Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་ཤིས་ཚང་རྟ་མགྲིན་སྐྱབས་ཀྱི་རྗེས་འབྲེལ་གནས་ཚུལ་རགས་བསྡུས།

Posted on 2012-11-252012-11-25 By ཁ་བརྡ་ 3 Comments on རྒྱལ་གཅེས་དཔའ་བོ་ཤིས་ཚང་རྟ་མགྲིན་སྐྱབས་ཀྱི་རྗེས་འབྲེལ་གནས་ཚུལ་རགས་བསྡུས།

གནས་ཚུལ་དང་པར་རིས་མཁོ་འདོན་པ། ཀླུ་བསྟན་འཛིན་ཕན་ཐོགས།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༢དགོང་མོར་མདོ་སྨད་ཀླུ་ཆུའི་ཤིས་ཚང་ཡུལ་(ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མ་ངེས་ཞང་དཔལ་སྒུར་རུ་ཁག་གསུམ་པ་སྟེ་ནགས་རི་ཚོ་བ)གྱི་རྒྱལ་གཅེས་དཔའ་བོ་ན་གཞོན་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེ་སྲེག་བྱས་ཏེ་སྐུ་འདས་གྲོངས་སུ་ཕྱིན་པ་ནས་ཉིན་བཞིན་ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་ཚོར་ཤུགས་ཆེན་པོས་འདས་པོ་ཁོང་གི་ཁྱིམ་དུ་སྨོན་ལམ་གསུང་བར་ཆེད་དུ་ཕེབས་དང་ཕེབས་ཀྱིན་ཡོད་ལ། དེ་རིང་སྟེ་ཕྱི་ཚེས་༢༥ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་༦དང་ཕྱེད་ཀའི་སྟེང་ནམ་ཟླའི་འཁྱག་གྲང་དང་ལམ་ཐག་རིང་བའི་དཀའ་ངལ་ལ་མ་འཛེམ་པར་རྐང་ཐང་དུ་འདས་པོ་ཁོང་གི་སྐུ་ཕུང་བྱ་སྦྱིན་བྱེད་སའི་ཤིས་ཚང་དགོན་པའི་ཡར་རྒྱབ་ཀྱི་ཧག་ཆེན་ཀླད་(འདིའི་དག་ཆ་མ་ངེས)ཅེས་པར་ཕེབས་ཏེ་སྨོན་ལམ་རྒྱ་ཆེན་གསུངས་ཡོད་པ་རེད།
དེ་བཞིན་ཉིན་རྒྱབ་ཆུ་ཚོད་བཞིའི་སྟེང་དུའང་དགོན་པ་དང་རྒྱང་ཐག་སྤྱི་ལེ་བརྒྱད་ལྷག་ཡོད་པའི་འདས་པོ་ཁོང་གི་སྐྱེས་ཡུལ་དཔལ་སྒུར་སྡེ་བའི་རང་ཁྱིམ་དུ་ཕེབས་ཏེ་སྨོན་ལམ་གསུང་འདོན་གནང་ཡོད་འདུག ད་དུང་ཡང་མུ་མཐུད་དུ་བདུན་གཅིག་གི་རིང་ལ་ཉིན་ལྟར་སྨོན་ལམ་གསུང་འདོན་གནང་བར་ཆེད་ཕེབས་གནང་ངེས་རེད། ཐེངས་འདིར་རྒྱལ་གཅེས་དཔའ་བོ་རྟ་མགྲིན་སྐྱབས་ཀྱིས་རང་ལུས་མེར་སྲེག་བྱས་པ་ནི་མདོ་སྨད་ཀླུ་ཆུའི་ཡུལ་དུ་དངོས་སུ་རྒྱ་གཞུང་ལ་རང་སྲེག་ངོ་རྒོལ་བྱས་པ་ཐེངས་དང་བོ་ཆགས་ཡོད།
ཕྱི་ཚེས་ ༢༥ ཞོགས་པར་ཤིས་ཚང་དགོན་པའི་དགེ་འདུན་པ་ཚོས་དུར་ཁྲོད་དུ་སྨོན་ལམ་གསུང་བཞིན་པ།

དུར་ཁྲོད་དུ་སྨོན་ལམ་གསུངས་གྲུབ་རྗེས་ཕྱིར་དགོན་པར་ལོག་བཞིན་པ།

ཤིས་ཚང་དགོན་པའི་དགེ་འདུན་པ་ཚོ་དཔལ་སྒུར་སྡེ་བའི་འདས་པོའི་རང་ཁྱིམ་དུ་ཕེབས་བཞིན་པ།

ཤིས་ཚང་དགོན་པ་ནས་གླ་བྱེད་རླངས་འཁོར་དུ་བཞུགས་ཏེ་སྨོན་ལམ་གསུང་བར་ཕེབས་བཞིན་པ།

དཔལ་སྒུར་སྡེ་བའི་འདས་པོའི་རང་ཁྱིམ་དུ་ཕེབས་བཞིན་པ།

གསར་འགྱུར།

Post navigation

Previous Post: རྩོམ་པ་པོ་ཀླུ་སྨྱོན་དང་ཉེ་བར་བཅར་ཐེངས་ཤིག
Next Post: མདོ་སྨད་གསེར་རྟ་ནས་རང་ལུས་མེར་སྲེག

Comments (3) on “རྒྱལ་གཅེས་དཔའ་བོ་ཤིས་ཚང་རྟ་མགྲིན་སྐྱབས་ཀྱི་རྗེས་འབྲེལ་གནས་ཚུལ་རགས་བསྡུས།”

  1. ལུང་རྟོགས། says:
    2012-11-26 at 12:14 am

    མེ་ལྕེའི་ཀློང་དུ་༧རྒྱལ་བའི་མཚན་ནས་འབོད།།
    ས་ལ་འགྱེལ་ཁར་མི་རིགས་རང་དབང་འབོད།།
    ཚེ་སྲོག་མེ་ལ་ཐིམ་པའི་རྣམ་ཤེས་ཡིས།།
    མི་མངོན་དབྱིངས་ནས་བོད་ལ་ཅེར་ནས་འདུག།།

    མི་སེམས་སྒུལ་བའི་སྙན་ངག་འདི་འཕྲིན་ཕྲན་དྲ་གྲོགས་ཤིག་གིས་བྲིས་འདུག སྐད་ཆ་འདི་དངོས་གནས་བདེན་པ་རེད། ང་ཚོས་ཚེ་སྲོག་མེ་ལ་ཐིམ་པའི་དཔའ་བོ་དཔའ་མོ་ཚོའི་དམིག་འདུན་སྒྲུབ་མ་ཐུབ་ན་ང་ཚོ་ནི་ཁོང་ཚོའི་རྣམ་ཤེས་ཀྱི་མདུན་དུ་ནམ་ཡང་ཉེས་ཅན་པ་རེད།

  2. བཀྲ་ཤིས says:
    2012-11-26 at 6:13 am

    རང་ལུས་མེར་སྲེག་གི་གནད་དོན་གྱི་འབྱུང་རྩ་ནི་རྒྱ་ནག་གཞུང་ལ་ཐུག་ཡོད་པས། བོད་མིའི་རེ་འདོད་ག་དུས་བསྒྲུབ་ན། དེ་དུས་རང་ལུས་མེར་སྲེག་མཚམས་ཆད་ནི་རེད། ཅེས་ཟེར་མཁན་གྱི་ཆབ་སྲིད་པ་ཚོ་ལ་ལྟོས་དང་།
    རྒྱ་ནག་དམར་ཤོག་ལ་ཡ་ང་སྙིང་རྗེ་མེད་པ་བདེན་ལ། བོད་མི་ནང་ཁུལ་ལ་ཆབ་སྲིད་ཀྱི་མིག་འཁྲུལ་སྟོན་པ་དང་ཚེ་སྲོག་ལ་ཕངས་སེམས་མེད་པའི་སྐད་ཆ་བཤད་མི་འདི་ཚོ་ལའང་ཡ་ང་སྙིང་རྗེ་ཞིག་མི་འདུག

  3. རླངས་སྔགས says:
    2012-11-26 at 10:11 pm

    བོད་ནང་གི་སྤུན་སྲིང་རྣམས་ཀྱིས་སྲོག་ལ་བབས་ཀྱང་མྱ་ངན་ཞུ་བ་དང་སྨོན་ལམ་འདོན་པ་སོགས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་པ་ནི་བདག་ལས་བརྒྱ་འགྱུར་སྟོང་འགྱུར་གྱི་མཛད་རྗེས་ཡོད་པས་གུས་འདུད་གྲངས་མེད་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme