Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མ་བུ་གསུམ་གྱི་ཚབ་ཞུས་ནས་གླིང་ཚ་ཚེ་རྡོར་ལ་སྤྲིངས་པའི་ཀ་འཕྲིན།

Posted on 2012-11-242012-11-24 By ཁ་བརྡ་ 5 Comments on མ་བུ་གསུམ་གྱི་ཚབ་ཞུས་ནས་གླིང་ཚ་ཚེ་རྡོར་ལ་སྤྲིངས་པའི་ཀ་འཕྲིན།

སྤྲུལ་སྐུ།

ཀ་ཡེ་སྙིང་སྡུག་གླིང་ཚའི་ཕོ་རྒོད་ལགས།།
ཁ་བའི་ལྷ་སྲས་ཞི་མོ་ཐར་མོ་མཚོ།།
ག་ཆད་ངང་ནས་ཨ་ཕར་འབོད་ཐེངས་རེས།།
ང་ཡི་གློ་སྙིང་སྟེང་འོག་བརྗེས་ཙམ་བྱུང་།།

ཅ་དག་དུང་སོ་བཅུ་ཡིས་ཞལ་བརྒྱན་ཏེ།།
ཆ་མེད་བཙོན་དུ་བཞུགས་པའི་ཕ་ལོར་ཅེར།།
ཇ་འོ་མངར་མོ་བཏུང་ནས་འགྲེ་ལྡོག་དང་།།
ཉྭ་བགྲོད་གོམ་གསུམ་མདུན་བསྐྱོད་བྱེད་འགོ་ཚུགས།།

ཏ་ལེར་འཚར་ལོངས་ངག་སྐྱོར་ཚིག་འཛིན་ངར།།
ཐ་ན་ར་ལུག་འབའ་སྒྲའི་སྐད་ཀྱང་ཤེས།།
ད་ལོར་འཛིན་རིམ་འགྲིམ་པས་སྤྲོ་སྣང་བལྟས།།
ན་ཚ་མེད་ཀྱང་གཤིས་ཀར་འགྱུར་ལྡོག་ཆེ།།

པ་འགོ་བལ་གཞུང་ཁྲིམས་ལུགས་མེད་དང་གཅིག །
ཕ་རྒན་གླིང་ཚར་ཁྲེལ་གཞུང་མེད་དང་གཉིས།།
བ་གླང་ལྟ་བུའི་བོད་རིགས་ཀླད་མེད་གསུམ།།
མ་རྒན་ང་ལ་ལན་ཆགས་གང་ནས་བྱུང་།།

ཙ་དར་མགོ་ལ་དཀྲིས་ནས་ཕྱིར་ཐོན་ཚེ།།
ཚ་མེད་ཟས་བཞིན་འཚོ་བའི་བྲོ་བ་ཡལ།།
ཛ་དྲག་བོད་མིའི་གནས་ཚུལ་མིག་མཐོང་ཚེ།།
ཝ་མོ་བརྒྱལ་བཞིན་ཡིད་སེམས་ལྐུགས་ནས་འགྲོ །

ཞྭ་གོས་ལྷམ་སོགས་གྲལ་འགྲིག་འཇིའུ་རིགས་ཚོར།།
ཟ་འཆག་དུས་བཞིར་བཟའ་ཚང་འབྲལ་བ་མེད།།
འ་ཅག་བྱེའུ་ཕྲུག་ཚང་ནས་ལུས་འདྲ་བས།།
ཡ་མཚན་གནས་སྟངས་འདི་ལ་སྐྱུག་རེ་བྲོ།།

ར་ལུག་རྫི་བོར་གོམས་པའི་འབྲོག་ཕྲུག་ཅིག །
ལ་གོར་ཚོང་འདུས་ཆེ་བའི་ཡུལ་ལྗོངས་ནས།།
ཤ་ཁྲག་རུས་གསུམ་སྨྱུག་མིང་རྒྱབ་ཁུར་ཏེ།།
ས་ལམ་རྐང་བགྲོད་བྱས་པར་སུས་གཟིགས་སམ།།

ཧ་ཅང་སྐྱིད་པའི་བཟའ་ཚང་མཐུན་པོ་ཞིག །
ཨ་ཁ་གློ་བུར་རྨི་ལམ་བཞིན་དུ་བོར།།
ཧ་དགོད་ཉི་མ་ཐུང་བའི་ལོ་ཟླའི་ཕྲེང་།།
ཨ་གསར་མིན་ཀྱང་ཡལ་བའི་ཚུལ་འདིས་སྐྱོ།།

ཞེས་༢༠༡༢/༡༡/༢༤ཉིན་ཨ་རི་ནས་བྲིས།

འཕྲིན་ཡིག

Post navigation

Previous Post: དེ་རིང་གི་གནས་ཚུལ།
Next Post: མི་བཟང་ཡང་འཁྲུལ་ཤེས་ཀྱིས་མི་སླུ་བའི་ངེས་པ་མེད།

Comments (5) on “མ་བུ་གསུམ་གྱི་ཚབ་ཞུས་ནས་གླིང་ཚ་ཚེ་རྡོར་ལ་སྤྲིངས་པའི་ཀ་འཕྲིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-11-25 at 12:23 am

    ཀ་ཡེ་ཀ་ཕྲེང་གླིང་ཚར་སྤྲིངས་པའི་ནང་། །
    ཁ་བའི་ལྷ་སྲས་ཞི་བའི་ངོ་རྒོལ་པ། །
    ག་ནས་བལྟས་ཀྱང་བཙན་བྱོལ་བོད་རིགས་ནང་། །
    ང་ཡིས་བརྩི་འཇོག་དང་པོ་ཁྱོད་ཉིད་ལགས། །

  2. འདྲེ་རྐང་ཐོ། says:
    2012-11-25 at 12:24 am

    ཀ་ཡེ་ཕ་རྒན་ཚེ་བརྟན་རྡོ་རྗེ་ལགས། །
    ཁ་བའི་འཐབ་རྩོད་གནང་བ་ལེགས་མོད་ཀྱང་། །
    ག་ལེར་ཞིབ་མོར་འདང་ཞིག་བརྒྱབ་བྱས་ཏེ། །
    ང་ཚོ་མ་བུ་གསུམ་པོ་མ་བརྗེད་ཨང་། །

  3. ཀརྡོ་གཉེར་ཕྱག་པ་ says:
    2012-11-25 at 12:42 am

    མ་བུ་མ་བརྗེད་གླིང་ཚ་ལགས། །
    བ་དན་རྟག་ཏུ་ལག་བཟུང་བཞིན། །
    ཕ་ཡུལ་རང་དབང་ཐོབ་ཕྱིར་འབད། །
    པ་ཕ་གླིང་ཚར་འབེལ་གཏམ་ལགས། །

  4. ཁ་བའི་རྡུལ་བརྩེགས། says:
    2012-11-25 at 1:27 am

    ཀ་ལྟར་འཁྱོག་མེད་བདེན་པའི་རྒྱབ་ཏུ་སྐྱོར།།
    ཁ་བ་གདོང་དམར་བདེ་སྡུག་ཆེད་དུ་བརྩོན།།
    ག་ཚོད་འཕྲང་ཀྱང་མི་ཞུམ་སྙིང་སྟོབས་ཅན།།
    ང་ཡིས་དུང་བའི་དཔའ་བོ་གླིང་ཚ་ཁྱོད།།

  5. ཆོས་འཕེལ་དར་རྒྱས་ says:
    2012-11-25 at 4:29 am

    ཨེ་ཇེབ་ཡུལ་ལ་འགྲོ་བའི་དུས།
    ཨེ་ཟེལ་མ་བུའི་སྐྱིད་སྡུག་ཀློག
    ཨེ་མ་གངས་ལྗོངས་ལྷ་སྲོང་རྣམས།
    ཨེ་ཟིལ་མ་བུའི་ལས་ལ་ལྟོས།
    ཞེས་ཨེ་ཇེབ་ལ་ཐོན་ལ་ཡོད་ཁར་ཝེ་ཡ་ནའི་གནམ་ཐང་ནས་བྲིས་བའོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme