Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།

Posted on 2012-12-032012-12-03 By ཁ་བརྡ་ 2 Comments on ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།

རས་པ།

༡

ངས་བྱེའུ་ཆུང་ཞིག་བཙན་ཐབས་ཀྱིས་གཡོག་ལ་བཀོལ་རྗེས
རང་ཉིད་ལ་གཤོག་པ་ཡོད་པའི་སྣང་བ་བཟུང
གཤོག་པ་ག་ལེར་བརྐྱངས་ཤིང
དབུགས་ནང་དུ་བཀག་ནས་ག་ལེར་སྣ་ཁུང་ལས་ཕྱི་རུ་བཏང
ང་རང་ཐང་སྟོང་གི་དབྱིངས་སུ་འཁོར  

 

༢

རླུང་བུས་འཇགས་སྐྱ་གཡས་སྒུལ་གཡོན་སྒུལ་བྱས་ཀྱང
ང་རང་ནམ་མཁར་ཧ་ཅང་བདེ་བར་གནས
ཐལ་རྡུལ་གྱིས་ས་གཞིའི་གདོང་ལ་བརྙས་བཅོས་ལན་མང་བྱས་ཀྱང
ང་རང་ལྟད་མོ་བ་ཞིག་ནང་བཞིན་ཡོད
ཨ་མ་ལགས  ང་སྐྱིད་པོ་མི་འདུག་གམ

༣
རྨི་ལམ་ལས་མ་སད་པའི་སྔོན་དུ
མཛེས་སྡུག་ཡོད་ཚད་སྐད་ཅིག་གིས་བཤད་པར་འབད་བརྩོན་བྱེད
འོན་ཀྱང  སླར་ཡང་ས་རུབ་ལ་ཉེ་ཞིང
ང་དང་སྒྲོན་མེའི་འོད་མདངས་ཀྱི་དབར་དུ
གཏན་དུ་གཟིམ་པའི་བརྩེ་འཛུམ་ཀྱི་གཉིད་གཞས་བླངས
ང་རང་ཐང་སྟོང་གི་དབྱིངས་སུ་འཁོར

༢༠༡༢།༡༢།༣ཉིན་ཡིག་ཚང་དུ།

སྙན་ངག

Post navigation

Previous Post: ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།
Next Post: ཁ་བརྡའི་བགྲོ་གླེང་། “རང་སྲེག་ཐད་ཅི་བྱ་ཅི་འགབ།”

Comments (2) on “ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།”

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-12-03 at 11:13 pm

    ངས་བོད་རང་སྐད་ལས་ཅང་མི་ཤེས་མོད། ངས་རང་གི་བརྡ་སྐད་ལ་ཅི་འདོད་དུ་ཁ་ལོ་བསྒྱུར་ཐུབ་པ་ནས། ངས་རང་ཉིད་ལ་ཤེས་ཡོན་གྱི་གཤོག་པ་ཐོགས་ཡོད་པར་བསམ་པ་ཡིན། ང་ང་རྒྱལ་དེ་རུ་བཞེངས་ནས་ས་མཐར་སླེབས་རྗེས། ངས་རང་སྐད་ཀྱི་ང་རོ་ཇི་ལྟར་བསྒྲགས་ཀྱང་། ང་ནི་སྔར་བཞིན་ཤེས་ཡོན་མེད་པའི་ཐང་སྟོང་གི་མཁའ་དབྱིངས་ན་འཁོར་འདུག
    ཤར་ནུབ་ཀྱི་རིག་གནས་སྣ་ཚོགས་ཀྱི་གཙུབ་བརྡར་ལས་བཙན་བྱོལ་བ་ཚོ་ཐང་སྟོང་གི་འཇགས་སྐྱ་ལྟར་ཡར་གཡོ་མར་གཡོ་བྱེད་ཀྱིན་ཡོད་པ་མ་ཟད། གང་ལའང་མི་ཐེ་བའི་རིག་གནས་ཀྱི་གད་སྙིགས་སྣ་ཚོགས་ཀྱིས་བཙན་བྱོལ་བ་ཚོའི་ངོ་གདོང་ལ་ཐལ་བ་བསྐྱིལ་ཞིང་། རང་སྐད་རང་གིས་མི་ཤོད། གཞན་སྐད་ངག་གིས་མ་འཁྲོལ་འཇིགས་རུང་གི་གནས་སུ་བསྐྱལ་འདུག་པ་མ་ཟད། ང་རང་ཡང་སྔར་བཞིན་ཕ་མ་དང་ཕ་ས་མེད་པའི་ཐང་སྟོང་གི་དབྱིངས་སུ་འཁོར་ཡང་། ང་ནི་རང་སྐད་ལ་བྱང་ཆ་ལྡན་ཞིང་རང་ཉིད་ཀྱི་ཁ་དོག་མངོན་པར་གསལ་བའི་ལྟད་མོ་བ་ཞིག་དང་ཀུན་ནས་འདྲ་བས། ངའི་བརྩེ་བའི་ཨ་མ་ལགས། ང་སྐྱིད་པོ་མི་འདུག་གམ།

    ཐང་སྟོང་གི་མཁའ་དབྱིངས་འདི་རུ་ངས་ཤར་ནུབ་རིག་པའི་སྙིང་བཅུད་མ་ལུས་སྐད་ཅིག་གིས་འཆད་པར་འབད་བརྩོན་བྱས་མོད། མུན་པ་གཞན་ཞིག་ཚུར་ཚུར་འཐིབས་ནས་ངའིརང་སྐད་ཀྱི་འོད་སྣང་ཙམ་པོའང་ནུབ་པར་ཞུགས་པ་མ་ཟད། ང་དང་ཤེས་རབ་ཀྱི་འོད་སྣང་བར་ན་གཏན་དུ་གཟིམ་པའི་བརྩེ་སེམས་ཀྱིས་གཉིད་གཞས་ཐན་ཐུན་ཞིག་གིས་ང་མྱུར་ཏུ་ཉལ་བར་ལག་བརྡ་བཏང་བྱུང་།

    ___འདི་རྩོམ་པ་པོའི་དགོངས་པར་གཏན་ནས་འགྲོ་མི་སྲིད་ཀྱང་འདི་ལྟར་བསམ་བློ་གཏོང་མཁན་ཏན་ཏན་ཡོད་རྒྱུ་རེད།

  2. རས་པ། says:
    2012-12-04 at 11:43 am

    གྲོགས་ཀྱིས་ཞིབ་བཀླགས་ལ་དགའ་ནི་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme