བཞུད་བྱུང་།།
ཨ་ཇོ་རྟ་ཡིས་ཐེག་ཀྱང་།།
བཞེད་དོན་རི་ཡིས་མི་ཐེག།
ཐུགས་ལ་ཁག་པོ་བྱུང་ཚུལ།།
སུ་དང་གང་གིས་མི་ཤེས།།
རྐང་ལམ་མེད་པའི་རི་ཆུ།།
བཙན་གྱིས་བརྒལ་བ་གནང་སོང་།།
ཕེབས་དང་བསུ་མ་མེད་པར།།
གཞན་ལ་མགྲོན་དུ་སླེབས་བྱུང་།།
ཨ་ཇོ་གཞན་དུ་བཞུད་པས།།
གཞིས་བདག་གཞན་གྱིས་བྱས་སོང་།།
སྐྱོ་དང་གདུང་བ་བསྲིངས་ཏེ།།
ལོ་ཟླ་ཁྲག་གིས་ཚེས་བྱུང་།།
དབང་དང་གོ་ས་མི་འདུག།
རིན་ཆེན་གསེར་དངུལ་མི་འདུག།
ཁ་བཏགས་ཨ་ཤེ་བཏེགས་ནས།།
ཇ་ཇོས་བདེན་པ་གླེང་བྱུང་།།
ཞི་བདེའི་གོ་ཆ་བཞེས་ནས།།
བདེན་པའི་ནུས་མཐུ་ཤེར་བྱུང་།།
ཐུགས་ཀྱི་སྤོབས་ལ་བརྟེན་ནས།།
ཞི་བདེའི་རྒྱན་དུ་བཞེས་བྱུང་།།
ས་ཆེན་ཟླུམ་པོའི་མཐའ་རུ།།
ཨ་ཇོའི་སྙན་པ་འཕུར་ཡང་།།
གཞིས་ཆུང་གྲུ་བཞི་མ་གཏོགས།།
ཇོ་ཇོར་ཅི་ཡང་མི་མཁོ།།
སུས་ཀྱང་ཇོ་ཇོ་གླེང་ངེས།།
སུས་ཀྱང་ཇོ་ཇོ་དྲན་ངེས།།
ལོ་ཟླ་མང་དུ་བཞུད་ན།།
ཇོ་ཇོ་ལྷག་ཏུ་དྲན་ངེས།།
ཇོ་ཇོས་ཚང་མ་གླེང་ངེས།།
ཇོ་ཇོས་ཚང་མ་དྲན་ངེས།།
ལོ་ཟླ་མིག་ཆུས་བསྐྱལ་ན།།
ཇོ་ཇོས་ལྷག་ཏུ་དྲན་ངེས།།
བདེན་པའི་འབྲས་བཟང་སྨིན་ངེས།།
ཇོ་ཇོའི་བཞེད་དོན་འགྲུབ་ངེས།།
མིག་ཆུའི་རི་མོ་བསུབས་ནས།།
ཚང་མ་ལྷན་དུ་དགོད་ངེས།།
འབྲོང་སྨྱོན། ཞི་བདེའི་གཟེངས་རྟགས་ཉིན།
༡༠
༄༅།།བཅོས་མིན་ལ་རྒྱའི་གད་རྒྱངས་བཙན་པོས་དམར་ཕྱོགས་རྒྱ་ཡི་སྙིང་རྩ་འདར།།  
གཞན་གྱི་དོན་དུ་རང་ལུས་དོར་བས་འཛམ་གླིང་མི་ཡི་ཕྱག་གི་ཡུལ།།  
མཛེས་སྐུ་དམར་པོའི་མེ་རུ་སྒྲོན་པས་འགྱུར་མེད་གངས་ཕྲུག་རྣལ་མ་གཅིག།  
ལྟེ་ཁྲག་ཀླུ་ཆུའི་འགྲམ་ནས་འཕོས་པའི་དཔའ་བོ་རྟ་མགྲིན་སྐྱབས་ལ་འདུད།།
མེ་ནང་གི་བོད།
༡༡
མདོར་ན་ཐུབ་བསྟན་ཡོངས་རྗོགས་ཤིང་རྟ་ཆེ།  
མ་འདྲེས་ཕྱག་གིས་འདྲེན་ལ་བསྙེངས་པ་བྲལ།  
བསྟན་དང་འགྲོ་བ་ཀུན་གྱི་སྐྱབས་གཅིག་བུ།
བསྟན་འཛིན་རྒྱ་མཚོའི་དབང་པོར་ཞབས་བརྟན་གསོལ།
ཕུན་ཚོགས། བོད་ལྷ་ས།
ཀྱེ་མ་ཀྱེ་ཧུད་
དད་པའི་ཡུལ་དང་རང་མོས་ཆོས།
དྲང་པོའི་གཏམ་དང་རྣམ་དག་ལས།
རང་ཡུལ་བསྡོད་དང་འགྲོ་བསྐྱོད་དབང།  
འདིར་དབང་མེད་པའི་སྤུན་ཟླ་ལོངས། 
ཕུན་་ཚོགས། བོད་ལྷ་ས་ནས།
༡༢
རེ་བའི་འདུན་མ་ཉིན་མཚན་མེད་པ།
གངས་ས་སྐྱབས་མགོན་ཁྱེད་ཉིད་སྒུག
ཁྱེད་ཀྱི་སྐུ་ཚེ་སྐལ་རྒྱལ་འཚོ་ཞིང་།
གངས་རིའི་ལྗོངས་ལ་ཕེབ་པ་མཁྱེན་།།
རེ་སྒུག་གི་ཟླ་བ།
༡༣
ཁ་བའི་ལྗོངས་ན་རྒྱ་ཁྲིམས་ལྕི།།
རིགས་གཅིག་སྤུན་ཟླ་སྡུག་གིས་མནར།།
གོང་ས་སྐྱ་མགོན་ཁྲི་ལོར་ཤོག།
བོད་མི་ད་དུང་འབར་བཞིན་ཡོད།།
་་མེ་ནང་གི་བོད།
༡༤
སྟོད་རྒྱ་གར་ཆོས་ཀྱི་ཞིང་ས་ན།
བོད་མགོ་ནག་མི་ཡི་སྐྱབས་གཅིག་བུ།
མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིས།
སྐུའི་གསེར་ཞལ་མྱུར་ཏུ་མཇལ་བར་སྨོན།
སྔོན་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བས།
བོད་ས་ཡ་དྲུག་གི་བདེ་སྡུག་ཁྱེད།
སྐུ་མེ་རུ་བསྒྲོན་པའི་དཔའ་བོ་ཚོ།
ཁྱེད་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན།
༡༥
སྟོད་རྒྱ་གར་ཆོས་ཀྱི་ཞིང་ས་ན།
བོད་མགོ་ནག་མི་ཡི་སྐྱབས་གཅིག་བུ།
མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཡིས།
སྐུའི་གསེར་ཞལ་མྱུར་ཏུ་མཇལ་བར་སྨོན།
སྔོན་བྱང་ཆུབ་སེམས་དཔའི་ཚུལ་བཟུང་བས།
བོད་ས་ཡ་དྲུག་གི་བདེ་སྡུག་ཁྱེད།
སྐུ་མེ་རུ་བསྒྲོན་པའི་དཔའ་བོ་ཚོ།
ཁྱེད་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན།
་་གངས་བུ་ཁེར་སྐྱེས།
༡༦

ཀུན་དགའ་སྙིང་རྗེ།
སྙན་ངག

Post navigation

Previous Post: འོད་སྣང་ལ་སྨིན་པའི་ཁྱོད། ཁ་བ་སྐམ་པོ།
Next Post: ནོ་ལྦེལ་ཞི་བའི་གཟེངས་རྟགས་ཉིན་མོ།

Comments (3) on “བོད་འབྱོར་རྩོམ་ཡིག་གི་ཆུན་པོ། ༼སྙན་རྩོམ་ ༡༦ ཡོད༽”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-12-10 at 10:05 pm

    སློབ་གྲྭའི་གྲུ་ན་འབར་བའི་མེ་ལྕེ་དེ།།
    ཀ་ཁའི་ལས་དབང་གླེང་བའི་སྟེགས་བུ་ཡིན།།
    ཆོལ་གསུམ་བོད་པ་འབར་བའི་མེ་ལྕེ་དེ།།
    མཉམ་སྦྲེལ་རྒྱལ་ཚོགས་རྩོད་པའི་དྲང་བདེན་ཡིན།། ་་་་་ཟེར།

  2. འདྲེ་ནག་མགོ་དགུ་ says:
    2012-12-11 at 7:30 pm

    ངོ་མ་མིག་ཆུ་ཤོར་སོང་། བདེན་པ་ཉིད་རྣམ་པར་རྒྱལ་ཅིག རྫུན་པ་ཉིད་ནམ་ཡང་ཕམ་གྱུར་ཅིག

  3. རེབ་ཐོག་མདའ says:
    2012-12-12 at 10:28 am

    མཁོ་འདོན་པ་བསོད་ནམས་དང་རྩོམ་པ་པོ་གངས་དགའ་གཉིས་ལ་གསལ་བཤད་ཞིག་ཞུ་འདོད་བྱུང་། གངས་དགའ་ལགས་ཁྱོད་ཀྱི་སྙན་རྩོམ་བཅུ་དྲུག་ནང་གི་ཐོག་མ་དེ་བདག་གི་བྲིས་པའི་(མེ་ལྕེ་ནང་གི་བདག་གི་ཕུ་ནུ་མིང་སྲིང)་ཟེར་བའི་རྩོམ་དེ་ཡིན་པས་ན་ཁྱོད་ཀྱི་ཅིའི་ཕྱིར་བདག་གི་རྩོམ་འདིའི་རྩོམ་པ་པོ་རང་ཉིད་ཡིན་པ་གླབ་ཡོད། བསོན་ནམས་ལགས་ཁྱོད་ཀྱིས་རྩོམ་འདི་དག་མཁོ་བསྒྲུབས་བྱེད་དུས་ཅིའི་ཕྱིར་རྩོམ་པ་པོ་དངོས་རྫུན་ལ་དོ་སྣང་མ་བྱེད་པ་ཡིན། གསལ་བཤད་ཅིག་ཡོད་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (31)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (16)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme