Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།

Posted on 2012-12-032012-12-03 By ཁ་བརྡ་ 9 Comments on མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།

དེ་རིང་སྟེ་ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་མོའི་ཆུ་ཚོད་ ༧།༡༠ ཡས་མས་སུ་མགོ་ལོག་པདྨ་རྫོང་ནས་བོད་མི་ཞིག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ནང་སྐུ་གྲོངས་ཡོད་པའི་ཛ་དྲག་གནས་ཚུལ་ཐོན་འདུག

ད་ལྟ་རང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན་དེ་རིང་དགོང་མོའི་བོད་ནང་གི་དུས་ཚོད་ ༧།༤༥ ཡས་མས་སུ་མགོ་ལོག་པདྨ་རྫོང་སེ་ལེ་ཐང་ཡུལ་ཚོའི་པད་ནག་དགོན་ཀ་དག་སྤྲོས་བྲལ་གླིང་གི་གྲྭ་བ་རང་ལོ་ ༢༩ ཡིན་པ་བློ་བཟང་དགེ་འདུན་ལགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་འདུག

ས་གནས་ནས་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཁོང་གི་རང་ལུས་མེར་བསྲེགས་གནང་སའི་ས་གནས་ནི། མགོ་ལོག་པདྨ་རྫོང་གི་སུམ་མདོར་པདྨ་འདབས་བརྒྱད་ཅིག་ཡོད་པའི་ཡར་ནང་ནས་རང་ལུས་མེར་བསྲེགས་གནང་སྟེ་ལག་གཉིས་ཐར་མོ་སྦྱར་ནས་སྐད་འབོད་བྱེད་བཞིན་(སྐད་འབོད་ཀྱི་ནང་དོན་གསལ་ཁ་བྱུང་མེད།)མདུན་དུ་གོམས་པ་སུམ་བརྒྱ་ཙམ་རྒྱུགས་མཐར་ཐང་དུ་འགྱེལ་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་དང་། དམག་མི་བསླེབས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་བཞིན་པའི་སྐབས་ས་གནས་མང་ཚོགས་ཚོ་རྒྱུགས་ནས་ཁོང་གི་ཕུང་པོ་བཙན་ཁྱེར་བྱེད་མ་བཅུགས་པར་རང་དགོན་དུ་གདན་འདྲེན་ཞུ་བཞིན་ཡོད་འདུག་ལ། རྫོང་ཐོག་ཏུ་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག་ཟེར། ཁོང་གི་ཕའི་མིང་ལ་མགོ་ལོག་ལོ་ཁོ་དང་། མའི་མིང་ལ་ས་འགོ་བདེ་དབང་། དེ་བཞིན་དུ་སྤུན་མཆེད་ཚེ་ཆུང་སོགས་ནང་མི་བཅུ་གཅིག་ཡོད་འདུག

 

ཉེན་རྟོག་པའི་རླངས་འཁོར་མང་པོ་འབྱོར་བཞིན་པ།

མེར་བསྲེགས་གནང་བཞིན་པའི་སྐབས།

གནས་ཚུལ་བསྡུ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ།

གསར་འགྱུར།

Post navigation

Previous Post: དྲི་བས་འདེད་ཀྱིན་འདུག
Next Post: ལྷ་ཁོ་སྒྲོལ་མར་སྤྲིངས་བའི་འཕྲིན་པ།

Comments (9) on “མགོ་ལོག་ནས་རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པ།”

  1. ཐུ་བ་རྒྱ་མཚོ། says:
    2012-12-03 at 10:29 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །

  2. དགེ་འདུན་རྒྱ་མཚོ says:
    2012-12-03 at 11:34 am

    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་བློ་བཟང་དགེ་འདུན་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །

  3. དགེ་འདུན་རྒྱ་མཚོ says:
    2012-12-03 at 11:39 am

    ཞིང་མཆོག་བདེ་བ་ཅན་ནས་སྐྱེ་བར་ཤོག་་་་ཨོ་མ་ནི་པདྨེ་ཧཱུྂ།

  4. དབྱངས་ཅན says:
    2012-12-03 at 4:29 pm

    དཀོན་མཆོག་མཁྱེན་ཉིན་རེར་གནས་ཚུལ་འདི་འདྲ་རྐྱང་རྐྱང་།

  5. སྤོབས་པ་མཐའ་ཡས། says:
    2012-12-03 at 7:48 pm

    ལོ་རྒྱུས་བསྡུ་བསྒྲིག་བྱ་དགོས། ལོ་རྒྱུས་བསྡུ་བསྒྲིགས་བྱ་དགོས། མེར་སྲེག་དགོས་པའི་དམིགས་བསལ་དམིགས་ཡུལ་དང་བྱུང་རྐྱེན་ཅི་ཡོད་གསལ་པོར་འཚོལ་དགོས། མེར་སྲེག་མཁན་གྱི་ལོ་རྒྱུས་བསྡུ་བསྒྲིག་བྱ་དགོས། ས་གནས་དང་། དུས་ཚོད། མཐོང་མཁན་སུ་ཡོད་སོགས་གསལ་འགོད་ཐུབ་དགོས། མེར་བསྲེགས་ཟིན་པའི་རྗེས་སུ་རྒྱ་དམར་གཞུང་གི་ས་གནས་ལས་ཁུངས་མི་སྣ་ཚོས་རྣམ་འགྱུར་ཅི་བསྟན་འཚོལ་སྡུད་བྱ་དགོས། འདི་མི་རབས་ཕྱི་མ་ལ་རྩིས་འཕྲོད་དགོས། དེ་ལས་ལྷག་ཅིག་བྱེད་ཐུབ་པ་དཀའ།

  6. བོུ་ཆུང་ཆུང says:
    2012-12-03 at 9:13 pm

    རང་དོན་བཞག་ནས་བོད་ཁ་བ་གངས་ལྗོངས་ཀྱི་ཆེད་དུ་རང་ལུས་བསྲེགས་མཁན་དཔའ་བོ་དང་དཔའ་མོ་རྣམས་ལ་བོད་མི་ས་ཡ་དྲུག་གི་སྨོན་ལམ་ཡོད་དོ་།

    བོད་རྒྱལ་ལོ།།།།།།

  7. གནམ says:
    2012-12-03 at 9:35 pm

    ཕྱི་མ་བོད་ཀྱི་ཡུལ་དུ་སྐྱེ་བར་ཤོག།
    བླ་མ་དཀོན་མཆོག་གསུམ་ཀྱིས་གཟིགས་པར་ཤོག།
    ས་ཡ་དྲུག་གི་འགྲོ་དོན་སྨིན་པར་ཤོག།
    མཛད་རྗེས་འཛམ་གླིང་གཉིད་ལས་སློང་བར་ཤོག།

  8. རླངས་སྔགས says:
    2012-12-03 at 11:11 pm

    རྒྱལ་གཅེས་བ་འདི་དག་གིས་བླ་ན་མཐོ་བའི་རང་བརྗེད་ཀྱི་སྙིང་སྟོབས་ལ་བདག་གིས་སྙིང་ཁོངས་རུས་པའི་གཏིང་ནས་གུས་འདུད་དང་མྱ་ངན་ཞུ།

  9. ཅང་མེད་སྣང་སྐྱིད་ says:
    2012-12-04 at 7:31 am

    རྒྱལ་གཅེས་དཔའ་བོ་དཔའ་མོ་འདི་དག་ཀུན།།བར་དོའི་རྣམ་ཤེས་ཉིང་མཚམས་སྦྱོར་བའི་ཚེ།།མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང་།།ཐུབ་བསྟན་རྒྱལ་མཚན་འཛིན་པའི་རིགས་དག་ཏུ།།སྐྱེ་བའི་རྟེན་འབྲེལ་སྒྲིགས་ཤིག་འཇིག་རྟེན་དབང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme