Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།

Posted on 2012-12-032012-12-03 By ཁ་བརྡ་ 4 Comments on ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།

སོག་མདའ།
སེམས་སོང་ལགས། ངའི་སེམས་ཀྱི་ཟབ་ས་ནས་ཁྱེད་རང་མི་འདོད་བཞིན་གནས་ལ་བརྗངས་བའི་ཉིན་མོ་ནས། ངའི་ཡ་ཆུང་སྙིང་གི་ཁུག་སོ་ན་ཧ་ཅང་ལྗིད་དྲག་པའི་ནད་གཞི་ཞིག་གི་མནར་སོང་ལ། དེ་ནས་བཟུང་རྒྱ་མཚོའི་གླིང་ཕྲན་སྟེང་གཅིག་པུར་ལུས་པའི་མི་བུ་དེ་ལས་ཀྱང་སྐྱོ་བའི་ང་། ངའི་ཡོད་ཚད་ཤོར་བའི་སེམས་པ་དེ་ཇི་འདྲའི་སྐྱོ་ཨང་། མཚམས་རེ་རེས་རང་གིས་རང་ལ་ལས་བདའ་བྱེད་བཞིན། ཁྱེད་རང་ཀྱི་ཅིའི་ཕྱིར་ཁོ་མོ་ཁྲིད་ནས་ས་ཆ་གཞན་ཞིག་ལ་མི་འབྲོ་འམ་ཞེས་པའི་དྲི་ཚིག་བཀོད་མྱོང་ལ། མཚམས་རེར་རང་ཉིད་ཀྱི་ཆུང་མ་ཡང་མི་དབང་བའི་སྐྱེ་བུ་ཐབས་ཆག་དེ་རེད་བསམ་ན། རང་གི་སྙིང་ལ་རང་གིས་སྤར་ཤད་ཀྱང་བྱེད་དགོས་བྱུང་།
འཚམས་ལན་རེར་ཁྱེད་ཀྱི་ཕ་མའི་བཙལ་བའི་ཆོ་ག་དེ་དང་མཉམ་ཁྱོད་ཤི་ང་གསོན་གྱི་འཛིང་རུས་ཅིག་བྱེད་དགོས་བསམ་མྱོང་།
ད་དུང་འཚམས་རེར་་གསོན་པ་ལས་ཤི་ན་དགའ་བསམ་བློ་ཡང་སྐྱེ་མྱོང་།ཡིན་ཡང་ངའི་བསམ་གཞིགས་དེ་དག་གདུང་གིས་བསུ་ནས་དེ་དག་གཅིག་ཀྱང་དང་ལེན་བྱས་མེད་།
སྡུག་བསྔལ་ཡོད་ཚད་ཁོང་དུ་སྦས་ནས།རྨ་ཁའི་མིག་ཆུ་རུམ་སུ་ཉར་ནས།ཁྱེད་མེད་པའི་སྡེ་ཆེན་འདི་ནས་འདུ་འདོད་མེད་པར་མི་ཡུལ་གྱི་ས་མཐའི་གནས་ཡུལ་འགྲིམས་རྒྱུ་ཐག་གིས་བཅད་
པ་ཡིན་སེམས་སོང་ལགས།མ་ཐུག་པའི་ལོ་ཟླ་འདི་དག་ལ་མི་ཡུལ་ས་མཐའི་་ཁ་ཐང་རིང་ཡང་ངའི་ཁྱེད་ཀྱི་མི་ཚེའི་ལམ་བུ་ལ་རྣ་བའི་ཉན་མིག་གིས་འཚོས་ནས་བསྡད་ཡོད།སེམས་སོང་ལགས།
གལ་སྲིད་ངའི་དེ་དག་ཁྲོད་ཀྱི་གཅིག་གི་ལམ་ཁ་ལ་ཕྱིན་ཚར་ན་གཅིག་བྱས་ད་ལྟ་ང་འཇིག་རྟེན་འདིར་མེད་སྲིད་ལ།
དེ་རིང་འདི་ལྟར་ངའི་སྙིང་གཏམ་ཚིག་གསུམ་གྱི་ཤོག་ལྷེ་འདི་ཡང་ཁྱེད་ཀྱི་ཀློག་ག་ལ་ཐུབ།
ངའི་སྔ་གཞུག་ཀུན་ལ་འདང་ཞིབ་བརྒྱབ་ནས།མི་ཡུལ་འདིར་མཉམ་ཏུ་འདུག་པའི་སྐལ་བའི་དབེན་ཀྱང་།འཇིག་རྟེན་གསོན་ངོགས་འདིར་བསྡད་ན་ཕན་ཚུན་ཐུག་པའི་སྐལ་བ་རེ་
འུ་ཡོད་བསམ་པའི་སེམས་ཀྱི་ཚོར་བ་ཟབ་མོས་ང་བར་དུ་འདི་ལྟར་བཅིངས་ངའི་སེམས་སོང་ལགས།ངའི་གོ་ཐོས་ལྟར་ན་ད་ནི་ཕ་མའི་ཕྱིན་པའི་ཁྱོད་ཀྱི་ཆོ་ག་དེ་ཡང་དེ་འདྲའི་མི་གཤིས་ངན་པ་ཞིག་མིན་པ་ངའི་གོ་སོང་ལ།
ཁོང་གིས་ཀྱང་ཁྱེད་ལ་གང་དགའ་གང་སྐྱིད་ཀྱིས་བརྩེ་བ་གསོན་པོ་ཞིག་སྤྲོད་བཞིན་པ་གོ་དུས།ང་ནི་སྔར་ལས་སེམས་པ་བདེ་སྐྱིད་ཀྱི་ཁེངས་ཡོད།ངའི་སེམས་སོང་ལགས།།
ད་ནི་ཁྱེད་ལ་ངེད་གཉིས་ཀྱི་བྱིས་པའི་མ་ཚད་བྱིས་པ་གཞན་གསུམ་གྱི་ཨ་མ་ཡང་་ཆགས་འདུག་པ་གོ་དུས།ང་ལ་ཇི་འདྲའི་ཚོར་སྣང་སྐྱིད་པོ་ཞིག་མི་འདུག་གམ།
།ངའི་བསམ་ན་ད་ནི་ཁྱེད་ཀྱི་སྐྱེ་གཟུགས་སྨྱུག་མ་འདྲ་བོ་ཡང་ཅུང་གུག་བཞིན་ཡོད་པའི་སྣང་བ་འདུག་ལ།
ཁྱེད་ཀྱི་མཛེས་པའི་ཞལ་རས་ཀྱི་མཛེས་ཉམས་ལ་ཡང་གཉེར་མ་རེ་ཟུང་ཡོད་པའི་སྣང་བ་སྟེར།།སེམས་སོང་ལགས།འཚམས་འདི་ནས་ངའི་ལོ་རྒྱུས་ཐུང་ཙམ་ཡང་ཁྱེད་ལ་བཤད་འདོད་བྱུང་།
ངེད་ཀྱིས་ཀྱང་སྐད་ཡིག་དང་ཤ་མདོག་མི་གཅིག་པའི་རྒྱབ་ཁབ་ཡོ་རོབ་གླིང་ཀྱི་བུ་མོ་ཞིག་དང་མཉམ་ཏུ་བཟའ་སྒྲིག་བྱས་ཚར་ཡོད་ལ།ངའི་བཟའ་ཟླ་ཁོ་མོ་ཡང་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་་ཡིན་ལ།
ཁྱེད་འདྲ་བའི་འབྲོག་མོའི་རང་གཤིས་རྣལ་མ་དེ་མ་མཆིས་ཀྱང་།བོད་མིའི་རང་བཞིན་གྱི་གོམས་གཤིས་གང་འཚམས་ཁོང་གི་རྒྱུད་ལ་འདུག་པས།ངའི་ཁྱིམ་ཚང་ཀྱང་ཧ་ཅང་གི་དགའ་དགའ་སྤྲོ་སྤྲོ་ངང་གནས་ཡོད།
འདི་ནི་ངའི་ཁྱེད་ལ་ཕུལ་ཆོག་པའི་ངའི་སེམས་གཏིང་གི་ངའི་ལོ་རྒྱུས་ཚིག་གསུམ་ཡིན།
སེམས་སོང་ལགས།མི་ཚེའི་རྒྱུད་རིམ་ནི་དགའ་སྐྱོ་འདྲ་མིན་ཡོང་སྲིད་པ་ངའི་གཞི་ནས་ཤེས་ཡོད་ལ།ཁྱེད་དང་ང་ལ་མཚོན་ན་འདི་འདྲའི་གནས་སྟངས་ཀྱི་འོག་ནས་འདི་ལྟར་གྱེས་ཀྱང་།
མི་ཡུལ་འདིར་མ་བྲལ་བའི་བར་དུ་ཁྱེད་དང་ངེང་གཉིས་ཀྱི་བརྕེ་དུང་ལ་ནམ་ཡང་བརྗེད་པ་་མེད།ངའི་སེམས་སོང་ལགས།དེ་རིང་ང་ཡོད་སའི་ས་ཆ་འདིར་ཁ་བ་ལྷབ་ལྷབ་དུ་འབབས་བཞིན་པས་།
ངའི་ངེད་གཉིས་མཉམ་ཏུ་ཡོད་པའི་དགུན་དུས་ཀྱི་མཚན་མོ་ཞིག་དྲན་སོས་སོང་ལགས།ད་དུང་སེམས་ན
བརྗོད་མི་ཚར་བའི་གཏམ་རྒྱུད་ངང་མང་མཆིས་ཀྱང་།ད་ནི་ངའི་འདི་ནས་འབྲི་འཚམས་འཇོག་གི་ཡིན་སེམས་སོང་ལགས།་ཁ་དྲོ་བཀྲ་ཤིས།།

༢༠༡༢་༡༢་༣་ཉིན་རང་ཤག་ནས་བྲིས།

སྙན་ངག

Post navigation

Previous Post: མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།
Next Post: ང་རང་ཐང་སྟོང་གི་དབྱིངས་སུ་འཁོར།

Comments (4) on “ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།”

  1. བཙན་རྒོད། says:
    2012-12-03 at 12:52 pm

    ཡུལ་སྐད་དང་ཡིག་ནོར་གྱི་གནམ་ས་གང་འདུག

  2. གནམ says:
    2012-12-03 at 7:23 pm

    བརྩེ་དུངས་ལ་སེམས་ཚོར་ཆེ་བས།
    བྱེད་འབྲེལ་ལ་སྣང་ཆུང་བྱེད་དོན་ཅི་ཡིན།
    ཨུར་མོ་ལ་བཟའ་ཚོ་སྒྲིག་བཞིན།
    བོད་མོ་ལ་དུངས་གདུང་ཟེར་བ་ཅི་རེད།
    ཧ་ཧ། ཁ་གཅིག་ནང་གི་ལྕེ་གཉིས། སོག་མདའི་རླིག་པ་མགོ་གཉིས།

    ཨ་རོ། རྩེད་མོ་ཡིན། སེམས་ལ་མ་འཛིན། ཁྱོད་འདྲ་མས་རྗེས་ཕྱོགས་ཐུག་འཕྲེད་བྱུང་ན། ངའི་མགོ་གཅོད་དལ།

  3. སོག་མདའ says:
    2012-12-04 at 5:59 am

    ཡིག་ནོར་ལ་དགོངས་དག་ཞུ་བ་ཡིན།གནམ་ནས་བསམ་ཚུལ་བརྗོད་པ་དགའ་སོང་།

  4. གནམ says:
    2012-12-04 at 6:24 am

    བཙན་རྒོད་ཁྱོད་ཡང་བརྡིབས་འདུག། ཡིག་ནོར་གྱི་གནམ་ས་ན་ཡིག་ནོར་ཡོད་དགོས་བ་མ་རེད་དམ། དེ་མིན་ན་ཡིག་ནོར་གྱིས་གནམ་ས་གང་འདུག་ཞུ་དགོས་པ་རེད། མ་རེད་དམ།
    ཁ་ཤོ་ཞིག་གིས་སྣ་ཤོ་ཞིག་ལ་འདོགས་ར་སྒྲིག་ན་སྐྱིད་ཀི་ཡ། ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme