Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོད་རྙོགས་འདི་ཚོའི་མཇུག་འབྲས།

Posted on 2012-11-252012-11-25 By སྤོབས་པ་མཐའ་ཡས། 6 Comments on རྩོད་རྙོགས་འདི་ཚོའི་མཇུག་འབྲས།

སྤོབས་པ་མཐའ་ཡས།

ཨི་ཟི་རེལ་དང་ཧ་མ་སི་གཉིས་ཀྱིས་མེ་སྒྱོགས་འབར་མདེལ་འཕེན་རེས་མཚམས་བཞག་ཁུལ་རེད། ཡིན་ན་ཡང་མཚམས་འཇོག་འདིས་ཡུན་རིང་པོ་ཞིག་ཁུངས་མི་འཁྱོལ་བ་གསལ་པོ་རེད། གལ་སྲིད་དམག་འཁྲུགས་འདི་རྒྱུན་མཐུད་པ་ཡིན་ན་རྒྱལ་ཕམ་ག་འདྲ་ཞིག་འབྱུང་གི་རེད། སྐབས་འདིར་ཕམ་ཁ་ངོ་མ་རག་མཁན་དེ་ཨི་ཟི་རེལ་གྱི་སྲིད་གཞུང་རེད་བསམ། གང་ཡིན་ཞེ་ན། ཧ་མ་སི་ནི་དོན་དུ་དྲག་སྤྱོད་འཇིགས་སྐུལ་རིང་ལུགས་པའི་ཚོགས་སྡེ་ཞིག་རེད། སྐབས་འདིར་ཁོ་ཚོ་རྒ་ཟ་གྲོང་ཁྱེར་གྱི་པ་ལི་སི་ཐན་མི་མང་གི་རྒྱབ་ཏུ་ཡིབས་ས་རག་ཡོད། ཧ་མ་སི་འཇིགས་སྐུལ་ཚོགས་ཁག་འདི་རྒ་ཟ་གྲོང་ཁྱེར་གྱི་པ་ལི་སི་ཐན་མི་མང་གི་ཕག་ཏུ་ཡིབས་ནས་ཨི་ཟི་རེལ་ལ་རྒོལ་རྡུང་གཏོང་ཁུལ་བྱས་ན་ཨི་ཟི་རེལ་ཞེ་སྡང་ལང་ཡུལ་ཧ་མ་སི་ཡིན་རུང་མེ་སྒྱོགས་གཏོད་ཡུལ་དེ་རྒ་ཟ་གྲོང་ཁྱེར་དང་པ་ལི་སི་ཐན་མི་མང་མ་གཏོགས་རག་གི་མེད། ཤི་རྨས་ཐེབས་ཡུལ་ངོ་མ་དེ་ཡང་པ་ལི་སི་ཐན་མི་མང་ཡིན་པ་ལས་ཧ་མ་སི་ཟེར་བ་ཞིག་ལ་མེ་སྒྱོགས་ཁེལ་དཀའ། རྐྱེན་དེས་ཨི་ཟི་རེལ་ལ་མི་དགའ་མཁན་ཇེ་མང་དུ་འགྱུར་རྒྱུ་རེད།
ཉིན་འདི་དག་གི་རིང་ལ་ཧ་མ་སིས་མེ་སྒྱོགས་འཕེན་མཚམས་མི་འཇོག ཡིན་ན་ཡང་མེ་སྒྱོགས་ཕལ་ཆེ་བ་བར་སྣང་ནས་གད་འགྲོ་བ་མ་གཏོགས་ཨི་ཟི་རེལ་གྱི་ས་ཐོག་ཏུ་ཁེལ་མི་ཐུབ། ཨི་ཟི་རེལ་ལ་དམག་འཐབ་གནམ་གྲུ་ཡོད་སྟབས་མི་གསོད་ཁྲག་སྦྱོར་བྱེད་པར་ཧ་མ་སི་ལས་ནུས་པ་སྟོང་འགྱུར་གྱིས་ཆེ་ཡང་དེས་ནི་ཨི་ཟི་རེལ་གྱི་སྣང་བརྙན་ཇེ་བཙོག་ཏུ་འགྲོ་བ་ཙམ་མ་གཏོགས་ཧ་མ་སི་ལ་གནོད་པ་ཆེན་པོ་གང་ཡང་སྐྱེལ་ཐུབ་ཀྱིན་མེད། སྐབས་འདིར་ཧ་མ་སིའི་དམིགས་ཡུལ་དེ་ནི་ཨི་ཟི་རེལ་ལ་ཁོང་ཁྲོ་བསླངས་ནས་རྒ་ཟ་གྲོང་ཁྱེར་དུ་ཁྲག་གི་ཡུར་ཆུ་བཞུར་བའི་དྲག་གནོན་ཞིག་ཞིག་བྱ་རྒྱུ་དེ་རེད། དེས་ས་སྟེང་འདིའི་ཨི་ཟི་ལམ་པ་ཚོ་ཨི་ཟི་རེལ་གྱི་སྟེང་དུ་ཁོང་ཁྲོ་ལངས་ཐུབ་པ་དང་ཧ་མ་སི་ནི་ཨི་ཟི་རེལ་གྱི་ཁ་གཏད་དུ་ལངས་མཁན་ཡིན་པའི་སྣང་བརྙན་བརྗིད་པོ་ཞིག་བསྐྲུན་རྒྱུ་དེ་རེད།
སྤྱིར་ན་ལོ་སྔོན་མའི་ནང་དུ་ཨ་རབ་ཞིང་དུ་སྲིད་དབང་སྒེར་བདག་པ་ལ་ངོ་རྒོལ་གྱི་ལས་འགུལ་ཆེན་པོ་ཁ་ཤས་ཤིག་ལངས། ལས་འགུལ་དེའི་མཇུག་འབྲས་སུ་ཨི་རྗིབ་དང་ལི་བྷི་ཡ་གཉིས་ཀྱི་སྲིད་གཞུང་རྙིང་པ་གཏོར་བཤིག་དང་། ཡེ་མན་དང་སོ་རྡིས་ཨ་ར་བྷི་ཡ་སོགས་ཡུལ་མང་པོ་ལ་ཡང་ཤུགས་རྐྱེན་ཐེབས། དེ་ལ་ནུབ་ཕྱོགས་པ་ཚོས་ཐོག་མར་མི་མང་གིས་སྲིད་གཞུང་གི་དབང་ཆ་ལེན་པའི་ལས་འགུལ་བཀྲ་ཤིས་པ་ཞིག་ཏུ་འཁྲུལ་ནས་ཨ་རབ་ཀྱི་དཔྱིད་དཔལ་ཞེས་མིང་སྙན་པོ་འདོགས་ཁུལ་བྱས། སྲིད་གཞུང་ལ་རྒོལ་མཁན་ཚོར་ནུབ་ཕྱོགས་པས་དངོས་སུ་དམག་དཔུང་བཏང་ནས་འཐབ་འཛིངས་རོགས་རམ་མ་བྱས་ཀྱང་མཚོན་ཆ་མཁོ་འདོན་དང་སྲིད་གཞུང་ལ་ངོ་རྒོལ་བ་ཚོར་ཟས་གོས་སྨན་བཅོས་མཁོ་སྤྲོད་སོགས་ཀྱི་མཐུན་འགྱུར་རྒྱ་ཆེན་སྦྱིན། ལས་འགུལ་དེ་དག་གི་མཇུག་འབྲས་ངོ་མ་དེ་ཆག་ཆེ་ཉམ་ང་བློ་ཡུལ་ལས་འདས་པ་ཞིག་ཏུ་གྱུར། དེ་ནི་ཨི་ཟི་ལམ་ཆོས་ལུགས་ཚོགས་པ་ཚོའི་ལག་ཏུ་ཡུལ་གྱི་སྲིད་དབང་ཤོར་བཞིན་ཡོད་པ་དེ་རེད།
ལི་བྷི་ཡའི་རྒ་ད་ཧྥིའི་སྲིད་གཞུང་ནི་སྔོན་དུས་སུ་ཨ་མེ་རི་ཁ་སོགས་ལ་གཏེར་སྣུམ་མཁོ་འདོན་བྱེད་མཁན་གཙོ་བོ་ཞིག་དང་ཨི་ཟི་ལམ་དྲག་སྤྱོད་པར་ཁ་གཏད་གཅོག་པའི་མཐུན་ཕྱོགས་ཞིག་ལ་བརྩིས་ཡོད། ན་ནིང་ལི་བྷི་ཡའི་ནང་དུ་ངོ་རྒོལ་ལངས་སྐབས་ལི་བྷི་ཡའི་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་ཀྱིན་འདུག་ཟེར་བ་ཙམ་ལས་ཨ་མེ་རི་ཁའི་ཕྱོགས་ནས་སུ་ཞིག་གིས་དམིགས་ཡུལ་གང་ཞིག་གིས་ངོ་རྒོལ་བྱེད་གྱིན་ཡོད་མེད་གསལ་པོར་ཤེས་མེད། ཧྥ་རན་སིའི་སྲིད་འཛིན་ནི་ཁོ་ལ་སར་ཀོ་ཟེས་ཀྱིས་མི་ཤེས་ཤེས་མདོག་གིས་རྒ་ད་ཧྥི་གོ་གནས་ལས་འབབ་དགོས་ཚུལ་བཤད། ཨིང་ལན་གྱི་མི་མང་མགོ་གཙོ་སྒྲེ་ཝི་སྒྲི་ཁེམ་རོན་གྱིས་ཀྱང་མི་རྗེས་ཁྱིས་འབྲངས་བྱས་ནས་ཧྥ་རན་སིའི་མགོ་གཙོའི་རྗེས་སུ་ཞུགས་ནས་རྒ་ད་ཧྥི་གོ་གནས་ལས་འབབབ་དགོས་ཚུལ་བཤད། ཨ་མེ་རི་ཁས་སྐབས་དེར་དམག་འཁྲུགས་གཉིས་ཀྱི་རྐུབ་མི་ཁེབས་ནས་བསྡད་ཡོད་སྟབས་ཧྥ་རན་སིའི་མགོ་གཙོ་དང་ཨིང་ལན་གྱི་མགོ་གཙོས་གང་ཟེར་ལ་ཉན་ནས་སྡོད་པ་ལས་ནུས་པས་མི་འདངས་སྟབས་དགྲ་དགའ་གཉེན་སྡུག་གི་གྲུབ་འབྲས་འདི་བྱུང་།
དེ་ཡང་ཐོག་མར་ཨི་རྗིབ་ཀྱི་སྲིད་གཞུང་འདེམས་བསྐོའི་གྲུབ་འབྲས་སུ་མུ་སི་ལེམ་སྤུན་ཟླ་ཚོགས་ཁག་ཡུལ་དེའི་སྲིད་གཞུང་དུ་གྱུར། དེའི་རྗེས་སུ་ལི་བྷི་ཡའི་ཨི་ཟི་ལམ་ཁ་ཆེ་དྲག་སྤྱོད་པས་ཨ་མེ་རི་ཁ་ལ་རྒོལ་བའི་ལས་འགུལ་ཆེན་པོ་དང་། ཡུལ་དེར་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་གྱི་གཞུང་ཚབ་པ་འཁོར་བཅས་བསད་པ་སོགས་བྱུང་། དེ་ནས་ཨ་རབ་དང་དབུས་ཤར་ཨེ་ཤེ་ཡའི་དཔྱིད་དཔལ་ངོ་མ་ཤར་བ་དེ་དམངས་གཙོ་མིན་ཞིང་ཨི་ཟི་ལམ་ཡིན་པ་གསལ་པོར་ཤེས་ནས་ཨ་རབ་ཀྱི་དཔྱིད་དཔལ་འབོད་མཁན་ཚོའི་སྙིང་གི་གཏིང་ལ་ཆུ་འཁྱགས་བཞུར། འོན་ཀྱང་འཕྱི་དྲགས་པས་བཅོས་ཐབས་བྲལ། ཨ་མེ་རི་ཁ་སོགས་ལ་སྐབས་དེའི་ཉམས་མྱོང་ཐོབ་ཡོད་སྟབས་དེང་དུས་སུ་གྲག་འགུལ་ཆེ་བའི་སེ་རི་ཡའི་འབངས་གྱེན་ལོག་ལ་ནུབ་ཕྱོགས་པས་རྒྱང་ལྟ་བྱེད་པ་ཙམ་ལས་ཐག་ཉེ་སར་བཅར་འདོད་མེད།
སྐབས་འདིར་ཨི་ཟི་རེལ་དང་ཧ་མ་སིའི་བར་གྱི་མི་གསོད་རྟ་བསྒྱེལ་གྱི་འཐབ་རྩོད་འདི་ལངས་སྐབས་སུ་ཨི་ཟི་རེལ་གྱི་ཁྱིམ་མཚེས་ཨི་རྗིབ་གྱི་སྲིད་གཞུང་ནི་ཧ་མ་སིའི་རྒྱབ་ཏུ་ལངས་བའི་གྲ་སྒྲིག་ཡོད་ལུགས་ཁྱབ་བསྒྲགས་བྱེད་བཞིན་པ་རེད། དེ་དང་མཚུངས་པར་ས་འདིའི་སྟེང་གི་ཨི་ཟི་ལམ་པ་ཡོད་ཚད་ཀྱིས་ཧ་མ་སི་སུ་ཡིན་མ་གོ་གོང་ནས་ཨི་ཟི་རེལ་གྱིས་པ་ལི་སི་ཐན་པ་མང་པོ་ཞིག་དམར་གསོད་བྱེད་བཞིན་པ་མཐོང་གི་རེད། དེར་བརྟེན་ནས་ཧ་མ་སི་ནི་ཨི་ཟི་ལམ་པ་ཚོའི་སྤུན་ཟླ་དང་ཨི་ཟི་རེལ་ནི་དགྲ་བོ་ཡིན་པའི་འདུ་ཤེས་ཆགས་ཡོང་ངེས་རེད། སྔོན་དུས་སུ་ཨི་ཟི་རེལ་གྱི་ཁད་ཉེའི་དགྲ་བོ་ཚང་མ་ལ་ལ་ནི་རྒྱལ་པོས་དབང་སྒྱུར་མཁན་དང་། ལ་ལ་ནི་སྲིད་དབང་སྒེར་བདག་པ། ལ་ལ་ནི་དྲག་པོའི་དམག་དཔུང་གིས་དབང་འཛིན་མཁན་ཡིན་པས་ཁོང་ཚོ་གཅིག་མཐུན་གྱིས་ཨི་ཟི་རེལ་ལ་རྒོལ་རྡུང་བྱེད་ཐུབ་ཀྱིན་མེད། ཡིན་ན་ཡང་ཨི་ཟི་རེལ་གྱི་ཁྱིམ་མཚེས་ཚོ་ཨི་ཟི་ལམ་མཐུན་ཚོགས་རྗེ་ཧ་དྷི་རིང་ལུགས་འཛིན་པ་ཚོའི་ལག་ཏུ་སྲིད་དབང་ཤོར་བཞིན་ཡོད་པ་དེ་ཏན་ཏན་ཨི་ཟི་རེལ་གྱི་གྱོང་གུད་ཆེན་པོ་ཞིག་ཡིན་པར་ཐེ་ཚོམ་མེད་དོ།།

རྩོམ་རིག

Post navigation

Previous Post: མི་བཟང་ཡང་འཁྲུལ་ཤེས་ཀྱིས་མི་སླུ་བའི་ངེས་པ་མེད།
Next Post: མཁྱེན་རབ་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་དམར་སེར་དགེ་འདུན་གྱི་སྡེ་ལ་ཤ་ཞེན་ཟབ་པའི་རྒྱ་ཆེན་སྨྱུག་ཐོགས་པ་དག་གི་དྲུང་དུ་ཞུ་བྱ།

Comments (6) on “རྩོད་རྙོགས་འདི་ཚོའི་མཇུག་འབྲས།”

  1. མེ་ཏོག་དཀར་པོ says:
    2012-11-25 at 2:01 am

    པ་ལིས་ཏན་ནང་ཧ་མས་རྟེན་གཞི་བྱེད་བཅུག་པ་ཙམ་གྱིས་པ་ལིས་ཏན་ཨི་ཛི་རལ་གྱི་དགྲ་བོ་ཆགས་པ་རེད། དེས་ན་པ་ལིས་ཏན་གྱིས་དྲག་རྒོལ་བྱས་ལ་ཉིད་ནས་ཨི་ཛི་རེལ་གྱིས་དེ་ལས་ལྡབ་ཁ་ཤས་ཀྱི་དྲག་ལན་སྤྲད་པ་ནི་སྙིང་ཚིམ་པ་ཞིག་རེད།

  2. ཇ་མ་ says:
    2012-11-25 at 3:44 am

    བཀའ་དྲིན་ཆེ།

  3. Rinchen Dhondup says:
    2012-11-25 at 4:24 am

    བཀའ་དྲིན་ཆེ། སྐུ་ཉིད་ཀྱི་དཔྱད་རྩོམ་དག་ལས་ང་ཚོའི་བློ་རྒྱ་འཕེལ་ཞིང་སྙིང་སྟོབས་རྒྱས་པས།་ད་དུང་མུ་མཐུད་ང་ཚོའི་མུན་སེལ་སྒྲོན་མེའི་ཚུལ་དུ་འཚོ་བཞུགས་ཡོང་བ་ཞུ།

  4. ཆོས་འཕེལ་དར་རྒྱས་ says:
    2012-11-25 at 5:28 am

    དེ་ཡང་པ་ལི་སི་ཐན་དང་ཨེ་ཟིལ་བར་གྱི་རྩོད་རྙོག། རྒྱ་གར་དང་པ་ཁེ་སི་ཐན་བར་གྱི་རྩོད་རྙོག མཐའ་ན་རྒྱ་དང་བོད་བར་གྱི་རྩོད་རྙོག་གང་ལ་བལྟས་ན་མཐའ་མེད་པ་འདི་བཟོ་མཁན་རྒྱལ་སྤྱི་ཚོགས་འདི་ཡིན་པར་མཐོང་། གང་ཞིག་གིས་སོ་སོའི་ཁེ་ཕན་ལ་བལྟས་ནས་མཁོ་དུས་ལྷ་དང་མི་མཁོ་དུས་གླུད་བྱས་དང་བྱེད་བཞིན་པ་ཧ་གོ་ནས་གོང་དུ་བརྗོད་པའི་ཡུལ་གྲུ་སོ་སོས་མཐུན་ལམ་ལ་འབད་པ་གལ་ཆེ་མཐོང་།

  5. སྲོག་གཅོད says:
    2012-11-25 at 11:59 am

    ནང་གྱོད་ཀྱི་ཁ་རྩོད་ལས་བརྒལ་བའི་རྩོམ་ཡིག་འདི་དག་ངོ་མ་ཡག་པོ་འདུག ཁ་རྩོད་ཙམ་ལས་ལེན་རྒྱུ་གང་ཡང་མེད་ལ་དབུ་མ་དང་རང་བཙན་གྱི་མིང་ཙམ་ལས་ཆབ་སྲིད་ནི་ཟ་འཐུང་གང་ཡིན་གསལ་ཆ་མེད་པའི་ཆབ་སྲིད་རྩོམ་པ་པོ་དང་ཆབ་སྲིད་སྙན་ངག་པ་ལས་ཅུང་ཙམ་བརྒལ་ཐུབ་པའི་རྩོམ་ཡིག་ཅུང་འགྱོགས་རན་ཡོད་པའི་རྩོམ་ཡིག་འདི་དང་འདི་ལྟ་བུའི་རྣམ་པ་གཞན་དུ་གོམ་ལེན་ཐུབ་རྒྱུ་དེ་གལ་ཆེན་པོ་རེད་འདོད་ཀི

  6. གནམ says:
    2012-11-25 at 7:39 pm

    (མེ་སྒྱོགས་ཕལ་ཆེ་བ་བར་སྣང་ནས་གད་འགྲོ་བ་མ་གཏོགས་ཨི་ཟི་རེལ་གྱི་ས་ཐོག་ཏུ་ཁེལ་མི་ཐུབ།) འདི་བདེན་པ་མ་རེད། ཁ་ཆེ་ཁོང་ཚོའི་འགད་རྫས་འཕུར་མདའ་ལ་མི་གསོད་འགད་གཏོར་བྱེད་པའི་འཕུར་ཤུགས་ནུས་ཤུགས་ཆ་ཚང་ལྡན་པ་ཡོད་ན་ཡང་། དེ་ནི་ཨེ་སུ་རེལ་གྱི་(ཀེ་པ་)མེ་སྒྱོགས་གྱིས་བར་སྣང་ནས་སར་ལྷུང་དུ་མ་བཅུག་པར་བཀད་གཏོར་གཏོང་གི་ཡོད་པ་རེད། མེ་སྒྱོགས་དེས་བར་སྣང་ནས་བཀད་གཏོར་གཏོང་ཐུབ་པས་མ་ཚད། དེ་དག་གྲོང་ཁྱེར། གྲོང་གསེབ། ས་སྟོང་སོགས་གང་གང་དུ་ཟགས་འགྲོ་བའི་སྔོན་རྩིས་གྱི་ཐིག་རིས་འཐེན་ཐུབ་པའི་རྩིས་འཁོར་གྱི་ཀླད་པ་ཆེ་མཐོ་བའི་རྗེའུ་མི་རིགས་ཀྱི་ཀླད་པ་ཞིག་རེད། ཡིན་ན་ཡང་དཔལ་འབྱོར་སོགས་མཐུན་རྐྱེན་གྱིས་མ་འདང་བར་བརྟེན་དེ་འདྲའི་མེ་སྒྱོགས་མང་པོ་མེད་པ་ཡིན་ཙང་། ས་སྟོངས་སོགས་ཉན་ཁ་མེད་པའི་གནས་ལ་ལྷུང་ན་ལྷུང་དུ་འཇུག་པ་དང་། ཡང་དུས་མཉམ་དུ་འགད་རྫས་འཕུར་མདའ་མང་པོ་སྡེབ་གཏོང་བྱོས་ན་ཡང་དཀའ་ཙམ་ཡོད་པས་གནས་ཡིན་པ་རེད། ཀེ་པ་མེ་སྒྱོགས་མེད་པ་ཡིན་ན། ད་ལྟ་ཨེ་སུ་རལ་རྒྱལ་ཁབ་ཐལ་དང་རྡུལ་ལས་མི་ལྷག་པ་གསལ་བོ་ཡིན་པ་ཕྱོགས་གཉིས་ཆས་ངོ་འཛིན་བྱེད་བཞིན་པ་རེད། རྒྱལ་ཁབ་གཞན་ན་འདི་དང་ཆ་འདྲ་ཙམ་ལས་དེ་འདྲའི་ཚད་དང་ཚོད་ཐུག་པའི་ཀེ་པ་ཞིག་ཡོད་ཚོད་མི་འདུག།
    བཤད་ཚུལ་འདི་འདྲ་ཞིག་འདུག།
    དེང་སང་གི་ཆུང་ཕྱོགས་པ་ཚོས། གཞུང་གི་ཆོས་ཕྱོགས་གྱི་འགྲོ་སྒོའི་མ་ངུལ་ཚང་མ་(ཀེ་པ)་མེ་སྒྱོགས་བཟོ་སྤྱད་ལ་གཏང་བ་ཡིན་ན་རྒྱལ་ཁབ་ལ་ཕན་པ་ཆེ་བ་ལས། ལས་མེད་ཆོས་བ་ཚོ་གསོས་ན་རྒྱལ་ཁབ་ལ་གནོད་ཞིག་ལས་ཕན་པ་མི་འདུག་ལབ་པ་རེད། དེ་ལ་ཆོས་བ་དེ་ཚོས། ང་ཚོའི་ཆོས་དང་ཆོས་ཀྱི་ཀླད་པ་འདི་མེད་པ་ཡིན་ན་ང་ཅག་ཚང་མ་མི་རིགས་གཞན་དང་མ་འདྲ་བའི་ཀླད་པ་ཞིག་ཡོད་མི་ཆོག་པ་དང་། དེའི་མ་ཚད། ང་ཚོས་དཀོན་མཆོག་ལ་གསོལ་བ་བཏབ་པའི་མཐུ་མེད་ན། དཀོན་མཆོག་གིས་ང་ཚོ་ལ་ཡང་ཡང་རིག་པའི་རྩེ་དང་འབྱོར་བའི་ཕུད་སོགས་གཞན་ལས་ལྷག་པ་ཞིག་སྟེར་མི་སྲིད་ལབ་པའི་ལན་དེ་ནས་བཟུང་ཆོས་སྲིད་གཉིས་ཀྱི་དབུ་འཕང་གཅིག་དུ་འགྲོ་དགོས་པའི་རྣམ་ཤེས་དེ་ཡང་སྐྱར་ཚུར་ལ་འཁོར་ཡོད་པ་རེད།

    གོང་གི་འདི་གསལ་བཤད་ཙམ་ལས་སྤོབས་པའི་ཚིག་དོན་གཉིས་ལ་ནམ་ཀུན་གུས་ཞིང་སྨོན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme