Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཁྲི་འདེམས་ན་འདིར་རྒྱུགས།

Posted on 2009-08-07 By dhatsenpa 9 Comments on བཀའ་ཁྲི་འདེམས་ན་འདིར་རྒྱུགས།

kalontripa.org འདིའི་ནང་ཕྱིན་ན་ཁྱེད་རང་གིས་བཀའ་ཁྲིའི་འོས་གཞི་ཐད་ཀར་འདེམས་ཐུབ།
ད་བཀའ་ཟུར་རྙིང་པ་སྤོར་ཏོ། ཀླད་རྡིབ་ཆགས་པ་དེ་ཚོ་འདེམས་མ་འདེམས་ཨེ་ཡོད། སེམས་ཤུགས་དང་ཡིད་ཆེས་ཀྱིས་ཁེངས་པའི་གཞོན་ནུ་ཞིག་འདེམས་ན་མ་རེད་པས།
བཀའ་ཁྲིའི་ལོ་ཚོད་དེ་མ་མཐའ་ལོ་ ༣༥ རེད། ཡ་མཚན་པ་ཞིག་ལ་ཡ་མཐའ་མི་འདུག ཕལ་ཆེར་ཕྱིའི་རྒྱལ་ཁབ་ཁག་གི་རྗེས་སུ་ཧོལ་རྒྱུགས་བྱས་པ་འདྲ། ཨ་རི་ལའང་མ་མཐའ་ལོ་ ༣༥ དང་ཡ་མཐའ་མི་འདུག
དེའི་སྐོར་དྲ་ཐོག་ནས་དྲི་བ་ཞིག་དྲིས་པའི་ལན་དུ། ཁྲིམས་ཀྱིས་ལོ་ཚོད་ལ་དབྱེ་འབྱེད་བྱེད་རྒྱུར་དགག་ཆ་བྱེད་གི་རེད་ལྟ་བུའི་ལན་ཞིག་མཐོང་། དེས་ན་མ་མཐའ་ལོ་ ༣༥་ཟེར་བ་འདིའང་ལོ་ཚོད་ལ་དབྱེ་འབྱེད་བྱས་པ་མ་ཡིན་ནམ།
དངོས་གནས་བྱས་ན་རྒྱལ་ཁབ་ཀྱི་སྤྱི་འབངས་ཆགས་པའི་ལོ་ནས་ཐོབ་ཐང་འདྲ་མཉམ་དགོས་པར་མཐོང་། ཕྱོགས་གཅིག་ནས་རྒན་གསོ་ཆགས་ཟིན་ནའང་ད་རུང་སྲིད་འཛིན་དུ་སྡོད་རྒྱུའི་ཐོབ་ཐང་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་ཀྱི་སྤྱི་འབངས་ཆགས་སྲིད་ནའང་ད་རུང་དེའི་ཐོབ་ཐང་མེད་པ་དེ་ཁྱད་མཚར་རེད། ཉམས་མྱོང་ཡོད་མེད་དེ་གཞན་ཞིག་རེད། གང་ལྟར་ཐོབ་ཐང་གང་ཞིག་རྩོད་རྒྱུའི་ལམ་ཁ་དེ་འདྲ་མཚུངས་ཀྱིས་གུ་ཡངས་པོ་བྱས་ནས་འཇོག་དགོས་པ་ཞིག་རེད།

གསར་འགྱུར།

Post navigation

Previous Post: ལྷ་འདྲེ་ཡི་གཏོར་བརླག་གི་ཁྲོད་ན་ཡོད་པའི་བདག་གི་བོད།
Next Post: དེང་དུས་བོད་ཀྱི་རྩོམ་རིག་གི་ཞན་ཆ་རགས་ཙམ་གླེང་པ།

Comments (9) on “བཀའ་ཁྲི་འདེམས་ན་འདིར་རྒྱུགས།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2009-08-07 at 10:34 am

    བོད་པ་ཚང་གི་བཀའ་བློན་ཁྲི་བ་འདེམས་བཞིན་ཡོད་པ་རེད། ཡིན་ཡང་། བོད་པ་ཚང་གི་མ་འོངས་བཀའ་བློན་ཁྲི་བའི་འོས་གཞི་རུ་མཚན་དང་ལོ་རྒྱུས་ཤིག་ཡོད་པ་དེ་དག་གི་ལོ་རྒྱུས་ནི་དབྱིན་ཡིག་མ་གཏོགས་བོད་ཡིག་མེད་དོན་གང་རེད། སྤུན་ཟླ་ཚོ་ཁྱེད་ཅག་གིས་དེ་ལ་ལྟ་ཚུལ་གང་ཡོད་དམ། བོད་བཙན་བྱོལ་ཚང་ལ་བཀའ་བློན་ཁྲི་བ་འདེམས་བཞིན་ཡོད་པ་རེད་དམ། གཞན་པའི་བཙན་བྱོལ་ཞིག་ལ་བཀའ་བློན་ཁྲི་བ་འདེམས་བཞིན་ཡོད་པ་རེད།

  2. མི་ཞུན་ནས། says:
    2009-08-08 at 3:53 am

    བོད་ལྷ་ཀླུ་གཉན་གསུམ་གྱིས་དྲི་བ་ཚ་བོ་ཞིག་དྲིས་འདུག བོད་ཀྱི་བཀའ་བློན་ཁྲི་བ་ལ་བསྡད་འདོད་ཡོད་ན་ཆེས་མ་མཐའི་ཆ་རྐྱེན་གཙོ་བོ་ནི་བོད་ཡིག་ལ་བྱང་ཆུབ་པ་ཞིག་ཡིན་དགོས། ཁོང་གི་ལོ་རྒྱུས་དང་བཅས་པ་བོད་པ་ཚོས་ཀློག་དགོས་ཀྱི་ཡོད་ན། ཚང་མ་བོད་ཡིག་དག་མ་ཞིག་གི་ཐོག་ནས་བྲི་གནང་ཡོང་རོགས་ཞུ།

  3. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-08-08 at 3:59 pm

    དེ་རིང་སང་ཉིན། ངེད་ཀྱིས་བཀའ་ཁྲིའི་འོས་འདེམས་ཀྱི་སྐོར་ནས་དཀའ་ངལ་གཞན་ཞིག་མཐོང་གིན་འདུག
    དེ་ནི་། ༢༠༡༡ལོའི་བཀའ་བློན་ཁྲི་བའི་སྐོར་གྱི་༧གོང་ས་མཆོག་གི་ཐུགས་རེ་དེ་ད་ལྟའི་གཞུང་ཞབས་རྒན་པ་དང་བཀའ་ཟུར་ཚོའི་ངག་ན་མེད་པ་དེ་རེད།
    གཞུང་ཞབས་རྒན་པ་དང་བཀའ་ཟུར་རྒན་པ་ཚོས་༧གོང་ས་མཆོག་གི་ཐུགས་རེ་བཞིན་མི་མང་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་། བཀའ་བློན་ཁྲི་བ་ལོ་གཞོན་ཞིག་ཡོང་དགོས་བའི་སྐད་ཆ་བཤད་ན་ཅིས་མི་དྲགས། འོན་ཀྱང་། དེ་ལྟར་བཤད་རྒྱུའི་ཚབ་ལས་ལྡོག་སྟེ། ད་དུང་གཅིག་བྱས་ན་ངས་ཀྱང་བསམ་བློ་གཏོང་གི་ཡོད་ཟེར་གྱི་འདུག་ག
    རང་གི་གཞུང་དང་རྩ་བའི་བླ་མར་ཞབས་ལོ་ལོ་མང་ཞུས་མྱོང་མཁན་ཚོས་༧གོང་ས་མཆོག་གི་དགོངས་གཞི་མཁྱེན་རྟོགས་ཐུབ་ཀྱི་མེད་ན་གཞིས་གྲོང་ཁག་གི་མི་མང་དཀྱུས་མ་རྣམས་ལ་ཁག་ཅི་ཡོད། ཁ་སྔོན་དྲ་གྲོགས་ཤིག་གིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་ད་ཕན་བཀའ་བློན་བྱས་མ་མྱོང་བ་ཞིག་ཡོང་དགོས་ཟེར་བ་དེ་ལ་ཡང་རྒྱུ་མཚན་འདུག་སྙམ།

  4. གངས་ཕྲུག་རྨས་མ། says:
    2009-08-09 at 6:14 am

    ཤུ་རེ་གོ་རྔ་བ་ཚེར་རྒྱམ་ཁོང་།

  5. འབའ་ལུ་གུ says:
    2009-08-09 at 7:33 pm

    ང་ཚོ་འི་བཀའ་བློན་ཁྲི་བ་འདེམས་རྒྱུར་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་པར། བོད་རྒྱ་ཆེས་མི་མང་ཀི་མ་འོང་པའི་བདེ་སྡུག་ཁོ་ནས་ཆེད་། ཤེས་ཡོན་དང་ལྷག་བསམ། མཉམ་མྱོང་། འཇོན་ཐང་། གང་ལྟར་ང་ཚོའི་སྥྱི་ཚོགས་ནང་ཀུན་གྱིས་ཆ་འཇོག་ཡོད་པའི་མི་ཞིག་འཚོལ་པ་ལས། རྒན་པའི་མ་འཇོན་པ་དང་གཞོན་པར་མ་རེག་པ་སོགས། ཁག་དཀྲི་འདོག་ཁོ་ནའི་་ཉི་མ་བསྐྱལ་ན། ད་ལྟ་ཀྲུང་གོའི་རྒྱལ་པ་རིན་པོ་ཆེས་བཞུག ་ལ བོད་གཞུང་འཐོར་གྱི་རེད་ཟེར་པ་དེ་ཏན་ཏན་ཆགས་སྲིད་། སྥྱིར་ངའི་བསམ་ཚུལ་ལ། ང་ཚོའི་མི་མང་གིས་ཆབ་སྲིད་ཀྱི་བསམ་བློ་ཡར་རྒྱས་ཡོངས་ཐབས་ལ་ཟབ་སྦྱོང་དང་བགྲོ་གླེང་གང་མང་བྱེད་ཐུབ་ན། ད་བཟོད་བཀའ་བློན་སྤྱི་འཐུས་གང་འདེམས་དགོས་རུང་ཕ་ལགས་ཀྱིས་གང་འདེམས་ན་ཨ་མས་དེ་བྱེད་མི་དགོས་་པར་ཕན་ཐོགས་ཡོད་། དེ་མིན་ལྷ་བཟོ་པ་དང་། སྙན་ངག་པ། གཞས་པ་གྲགས་ཅན་སོགས་མིང་གོ་མྱོང་ཡོད་རིགས་ལ་འོས་ཤོག་གཡུག་བསྡད་པ་དེས། གཞུང་གི་ལས་ཀ་འཐུས་ཤོར་ཕྱིན་པ་དང་། ཡར་རྒྱས་མ་འགྲོ་པ། མང་ཚོགས་ནང་གླེང་རྙོག་བཟོ་པ་སོགས་ཡོང་གི་ཡོད་པའི། ངེས་པར་དུ་ཆབ་སྲིད་ཐོག་སློབ་སྦྱོང་དང་མཉམ་མྱོང་ཕུན་སུམ་ཚོགས་པ་ཞིག་དགོས།

  6. འཛེར་མ་ར་མགོ། says:
    2009-08-10 at 11:29 am

    བདེན་པ་རེད། སྔོན་མའི་བཀའ་བློན་རྙིང་བ་རྣམས་ཡང་རྐྱར་བླུགས་བསྡད་ན་སྔར་ལས་ལྷག་བོད་དོན་ཐོག་ཡར་རྒྱས་འགྲོ་རྒྱུ་ཀྱང་ཨེ་ཡོད་སྙམ། ཉམས་མྱོང་དང་འཇོན་ཐང་སོགས་གལ་ལོས་ཡིན་ཀྱང་། དེ་ལས་གལ་ཆེ་ཤོས་ཁྲིམས་ཀྱི་ཐོག་ལ་སློབ་སྦྱོང་ཡོད་མཁན་ཞིག་བདམས་ན་ང་ཚོའི་ད་ལྟའི་གནས་སྟངས་ལ་ཤིན་ཏུ་འཚམས་པོ་ཞིག་རེད་སྙམ།

  7. འཆི་བདག་སྐྱབས་ says:
    2009-08-12 at 1:25 am

    ༄༅།། དྲ་གྲོགས་འཛེར་མ་ར་མགོ་ལགས་ལ་འཚམས་འདྲི་དང་བཅས༌། དངོས་ནས་ཁྱེད་ཀྱསི་གསུངས་པ་ལ་རྒྱུ་མཚན་ཞིག་འདུག་མོད༌། ཡིན་ན་ཡང་ཕྲན་གྱིས་བཀའ་འདྲི་ཞུ་རྒྱུ་ཞིག་ལ༌། འོ་ན་ཁྱེད་རང་གི་གསུངས་་པ་ནང་བཞིན་ཞིག་ང་ཚོི་བོད་པའི་སྤྱི་ཚོགས་སུ་སུ་ལ་ངོས་འཛིན་གྱིས་ཡོད་དམ༌། གུས་པས་གོ་ཐོས་ལྟར་ན་ན་གཞོན་མཁས་དབང་བློག་བཟང་སེང་གེ་ལ་བོད་མི་མང་པོ་ཞིག་གི་རེ་བའི་མདའ་མོ་འཕེནི་བཞིན་འདུག་པས། སྤྱིར་ཁོང་ནི་ཤེས་ཡོན་གྱི་ཐད་ལ་གཞན་འདྲིང་མི་འཇོག་པ་ཞིག་རེད་ཟེར་གྱི་འདུག་པས༌། ཡིན་ན་ཡང་ཁོང་བོད་སྐད་ཡིག་གི་ཐོག་ལ་གནས་ཚད་ཇི་ཙམ་ཡོད་དམ༌། རྒྱུ་མཚན་ནི་ད་བར་ངས་ཁོང་གིས་བོད་ཡིག་ཀློག་པ་ཐོས་མྱོང་མེད་ལ་འབྲི་བ་དེ་བས་མཐོང་མ་མྱུང་བས་སོ༌།རང་རིགས་གི་བཀའ་ཁྲི་ཞིག་ལ་རང་སྐད་ཀྱི་ཐད་ལ་གཞན་འདྲིང་མི་འཇོག་པ་ཞིག་དགོས་པ་ནི་གལ་འགངས་མ་ཆེ་འམ༌། ཁྱེད་ཀྱིས་མཁྱེན་ནམ༌།

  8. འཆི་བདག་སྐྱབས་ says:
    2009-08-13 at 1:03 am

    ༄༅།། དྲ་གྲོགས་ཚོ་བཀྲིས་བདེ་ལེགས་ཞུ༌། ཚང་མས་དེའི་ཐོག་ལ་བསམས་གཞིགས་གནང་བར།

  9. འཆི་བདག་སྐྱབས་། says:
    2009-08-13 at 1:23 am

    ༄༅།། དྲ་གྲོགས་ལྷ་ཀླུ་གཉན་གསུམ་ལགས༌། ཁྱེད་རང་གི་གསུངས་པ་དེ་བདེན་པ་རེད་ བཀའ་ཁྲི་འོས་མི་དེ་དག་གི་ལོ་རྒྱུས་ནི་རང་སྐད་ལས་ཐ་དད་པའི་དབྱིན་སྐད་ཐོགས་ལ་གདའ༌། དེ་དག་ལ་མནོ་བསམ་ཞིག་མྱུལ་དུས། དེ་ནི་རང་སྐད་ཡིག་དང་རང་མི་རིགས་ཀྱི་འབྲེལ་བ་ཇེ་རྒྱང་དུ་འགྲོ་བའི་དན་བཏགས་རྣལ་མ་ཞིག་མ་ཡིན་ནམ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (2)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme