Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མའི་སྐོར་རྗེས་འབྲེལ་གནས་ཚུལ།

Posted on 2012-11-292021-09-04 By བོན་རྒྱ་བསྟན་འཛིན་རབ་རྒྱས་ 11 Comments on རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མའི་སྐོར་རྗེས་འབྲེལ་གནས་ཚུལ།

ཁོང་མོས་ཕ་མ་གཉིས་ཟི་ལིང་སྨན་ཁང་ལ་སོང་ཤུལ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པ་དང་། མེར་བསྲེགས་གནང་ས་དངོས་ནི་ནང་མིའི་ཁང་བའི་ལྟག་རྒྱབ་ཡིན་འདུག ཁོང་ཚང་གི་ཁྱིམ་ཚང་ཡོད་ས་ནི་མགོན་ཤུལ་ལ་ནག་རོ་ཞེས་པ་དེའི་མདོ་ཁ་ཡིན་འདུག མེར་བསྲེགས་མ་གནང་སྔོན་ལ་རྒྱལ་བ་རིན་པོ་ཆེ་སྐུ་པར་ཆེན་པོ་ཞིག་ཡོད་པ་དེ་འཁྱེར་ནས་སྒོར་སོང་ཡོད་པ་དང་། ཁྱིམ་ཚང་གི་ལྟག་རྒྱབ་ནས་སྐུ་པར་བཤམས་ཏེ་ཕྱག་འཚལ་ནས་སྨོན་ལམ་གནང་གིན་པ་མཐོང་འདུག་མོད། དོ་སྣང་བྱས་མི་འདུག་ལ། དེ་མ་ཐག་སྐུ་ལུས་མེར་བསྒྲོན་ཡོད་འདུག  རྒྱལ་བ་རིན་པོ་ཆེ་ཞེས་སྐད་ཤུགསཀྱིས་འབོད་ཀྱིན་པའང་མིང་སྲིང་ཚོས་གསལ་པོར་ཐོས་ཡོད་འདུག

ཁོང་མོ་འདས་གྲོངས་ཕྱིན་རྗེས་ཁ་ཆེམས་ཡི་གེ་བྲིས་ཡོད་པ་དང་། ཁ་པར་ནང་སྔོག་དུས་ལག་པ་གཡོན་པའི་སྟེང་ “ བོད་རང་བཙན་རྒྱལ་ཁབ” ཞེས་བྲིས་པའི་འདྲ་པར་འདི་འདྲའང་ཁ་ཤས་བརྒྱབ་ནས་བཞག་ཡོད་བཅས་རྙེད་འདུག

འབྲེལ་ཡོད་ནས་ཁོང་མོའི་ཕ་ལགས་སུ་བཙུན་མ་སངས་རྒྱས་སྒྲོལ་མས་རང་ལུས་མེར་བསྲེགས་བཏང་སྐོར་སྐད་ཆ་འདྲི་དུས། བོད་བསྟན་སྲིད་ཆེད་དུ་འདོད་དོན་ཆེན་པོ་ཞིག་འགྲུབ་ཡོད་པས། དམིགས་བསལ་ཞུ་རྒྱུ་མེད་མོད། ངེད་བཟའ་ཟླ་གཉིས་ལ་མཚོན་ན། ཁོག་གི་སྙིང་བྲུས་པ་དང་གཅིག་པ་རེད། ཅེས་བཤུམ་སྟེ་སྐད་ཆ་བཤད་ཐུབ་མི་འདུག  འབྲེལ་ཡོད་ནས་རྒྱུས་ལོན་ལྟར་ན། དེང་སྐབས་མིང་སྲིང་ཚོ་ཉིན་མཚན་མེད་པར་ངུ་ངག་གི་ཁྲོད་འཚོ་ཞིང་། སྐད་ཆའང་སྨྲ་ཐུབ་ཀི་མེད་པས་ཕ་མ་གཉིས་ལས་ཀྱང་མིང་སྲིང་ཚོའི་སེམས་ཁྲལ་ཆེས་ལྕི་བའི་སྣང་བ་བྱུང་ཡོད་འདུག་ལ། རྒྱ་གཞུང་གིས་མགོན་ཤུལ་ལ་འགྲོ་སའི་ལམ་འགག་ཆ་ཚང་བཀག་ནས་ནང་མིར་ཐུགས་གསོ་དང་། མཆོད་མེ་ཞལ་འདེབས་འབུལ་བར་འགྲོ་མཁན་རྣམས་ཀྱང་བཀག་ཡོད་པ་དང་། ཐ་ན་རྐང་ཐང་ལ་རི་ལུང་བསྐོར་ནས་སོང་ནའང་གསང་ཉུལ་བ་དང་སོ་སྲུང་བ་སྐྱ་འཐབ་ཀྱིས་ནང་མིར་ཐུག་འཕྲད་བྱེད་འཇུག་གི་མེད་འདུག་པ་མ་ཟད། བརྒྱུད་ལམ་ཆ་ཚང་བཀག་འགོག་དང་ཁ་པར་ལས་ནང་ཁུལ་ལ་སྐད་ཆ་བཤད་དུས་ཀྱང་སོ་ཉུལ་བས་རྩད་གཅོད་བྱེད་པ་སོགས་དམ་དྲག་གི་གནས་སྟངས་ཆགས་ཡོད་འདུག

ཨ་ནི་སངས་རྒྱས་སྒྲོལ་མ་ནི་རེབ་གོང་རྩེ་ཁོག་མགོན་ཤུལ་བར་སྐོར་ནས་ཡིན་ལ། ཕྱི་ཚེས་ལྟར་ན་ལོ་༡༦ དང་བོད་རྩིས་ལྟར་ན་ལོ་ ༡༧ ཡིན་པ་དང་། ཁོ་མོའི་ཕ་བསོད་ནམས་རྒྱལ་ལོ་ ༤༠  མ་དོན་གྲུབ་འཚོ་ལོ་ ༤༣ གཅེན་མོ་ལྷ་མོ་འཚོ་ལོ་ ༢༢ གཅེན་མོ་རིག་བྱེད་དབང་མོ་ལོ ༢༠ གཅུང་པོ་འཇམ་དབྱངས་ནོར་ལྡན་ལོ་ ༡༥ དང་། གཅུང་པོ་དབང་ཕྱུག་ཚེ་རིང་ལོ་ ༡༤ ཡིན་འདུག

གནས་ཚུལ་ཕྱོགས་སྒྲིག་པ་བོན་རྒྱ་བསྟན་འཛིན་རབ་རྒྱས།

གསར་འགྱུར།

Post navigation

Previous Post: སྟོན་རླུང་ཁྲོད་ནས་སྙིང་སྡུག་དྲན་པ།
Next Post: ཀླུ་ཆུ་ཟམ་ཚ་རུ་རང་ལུས་མེར་བསྲེགས།

Comments (11) on “རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མའི་སྐོར་རྗེས་འབྲེལ་གནས་ཚུལ།”

  1. ངག་དབང་ says:
    2012-11-29 at 2:47 am

    དཀོན་མཆོག་མཁྱེན་ནོ་

  2. རི་རྒྱལ་ཏི་སེ། says:
    2012-11-29 at 4:10 am

    ཁྱེད་ཀྱི་བློ་སྟོབས་ལ་རྗེས་སུ་ཡིད་རང་དང༌། བསམ་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།ཨོཾ་མ་ཎི་པད་མེ་ཧཱུཾ༔ ཨོཾ་མ་ཎི་པད་མེ་ཧཱུཾ༔ ཨོཾ་མ་ཎི་པད་མེ་ཧཱུཾ༔ ཨོཾ་མ་ཎི་པད་མེ་ཧཱུཾ༔ ཨོཾ་མ་ཎི་པད་མེ་ཧཱུཾ༔

  3. ཀརྡོ་གཉེར་ཕྱག་པ་ says:
    2012-11-29 at 4:36 am

    བློ་སྟོབས་ལ་རྗེས་སུ་ཡི་རང་དང༌། བསམ་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུའོ། །

  4. གནམ says:
    2012-11-29 at 5:32 am

    བོད་རང་བཙན་རྒྱལ་ཁབ། རེད། ཁྱེད་ཅག་གིས་ཅི་ཞིག་ལ་རང་ལུས་ཚུན་ཆད་ཕུལ་བཞིན་པ་འདི། འཇིག་རྟེན་ཧྲིལ་བོ་དང་ནང་དགོས་སུ་བཙན་བྱོལ་སྒྲིག་འཛུགས་གིས་གོ་ཤེས་ཞིག་ཡོད་ཚོད་ཡིན་ན་ཅི་མ་རུང་།
    བཙུན་མ་ཁྱོད་དང་ཁྱེད་ཅག་གིས་འདི་འདྲ་ཞིག་གསལ་གསལ་ཐང་ཐང་དུ་བྲིས་ནས་བུད་སོང་བ་འདིས། བོད་འདི་སྲོག་དང་ཁྲག་གིས་འཐབ་ནས་ལེན་དགོས་བ་དེ་ཡང་གསལ་གསལ་ཐང་ཐང་དུ་བཞག་ཡོད། ཁྱེད་ཅག་གི་བཞུད་ཤུལ་ནས་ངས་ཁྱེད་ཅག་གི་བསྒྲགས་ཚིག་ལ་ཁ་ཡ་བྱེད་ནི་རེ་ཨེ་ཡོད་འཚོལ་བཞིན་ཡོད།

  5. མཚོ་མོ says:
    2012-11-29 at 9:15 am

    ད་ཞལ་ཆེམས་ལ་དོགས་པ་ཟ་དགོས་མི་འདུག ཁ་བསྒྱུར་བྱེད་ས་མི་འདུག གཙོ་བོ་ཤུལ་ལུས་པ་དག་གི་བློ་ཁོག་ལ་ཐུག་འདུག

  6. ཐུ་བ་རྒྱ་མཚོ། says:
    2012-11-29 at 9:36 am

    བློ་གསལ་རིག་བཟང་སྙིང་སྟོབས་ཟླ་མེད་པའི། །
    རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མ་མཆོག །
    གངས་ཅན་འགྲོ་བའི་རང་དབང་བདེ་སྐྱིད་སླད། །
    གཅེས་པའི་སྲོག་དང་ལུས་ཀྱང་ཡོངས་བཏང་བ། །
    ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ནས། །
    བསམ་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་སྨོན། །

  7. འབྲོག་ཕྲུག says:
    2012-11-29 at 12:17 pm

    འདིས་བོད་རང་བཙན་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པ་གསལ་པོ་རེད་འདུག ད་ང་ཚོས་རང་དབང་གི་ཅེས་པའི་ཆེད་དུ་ག་ཚོད་དང་། རང་བཙན་གྱི་ཆེད་དུ་ག་ཚོད། དབུ་མའི་ལམ་གྱི་ཆེད་དུ་ག་ཚོད། ང་ཚོས་ངེས་པར་དུ་ཤི་བོ་འདི་དག་གི་ཁ་ཆེམས་ལ་བདག་པོ་རྒྱག་དགོས་པ་དང་། བདག་པོ་དེ་ཡང་ཁོ་རང་གི་མངོན་འདོད་དང་འཚམས་པར་བཟོ་དགོས་པ་ལས་གཡས་དཀྱུ་དང་གཡོན་དཀྱུ་མི་རུང་བར་སེམས།
    དཔལ་མོ་འདི་ཡི་བསམ་དོན་འགྲུབ་པ་ཤོག ང་ཚོའི་མངོན་འདོད་འགྲུབ་པར་ཤོག བོད་རང་བཙན།

  8. གསེར་འབྲུག་སྡེར་ལྔ་ says:
    2012-11-29 at 3:34 pm

    ཁྱེད་ཀྱིས་མཛད་རྗེས་ལ་གུས་བཏུས་དང་མྱ་ངན་ཞུ་བ་སྔོན་དུ་བཏང་ནས། དལ་བརྟེན་རིམ་བརྒྱུད་ཀྱི་སྒོ་འཕང་དང་འབྲེལ་མཐོ་སྒང་ཡུལ་དུ་ཡང་བསྐྱར་བྱོན་ནས་བོད་དང་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་པའི་རེ་སྨོན་ཞུ།
    ད་དུང་ཁྱེད་ཀྱི་ཕྱག་སྟེང་གི་ཕྱག་བྲིས་ཕྱག་བསྟར་མ་དེས་མངོན་འདོད་གསལ་པོ་མཚོན་འདུག་ཀྱང་མཐོ་སྒང་མི་རིགས་ཀྱི་མི་གཤིས་དང་ཁྲག་རྒྱུན། གདུང་ཞེན་དང་ལ་རྒྱ་ཡོད་ཚད་བོར་ཟིན་པའི་མི་བུ་ཚོས་ངོས་ལེན་བྱེད་མི་སྲིད་ཀྱང་དེ་ནི་ཏང་གི་རྐུབ་ལ་ལྕེ་ལྡག་རྒྱག་མཁན་ཁ་ཤས་མ་གཏོག་ངེད་མི་དམངས་ཚོ་ཁྱེད་ཚོའི་རྒྱབ་ཏུ་ཡོད་པས་ཐུགས་བློ་བདེ་པོ་གནང་རོགས།

  9. པདྨ་འཕྲིན་ལས་། says:
    2012-11-29 at 6:58 pm

    རྒྱལ་གཅེས་དཔའ་མོ་སངས་རྒྱས་སྒྲོལ་མ་མཆོག་ལ་གུས་འདུད་ཞུ་བ་དང་ཆབ་ཅིག། དྲ་གྲོགས་ཚོས་དཔའ་མོ་ཁོང་གི་ལག་པའི་ལྒང་ལ་བྲིས་ཡོད་པའི་བོད་རང་བཙན་རྒྱལ་ཁབ་ཞེས་པ་དེ་བེད་སྤྱོད་ལོག་པར་དང་ནས་བོད་མི་ནང་ཁུལ་ཕན་ཚན་སྐྱོན་འཛུགས་བྱེས་ན་དེ་ནི་ཧ་ཅང་མ་རོང་པ་རེད། དཔའ་མོ་སངས་རྒྱས་སྒྲོལ་མ་མཆོག་ནི་བོད་མི་རིགས་དང་རྒྱལ་ཁབ་གྱི་ཆེད་དུ་རང་ལུས་མེ་བསྲེགས་བཏང་བ་རེད། བོད་ཆོལ་ཁ་གསུམ་པའི་རང་དབང་གི་ཆེད་དུ་རང་ལུས་ཤོར་པ་རེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་རང་བསྲེགས་བཏང་བ་རེད། བོད་མི་ས་ཡ་དྲུག་པོས་འཆམ་པོ་དང་མཉམ་གནས་ཀྱི་ཆེད་དུ་རང་ལ་དབང་པའི་མི་ལུས་འདི་ཡང་འཇིག་རྟེན་འདི་ནས་ཁ་བྲལ་བ་རེད། ད་ང་ཚོ་བོད་ནང་དང་ཕྱི་ན་ཡོད་པའི་བོད་མི་ཚང་མའི་ནང་ཁུལ་འཆམ་པོ་དང་མཐུན་པོ་བྱེད་རྒྱུ་དེ་གལ་ཆེན་རེད་འདོད། ང་ཚོ་ཚང་མ་སེམས་ཚོར་དང་སྡུག་བསྔལ་ཡོད་པ་ཤེས་ཡོད། འོན་ཀྱང་ང་ཚོས་སེམས་ཚོར་དེ་བཟོད་སྒོམ་བྱེད་མ་ཐུབ་པར་བོད་མི་ནང་ཁུལ་ལ་སྐྱོན་འཛུགས་བྱེད་རེར་བྱེད་ན་མ་འོངས་པ་ང་ཚོ་ནང་ཁུལ་ལ་མཇུགས་འབྲས་ག་རེ་རག་ཡོངས། ད་ལྟ་བར་དུ་དཔའ་བོ་དང་དཔའ་མོ་བརྒྱ་བཅུ་གྱ་དགུ་ཡི་བོད་མི་རིགས་དང་རང་དབང་ཆེད་དུ་རང་ལུས་ཤོར་བ་རེད། དེ་དག་ལ་ལྟ་ཚུལ་ག་འདྲ་ཤིག་བཞག་ཡོང་བསམས་ནས་ང་ལ་སེམས་ཁྲལ་བྱེ་དྲག་ཡོང་གི་འདུག།

  10. འབུམ་ཤུལ། says:
    2012-11-30 at 4:09 am

    དཔའ་མོ་མཆོག་གིས་ལག་པའི་སྟེང་ལ་འདི་ལྟར་བྲིས་ཏེ་དཔར་བརྒྱབ་ནས་རང་ལུས་མེར་བསྲེགས་གནང་བ་འདིས། ང་ཚོར་གཞིས་ལུས་བོད་མི་ཚོའི་མངོན་འདོད་རེ་བ་ག་རེའི་ཆེད་དུ་མེར་བསྲེགས་གནང་བཞིན་པ་གསལ་པོ་བཟོས་པ་རེད་ལ། རང་བཙན་དང་རང་དབང་ཞེས་པའི་འབོད་ཚིག་གཉིས་པོ་གང་ཡིན་རུང་རྒྱ་ནག་གི་རྩ་ཁྲིམས་འོག་གི་མི་རིགས་ས་ཁོངས་རང་སྐྱོང་གི་གནས་བབ་ལ་དབུ་མའི་ལམ་ཞེས་འབོད་བཞིན་པ་འདིའི་རྭ་བ་ལས་བརྒལ་བའི་འབོད་ཚིག་ཡིན་པ་དེ་གསལ་པོ་དང་དོགས་པ་ཐེ་ཚོམ་རྩ་བ་ནས་མེད་པ་ཞིག་རེད། དེར་བརྟེན་གཞིས་ལུས་བོད་མིའི་འབོད་ཚིག་འདི་དག་གཞི་ལ་བཞག་པའི་ལམ་ཞིག་རྩོད་རྒྱུའི་གྲ་སྒྲིག་ང་ཚོ་ཚང་མས་བསམ་བློ་གཏོང་དགོས་པ་དེ་ཐུགས་ལ་འཛིན་དགོས།

  11. བསོད་ནམས་རིན་ཆེན། says:
    2012-12-01 at 10:23 am

    དངོས་ཡོད་ཀྱིགནས་ཚུལ་གླེང་མོ་གནང་ན་ཡག་པོ་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme