Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབར་བཞིན་པའི་བཙན་པོའི་སྙིང་སྟོབས།

Posted on 2012-12-012012-12-01 By ཁ་བརྡ་ 4 Comments on འབར་བཞིན་པའི་བཙན་པོའི་སྙིང་སྟོབས།

བཀྲ་ཤིས་དོན་འགྲུབ།

འགོ་བརྗོད།
བདག་གིས་ལོ་རྒྱུས་ཀྱི་སྐྱོ་གདུང་སྨུག་པོ་སྙིང་ཁོང་དུ་བསྐྱིལ་ཞིང
དཔའ་བོའི་རྟོགས་བརྗོད་རིང་མོ་དབྱངས་རྟར་དྲངས་ནས
སྙན་ཚིག་གི་རླབས་རྒྱུན་མ་འཇགས་ཀྱི་བར་དུ
སྦར་ཞིང་འབར་བའི་སྤུན་ཟླ་ཚོར་བསྟོད་གླུ་ལེན
བཞུད་ཟིན་པའི་དཔའ་བོ་དང་དཔའ་མོ་ཚོར་བསྟོད་གླུ་ལེན

བཙན་པོའི་དུས་རབས། (སྤྱི་ལོ་སྔོན་གྱི117—842)
ལོ་རྒྱུས་ཀྱི་ཤུལ་ལམ་རིང་མོའི་ཁྲོད
དཔའ་ངར་དང་སྤོབས་པས་ཁེངས་པའི་ཕོ་རྒོད་སྐོར་ཞིག་དང
བྱམས་བརྩེ་དང་ལང་ཚོས་སྤུད་པའི་སྨན་ཤར་ཁྱུ་ཞིག་གིས
ཡར་ཀླུང་གཙང་པོའི་འགྲམ་ལོགས་ནས
དཀའ་སྡུག་གི་རྔུལ་ཆུ་ས་ལ་གཏོར་ཞིང
མི་ཚེའི་སྐྱིད་སྡུག་གླུ་རུ་བཀུག་ནས
ངོ་མཚར་བའི་ལོ་རྒྱུས་ཀྱི་གླེགས་བམ་གསར་དུ་བཞེངས་དུས
གསར་གཏོད་དང་མདུན་བསྐྱོད་ཀྱིས་ཕྱུག་པའི་བཙན་པོའི་སྙིང་སྟོབས
གྲོ་ནས་སྲན་གསུམ་གྱི་སྙེ་མའི་རླབས་རྒྱུན་ལ་འདྲེས་ཏེ
ཆོལ་ཁ་གསུམ་གྱི་མཁའ་དབྱིངས་སུ་འཕྱོ་མྱོང་སྐད

ཐུ་བྷོད་དཔའ་བོས་དམག་རྟའི་རྡུལ་རླབས་མཁའ་ལ་དཀྲིགས་ཤིང
རྔམ་ཟིལ་ཆེ་བའི་རུ་དཔུང་གི་གཟི་ཉམས
སྲིད་པའི་རླུང་དམར་དང་སྡོང་སྟེ་རྒྱ་མཚོའི་མཐའ་རུ་སྤུར་དུས
སྒམ་ཆེ་ལ་དཀྱེལ་ཡངས་པའི་བཙན་པོའི་བློ་སྤོབས
པོ་ཏ་ལའི་ཡང་སྟེང་ནས་གཟི་བརྗིད་ཀྱིས་འགྱིངས་མྱོང་སྐད

མུན་ནག་གི་དུས་རབས། (843—2000)
ཁྱོད་རང་སོང་བའི་རྗེས་ཤུལ་ནས
དགུན་གྱི་དུས་ཚིགས་དེར་རྫོགས་དུས་མ་བྱུང་ཞིང
དཔྱིད་ཀྱི་དཔལ་མོ་ཡང་གང་ཞིག་ཏུ་བྲོས་སོང་བ་འདྲ་བས
གཏན་ནས་སླེབས་རྒྱུ་མ་བྱུང… …

དགུན་ཁ་དེར་ཉི་མ་སྐྱ་མག་མོག་ཅིག་ཤར་མྱོང་ནའང
འཇིག་རྟེན་གྱི་ཡོད་ཚད་ལ་སྐྱ་མདོག་ཐོན་ཞིང
རླུང་འཚུབ་ཀྱི་གདུག་རྩུབ་དྲག་ཏུ་འཕྱོ་བས
ཚེ་སྲོག་མཐའ་དག་མྱ་ངན་གྱིིས་གཟིར་ཡོད

དྭངས་མཐའ་མེད་པའི་མཁའ་དབྱིངས་ནས
རྒོད་པོ་སྐོར་ཞིག་གིས་གནམ་འཕང་བཅད་མྱོང་མོད
ཁྱོད་ཀྱི་ཤུལ་ལམ་སྙེགས་པ་ཙམ་ཡིན་ཨང
ནང་དམེ དབྱེན་སྦྱོར
ལོག་སྤྱོད གཉའ་གནོན
སྐྱི་གཡའ་བའི་མིང་ཚིག་འདི་དག་གི་ནང་དོན་ནི
ཆེས་འཇིགས་སུ་རུང་བའི་དགུན་ཁ་དེར་དར་མྱོང་བའི
ནད་ཡམས་སྐོར་ཞིག་ཡིན་པས
བདག་གི་སྤུན་ཟླ་དག་ཡུན་རིང་ནད་ཀྱིས་མནར་མྱོང་ཨང

དཔའ་བོའི་དུས་རབས། (2001—)
ལོ་རྒྱུས་ནི་ཆགས་འཇིག་གི་གོ་རིམ་ཞིག་ཡིན་ནམ
ཡང་ན སྐྱིད་སྡུག་གི་འཁོར་བསྐྱོད་ཙམ་ཡིན

21 ཟེར་བའི་འཕྱོན་མ་ལྟ་བུའི་དུས་རབས་འདིར་ཐོན་དུས
ད་གཟོད་བདག་གི་སྤུན་ཟླ་མང་པོས
ནད་ཡམས་ལ་རྒོལ་བའི་དབུ་འགོ་བརྩམས་བྱུང་བས
སྙིང་རྗེ་མེད་པའི་ནད་ཡམས་དེར་བསམས་ན
སེམས་པ་འདི་འཁྱགས་པས་བསྡམས་འགྲོ་ལ
བརྗིད་ཆེ་བའི་རྟོགས་སད་ཀྱི་གོ་རིམ་དེར་བསམས་ན
ང་རང་བདེ་སྣང་གིས་ཁེངས་འགྲོ བདེ་སྣང་གིས་ཁེངས་འགྲོ

བདག་གི་བློ་ངོར་ཤོང་དཀའ་བ་ནི
གྱེས་བྲལ་གྱི་སྐྱོ་བ་ལགས་པས
སྨྲ་བརྗོད་མི་བྱུང་བའི་དུས་ཚིགས་འདི་འདྲར
བཟོད་དཀའ་བའི་གྱེས་གདུང་དེ
མིག་ཆུ་ཐིགས་པ་གཅིག་གིས་མཚོན་པར་བྱེད་པ་ལས
ཐབས་མི་འདུག… …

དུས་འདིར་བདག་གིས་དྲན་བཞིན་པ་ནི
མེས་པོ་སྲོང་བཙན་ཡིན་ལ
དུས་འདིར་བདག་གིས་དྲན་བཞིན་པ་ནི
མགར་སྟོང་བཙན་དང་སྟག་སྒྲ་ཀླུ་ཁོང་ལྟ་བུའི
དཔའ་སྙིང་ཅན་གྱི་མི་བོ་ཆེ་དེ་དག་ཡིན་པས
ཁོང་ཚོའི་དཔའ་ངར་དེ་ད་ལྟ་མེ་རུ་འབར་བཞིན་འདུག
ཁོང་ཚོའི་སྙིང་སྟོབས་དེ་རྨང་ནས་སད་འགོ་བརྩམས་བྱུང
འབར་བཞིན་པའི་བདག་གི་དཔའ་བོ་ལགས
འབར་བཞིན་པའི་བདག་གི་དཔའ་མོ་ལགས
ངས་ཇི་ལྟར་བཙལ་ཀྱང་རྙེད་མ་ཐུབ་པ་ནི
པོ་ཏ་ལའི་རྒྱ་ཕིབས་ཡིན་མོད
ཁྱོད་ཀྱིས་བཙལ་ནས་རྙེད་སོང་བ་ནི
རལ་པ་ཅན་གྱི་བཙན་པོའི་དབུ་རྨོག་དེ་ལགས་པས
ང་རང་ཁྱོད་ཀྱི་མདུན་ནས་ངོ་གནོང་བཞིན་ཡོད་ལགས

གནའ་སྔ་མོ་སྔ་མོ་ཞིག་ལ
ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལ་འགྲོགས་ཏེ
སྟོད་ནས་སྨད་དུ་མཆེད་མྱོང་བའི་བཙན་པོའི་སྙིང་སྟོབས་དེ
ཉི་མ་དམར་པོར་འགྱུར་བའི་དེ་རིང
མཚོ་སྔོན་པོའི་རླབས་རིས་ལ་འཆིབ་སྟེ
སྨད་ནས་སྟོད་ལ་མཆེད་བཞིན་པའི་ངོ་མཚར་གྱི་ཀློང་ནས
སྦར་ཞིང་འབར་བའི་ཚེ་སྲོག་གི་མེ་ལྕེས
མི་ཡུལ་གྱི་མུན་པ་བསྲེགས་པའི་གཞོབ་དྲི་ཐུལ་འོང
སྦར་ཞིང་འབར་བའི་བདེན་དོན་གྱི་མཛེས་པ་དེས
ཁྱི་སྤྱང་གི་གདོང་འབག་སྲེག་གིན་པའི་ལྟད་མོ
མི་ཡུལ་གྱི་གླིང་ནས་བཤམས་བྱུང་ལགས

དེ་ལྟ་ནའང ཁྱོད་ཀྱི་ཚེ་སྲོག་གི་མཆོད་པ་དེའི་སྐྱིན་ཚབ་སུས་འཇལ་ལམ
འུ་ཅག་གི་གྱེས་བྲལ་གྱི་སྐྱོ་བ་འདི་ཇི་ལྟར་ཁ་བསབ་བམ
འབར་བཞིན་པའི་བདག་གི་སྤུན་ཟླ་ལགས
ད་ནི་ཁྱོད་ཀྱིས་རེ་ཞིག་ངལ་གསོས་དང
མེ་ཏོག་གི་འཇིག་རྟེན་འུ་ཅག་དང་ཐག་མི་རིང

སྙན་ངག

Post navigation

Previous Post: འཆར་ཤེལ་སྒང་གི་རྒྱབ་གཟུགས་དེ།
Next Post: འཁྱམ་པོའི་སེམས་འགྱུ།

Comments (4) on “འབར་བཞིན་པའི་བཙན་པོའི་སྙིང་སྟོབས།”

  1. རིག་པའི་བུ says:
    2012-12-02 at 6:16 am

    ཤར་ཕྱོགས་ཁུག་རྟ་ཁ་བརྡ་རྩོམ་སྒྲིག་ནང་སླེབས་པ་དང་མཉམ་དུ་ཁ་བརྡའི་རང་དབང་ལ་བཏང་འཛིན་མང་དུ་ཕྱིན་པ་དང་། ལྷག་པར་དུ་ཁོང་གིས་སྤེལ་བའི་རྩོམ་དང་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཡིན་པའི་ཟམ་རྩོམ་དང་ང་ཕོད་སོགས་ཀྱི་བསམ་ཚུལ་བཀོད་པའི་མཆན་བུ་རྣམས་ལས་རང་དང་འདོད་པ་མི་མཐུན་མཁན་ཀུན་རྩ་འགོག་བྱས་འདུག་པ་ནི་ཡིད་སྐྱོའི་གནས་ཚུལ་རེད་ལ། མ་འོངས་བར་ཁ་བརྡ་དྲ་བའི་མདུན་ལམ་ལ་གནོད་ངེས་རེད།

  2. རིག་པའི་བུ says:
    2012-12-02 at 6:17 am

    དེ་ནི་དམར་ཕྱོགས་པའི་ལས་བཏང་ཞིག་རེད།

  3. མེ་ཏོག་དཀར་པོ། says:
    2012-12-02 at 7:10 am

    རིག་པའི་བུས་བཤད་པ་བདེན།

  4. པདྨ་ says:
    2022-10-07 at 1:58 am

    འབར་བ་སྤུན་བདུན་གང་དང་གང་ཡིན་ནམ?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme