Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞིས་ཅིན་ཕིན་ལ་རེ་སྐུལ་དོན་ཚན ༡༡ ཅན་གྱི་སྙན་ཞུ་ཞིག་ཕུལ་འདུག

Posted on 2012-12-102012-12-10 By ཤར་ཕྱོགས་ཁུག་རྟ། 8 Comments on ཞིས་ཅིན་ཕིན་ལ་རེ་སྐུལ་དོན་ཚན ༡༡ ཅན་གྱི་སྙན་ཞུ་ཞིག་ཕུལ་འདུག

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོའི་སྟེང་གྲོས་འཆམ་བྱུང་བའི་ཞིས་ཅིན་ཕིན་ལ་རང་སྲེག་སྐོར་ཕུལ་བའི་ཞུ་སྙན་དེ་རིང་ཡོངས་བསྒྲགས་གནང་འདུག

དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོས་ནོ་ཝེ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐོང་གི་ཉིན་མོར་དབུས་སྒྲིག་འཛུགས་ནས་ཉིན་བརྒྱ་དུས་གཅིག་གི་ལས་འགུལ་སྤེལ་རྒྱུར་འབོད་སྐུལ་གནང་བའི་ཉིན་མོ་དང་བསྟུན་ནས། ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོའི་སྟེང་སྤྱི་མོས་གྲོས་འཆམ་བྱུང་བའི་རྒྱ་ནག་གཞུང་གི་དབུ་ཁྲིད་ཞིས་ཅིན་ཕིན་ལགས་ལ་ཕུལ་བའི་སྙན་ཞུ་རེ་སྐུལ་དོན་ཚན ༡༡ དེ་བོད་རྒྱ་ཨིན་གསུམ་ཐོག་ཡོངས་བསྒྲགས་གནང་བ་རེད། དེ་ཡང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་རྣམས་དང་རང་སྲེག་བསྟུད་མར་འབྱུང་སའི་ས་གནས་དཔོན་རིགས་ཁག རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་བཅས་ལ་འབུལ་ལམ་ཞུས་འདུག་པ་དང། དེ་བཞིན་ཐའེ་ཝན་སྲིད་འཛིན་མ་ཡུན་ཅིག་གི་ལས་ཁུངས་གཙོས་ཕྱི་སྡོད་རྒྱ་རིགས་སྤྱི་ཚོགས་ཁྲོད་དང་མང་གཙོ་དོན་གཉེར་བ་དང་རྩོམ་པ་པོ་སོགས། རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་འདྲ་མིན་བཅས་ཁྱོན་གྲངས ༢༠༠ ལྷག་ལ་སྙན་ཞུའི་ངོ་བཤུས་ཀྱང་འབུལ་ལམ་ཞུས་འདུག།།

གསར་འགྱུར།

Post navigation

Previous Post: ཚེས་ ༩ ཉིན་རེབ་གོང་མགོན་ཤུལ་ནས་པཎ་ཆེན་སྐྱིད་ཀྱིས་རང་ལུས་མེར་བསྲེགས་སྐོར་གྱི་གནས་ཚུལ།
Next Post: ཞི་བདེ་ལ་བསྐུར་བའི་སེམས་འཕྲིན། བྲོ་འཚལ།

Comments (8) on “ཞིས་ཅིན་ཕིན་ལ་རེ་སྐུལ་དོན་ཚན ༡༡ ཅན་གྱི་སྙན་ཞུ་ཞིག་ཕུལ་འདུག”

  1. འཇམ་གཅེས says:
    2012-12-10 at 4:09 am

    ཡག་པོ་བྱུང་འདུག །ད་དུང་མི་མཐུད་ཤུགས་རྒྱོབ་ཤིག །འདི་ནས་འཇུག་བསྡུར་མི་རུང་། ཁ་བཤད་དོན་དུ་གནས་པར་ཡིད་རངས་ཞུ། ལས་འགུལ་ལག་དུ་བླངས་བའི་ཡོད་ཚད་ཁ་འཁྱེར་བ་དག་ལ་ཁའི་ནང་དུ་སྐྱག་པ་བཅུག་འདུག་་་་་་་་་་

  2. མངའ་རིས་ཕྲིན་ལས། says:
    2012-12-10 at 7:32 am

    ཕྱི་ཟླ་དང་པོའི་ནང་བཀའ་སྤྱི་ཐུན་མོང་གིས་ལྡི་ལིར་ལས་འགུལ་སྤེལ་རྒྱུ་ཡིན།
    དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་གཞུང་དམངས་ཐུན་མོང་ཐོག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་བསྟུན། ༸གོང་ས་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་ཐོབ་སྟེ་མི་ལོ་ ༢༣ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད།མཛད་སྒོའི་ཐོག་མར་བོད་ཀྱི་ཟློས་གར་ཚོཊ་པས་རྔ་རོལ་དང་བཅས་བོད་མིའི་སྒྲིག་འཛུཊ་སྲིད་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུཊ་དང་། ཟློས་གར་ཚོཊ་པས་ནོ་བྷེལ་ཞི་བདེའི་གཟེངས་རྟཊ་ཀྱི་བསྟོད་གླུ་ཁག་བླངས་རྗེས། ཚོཊ་ཞུཊ་པ་རྣམས་སྐུ་བཞེངས་ཐོག་བོད་ནང་རང་བསྲེཊ་གཏོང་མཁན་རྒྱལ་གཅེས་པ་ཚོར་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས།
    དེའི་རྗེས་འཕཊ་བོད་མཛའ་འབྲེལ་ཚོཊ་པའི་གོ་སྒྲིག་འོག་ས་གནས་རྒྱ་གར་ཆོས་ཚོཊ་ཤིག་གིས། ཧིན་རྡུ་ཆོས་ལུཊ་ཀྱི་ལམ་ནས་བོད་ནང་རང་བསྲེཊ་གཏོང་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་བཅས་གནང་རྗེས། སྲིད་ཚབ་མཆོག་གིས་སྲིད་སྐྱོང་མཆོག་གི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་། “ད་ལོར་ང་ཚོས་ཞུ་གཏུཊ་ལས་འགུལ་སྤེལ་བ་རྣམས་གཞི་རྟེན་དུ་བཟུང་སྟེ། ༢༠༡༣ ལོ་དེ་བོད་ལ་གདུང་སེམས་མཉམ་སྐྱེད་ལོར་སྲུང་གཙི་ཞུ་རྒྱུ་ཡིན། ༢༠༡༣ ལོི་ཟླ་ ༡ ཚེས་ ༣༠ ནས་ཟླ་ ༢ ཚེས་ ༢ ཉིན་བར་ཉིན་བཞིའི་རིང་རྒྱལ་ས་ལྡི་ལིར། བཀའ་སྤྱི་ཐུན་མོང་གི་སྣེ་ཁྲིད་འོག་མང་ཚོཊ་འདུ་འཛོམས་དང་གཏམ་བཤད་སོཊ་གདུང་སེམས་མཉམ་སྐྱེད་ལས་འགུལ་སྤེལ་རྒྱུ་ཡིན། དེ་བཞིན། གཞིས་ལུས་བོད་མི་ཚོར་ང་ཚོས་རྟག་ཏུ་ཁྱེད་ཚོའི་རྒྱབ་ཏུ་ཡོད། ང་ཚོས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོའི་ལྟ་གྲུབ་ལམ་སྟོན་ལ་བརྟེན་ནས ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་བྱ་རྒྱུ་དང་བོད་མིའི་རང་དབང་བསྐྱར་གསོ་བྱ་རྒྱའི་དམིཊ་ཡུལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན། ”ཅེས་འཁོད།

  3. མངའ་རིས་ཕྲིན་ལས། says:
    2012-12-10 at 7:38 am

    འཇམ་གཅེས་ལགས་ཁྱེད་རང་གི་སྐྱག་པ་ཞེས་པའི་མིང་དེའི་དག་ཆ་ཡག་པོ་ཤེས་འདུག དེ་མིན་ཡིག་ཕྲེང་གསུམ་ནང་ནོར་བ་ག་ཚོད་འདུག་གཟིགས་དང་། དང་པོ་ཁྱོད་རང་བོད་ཀྱི་སྐད་ཡིག་དེ་ཡག་པོ་ཤེས་པར་བྱོས་ལ་དེ་ནས་ཁྱོད་ཀྱི་རང་གཤེས་ལ་ལྷུན་གྲུབ་ཏུ་ཡོད་པ་མི་གཞན་ལ་ཁྱད་སོད་སྨ་འབེབས་སོགས་ཚིག་ངན་དེ་དག་བྲིས་པ་ཡིན་ན་གོ་བརྡ་འཕྲོད་ངེས་རེད།

  4. ཤར་ཕྱོགས་ཁུག་རྟ། says:
    2012-12-10 at 10:46 am

    སི་ཁྲོན་སྤྱི་བདེས་བོད་མི་རང་སྲེག་ལ་ངན་སྐུལ་བྱེད་མཁན་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས་པ།

    སྤེལ་དུས། 2012-12-10   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།

    ཤིན་ཧྭ་གསར་འགྱུར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཉེ་ལམ་སི་ཁྲོན་ཉེན་རྟོག་པས་ཏཱ་ལའི་རུ་ཚོགས་ཀྱིས་ངན་ཇུས་དང་བཙན་སྐུལ་བཀོལ་ནས་བོད་མི་རང་སྲེག་བྱེད་པའི་དོན་རྐྱེན་སློང་མཁན་གཙོ་བོ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས་ཤིང་། བློ་བཟང་དཀོན་མཆོག་གིས་ཉེས་དམིགས་ངེས་ལེན་དང་འཚོལ་བཤེར་ར་སྤྲོད་བྱས་པ་ལས། ༢༠༠༩ལོའི་ཚུན་ལ། ཏཱ་ལའི་རུ་ཚོགས་ཀྱི་བཀའ་དང་ལེན་བྱས་རྗེས། སྔ་གཞུག་ཏུ་བོད་མི་༨ལ་ངན་སྐུལ་བྱས་ནས་དོན་མེད་དུ་རང་སྲེག་བྱེད་དུ་བཅུག་པ་དང་། དེའི་ནང་ནས་མི་གསུམ་ཚེ་ལས་འདས།
    ད་ལོའི་ཟླ༨པར་སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ནས་རང་སྲེག་དོན་རྐྱེན་དུ་མ་བྱུང་ཞིང་། དེར་སི་ཁྲོན་སྤྱི་བདེ་ཐིང་གིས་འཕྲལ་མར་ཉེན་རྟོག་པ་འགའ་འདེམས་ནས་མྱུལ་ཞིབ་བྱེད་དུ་བཅུག། ཟླ༨པའི་ཚེས༡༣ཉིན་ནས་ཚེས༡༥ཉིན་གཉིས་ལ་སྔ་གཞུག་ཏུ་ཉེས་ཅན་གཙོ་བོ་བློ་བཟང་དཀོན་མཆོག་དང་། བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས། བློ་བཟང་དཀོན་མཆོག་ནི་ད་ལོ་ལོ་༤༠ཡིན་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ཀརྟི་དགོན་གྱི་གྲྭ་བ་ཡིན། བློ་བཟང་ཚེ་རིང་ནི་ད་ལོ་ལོ་༣༡ཡིན། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་འབྲོག་པ་ཡིན།
    དོན་དངོས་རྩད་ཞིབ་བྱས་པ་ལས། ༢༠༠༩ལོའི་ཟླ༢པར་རྔ་བ་རྫོང་ཀརྟི་དགོན་གྱི་གྲྭ་བ་བཀྲ་བྷེ་རང་སྲེག་བྱས་རྗེས། བློ་བཟང་དཀོན་མཆོག་གིས་ཏཱ་ལའི་རུ་ཚོགས་ཀྱི་བོད་རང་བཙན་ཚོགས་པའི་གསར་འགྱུར་འབྲེལ་གཏུག་ཚོགས་ཆུང་གི་ཚོགས་མི་བསམ་གཏན་ལ་སོགས་ཀྱི་བཀའ་དང་ལེན་བྱས་ཏེ། རང་སྲེག་བྱེད་མཁན་དག་གི་གནས་ཚུལ་བསྡུ་ལེན་གྱིས་ཕྱི་རུ་བསྐུར་བ་རེད། དེ་མི་ཚད་རང་སྲེག་ནི་ཆོས་ལུགས་དང་རྒྱབ་འགལ་དུ་མི་འགྲོ་བར་དཔའ་བོའི་དན་རྟགས་ཡིན་པ་སོགས་ཀྱི་འཆལ་གཏམ་བསྒྲགས་ཏེ། རྒྱལ་ཕྱི་ནས་རང་སྲེག་བྱེད་མཁན་དྲིལ་སྒྲོག་ཆེན་པོ་བྱེད་པ་དང་། དེ་ལ་ཡིད་སྨོན་དང་བཅས་རང་སྲེག་མཁན་གྱི་ཁྱིམ་མིའི་སྙན་གྲགས་ཇེ་ཆེར་གཏོང་རྒྱུ་སོགས་བོད་མིར་མགོ་གཡོག་མགོ་སྐོར་གྱིས་རང་སྲེག་ལ་སྐུལ་མ་བྱས་པ་རེད།

    http://tb.tibet.cn/2010news/xzxw/zzzj/201212/t20121210_1802730.html

  5. ཤར་ཕྱོགས་ཁུག་རྟ། says:
    2012-12-10 at 10:53 am

    སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་ངན་སྐུལ་དང་བཙན་སྐུལ་སྒོས་རང་སྲེག་བྱེད་པའི་མི་གསོད་གྱོ ད་གཞི་རབས་དང་རིམ་པ་རྩད་ཆོད་པ།

    བདེན་དཔང་ལས་ཏཱ་ལའི་ཚོགས་པས་རྩ་འཛུགས་དང་བཀོད་འདོམས། ཇུས་འགོད་བཅས་བྱས་པ་ར་སྤྲོད་གང་ལེགས་བྱས།

    ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། 2012-12-10 17:22

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་ཏཱ་ལའི་ཚོགས་པས་རྩ་འཛུགས་དང་ཇུས་འགོད་བྱས་པའི་ངན་སྐུལ་དང་བཙན་སྐུལ་སྒོས་རང་སྲེག་བྱེད་པའི་མི་གསོད་གྱོ ད་གཞི་རབས་དང་རིམ་པ་རྩད་ཆོད་བྱུང་སྟེ། བློ་བཟང་དཀོན་མཆོག་སོགས་དོགས་ཡོད་ཉེས་ཅན་གཙོ་བོ2འཛིན་བཟུང་བྱས། བློ་བཟང་དཀོན་མཆོག་གིས་ངོས་ལེན་བྱས་པ་དང་རྩད་ཆོད་པ་ལྟར་ན། 2009ལོའི་ཚུན་དུ། ཁོས་ཏཱ་ལའི་ཚོགས་པའི་བཀའ་བཀོད་དང་དུ་བླངས་ནས། སྔ་གཞུག་ཏུ་ཉེས་མེད་མི8ལ་ངན་སྐུལ་དང་བཙན་སྐུལ་བྱས་ནས་རང་སྲེག་བྱེད་དུ་བཅུག་ཅིང་། དེའི་ནང་མི3ཤི་སོང་།

    ད་ལོའི་ཟླ8པར། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་དུ་རང་སྲེག་བྱེད་པའི་གྱོ ད་གཞི་མང་པོ་བྱུང་། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་འཕྲལ་དུ་ཉེན་རྟོག་པ་སྐོང་འཐེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྱོ ད་གཞི་རྩད་གཅོད་བྱས། མྱུལ་ཞིབ་བྱས་པ་བརྒྱུད་ཟླ8པའི་ཚེས13ཉིན་དང་ཚེས15ཉིན། སྔ་གཞུག་ཏུ་དོགས་ཡོད་ཉེས་ཅན་གཙོ་བོ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་འཛིན་བཟུང་བྱས། བློ་བཟང་དཀོན་མཆོག ཕོ།ལོ40ཡིན་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་ཀིརྟི་དགོན་པའི་གྲྭ་བ་ཡིན། བློ་བཟང་ཚེ་རིང་།ཕོ།ལོ31ཡིན་པ་དང་། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་གི་འབྲོག་པ་ཡིན། ཞིབ་བཤེར་བྱས་པ་བརྒྱུད། 2009ལོའི་ཟླ2པར་རྔ་བ་རྫོང་ཀིརྟི་དགོན་པའི་གྲྭ་བ་བཀྲ་བྷེ་ཡིས་རང་སྲེག་བྱས་རྗེས། བློ་བཟང་དཀོན་མཆོག་གིས་མངའ་ཁོངས་ཕྱིའི་ཏཱ་ལའེ་ཚོགས་པའི“བོད་རང་བཙན”རྩ་འཛུགས་གྱི“གསར་འགྱུར་འབྲེལ་གཏུག་ཚན་ཆུང”གི་རྐང་འཛིན་པ་རྡོ་ཨན་དང་བསམ་གཏན་སོགས་ཀྱི་བཀའ་བཀོད་དང་དུ་བླངས་ནས། རང་སྲེག་བྱས་བའི་མི་སྣའི་ཆ་འཕྲིན་འཚོལ་སྡུད་བྱས་ཏེ་མངའ་ཁོངས་ཕྱིར་བརྒྱུད་སྤེལ་བྱས། ཤུགས་རྐྱེན་སྔར་ལས་ཇེ་ཆེར་གཏོང་ཆེད། བློ་བཟང་དཀོན་མཆོག་གིས་མངའ་ཁོངས་ཕྱིའི“གསར་འགྱུར་འབྲེལ་གཏུག་ཚན་ཆུང”གི་བླང་བྱ་ལྟར། ཐེངས་མང་པོར་དགོན་པ་དེའི་གྲྭ་བཙུན་ཡིན་པའི་ཤུགས་རྐྱེན་ལ་བརྟེན་ནས། རྒྱུན་དུ“རང་སྲེག་བྱེད་པ་དེ་ཆོས་ལུགས་ཀྱི་དགོངས་དོན་དང་འགལ་མེད་པ”དང“རང་སྲེག་ད་མཁན་ནི་དཔའ་བོ་ཡིན་པ”སོགས་གཏམ་བརྗོད་བཀྲམ་པར་མ་ཟད། རང་ཉིད་ལ་འབྲེལ་བ་བརྒྱུད་ས་ཡོད་པས། རང་སྲེག་བྱེད་མཁན་ཚོ་མངའ་ཁོངས་ཕྱི་ནས་དྲིལ་བསྒྲགས་བྱེད་ཐུབ་པ་དང་། སྤྱི་དམངས་ཀྱི་སྨོན་བཀུར་ཐོབ་པ། རང་སྲེག་མཁན་དང་དེའི་ཁྱིམ་མིའི་སྙན་གྲགས་རྒྱས་ཐུབ་པ་སོགས་བཤད་པར་མ་ཟད། ཁོའི་ཚ་བོ་བློ་བཟང་ཚེ་རིང་གྲོགས་སུ་བཀུག་ནས་གཞན་ལ་ངན་སྐུལ་དང་བཙན་སྐུལ་བྱས་ནས་རང་སྲེག་བྱེད་དུ་བཅུག་པ་རེད། རང་སྲེག་བྱེད་པའི་དོན་རྐྱེན་མ་བྱུང་གོང་། བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ཀྱིས་རང་སྲེག་བྱེད་མཁན་དང་དེའི་ཁྱིམ་ཚང་གི་གནས་ཚུལ་ཟིན་ཐོར་བཀོད་པ་དང་པར་བླངས་པར་མ་ཟད། རང་སྲེག་བྱེད་བྱས་ན“ཁྱོད་རང་རང་སྲེག་བྱས་ཚེ། ཁྱོད་ཀྱི་གནས་ཚུལ་དེ་ཧིན་རྡུར་བསྐུར་ངེས”ཞེས་ཁས་ལེན་བྱས་པ་རེད། དོན་རྐྱེན་བྱུང་རྗེས་དེ་མ་ཉིད་དུ་ལག་ཁྱེར་ཁ་པར་སོགས་ཡོ་ཆས་ལ་བརྟེན་ནས། རང་སྲེག་གཏོང་མཁན་གྱི་འདྲ་པར་དང་ཡུལ་དངོས་ཀྱི་གནས་ཚུལ། དེ་མིན་ཁྱིམ་ཚང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་དེ་མངའ་ཁོངས་ཕྱིའི“བོད་རང་བཙན”རྩ་འཛུགས་ལ་འདོན་སྤྲོད་བྱས། དེར་བརྟེན། མང་ཚོགས་ཁ་ཤས་ཤིག་ལ་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གིས་ངན་སྐུལ་བྱས་འོག “རང་སྲེག་བྱེད་པའི”དྲན་ཚུལ་སྐྱེས་མོད། ཁྱིམ་མི་དང་གནས་དེའི་ལས་བྱེད་པ། མི་དམངས་ཉེན་རྟོག་པ་བཅས་ཀྱིས་དུས་ཐོག་ཏུ་བཀག་སྡོམ་དང་བསླབ་བྱ་བཏང་བ་བརྒྱུད། རང་སྲོག་ཤོར་མ་དགོས་པ་རེད། ད་དུང་མང་ཚོགས་གཉིས་བློ་བཟང་དཀོན་མཆོག་གི་བཙན་སྐུལ་བྱས་འོག རྔ་བ་རྫོང་ནས་ས་གཞན་ལ་མི་འབྲོ་ཐབས་མེད་བྱུང་། བློ་བཟང་དཀོན་མཆོག་གིས་ཐེངས་མང་པོར་མི་དེ་གཉིས་གར་སོང་རྩད་བཅད་པར་མ་ཟད། དེ་གཉིས་མགྱོ གས་མྱུར་གྱིས་རང་སྲེག་གཏོང་དགོས་པར་བཙན་སྐུལ་བྱས་པས། མི་དེ་གཉིས་བློ་བཟང་དཀོན་མཆོག་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་རྗེས་ད་གཟོད་ཕྱིར་ཁྱིམ་དུ་ལོག་པ་རེད།

    སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་བཤད་དོན། མྱུལ་ཞིབ་རྩད་གཅོད་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་ཆེད། ཁྲིམས་ལྟར་ཉེས་མེད་མང་ཚོགས་ལ་ངན་སྐུལ་དང་བཙན་སྐུལ་སྒོས་རང་སྲེག་བྱེད་དུ་འཇུག་པའི་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་དང་ཆད་གཅོད་ནན་མོ་གཏོང་རྒྱུ་ཡིན། ། (ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།)
    http://ti.tibet3.com/news/attention/2012-12/10/content_442480.htm

  6. འཇམ་གཅེས says:
    2012-12-10 at 10:01 pm

    རེད་རེད་དང་པོ་ཁྱོད་ཀྱི་ངོ་གདོང་ཡོངས་སུ་ཁེངས་ནས་ཡོད་པའི་སྐྱག་པ་དེ་གཙང་ཕྱག་བྱོས། དེ་ནས་ང་ལ་བསམ་ཚུལ་ཤོད། ཡིག་ནོར་བཅོས་དགོས་ན་ཁྱོད་ཀྱིས་ཡིག་ནོར་དེ་དག་དང་པོ་བཅོས། འོ་ན་ཁྱོད་ཀྱིས་ཡིག་ནོ་འབྲི་བར་སུའི་དམིགས་བསལ་སྤྲོད་སོང་། ངས་འབྲི་མི་ཆོག་པ་སུའི་བཀའ་ཡི་བཅད་པ་རེད།

  7. འཇམ་གཅེས says:
    2012-12-10 at 11:00 pm

    བོང་རྒན་ཁྱོད་ཀྱིས་སྔོན་མ་ཞིག་ནས་ཁ་བརྡ་དྲ་ལམ་ནང་ནས་ང་ལ་ལན་འདེབས་ཀྱི་མིན་ཞེས་ཟེར་ནས་སྡུག་སྐད་ལུང་པ་ནང་མི་ཤོང་བ་ཞིག་འདོན་བཞིན་འགྲོ་སོང་ཡང་། དེ་རིང་ཡང་བསྐྱར་ང་ཡིས་སྒོ་ཁར་སྡུག་སྐད་ཅིའི་ཕྱིར་འདོན་གྱི་ཡོད། ངས་དངོས་མིན་འཇམ་གཅེས་རང་ཡིན་པ་ལས་གཞན་ཞིག་གང་ཡང་མེད། ཤེས་འདོད་ན་དུས་བབ་གསར་ཁང་དུ་འབྲེལ་བ་བྱོས། མི་ཚེ་འདིར་མིང་རྫུན་འོག་ཏུ་ཡིབ་འདོད་མེད། ཧ་ཧ་ཧ་་་ཁྱོད་ཀྱིས་ང་ལ་སྡིགས་ར་སྐུར་ན་ང་ངོ་མ་ཞེད་ཀྱི་འདུག །དེ་མིན་ཉ་ཉོག་བཤད་པར་ལན་གྱི་ང་བ་མི་འདོད་་་་་་་ཡིག་གེ་གང་འདྲ་འབྲི་མིན་ཁྱོད་ལ་ཇུས་གཏོགས་ཏིལ་འབྲི་ཙམ་ཡང་མེད་ཁ་ཁར་འདུག་ཤིག ། ལོག་སྤྱོད་པ་་་་་་་ཁྱོད་་་་་

  8. འཇམ་གཅེས says:
    2012-12-10 at 11:02 pm

    དགོངས་སེལ་ཞུ། མཆན་བཏང་ས་ནོར་སོང་། དྲ་བདག་ལགས་མཆན་འདི་མེད་པ་གཏོང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme