Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཞིས་སྡོད་བོད་མི་ཤེས་ཡོན་པ་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་གི་ཡོད།

Posted on 2012-11-272012-11-27 By དབང་ཕྱུག་ 17 Comments on གཞིས་སྡོད་བོད་མི་ཤེས་ཡོན་པ་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་གི་ཡོད།

བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༦ གི་ཕྱི་དྲོའི་བོད་ནང་གི་དུས་ཚོད་བཅུ་པ་ནས་ཕྱི་ཚེས་༢༨ ཀྱི་སྔ་དྲོའི་དུས་ཚོད་༨ བར་དུ་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཁམས་བྲག་འགོ། འཇོ་མདའ། རྫ་ཆུ་ཁ། ཁྲི་འདུ། གསེར་རྟ། མཚོ་སྔོན་ཟི་ལང་། རེབ་གོང་། དཀར་མཛེས། དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུའུ་བཅས་སུ་ཡོད་པའི་བོད་མི་དྲུག་ཅུ་ལྷག་གིས་ས་གནས་སོ་སོ་ནས་ཟས་བཅད་ངོ་རྒོལ་དང་། གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་བ་སྨོན་ལམ་གནང་གི་ཡོད་འདུག་ལ། བོད་མི་དེ་དག་ནི་ས་གནས་སོ་སོར་ཡོད་པའི་སློབ་གྲྭ་ཆེན་མོ་པ་དང་། རྒྱལ་ཁབ་ཀྱི་ལས་བྱེད་པ། རྩོམ་པ་པོ། གྲྭ་པ། ཚོང་པ་སོགས་ལས་རིགས་འདྲ་མིན་གཉེར་བཞིན་པའི་ཤེས་ལྡན་པ་རྐྱང་རྐྱང་ཡིན་ཞིང་། དེ་ལྟར་གནང་དགོས་པའི་རྒྱུ་མཚན་ནི་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་༩༡ ལྷག་གིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་ཞིང་། དེ་བས་མང་པོ་ཞིག་ཁྲི་མུན་བཙོན་འཇུག་བྱས་ཏེ་མནར་གཅོད་བཟོད་བརླག་མེད་པ་མྱངས་དང་མྱོང་བཞིན་ཡོད་པ་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་བཅས།

 

ཀ་ཉག་ཚེ་རིང་གིས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༧ ལ།

གསར་འགྱུར།

Post navigation

Previous Post: རྒྱ་རིགས་ཚོས་འབོད་སྐུལ་སྙན་ཞུ།
Next Post: ཚེ་སྲོག་གི་འོད་སྣང་།

Comments (17) on “གཞིས་སྡོད་བོད་མི་ཤེས་ཡོན་པ་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་གི་ཡོད།”

  1. དཔའ་བོ་། says:
    2012-11-27 at 1:19 pm

    དངོ་ནས་དཔའ་བོ་རེད་ཁོང་རྣམས་པའི་མཛད་བརྗེས་ལ་སྙིང་ནས་གུས་འདུད་ཞུ་།

  2. རྩ་འགབ་ཚང་། says:
    2012-11-27 at 1:24 pm

    གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་དང་ཆོད་སེམས་ཇེ་ནས་ཇེ་ཆེ་རེད་་་་་དེ་བོད་མིའི་འཐབ་རྕོད་ཀྱི་ངར་ཤུགས་བླ་མེད་དུ་འཕེལ་གྱི་ཡོད་པའི་མངོན་རྟགས་གསལ་བོ་ཞིག་རེད།

  3. བསྟན་རིག་ says:
    2012-11-27 at 2:11 pm

    ཁོང་རྣམས་པས་མཛད་བརྗེས་ལ་སྙིང་ནས་གུས་འདུད་དང་དགའ་གསོ་ཞུས་།

  4. བྱབ་ཆུང་ says:
    2012-11-27 at 2:37 pm

    མཛད་རྗེས་རེད་དང་དཔའ་བོ་རེད་ཟེར་ནས་མ་སྡོད་ཁོ་རེ། ད་ཉལ་ས་ནས་མར་དོན་ཤོག རང་དབང་རྒྱལ་ཁབ་ལ་ཡོད་རེད། སྐད་འབོད་རྒྱོབ་ཤོག རྒྱུགས་ཤར་གློད་ཤོག རྒྱ་དམར་གྱི་གཞུང་ཙབ་གཏོར་ཤོག ཏ་ལའི་བླ་མ་བོད་ལ་སྐྱོལ་ཤོག

  5. Gonpo says:
    2012-11-27 at 5:10 pm

    བྱབ་ཆུང་འགན་ཁུར་མེད་པའི་སྐད་ཆ་མ་བཤད་ན་དགའ་གི་རེད་

  6. ཀརྡོ་གཉེར་ཕྱག་པ་ says:
    2012-11-27 at 5:20 pm

    ངས་བསྒུག་ནས་བསྡད་སའི་ལས་འགུལ་ཅིག་ནི། གཞིས་སྡོད་བོད་མི་ཤེས་ཡོན་པ་ ༦༠ ལྷག་གིས་ཟས་བཅད་ངོ་རྒོལ་གནང་གི་ཡོད་པ་འདི་ཡིན་ནོ། ད་འགྲིགས་སོང་སྙམ་ལགས། མུ་མཐུད་ཅིག མུ་མཐུད་ཅིག མུ་མཐུད་ཅིག །

  7. ཀརྡོ་གཉེར་ཕྱག་པ་ says:
    2012-11-27 at 5:22 pm

    བྱབ་ཆུང་ལགས།
    ་་་ ཏ་ལའི་བླ་མ་བོད་ལ་སྐྱོལ་ཤོག ་་་་་ཟེར་ན་གང་རེད། ༸གོང་ས་མཆོག་གི་ཆེད་དུ་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་དོན་གང་ཡང་མེད་དོ། བྱབ་ཆུང་ཁོ་རེ། འདི་ཡང་ཤེས་པར་གྱིས་ཤིགུ

  8. རླངས་སྔགས says:
    2012-11-27 at 7:09 pm

    བོད་ནང་གི་སྙིང་སྟོབས་འདིས་བཙན་པོའི་བླ་ཤིང་འགྱེལ་ས་ནས་སླར་བསྒྲེང་བར་སྨོན།

  9. བན་དེ་བ། says:
    2012-11-27 at 7:33 pm

    མི་འདི་དང་འདི་ཞེས་མིང་མེད་ཙང་གནས་ཚུལ་ངོ་ཐོག་གང་འདྲ་ཡིན་མིན་ཆ་མ་འཚལ་ཙང་བསམ་ཚུལ་བཤད་མ་ཤེས་སོང།

  10. བྱབ་ཆུང་ says:
    2012-11-27 at 7:51 pm

    ༡༡༽ ཀརྡོ་གཉེར་ཕྱག་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ གི་ཆུ་ཚོད་ ༡༦ སྐར་མ་ ༥༨

    བྱབ་ཆུང་གིས།
    ་་་་ཏ་ལའི་བླ་མ་རྒྱ་སོག་ཀོར་ལ་ཆོས་བཤད་ནས་ཉི་མ་འཁྱོལ་གྱི་ཡོད་ན། ཨ་ཙེ།་བོད་པ་ཟེར་མཁན་དེ་སྙིང་རྗེ་རེད། དཀོན་མཆོག་གིས་མཁྱེན་ནོ། ཟེར། ཧཧཧཧཧཧཧཧཧཧིཧིཧིཧིཧིཧིཧིཧིཧིཧིཧུཧུཧུཧུཧུཧུཧུཧུཕཊཕཊཕཊ།།།།།།།།།།
    ༡༢༽ བྱབ་ཆུང་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༧ གི་ཆུ་ཚོད་ ༡༩ སྐར་མ་ ༣༨
    སྐྱག་དྲི་ཅན་གྱི་སྔགས་དེ་འཇོན་པོ་ཡོད་ན་ཕ་རོལ་དགྲ་ལ་རྒྱོབ། ང་ལ་ནི་དེ་དག་ནི་གསང་སྤྱོད་སྔོགས་ན་སྐྱག་དྲི་དཔེ་ལྟར་ལས་གཞན་ནུས་པ་ཐོན་མི་སྲིད། སྟབས་ལེགས་པ་ཞིག་ནི་ང་རང་་གསང་སྤྱོད་ནང་བསྡད་དྲག་པའི་ཡོན་ཏན་གྱི་སྐྱག་དྲི་ལ་ཚོར་སྣ་ཅང་མི་འདུག མ་གཞི་ནས་་ཀརྡོ་ཟེར་མཁན་མིའམ་ཅི་དེའི་སྐད་ཆ་ཤོད་སྟངས་ལ་བལྟས་ན་ཁོ་་སྨྱོ་ནས་ཡོད་པའམ་སེམས་ཐང་ཐང་རང་མེད་པ་ཞིག་ཡིན་པར་སེམས། གལ་སྲིད་ལུས་པོ་ནག་རིལ་དེ་ལ་ལྷ་རྡོ་རྗེ་ཤུགས་ལྡན་ཟེར་མཁན་དེ་བཞུགས་ཡོད་པ་འདྲ་ཡིན་ན། ཡང་སྐྱར་དཀོན་མཆོག་གྱིས་མཁྱེན་ནོ་ཞེས་ཟེར་ཡས་ལས་གཞན་ཐབས་ཤེས་གང་ཡང་མི་འདུག བླ་འགུག་ཚེ་འགུག་འདྲ་བྱེད་ཀྱི་ཡིན་ན་བློ་བཟང་རྒྱ་མཚོར་འབྲེལ་བ་བྱེད་དང་འགྲིག་གི་རེད། ཁོ་ད་ལྟ་རྒྱ་མིའི་ཟ་ཁང་ཞིག་དུ་མ་བྱན་བྱེད་ཞོར་ལ་ཁོ་རང་གི་གྲོགས་པོ་ཁྱི་སྨྱོན་འདྲ་བ་ཆགས་ནས་ཡོད་པ་དེ་ཚོར་ཞབས་བསྟན་འདྲ་བྱེད་ཀྱི་ཡོད་ས་རེད། ད་ག་ཡིན།

  11. མཁས་དབང་ says:
    2012-11-27 at 8:57 pm

    ད་ཡིན་ན་རྡ་ས་སྒྲིགས་འཛུགས་གི་ལས་དཀའ་ཡག་པོ་བྱེད་གི་འདུག་་་་་ཐུགས་རྗེས་ཆེ་ཞུ་གི་ཡིན་་་་་་

  12. གཡུ་བྲག་པ says:
    2012-11-27 at 9:13 pm

    རྡ་ས་སྒྲིག་འཛུགས་ཀྱིས་ལས་ཀ་ག་རེ་ཡག་པོ་བྱེད་ཀྱིན་འདུག མཁས་དབང་ལགས་ཅིག་གསུངས་དང་།

  13. མཚོ་མོ says:
    2012-11-27 at 9:41 pm

    གནས་ཚུལ་འདིར་དོ་སྣང་དགོས་ལ། ཁ་གསལ་བཟོ་དགོས་འདུག ཀ་ཉག་གི་གང་བཤད་ལ་ཉན་རྒྱུ་མེད་སྟབས།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-11-28 at 2:04 am

    ངའི་ཕ་དང་འདྲ་བའི་༸མགོན་བསྟན་འཛིན་རྒྱ་མཚོ་ལ་ཟུར་ཟ་དང་བརྙས་དམོད་ཚིག་ཅིག་ཤོད་མཁན་་མི་དེ་ཚོའི་རིགས་ལ་ངས་ཚར་གཅོད་ཐག་གཅོད་ཡིན་ནོ། །བྱབ་ཆུང་ལགས། དེ་ག་དུས་ཡིན་ན་ཡང་མ་བརྗེད་པར་གྱིས་ཤིགུ

  15. ཁྱུང་དཀར says:
    2012-11-28 at 3:52 am

    ཟས་བཅད་ངོ་རྒོལ་འདི་ས་གནས་ཁག་སོ་སོར་ནས་བྱས་བཞག་པ་བཀོད་འདུག་པས་ཟས་བཅད་ངོ་རྒོལ་འདི་སྲིད་གཞུང་གི་སྒོ་འགྲམ་དང་ཡང་ན་ཁྲོམ་གཞུང་། ཡང་མིན་ན་རང་ཉིད་ཀྱི་སྡོད་གནས་སུ་ཟས་བཅད་བྱས་མིན་གནས་ཚུལ་ཁ་གསལ་རེ་བཀོད་ཐུབ་ལེགས་པར་སྙམ།

  16. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-11-28 at 9:43 am

    བསྔགས་བརྗོད་དང་རྗེས་སུ་ཡིད་རིང་ཡོད་ཁོང་རྣམས་ཀྱི་ཆོད་སེམས་དང་བློས་བཏང་སོགས་སུ་ཧ་ལས་དགོས་པ་ཞིག་རེད་སྙམ་མོ།

  17. རླངས་སྔགས says:
    2012-11-28 at 6:50 pm

    དྲྭ་གྲོགས་ཚོར་བོད་ནང་གི་གནས་ཚུལ་དང་ལས་འགུལ་གང་ཡིན་ཡང་ཕྱི་གསལ་མངོན་གསལ་མེད་ཚེ། ང་ཚོས་དེའི་སྐོར་བརྩད་བཅད་དེ་གསལ་བཤད་བྱས་ན་ཁོང་ཚོ་རྒྱ་ལག་ཏུ་ཚུད་པར་ཉེན་ཁ་ཡོད་པས་ཕན་འབྲས་ལས་གནོད་པ་ཆེ། དེ་བས་གུ་ཡངས་བཞག་ན་བཟང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme