Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མི་ལུས་ཐོབ་པའི་སྡུག་བསྔལ།༼བོད་འབྱོར་རྩོམ་ཡིག༽

Posted on 2008-08-04 By དབང་ཕྱུག་ 1 Comment on མི་ལུས་ཐོབ་པའི་སྡུག་བསྔལ།༼བོད་འབྱོར་རྩོམ་ཡིག༽

བོང་སྟག་རི་ལུ།

ཐོག་མར་མི་ལུས་ཐོབ་པར་དགའ་སྣང་ཞིག་སྐྱེས་ཀྱང༌།།
བར་དུ་མི་ཡུལ་འགྲིམས་པའི་ངལ་དུབ་ཀྱིས་གཟིར་བ།།
ཐ་མར་མི་སེམས་དཀྲུགས་པའི་སྡུག་བསྔལ་ཞིག་སྐྱེས་པས།།
མི་ཡུལ་མི་ཡུལ་ཞེས་པར་ཞེན་ཆགས་ཤིག་མ་སྐྱེས།།

མི་རྣམས་མཐོང་ན་བྱ་ཚོགས་ཀྱུག་ཀྱུག་གིས་འཕུར་ཞིང༌།།
མི་སྐད་ཐོས་ནས་རི་དྭགས་ཕྱོགས་བཞི་རུ་འབྲོ་ལ།།
མི་ལུས་མཐོང་ན་ཨ་བྲ་ཙག་ཙག་གིས་གྲག་པས།།
མི་འདི་འཇིགས་སུ་རུང་བའི་གཅན་གཟན་དང་འདྲ་འདུག།

མགོན་མེད་རི་དྭགས་བསད་ནས་རི་རབ་ཅིག་བརྩིགས་ཤིང༌།།
སྐྱབས་མེད་གཡང་ཟོག་བཤས་ནས་ཁྲག་མཚོ་ཞིག་བསྐྱིལ་བ།།
རང་གི་དོན་ལ་གཞན་སྲོག་ཕངས་མེད་དུ་གཏོར་བའི།།
སེམས་མེད་མི་འདི་སྲིན་པོ་ངོ་མ་ཞིག་ཡིན་འདུག།

མི་ལུས་བླངས་ནས་འཇིག་རྟེན་ལྟད་མོ་ལ་ཕེབས་ཀྱང༌།།
མགོ་བོ་མཐོ་ཡང་མི་ཉན་ང་རྒྱལ་ཞེས་སྨོད་ལ།།
མགོ་བོ་དམའ་ཡང་མི་ཉན་ཉམ་ཆུང་ཞེས་སྡིག་པའི།།
མི་ཡུལ་འདི་ནས་མི་ངོར་བལྟ་ཚུལ་ཡང་མི་ཤེས།།

ཕ་རྒྱུད་གང་ནས་མཆེད་པ་རང་ཉིད་ཀྱིས་མི་ཤེས།།
མ་རྒྱུད་གང་དུ་འཐེན་པའི་ལམ་བུ་ཡང་མི་ཤེས།།
རང་དབང་རང་འཐད་ཟེར་བཞིན་གཉེན་སྒྲིག་རེ་བྱེད་དུས།།
མི་འདི་ནགས་གསེབ་རྒྱུ་བའི་སྤྲེའུ་ལས་སྡུག་པ།།

ལྟོ་བ་རྒྱགས་དུས་ཕན་ཚུན་ཕྲ་མ་རེ་འཕེན་ཞིང༌།།
ཕུ་ནུའི་ནང་དམེ་བྱེད་དུས་ལྟད་མོ་རེ་བལྟས་ནས།།
ཕམ་ཁ་ཉོ་དུས་ཕྱག་དང་བསྐོར་བ་རེ་བྱས་ཏེ།།
དཀོན་མཆོག་གསུམ་ལས་ལྷག་པའི་རེ་ས་ཞིག་མི་འདུག།

ཝ་མོ་ཇི་བཞིན་འོང་ནས་མགོ་བསྐོར་རེ་གཏོང་ཞིང༌།།
སྲིན་པོ་ཇི་བཞིན་འཇབ་ནས་གཞན་སྲོག་རེ་འཕྲོག་པ།།
སྤྲེའུ་ཇི་བཞིན་སྒུར་ནས་ངོ་དགའ་རེ་བྱེད་དུས།།
མི་ལུས་མ་གཞི་རྫུན་གྱི་འཁོར་ལོ་ཞིག་ཡིན་འདུག།

རྣ་བ་གཤོག་ཟུང་མེད་ཀྱང་ལྐོག་ཉན་ལ་མཁས་ཤིང༌།།
མིག་ཟུང་རྐང་ལག་མེད་ཀྱང་མཛེས་མའི་རྗེས་བསྙེགས་ནས།།
མཆུ་ཏོར་འགན་བབ་མེད་ཀྱང་ཕྲ་མ་རེ་རྒྱག་གི།
མི་ལུས་རིན་ཆེན་འདི་ལ་ཁོམ་པ་ཤིག་མ་བྱུང༌།།

ཕྱི་ནས་བལྟས་ན་མཛེས་མཛེས་ཡག་ཡག་ཅིག་འདུག་ཀྱང༌།།
ནང་དུ་ཞེ་སྡང་སྦྲུལ་གྱི་ལྕེ་ནག་དེ་བསྲིངས་ནས།།
དོན་ལྔ་སྣོད་དྲུག་ཡོད་ཚད་བསྲེག་ལ་ཁད་བྱེད་དུས།།
དལ་འབྱོར་མི་ལུས་ཐོབ་པར་དགའ་སྣང་ཞིག་མ་སྐྱེས།།

སྔ་དྲོ་གོང་མས་བཀའ་ལྟར་སྟོད་སྨད་དུ་རྒྱུག་ཅིང༌།།
ཕྱི་དྲོ་ཆུང་མས་ཆ་བཞག་ཆུ་ལེན་ལ་རེམ་པ།།
ཉི་མ་སུམ་བརྒྱ་དྲུག་ཅུའི་དུས་ཚོད་ཀྱི་རིང་ལ།།
ངལ་དུབ་མ་སོས་ཡུལ་འདིར་སྡུག་བསྔལ་ཞིག་མྱངས་སོང༌།།

སྙན་ངག

Post navigation

Previous Post: བསམ་ཚུལ་ལྟ་བུའི་འཇིག་རྟེན། འཇིག་རྟེན་ལྟ་བུའི་བསམ་ཚུལ།
Next Post: ཁ་བརྡ་གྲུ་ཁང་གི་རྩོད་རྙོག

Comment (1) on “མི་ལུས་ཐོབ་པའི་སྡུག་བསྔལ།༼བོད་འབྱོར་རྩོམ་ཡིག༽”

  1. karchen says:
    2008-08-05 at 2:15 am

    བོད་ནང་གི་རྩོམ་འབྲི་བ་ཚོར་བློས་གཏོང་གི་སྙིང་སྟོབས་ཤིག་འདུག་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  •        ཚན་རིག་གི་ཤེས་བྱ།
  • ཕྱག་ན་པདྨོ།
  • ཇ་ཁང་ནང་གི་བཀའ་ཤག
  • མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་གླེང་བ།
  • སྐུ་ཞབས་བོང་རྫི་ལགས་གླེང་ཙམ་བྱས་ན།
  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ཇ་ཁང་ནང་གི་བཀའ་ཤག (51)
  • ཕྱག་ན་པདྨོ། (18)
  •        ཚན་རིག་གི་ཤེས་བྱ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme