Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མདོ་སྨད་བླ་བྲང་བསང་ཁོག་དངུལ་རྭ་ནས་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།

Posted on 2012-11-282012-11-28 By ཁ་བརྡ་ 4 Comments on བོད་མདོ་སྨད་བླ་བྲང་བསང་ཁོག་དངུལ་རྭ་ནས་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།

གནས་ཚུལ་མཁོ་འདོན་པ། འཇམ་དབྱངས་སྦྱིན་པ། ༼ས་རཱ་མཐོ་སློབ༽

ཕྱི་ལོ་༢༠༡༢།༡༡།༢༧སྟེ་ཁ་སང་བོད་ནང་གི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཙམ་གྱི་སྟེང་གོང་འཁོད་དཔའ་བོ་ཁོང་གིས་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་(གྲོང་ཚོ)ཐོག  དེ་སྔོན་དཔའ་བོ་ཐུབ་དབང་སྐྱབས་ཀྱིས་རང་ལུས་མེར་བསྲེག་གནང་སའི་ས་དེའི་གཡས་གཡོན་ཞིག་ནས་བོད་བསྟན་སྲིད་སླད་སྐུ་ལུས་མེར་བསྲེགས་བཏང་འདུག  ཉིན་དེར་ཁོང་དང་གྲོགས་པོ་འགས་སྦག་སྦག་ཞོན་ནས་ཡར་བསང་ཁོང་གྲོང་ཚོའི་ནང་སླེབས་ཡོད་པ་དང་།  དེ་ནས་མེར་བསྲེག་མ་བཏང་བའི་སྔོན་ཏག་ཏག་དེར་ཁོང་གིས་ཕ་སྤུན་གྱི་བུ་སྤུན་ཚེ་བྷེ་ཟེར་བར་ཁ་པར་བཏང་སྟེ། ངས་བོད་དོན་ཆེད་མེར་བསྲེག་གི་ཡིན་ཞེས་པ་ཙམ་ལས་གསུངས་མི་འདུག མེར་བསྲེགས་སྐབས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་ཡོད། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་མ་རྣམས་གློད་གྲོད་གཏོང་དགོས།  ཞེས་སྐད་འབོད་གནང་ཡོད་པ་གསལ་བོ་གསལ་རྐྱང་རེད་འདུག
ཁོང་གི་ཕའི་མིང་ལ་ནམ་ཁོ་ཟེར་གྱི་ཡོད་པ་དང་། དཔའ་པོ་ཁོང་དགུང་ལོ་༡༨རེད། ཁོང་ལ་སྤུན་མཆེད་བཞི་ཡོད། ཁོང་སྔོན་མ་བསང་ཁོག་སློབ་ཆུང་ནང་ལོ་བཞི་ཙམ་གྱི་རིང་སློབ་གྲྭར་སོང་མྱོང་ཞིང་།   རྗེས་སུ་ཕ་ཡུལ་ནས་ཟོག་རྫི་སོགས་ཀྱི་ལས་ཀ་བྱས་ཏེ་སྡོད་ཀྱི་ཡོད་པ་རེད། ཁོང་ཕ་མའི་ཁ་ལ་ཉན་པོ་དང་ཤོ་རྒྱག་འཁྱམ་ཉུལ་སོགས་ཀྱི་རིགས་གཏན་ནས་མི་བྱེད་པར་ཡ་རབས་ཚུལ་མཐུན་ངང་བཞུགས་མཁན་ཞིག་ཡིན་པ་རེད།  ཁོང་ཕ་ནམ་ཁོའི་ཚེགས་ལེན་དང་།  གཅེས་པའི་བུ། རེ་བའི་ལྟོས་ས་དེ་ཆགས་ཡོད་ལ། ཁོང་མེད་པའི་ཤུལ་དུ་ཁྱིམ་དེར་ཁོང་གི་ཕ་དང་མ་གཡར། བུ་ཆུང་ལོ་གསུམ་ཅན་བཅས་ལྷག་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: ལག་འཁྱེར་ཁ་པར་དུ་བོད་ཡིག་མི་འཆར་བའི་དཀའ་ངལ་སེལ་ཐབས ༼པར་རིས་ལྷན་སྦྱར༽
Next Post: མེས་པོ་དྲན་གླུ

Comments (4) on “བོད་མདོ་སྨད་བླ་བྲང་བསང་ཁོག་དངུལ་རྭ་ནས་རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།”

  1. རང་གྲོལ། says:
    2012-11-28 at 8:57 am

    ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔

  2. བན་དེ་བ། says:
    2012-11-28 at 9:56 am

    ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔

  3. ཐུ་བ་རྒྱ་མཚོ། says:
    2012-11-28 at 1:59 pm

    གངས་ཅན་འགྲོ་བའི་རང་དབང་སྐྱིད་སླད། །
    རང་གི་ལུས་དང་སྲོག་ཀྱང་ཡོངས་བཏང་བའི། །
    རྒྱལ་གཅེས་དཔའ་བོ་སངས་རྒྱས་བཀྲ་ཤིས་མཆོག །
    ཞིང་མཆོག་བདེ་བ་ཅན་དུ་མྱུར་སྐྱེ་ཤོག །

  4. ངོ་ལུག says:
    2012-11-28 at 6:01 pm

    ཅི་བྲི་དགོས་མ་ཤེས། ཡོད་པ་ནི་མྱ་ངན་ཡིན། མ་ནི་འདོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme