Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོད་སྣང་ལ་སྨིན་པའི་ཁྱོད། ཁ་བ་སྐམ་པོ།

Posted on 2012-12-102012-12-10 By ཁ་བརྡ་ 2 Comments on འོད་སྣང་ལ་སྨིན་པའི་ཁྱོད། ཁ་བ་སྐམ་པོ།
བོད་ལ་བཀའ་དྲིན་བླ་མེད་ཆེ་བའི་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་འཁོར་ཉེར་གསུམ་འཁོར་བའི་རྗེས་དྲན་དུ་བཏེགས།
ཞི་བའི་ཐུགས་ཀྱི་མར་ལོ་རིལ་བོ་འགྲོ་བ་བོད་ཀྱི་ལྗོངས་ལ་བསྔོས་བ་ཡི།།
བྱམས་བརྩེའི་ཡིད་ཀྱི་དུང་བ་རློན་པ་གངས་ཅན་བྷོ་ཊ་གསོན་ཐབས་དེ་ལ་གཞོལ།།
ཇི་ལྟར་མནར་ཞིང་ཇི་ལྟར་ཉམས་ཡང་ཁྱེད་ཀྱི་སྤོབས་པའི་རི་དཔུང་ཡར་ལ་བསྐྱོད།།
འཛམ་གླིང་སྐྱེ་འགྲོའི་མིག་གོང་དེ་ལ་ཁྱེད་ཀྱི་འཛུམ་ཆུང་ཉི་མ་ལམ་མེར་ཤར།།
 
ལྷན་དུ་སྐྱེས་ཤིང་ལྷུན་གྱིས་གྲུབ་པའི་རང་གཤིས་དུང་གི་མདའ་མོ་འོ་མའི་རྐང་།།
འཛུམ་མདངས་གློད་པས་ཞལ་རིས་དྭངས་མོ་སྐབས་རེར་མཐོང་དུས་སྙིང་ཤ་དྲོད་དུ་བགྱིས།།
གློ་དང་མཆིན་པའི་སྒོ་གླགས་དག་ཀྱང་གད་མོ་ཆེས་ཆེར་དགོད་ལ་ངུ་ཡང་སྤྲོ།།
ཀྱེ་མ་ཤ་གསེང་རུས་བའི་མིག་དུ་ཞེ་འདང་སླད་མེད་རྣམ་ཤེས་ཁྱེད་ལ་ཕྱོགས།།

 

མིག་གི་ཀུན་གཞི་ཟར་མའི་མེ་ཏོག་སྒོར་སྒོར་ཁྱེད་ལ་གཏད་ཞིང་ཁྱེད་ལ་གླན།།
སེམས་ཀྱི་ཤེས་བའི་རྒྱུ་བ་གསོན་པོ་དུས་ནས་དུས་སུ་མགོ་བོ་ཁྱེད་ལ་བསྙེས།།
ཕྱག་གི་འཛུབ་བརྡ་དཀྲོལ་བའི་ཟོལ་ཡང་དེང་རབས་མཉམ་འགྲོག་རོལ་མོ་འགྱུར་རྟ་ཅན།།
ཐོས་འཛིན་གསང་བའི་བུ་ག་རེ་རེ་ངང་གིས་སྨིན་ཞིང་དལ་གྱིས་འབུས་བར་བརྩོན།།

བདག་ཡིད་མཚོ་མོ་སྐྱོམ་པས་ཐོབ་ཤོར་ཀུ་མུད་ཞལ་ཁ་གྲོལ་ཞིང་ལན་རེར་སྐམ།།
མཆི་མ་བརྡོལ་ཞིང་གདོད་ནས་བཏེགས་པའི་དར་དཀར་ཨ་ལོང་མ་ཡང་ཁྱེད་ལ་ཕུལ།།
འཛུམ་གྱི་རམ་དཀྲོལ་ཅི་ཡོད་དག་ཀྱང་ཁྱེད་ལ་དགའ་བའི་ཤུགས་ཀྱིས་ལོས་ཀྱང་འབུལ།།
དགའ་སྐྱོའི་རོ་བྲོ་ཅི་ཞིག་ཡོད་པ་ཁྱེད་ལ་གསོང་བོས་ངག་གིས་སྨ་ན་འདོད།།
 

གསོང་བོའི་ངག་དག་གསོང་བོར་སྨ་བའི་སྤོབས་པ་རི་རྒྱུད་ལྷུན་པོའི་སྲོག་རྟ་ཅན།།
གཡོ་དང་སྒྱུ་ལ་སྲོག་དབང་གཏད་པའི་སྒེར་འཛིན་ལྷོག་ལྷོག་གདུ་བའི་ནག་པོ་དགྲར།།
བདེ་མོ་ལམ་ཞིག་བརྩེ་བའི་ཐུགས་ལས་གསལ་བོ་ངག་གི་དབྱངས་ལ་ཤུགས་ཀྱིས་དྲངས།།
ཇི་ལྟར་འཛུམ་གྱིས་ཡང་ཡང་བསུས་བ་དེ་ལ་ལྡོག་པའི་རྐང་བ་ལན་གྲངས་བསྟར།། 

དེ་དག་ལས་ཀྱང་ཕོ་བ་བརྒྱག་ཞིང་རྒྱབ་ཀྱི་སོག་པ་ལེབ་མོ་དྲོས་གྱུར་ན།།
རྒྱང་ནས་འཕྱ་ཞིང་འགྲམ་ནས་སྡང་བའི་མཐའ་འཁོར་ཡང་འཁོར་ཚུལ་གྱི་བོད་རྒན་དག །
ཆུང་ཆུང་རི་འདིའི་གཡས་དང་གཡོན་ན་ནང་རྐུན་ཕྱི་ཡི་ཇག་པ་མཇུག་མ་ཅན།།
ངོ་སྤགས་མཐུག་ཚད་སོར་ལ་གཞལ་བའི་མདོ་མེད་མི་དང་མི་མོ་མྱུག་མྱུག་འདུར།། 

དེ་ལྟ་ན་ཡང་དོན་ལྔ་སྣོད་དྲུག་ཁ་བའི་བམ་ཁ་ལྟར་དུ་དཀར་གཟེངས་སེ།།
ཤེས་ནས་ཡིད་ཆེས་གཏིང་ནས་རྙེད་དེ་བདེན་པ་བདེན་པར་གོ་བའི་ཁྱེད་ཀྱི་ཁོལ།།
མྱེ་ཡི་ངོགས་དང་སྤུ་གྲིའི་ཁ་རླངས་ཆལ་ཆིལ་གཡོ་བའི་ཀློང་ནས་འབོད་སྒྲ་འཕུར།།
བདག་དང་བདག་འདྲའི་རྒྱབ་རི་སྨུག་པོ་ཡོད་ཚད་ཁྱེད་ལ་ཁེན་ཡོད་ཁ་བའི་སྲོག ། 

གསང་བ་གསུམ་གྱི་གཏེར་མཛོད་ཆེན་པོ་ཇི་ལྟར་ཉུལ་ཡང་ཕ་མཐའ་མངོན་པ་མེད།།
བྱིས་བློ་གསར་བའི་རི་དར་རྗིད་པོ་ཙག་དང་རླུང་བུ་ངར་མའི་གཅོག་ན་ཐང་།།
སྙན་འཇེབས་ངག་གི་སྒྲོལ་མ་གསུངས་འབྱོན་ཀློག་མཁན་ཁྲི་མ་འབུམ་ལ་སྐྱེས་སུ་འདེགས།།
སྒྱུ་རྩལ་ལམ་གྱི་ཚིག་རིས་བཙན་པོས་སྡར་མ་མང་པོར་ཁྲིད་དབང་བསྩོལ་བར་ཤོག །
༢༠༡༢/༡༢/༣ལ་བྲིས།
སྙན་ངག

Post navigation

Previous Post: རྣམ་ཐར་བསྡུས་དོན་མཆོད་པའི་རླབས་ཕྲེང་། ཆབ་མདོའི་ངག་ཕུན།
Next Post: བོད་འབྱོར་རྩོམ་ཡིག་གི་ཆུན་པོ། ༼སྙན་རྩོམ་ ༡༦ ཡོད༽

Comments (2) on “འོད་སྣང་ལ་སྨིན་པའི་ཁྱོད། ཁ་བ་སྐམ་པོ།”

  1. མང་ཐོས། says:
    2012-12-11 at 3:28 am

    བཀའ་དྲིན་ཆེ། ཡག་པོ་འདུག

  2. མེ་ཏོག་དཀར་པོ། says:
    2012-12-11 at 3:45 am

    ༧སྐུ་པར་ཡག་པོ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (24)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (13)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme