Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙུན་མ་སངས་རྒྱས་སྒྲོལ་མའི་ཞལ་ཆེམས།

Posted on 2012-11-272012-11-27 By ཤར་ཕྱོགས་ཁུག་རྟ། 7 Comments on བཙུན་མ་སངས་རྒྱས་སྒྲོལ་མའི་ཞལ་ཆེམས།

 

༄༅།། ཕྱི་ལོ ༢༠༡༢ ཟླ་༡༡ ཚེས་ ༢༥ ཉིན།  བོད་ནང་གི་དགོང་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བར་སྐོར་སྡེ་བའི་རང་ལོ་༡༧ ཡིན་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་ཆེད།   བར་སྐོར་སྡེ་བའི་ལ་ནག་སྐེད་དུ་རང་ལུས་མེར་བསྲེགས་བཏང་སྟེ་” ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན” ཞེས་སྐད་འབོད་གནང་སྟེ།     མེ་ལྕེ་འབར་ཤུགས་ཆེ་བས་ཐང་ལ་ཀན་རྐྱལ་དུ་འགྱེལ་ཡོད་ཀྱང་ལག་པ་གཉིས་ཐལ་མོ་སྦྱར་ཏེ།   སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་།   ཚེས  ༢༦ ཉིན་གྱི་ཞོགས་པར་ས་གནས་སྐྱ་སེར་མི་མང་འདུ་འཛོམས་ཐོག   རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་གདན་འདྲེན་གྱིས་ཞུགས་འབུལ་གནང་ཡོད་འདུག

རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ནི།   ཕ་བསོད་ནམས་རྒྱལ་ལོ ༤༠ དང་།  མ་དོན་འགྲུབ་འཚོ་ལོ ༤༣  གཉིས་ཀྱི་བུ་མོ་ཡིན་པ་དང་། སྤུན་ཆེ་བ་ལྷ་མོ་འཚོ ༢༢ དང་།  དེའི་ཆུང་བ་བཙུན་མ་ཞིག་ཡོད་པའི་མིང་ལ་རིག་བྱེད་དབང་མོ ༢༠ དང་། སྤུན་ཆུང་བའི་མིང་ལ་འཇམ་དབྱངས་བློ་ལྡན༡༥ དང།  ཆུང་བ་དབང་ཕྱུག་ཚེ་རིང་༡༤ ཡིན་འདུག  བཙུན་མ་ཁོང་ནི།  གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་བཙུན་མ་ཡིན་པ་རེད།

རྒྱལ་གཅེས་དཔའ་མོ་ཁོང་གི་ཞལ་ཆེམས་ནང་།

ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་དགོང་སྔོན་གནམ་ལ་ལྟོས། །བྲག་དཀར་ཐེམ་པའི་གུར་ཁང་དུ།  ང་ཡི་བླ་མ་ཕྱིར་ཕེབས་སོང་།  །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་རྩེ་ལ་ལྟོས།  གངས་སེང་དཀར་མོ་ཕྱིར་ཕེབས་སོང་།  །ང་ཡི་གངས་སེང་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས།  །ཡར་གྱི་རྒྱ་རྫོང་ནགས་ལ་ལྟོས།  །ཐང་དང་གཡུ་ལོའི་མཛེས་སྡུག་ལྟོས། །ང་ཡི་རྒྱ་སྟག་ཕྱིར་ཕེབས་སོང་།  བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། །གངས་ཅན་སྐལ་བ་ཡར་འགྲོ་རེད།  །བོད་པ་རང་དབང་རང་བཙན་རེད། །རྒྱལ་བ་བསྟན་འཛིན་རྒྱ་མཚོ། །རྒྱང་རིང་ཡུལ་ན་ཡོད་དུས། །རྒྱལ་ཁམས་བསྐོར་ནས་ཕེབས་དུས།  །སྡུག་བསྔལ་འོག་གི་གདོང་དམར་བོད་པ།།   མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ།  །པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། །བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས།། ང་ཡི་ཁ་བ་གངས་རིའི་ལྗོངས་ལ། །བདེ་སྐྱིད་ཉི་མ་ཤར་བར་སྨོན། །ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ།  ཞེས་བྲིས་ཡོད་འདུག་པ་དང་། འདྲ་པར་ཞིག་གི་སྟེང་དུ།  གངས་དཀར་པོའི་གཅེས་ཕྲུག་གངས་ཅན་བུ་དང་བུ་མོ།  གངས་རིའི་བུ་རྒོད་རྣམ་པ་བོད་པ་ཡིན་པ་མ་བརྗེད།

སངས་རྒྱས་སྒྲོལ་མ་ནས་ཞེས་བྲིས་འདུག  ཡིག་སྐོགས་ཀྱི་སྟེང་ལ་བོད་རང་བཙན་རྒྱལ་ཁབ། ཞེས་སོགས་བྲིས་ཡོད་འདུག

གསར་འགྱུར།

Post navigation

Previous Post: སྟོན་ལྗོངས་ཀྱི་ཟིན་ཐོ་དང་པོ།
Next Post: ཕྱི་ཚེས་ ༢༦ ཉིན་རང་ལུས་མེ་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཀླུ་ཆུའི་མགོན་པོ་ཚེ་རིང་གི་འདྲ་པར།

Comments (7) on “བཙུན་མ་སངས་རྒྱས་སྒྲོལ་མའི་ཞལ་ཆེམས།”

  1. མེ་ཏོག་དཀར་པོ། says:
    2012-11-27 at 5:27 am

    ” །བོད་པ་རང་དབང་རང་བཙན་རེད། “འདི་ལ་བཀའ་ལོག་དམ་ལོག་མ་ཟེར་རོགས་ཨེ། ཤར་ཁུགས་གིས་འདི་ལ་གཅིག་ལྟོས།

  2. རི་རྒྱལ་ཏི་སེ། says:
    2012-11-27 at 6:30 am

    བཙུན་མ་ཁྱེད་ཀྱི་ཁ་ཞལ་ཆེམས་ཀྱི་བརྗོད་དོན་མྱུར་དུ་འགྲུབ་པའི་སྨོན་འདུན་དང༌། སྐུ་ཉིད་ཕྱི་མ་ངན་སོང་གི་འཇིགས་སྐྲག་ལས་གྲོལ་ནས། འཕགས་པ་མིག་མི་འཛུམ་པའི་ཞིང་མཆོག་ཏུ་སྐྱེ་བའི་ཐུགས་བསྐྱེད་གནང་བར་ཞུ་ཞུ།།

  3. ཨ་རིག་དགེ་མཐོང་གིས། says:
    2012-11-27 at 8:03 am

    ཞལ་ཆེམས་ཟེར་བ་འདི་ཧ་ཅང་གི་གལ་ཆེན་རེད། འོན་ཀྱང་སོ་སོས་ཕྱག་བྲིས་དངོས་གནས་རེ་ལག་ཏུ་རག་ཚེ་དེ་བས་ཀྱང་ནུས་པ་ཆེ། དེ་མིན་ཞལ་ཆེམས་འདི་ནས་ཡི་གེ་རྫུན་མ་བཟོས་ན་སྤྱི་ལ་ཕན་པ་ལས་གནོད་ངེས་རེད། ཉིད་ཀྱི་འདི་དེ་འདྲ་རེད་ཟེར་གི་མེད། ཡིན་ནའང་ཕྱག་བྲིས་དངོས་མ་རག་པར་སྤྱི་ཚོགས་ནང་དུ་མ་བཀྲམ་ན་ལེགས་པའི་རེ་བ་ཙམ་ཡིན།

  4. རེབ་སྐྱིད་མཚོ says:
    2012-11-27 at 8:06 am

    ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ།

  5. ཇ་མ་ says:
    2012-11-27 at 8:55 am

    ཞལ་ཆེམས་འདི་བདེན་པ་ཡིན་རྒྱུ་རེད་བསམ། རྩེ་ཁོག་རྫོང་གི་ལས་བྱེད་ཞིག་གིས་ཨ་ནེ་སངས་རྒྱས་སྒྲོན་མར་ཤེས་འཇོན་དང་ལྷག་བསམ་ཡོད་མཁན་ཞིག་ཡིན་པར་བཤད། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ། ཨཱྃ་མ་ཎི་པདྨེ་ཧཱུྃ།

  6. རྔ་རྒྱལ། says:
    2012-11-27 at 12:07 pm

    ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔

  7. དབྱངས་ཅན says:
    2012-11-27 at 2:13 pm

    ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ ཨོཾ་མ་ཎི་པད་་མེ་ཧཱུཾ༔ འདི་འདྲའི་བཙུན་མ་ཆུང་ཆུང་ཞིག ཨ་ཁ་ཁ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme