Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་དབུ་འབྱེད་གནང་བ།

Posted on 2012-12-052012-12-05 By ཁ་བརྡ་ 6 Comments on སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་དབུ་འབྱེད་གནང་བ།

ཕྱི་ལོ་ ༢༠༡༢ ལོའི་གསུམ་བཅུའི་དུས་དྲན་གྱི་གཏམ་བཤད་སྐབས་ངས་བོད་མི་དང་བོད་པའི་གྲོགས་པོ་རྣམས་ལ་ཕྱི་ལོ་ ༢༠༡༢ ལོ་འདི་བཞིན་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུའི་ལོ་ཞིག་ཏུ་འགྱུར་རྒྱུའི་འབོད་སྐུལ་ཞུས་ཡོད། འབོད་སྐུལ་ཞུས་པ་ལྟར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཕ་རན་སི། ཨི་ཊ་ལི། ཨ་རི་བཅས་ཀྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་མ་ཟད། ཨོ་སི་ཊོ་ལི་ཡ་དང་བྷར་སིལ། ཁེ་ཎ་ཌ། ཡུ་རོབ་སྤྱི་མཐུན་ཚོགས་པ། ཕ་རན་སི། ཇར་མན། ཨི་ཊ་ལི། རྒྱ་གར། ཉི་ཧོང། ལྷོ་ཨ་ཕི་རི་ཀ། ཨ་རི་སོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བར་བརྟེན། འབོད་སྐུལ་ཞུས་པ་དེ་ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་བའི་སྲིད་གཞུང་ཁག་དང་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཀྱིས་བོད་ནང་གི་གནས་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་དོ་སྣང་དང་སེམས་ཚབ་ཀྱི་རྣམ་པ་བསྟན་པ་མ་ཟད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ནི་ཝི་པིལ་ལེ་མཆོག་དང་། རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་གེ་རི་ལོཀ་མཆོག་གིས་བོད་དོན་བསྒྲགས་གཏམ་སྤེལ་བ་དང། དེ་བཞིན་རྒྱལ་སྤྱིའི་ཉེ་ཡངས་ཚོགས་པ་དང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཁང་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསར་འགྱུར་བརྒྱུད་བསྒྲགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ང་ཚོས་ལོ་འདིར་བོད་དོན་རྒྱབ་སྐྱོར་ཆེད་ཞུ་གཏུགས་ཀྱི་ལས་འགུལ་འདི་གཙོ་བཟུང་ཐོག་འཆར་ལོ་ཕྱི་ལོ་ ༢༠༡༣ ནང་བོད་དོན་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རྒྱུ་ཡིན།

ང་ཚོས་བོད་མི་ཚོར་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རིགས་མ་སྤེལ་རོགས། ཞེས་འབོད་སྐུལ་ཇི་ཙམ་བྱས་ཀྱང་བོད་ནང་རང་ལུས་མེར་སྲེག་གཏུད་མར་བཏང་སྟེ་ད་ཆ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་ ༩༢ ཟིན་ཡོད་པ་ནས་ཕྱི་ལོ་ ༢༠༡༢ ལོར་བོད་མི་གྲངས་ ༧༩ རང་ལུས་མེར་སྲེག་བཏང་ཁོངས་ནས་ཕྱི་ཟླ་ ༡༡ ནང་བོད་མི་གྲངས་ ༢༨ ཀྱིས་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་དང། ཆབ་སྲིད་དབུ་ཁྲིད། རིག་པ་སྨྲ་བ། བོད་མིའི་གྲོགས་པོ། གསར་འགྱུར་བརྒྱུད་ལམ། དེ་བཞིན་དྲང་བདེན་ལ་དགའ་བའི་མི་མང་བཅས་ལ་གང་ཐུབ་ཀྱིས་གོ་རྟོགས་སྤེལ་ཐབས་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཞུ་རྒྱུ་དང་སྦྲགས།

 

དེ་འབྲེལ་ལས་འགུལ་གྱི་ཆ་ཤས་སུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་བརྙན་འཕྲིན་སྐར་མ་བཅུ་ཅན་ཞིག་དང་། དྲ་རྒྱ་མེག་ཀོ་རོ་ས་ཡི་ཊི་ microsite དེ་བཞིན་ངོ་དེབ་ཀྱི་ཤོག་ངོས་ཕེ་སི་བུཀ་པེ་ཇི་ Facebook page ཤིག་ཀྱང་དབུ་འབྱེད་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་རུ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། དེ་བཞིན་མི་སྒེར་སོགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་འཛམ་གླིང་མི་མང་ཚོས་མཁྱེན་པ་ཞིག་བཟོས་ཏེ་རྒྱ་ནག་དབུ་ཁྲིད་ཚོར་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་ཆེད་འབོད་སྐུལ་ཤུགས་ཆེ་གནང་ཚེ་ནུས་པ་ཏན་ཏན་འཐོན་རྒྱུ་རེད། བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་ཡོད།

ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་མིའི་གྲོགས་པོ་རྣམས་ལ་གཤམ་གསལ་ལས་འགུལ་ཐོག་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

གཤམ་གསལ་དྲ་རྒྱ་དང་ངོ་དེབ་ཁ་བྱང་ཐོག་འབྲེལ་མཐུད་གནང་རོགས་ཞུ་རྒྱུ་ཡིན།

(www.solidaritywithtibet.org)(www.facebook.com/SolidarityWithTibet)

གཤམ་གསལ་རང་ལུས་མེར་སྲེག་གི་བརྙན་འཕྲིན་དང་འབྲེལ་བའི་དྲ་རྒྱའི་ཁ་བྱང་ཐོག་འབྲེལ་མཐུད་གནང་སྟེ་དྲིལ་བསྒྲགས་རྒྱ་ཆེ་ཡོངས་ཐབས་གནང་རོགས་ཞུ་རྒྱུ་ཡིན།
(http://www.youtube.com/watch?v=hyjFBg8mwiU)

གཤམ་གསལ་འབྲུག་གི་ཐལ་སྒྲའི་ (thunderclap) ཁ་བྱང་ཐོག་དེབ་སྐྱེལ་གནང་སྟེ་སོ་སོའི་གྲོགས་པོ་དང་ངོ་ཤེས་གང་མང་ལ་འབྲེལ་བ་གནང་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་དོན་ལས་འགུལ་ཉིན་བརྒྱ་དུས་གཅིག་ཏུ་སྤེལ་རྒྱུའི་སྐོར་དྲིལ་བསྒྲགས་རྒྱ་ཆེ་ཡོང་ཐབས་གནང་རོགས་ཞུ་རྒྱུ་ཡིན།

(www.solidaritywithtibet.org)

 

འབྲེལ་བ་གནང་ཡུལ།

ཕྱི་དྲིལ་མགྲིན་ཚབ་པ་དྲུང་འཕར་བཀྲིས་ཕུན་ཚོགས། +༩༡ ༩༨༡༦༥ ༣༩༡༠༣

གསར་འགོད་འབྲེལ་མཐུད་པ་བློ་བཟང་ཆོས་གྲགས། +༩༡ ༩༨༨༢༢ ༣༢༤༧༦

 

 

གསར་འགྱུར།

Post navigation

Previous Post: བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་འདི་ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཕུལ་འདུག
Next Post: སྤྲུལ་སྐུ་པདྨ་སྐལ་བཟང་གི་སྙན་ངག་ཅིག

Comments (6) on “སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་དབུ་འབྱེད་གནང་བ།”

  1. གནམ says:
    2012-12-05 at 5:15 am

    དམ་ཚིག་རྡེན་པོའི་སྒོ་ནས་ཡར་ལང་བྱེད་ན་ང་ནི་ཡོང་རྐྱང་ཡིན། ཡོད་ཚོད་ཀྱིས་ནུས་ཤུགས་དོན་པ་དང་རྒྱབ་སྐྱོར་གྱི་འབོད་སྐུལ་གནང་བར་དགའ་ཚོར་ཆེ། གཞན་ཚོད་དང་རང་ཚོད་ཀྱི་རྒྱ་མའི་ལྗིད་ཚད་འཛིན་སྤྱད་ཀྱི་གོ་རྟོག་ཡག་པོ་ཞིག་རྙེད་པའི་རེ་བ་ཤིན་ཏུ་ཆེ།

  2. འཇམ་གཅེས says:
    2012-12-05 at 8:04 am

    ང་ཚོ་ཚང་མའི་ཆིག་སྒྲིལ་ནི་མེད་དུ་མི་རུང་བ་ཡིན་པ་ཁ་ནས་ལབ་པ་ཙམ་མ་ཡིན་པ་དོན་ངོ་མ་ལག་ལེན་ཐུབ་པ་གནང་གལ་ཆེ། དེ་མིན་ཚོར་བ་ཙམ་གྱིས་རྗེས་སུ་དྲངས་ནས་བསམ་ཚུལ་རེ་སྤེལ་ཏེ་གཅིག་དགོས་ཀྱི་འདུག་གཉིས་དགོས་ཀྱི་འདུག་ཞེས་འུར་ཤོད་མང་ན་དགེ་མཚན་ལས་གནོད་གཞི་ཆེ་བ་སེམས། དེ་ལས་འགན་ཁུར་ལྡན་པས་བཀའ་མོལ་དང་ལས་དོན་རེ་བསྒྲུབ་ཐུབ་ན་དགེ་མཚན་ལོས་ཡོད། ་དེ་ལྟར་ཐུབ་མིན་དྲ་མཆན་པ་སོ་སོའི་ངོས་ནས་ཁ་ནང་དུ་ཕྱོགས་ཏེ་ཐུགས་བསམ་གཏོང་རོགས་ཞུ། གལ་སྲིད་སྤྱིར་ལ་ཕན་པའི་བྱ་བ་བསྒྲུབས་ཐུབ་པའི་སྤོབས་དང་འཇོན་ཐང་མེད་ན་ཁ་དང་ལག་པ་གང་བྱུང་བེད་བསྐྱོད་མ་གཏོང་ན་ལེགས། མདོར་ན་གཞུང་གིས་ལངས་ཕྱོགས་ལ་མཐུན་འགྱུར་གནང་རོགས་ཞེས་རེ་བསྐུལ་དང་ལྷན་དུ་ ནམ་རིང་སྒྲུང་གི་མི་ཆོད་པ་ཡང་ཤེས་པ་གནང་རོགས། །

  3. སྟག་སྨྱོན། says:
    2012-12-05 at 5:25 pm

    བློ་བཟང་སེང་གེས་རང་ལུས་མེར་བསྲེགས་སྐོར་མ་བཤད་ན་ཡག་པོ་འདུག ག་དུས་ཡིན་ན་རྫུན་རྐྱང་རྐྱང་བཤད་རྗེས། སྐད་ཆ་བཤད་སྟངས་ལ་འགྱུར་བཏང་ནས་བཤད་སྟངས་མ་འདྲ་བ་ཞིག་བཤད་ཀི་རེད། བོད་མི་རིགས་འུ་ཐུག་ཐབས་ཟད་བཟོ་ཁྱོད་ཚོ་དང་རྒྱ་མི་གཉིས་རེད། ཁྱེད་ཚོས་འཇོན་རྒྱུ་མེད་ན་ཡོད་ཡོད་མདོག་མདོག་བྱས་ནས་བོད་ནང་ལ་རེ་སྟོང་བསྐྲུན་ནས་བརྒྱུད་བསྐུལ་བྱེད་ཅི་ཐབས་བྱས་པའི་རྗེས་ལ། ང་ཚོས་འུ་ཐུག་གི་ལས་འགུལ་མ་སྤེལ་རོགས་ལབ་ན་ཅེས་འཁྱོག་བཤད་བྱས་པ་རེད། དུས་འཁོར་དབང་ཆེན་སོགས་ཀྱིས་སྐབས་སུ་ཁྱེད་ཚོས་གཏམ་བཤད་དང་ཡིག་ཆ་ག་ཚོད་བཀྲམས་པ་མཐོང་སོང་། ཁྱེད་ཚོའི་སྟོང་གཏམ་རྫིག་པོ་དེ་ཚོས་བོད་ནང་དཀྲོགས་པ་རེད། ད་ལས་འགུལ་གྱི་རིམ་པ་གཞན་མེད་ན་བོད་ནང་དཀྲོགས་པའི་ཉེས་པ་སུས་ཁུར་གི་ཡིན་ནམ།

  4. སྟག་སྨྱོན། says:
    2012-12-05 at 5:28 pm

    ད་དུང་གསལ་བསྒྲགས་འདི་སྤེལ་དུས་བཀའ་ཁྲི་ལས་མདུན་གི་ཅོག་ཙེ་སྐམ་པོ་དེ་རྫིག་པོ་མཐོང་སོང་། ངོ་ནས་བཀའ་ཁྲི་ལ་ཡིད་ཆེས་དང་ཆེ་མཐོང་ཞིག་རྙེད་ཀི་མི་འདུག

  5. བོད་ལ་ཞེན། says:
    2012-12-05 at 11:40 pm

    སྟག་སྨྱོན་ཀྱིས་བཤད་སྟངས་ལ་ལྟོས་དང་ཡིག་ཕྲེང་ཁ་ཤས་ནང་ཁྱོད་ཚོ་དང་ཁྱོད་ཚོ་ཟེར་ནས་འཁོན་ཆེ་མདོག འོ་ན་ཁྱོད་རང་གང་གི་ཚོ་ནང་རེད། རྒྱ་ནག་གི་ཚོ་ནང་ཨེ་རེད། ང་ཚོ་བོད་དོན་ནི་བོད་ནང་གི་བོད་མི་ཚོ་གཙོ་་བོ་དང་གཞི་རྐང་བྱེད་ནས་རྩོད་དགོས་པ་ལས་བཙན་བྱོལ་གྱི་བོད་མི་ཉུང་ཤས་ཀྱིས་འགྲུབ་ག་ལ་ཐུག དེ་ཙམ་གྱི་གནད་ཡང་ཧ་མི་གོ་བར་ད་དུང་ཅིག་ཞིག་བཤད་ཁུལ་ནི་ངོ་མ་སྙིང་རྗེ་བའི་ཡུལ་རེད། དང་པོ་གཞན་ལ་མ་ཟེར་སྔོན་ནས་རང་གིས་གང་ལས་ཡོད་བསམ་དགོས།

  6. བོད་ལ་ཞེན། says:
    2012-12-05 at 11:46 pm

    རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཞིག་གིས་དེ་ལྟར་བརྗོད་མྱོང་། ང་ཚོ་དམངས་གཙོ་ག་དུས་ཐོབ་ཀྱི་རེད། ང་ཚོ་དམངས་གཙོ་ག་དུས་ཐོབ་ཀྱི་རེད། ང་ཚོ་དམངས་གཙོ་ག་དུས་ཐོབ་ཀྱི་རེད། ཅེས་དྲི་བ་ལ་དང་པོ་རང་ཉིད་དམངས་གཙོའི་ཆེད་དུ་ལས་ཀ་གང་བྱེད་ཡོད་བསམ་དགོས། གལ་སྲིད་རང་ཉིད་ཀྱིས་ལས་ཀ་ཅིག་ཀྱང་བྱེད་མེད་ན་དྲི་བ་དེ་འདྲ་འདྲི་བའི་ཐོབ་ཐང་མེད་ཅེས་བཤད་ཡོད། དེ་བཞིན་ང་ཚོ་ཡང་དེ་འདྲ་རེད་སོ་སོས་བོད་དོན་ཆེད་གང་ཡང་མ་བྱས་པར་གཞན་གྱིས་བྱེད་ཀྱི་མི་འདུག་ཟེར་བ་དང་། བྱེད་སྟངས་ནོར་འདུག་ཟེར་བའི་ཐོབ་ཐང་ནམ་ཡང་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme