Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤེལ་ལྗམ་དུ་གསུམ་བཅུའི་དུས་དྲན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་འཆར།

Posted on 2012-11-252012-11-25 By ཁ་བརྡ་ 16 Comments on སྤེལ་ལྗམ་དུ་གསུམ་བཅུའི་དུས་དྲན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་འཆར།

གནས་ཚུལ་མཁོ་གཏོང་བ། སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཁ་སང་ཕྱི་ཟླ་༡༡ པའི་ཚེས་༢༤ སྟེ་གཟའ་སྤེན་པའི་ཉིན། སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་གྲོང་ཁྱེར་ཨན་ཁྲིེར་ཝར་ཕན་དུ། འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ལས་འགུལ་དེ་ཡུ་རོབ་བོད་རིགས་ཚོགས་པ་ཁག་དང་བོད་དོན་ལས་འགུལ་ཚོགས་པ་ཁག་མཉམ་འབྲེལ་གྱིས་སྤེལ་ལྗམ་རྒྱལ་ས་སྤར་སིལ་དུ་གཞི་རྒྱ་ཆེ་བའི་འདུ་འཛོམས་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་རྒྱུའི་ཐད་ལ་གྲོས་བསྡུར་ཚོགས་འདུ་འཚོགས་ཡོད་པ་དང་། ཚོགས་འདུ་དེར་ཡུ་རོབ་སྤྱི་འཐུས་རྣམ་གཉིས་དབུ་བཞུགས་ཐོག་ཡུ་རོབ་རྒྱལ་ཁབ་ཁག་བཅུ་སྟེ་༼སྤེལ་ལྗམ། དབྱིན་ལན། ཧོ་ལན་ཊི། ཧྥ་རན་སི། ཨི་ཊ་ལིས། སི་པན། སུད་སི། པོ་ལན་ཏྲི། འཇར་མན། ནོར་ཝེ༽བཅས་ཀྱི་བོད་རིགས་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སྐུ་ཚབ། བོད་དོན་ལས་འགུལ་ཚོགས་པ་༼སྤེལ་ལྗམ་ས་གནས་གཞོན་ནུ། ས་གནས་ཆུ་སྒང་། སིད་སུ་མི་རབས་གསར་བའི་མཐུན་ཚོགས། རྒྱ་བོད་མཛའ་འབྲེལ་ཚོགས་པ། སུད་བོད་མཛའ་འབྲེལ་ཚོགས་པ་༽ཁག་གི་སྐུ་ཚབ་བཅས་མི་གྲངས་སུམ་ཅུ་ཙམ་འངོ་ཕེབས་འདུ་འཛོམས་བྱུང་ཡོད་ལ། ཚོགས་ཐོག་ཏུ་འཆར་ལོའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཚགས་ཚུད་ཡོང་བར་ཚོགས་ཆུང་ཟུར་འཛུགས་ཀྱིས་ཚོགས་མི་གཏན་འབེབས་དང་།  དུས་དྲན་སྲུང་བརྩི་དང་འབྲེལ་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་ལྷན་ཁང་ཁག་ནང་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་རྒྱུ།   རྒྱ་ནག་གི་དཔོན་རིགས་གསར་བར་དགོས་འདུན་ཞུ་ཡིག་གཏོང་རྒྱུ་བཅས་གྲོས་ཆོད་ཁག་བཅུ་ཙམ་བཞག་ཡོད་པ་དང་།  ཚོགས་བཅར་མ་ཐུབ་ཀྱང་ཚོགས་འདུའི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལནགསལ་འབྱོར་བྱུང་བ་༼ཨོ་སི་ཁྲི་རི་ཡ། ཊན་མག སུད་ཝེ་ཏན། ཨེ་ཨར་ལན་ཊི། ཨུ་རུ་སུ༽བཅས་ཀྱི་བོད་རིགས་ཚོགས་པ་རྣམས་ཡོད་འདུག

 

གསར་འགྱུར།

Post navigation

Previous Post: སེམས་ཀྱི་སྙན་ངག
Next Post: སྤེལ་ལྗམ་དུ་གསུམ་བཅུའི་དུས་དྲན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་འཆར།

Comments (16) on “སྤེལ་ལྗམ་དུ་གསུམ་བཅུའི་དུས་དྲན་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་འཆར།”

  1. ལོག་སྨྲ་ཚར་གཅོད། says:
    2012-11-25 at 9:34 am

    ལས་འགུལ་དེ་འདྲ་སྤེལ་ཐུབ་ན་གསུམ་བཅུའི་དུས་དྲན་བར་ཟླ་བ་གསུམ་ལྷག་རིང་སྒུག་དགོས་དོན་ཡོད་མ་རེད།
    གསོ་སྦྱོང་དང་ཆོས་ཕྱོགས་ཀྱི་ཆོ་ག་ཞིག་ཡིན་ན་ཟླ་ཚེས་ཏན་ཏན་ཞིག་ལ་བསྟུན་དགོས་པ་ལས་དེ་མིན་ཆབ་སྲིད་ཀྱི་ལས་འགུལ་ཤུགས་ཆེན་འདྲ་སྤེལ་རྒྱུ་ཡོད་ན་དེང་སང་ཛ་དྲག་ཆེ་ཐོག་ཏུ་སྤེལ་ཐུབ་ན་ཡག་པོ་ག་འདྲ།
    དོན་དངོས་ནི་འདི་ཚོས་ཚོང་དང་ཞལ་འདེབས་ཁོ་ནའི་ཆེད་འུར་སྒྲོགས་བྱས་པ་ཙམ་ལས་ལྷག་བསམ་རྣམ་དག་ཅིག་མིན་པ་དུས་སྒུག་ལ་བལྟས་ན་ཤེས་ཐུབ།།

  2. ཏི་སི། says:
    2012-11-25 at 9:55 am

    ལོག་སྨས་ཚར་གཅོད་གསུངས་པ་འདྲ་ཆགས་འདུག། གཞི་ལུ་བོད་མིས་ཚོས་་རང་ལུས་མེ་མཆོད་ལ་ཉིན་དང་དུས་དགུག་གི་མརེད། ང་ཚོ་རང་དབང་ལུང་པར་སྐད་འབོད་རྒྱབ་རྒྱུར་དུས་ཚོད་དང་། གནམ་གཤིས་དང་། མ་ཟད་རེད་གཟའ་ཉི་མ་ཞིག་དགུག་བསྡད་ཨ།

  3. ཏི་སི། says:
    2012-11-25 at 9:58 am

    ༼་བཅོས་། སྒུག་བསྡད་་༽་ནོར། དགུག་བསྡད༽

  4. རང་གྲོལ། says:
    2012-11-25 at 12:01 pm

    ཏི་སི། ད་དུང་{ལོག སྨས}{འདུག།}{གཞི་ལུ}{མིས་ཚོས}{མརེད]{རེད་གཟའ}{བསྡད་ཨ} འདི།

  5. རྔ་བ་གཉན་རྒོད་ says:
    2012-11-25 at 12:49 pm

    ཡག་པོ་འདུས་་་་དགའ་བསུ་ཡོད་་་ད་ཡིན་ན་ངོ་མ་ལས་འགུལ་སྤེལ་ཡ་དུས་ལ་སླེབས་ནས་འདུག་་་སུམ་དུས་སུ་སྒུག་ནས་འདུག་དགོས་དོན་ཡོད་དམ་་་་་་་དོན་གཅོད་ཁག་ནས་ཟླ་ཕོག་ལེན་པ་ལས་གཞན་གང་ཡང་བྱེད་ཐུབ་ཀི་མ་རེད་་་་དེ་ནས་མི་དམངས་མཉམ་བཞུགས་བྱེད་རྒྱུ་ཧ་ཅིང་གལ་ཆེ་་་

  6. སྲོག་གཅོད says:
    2012-11-25 at 1:23 pm

    ལས་འགུལ་སྔ་འཕྱི་གང་ཡིན་ནའང་དགའ་བསུ་ཡོད། གཙོ་བོ་དེ་རང་རང་ལ་དྲི་བ་ཞིག་འདུག ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ་ཞེས་པ་དེ་རེད། ངས་ཀྱང་རང་ཉིད་ལ་ཉིན་མཚན་རྟག་ཏུ་དྲི་བ་འདྲི་བཞིན་ཡོད། ངས་ཅི་ཞིག་བྱེད་ཐུབ་བམ། ངས་ཅི་ཞིག་བྱེད་དགོས་སམ་ཞེས་དྲི་བ་དང་འཆར་གཞི་བཟོ་བཞིན་ཡོད། ངོ་མ་ཡིན། ངའི་དྲི་བ་འདི་ཁྱེད་ཚོ་ཚང་མར་འབབ་པ་ཞིག་རེད། ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ།

  7. གསེར་འབྲུག་སྡེར་ལྔ་ says:
    2012-11-25 at 2:39 pm

    ང་དང་ང་འདྲ་བ་མང་པོས་མལ་ས་དྲོན་མོའི་ནང་ནས་གཞན་ལ་མེག་མེག་སྡུག་སྡུག་ལབ་སྡོད་་ཀྱིན་ཡོད། ཞེས་ལན་བཏབས་དགོས་པ་འདྲ། འོ་ན་ཁྱོད་ཅི་ཞིག་བྱེད་ཀྱིན་ཡོད་དམ།

  8. སྲོག་གཅོད says:
    2012-11-25 at 4:23 pm

    མེག་མེག་སྡུག་སྡུག་ཟེར་བའི་དོན་གོ་མ་སོང་། ཕལ་ཆེར་བོད་དོན་ཞིག་ཡིན་ས་རེད

  9. གསང་གྲོལ། says:
    2012-11-25 at 4:33 pm

    གསལ་བཤད་དགོས་བ་ཞིག་ལ། ཡུ་རོབ་བོད་ཚོགས་ཁག་གིས་འཆར་ལོའི་གསུམ་བཅུའི་དུས་དྲན་བར་ཏུ་ལས་འགུལ་ཞིག་སྤེལ་བར་སྒུག་བསྡད་མེད་དེ། ཁ་སང་སྤེལ་ལྗམ་རྒྱལ་ས་སྤར་སིལ་གྱི་གྲོང་ཁྱེར་ལྟེ་བ་ནས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་ལ། དེ་རིང་ཧྥ་རན་རྒྱལ་ས་ཕེ་རེ་སི་ཡི་ལྕགས་སྡོང་མདུན་ནས་གཞིས་ལུས་བོད་མི་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།

  10. སྲོག་གཅོད says:
    2012-11-25 at 4:44 pm

    ཡག་པོ་རེད་ང་ཚོས་འཁང་རའི་ཁྲོད་ནས་དུས་ཚོད་མི་གཏོང་བར་རང་གིས་རང་ལ་དྲི་བ་དང་འཆར་གཞི་འགོད་རྒྱུའི་དུས་ཚོད་རེད། ངོ་མ་ཡིན།

  11. གནམ says:
    2012-11-25 at 7:56 pm

    ག་དུས་དོན་ན་ག་དུས་དོན། གང་དུ་དོན་ན་གང་དུ་དོན། སུ་ཞིག་དོན་ན་སུ་ཞིག་དོན། གཙོ་བོ་ཚང་མ་དོན་དགོས་བ་དེ་རེད། ས་དྲུག་པོ་དོན་དགོས་བ་རེད། མཉམ་དུ་དོན་དགོས་རེད། མཉམ་དུ་དོན་དགོས་རེད། ཚང་མ་མཉམ་དུ་དོན་དགོས་པ་རེད།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-11-26 at 12:59 am

    མེག་མེག་སྡུག་སྡུག་འདི། མེད་མེད་འདུག་འདུག་ཡིན་བགྱིད་རེད།

  13. གསེར་འབྲུག་སྡེར་ལྔ་ says:
    2012-11-26 at 4:40 am

    མེག་མེག་སྡུག་སྡུག་ཟེར་བའི་གོ་དོན་ནི། རང་ཉིད་ཀྱིས་ཅི་ཡང་མི་ལས་པ་དང་ཅི་ཡང་མི་འཇོན་པར་མལ་ས་དྲོན་མོའི་ནང་ནས་གཞན་གྱིས་བྱ་བ་བཟང་པོར་འགྲིག་མིན་གྱིས་སྡུག་སྐད་རྒྱགས་མཁན་ལ་ཟེར། དེའི་ནང་དུ་ང་དང་ང་འདྲ་བ་མང་པོ་ཞིག་འཚུད་ཡོད། ད་གསལ་པོ་ཆགས་སོང་ངམ།

  14. ཐུ་བ་རྒྱ་མཚོ། says:
    2012-11-26 at 4:49 am

    རྦལ་ལྗམ་བོད་ཚོགས་ཀྱིས་ལས་འགུལ་གྲ་སྒྲིག་དང་འཆར་བཀོད་ཇུས་འདོན་བྱེད་པ་ནི་གནས་ཚུལ་ཧ་ཅང་ཡག་པོ་ཅིག་རེད།

    ལས་འགུལ་སྤེལ་ན་འཆར་གཞི་དགོས་གི་རེད། ལས་འགུལ་སྤེལ་ན་གྲ་སྒྲིག་དགོས་གི་རེད། འཆར་གཞི་ཡོད་པ་དང་གྲ་སྒྲིག་ཡོད་པའི་སྒོ་ནས་ལས་འགུལ་སྤེལ་བ་ནི་གནད་ལ་འཁེལ་བ་དང་གྲུབ་འབྲས་ཐོན་སླ་གི་རེད། ཡིན་ན་ཡང་གྲ་སྒྲིག་མེད་པ་དང་འཆར་གཞི་མེད་པར་སྐད་རྒྱག་པ་དང་ཕྱི་ལ་དོན་པ་ནི་སེམས་ཤུགས་ཀྱི་རྣམ་པ་ཙམ་ཡིན། དེ་ཙམ་གྱིས་གྲུབ་འབྲས་ནི་ང་ཚོ་ལ་ལོ་ངོ་ཧ་ཅང་མང་པོ་གི་ཉམས་མྱོང་ཡོད་པ་རེད།

    ང་ཚོས་ལས་འགུལ་སྤེལ་པར་གྲུབ་འབྲས་ཐོན་པ་ཞིག་དངོས་ནས་བྱེད་བསམ་ན་འཆར་གཞི་ཡག་ཐག་ཆོད་ཅིག་དང་། བསམ་བློ་ཡག་ཐག་ཆོད་ཅིག གྲ་སྒྲིག་ཡག་ཐག་ཆོད་ཅིག་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་དང་ཤར་ལྷོ་ནུབ་བྱང་གི་བོད་མི་ཡོད་དོ་ཅོག་དུས་གཅིག་དང་། སྡེབས་གཅིག་ལ་བཏོན་ནས་ས་སྒུལ་གནམ་བསྒུལ་ཞིག་བྱེད་ཐུབ་པ་བྱས་ནས་རྩྭ་དང་རྩྭི་ཤིང་ཚང་མ་ཡང་ཁ་གདང་ནས་ནམ་ལངས་པ་ཞིག་བྱེད་དགོས་གི་རེད།

    དེ་འདྲ་བྱས་ན་ང་ཚོ་ཤི་གསོན་ཡོངས་རེ་ཞིག་ཡིད་ཚིམ་པ་ཡོང་གི་རེད།

  15. བན་དེ་བ། says:
    2012-11-26 at 5:22 am

    མི་འདི་རིགས་ནི། རང་གིས་བྱེད་དུས་སྣ་གཉེར། མི་ཡིས་བྱེད་དུས་མིག་ཚ། ཟེར་བའི་བོད་ཀྱི་གཏམ་དཔེ་ཅིས་མི་བདེན།

  16. རྔ་བ་གཉན་རྒོད་ says:
    2012-11-26 at 5:32 pm

    དགའ་བསུ་ཞུ་་་ལས་འགུལ་སུ་ནས་སྤེལ་ན་་་མིག་ཚ་མཁན་དང་སྣ་མི་གཉེར་མཁན་དག་ལ་གུས་ཞབས་ཡོད་་་་་་ང་ཚོའི་ལས་འགུལ་ཚད་ལྡན་ཟིག་སྤེལ་ན་བསམ་གི་་་གཞུང་ཟིག་ནས་སྣེ་ཁྲིད་ནས་འགྲིག་ལམ་ཡོད་པའི་སྟེང་ནས་་་་མི་རེ་ཟུང་མིན་པར་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme