Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨིན་ཡིག་གི་དྲ་དེབ་གྲགས་ཅན་ཞིག

Posted on 2012-11-242012-11-24 By དགེ་རབ་ 5 Comments on ཨིན་ཡིག་གི་དྲ་དེབ་གྲགས་ཅན་ཞིག

ཉེ་ཆར་ནིའུ་ཡོག་ལ་བསྐྱོད་སྐབས་སུ་རང་ཉིད་ཀྱི་གྲོགས་པོ་འགའ་དང་གླེང་སློང་བྱེད་རྒྱུའི་གོ་སྐབས་བྱུང་། ང་ཚོར་སྐད་ཆ་བཤད་རྒྱུ་ཧ་ཅང་མང་པོ་འདུག བོད་གཞུང་གི་བཟང་ངན་དང་། སྔ་དེང་གི་མི་ངོ་ཤེས་མི་ཤེས་ཚོའི་ལོ་རྒྱུས། ལི་ཐང་ཨ་ཐར་སོགས་ཁམས་པ་དཔའ་བོ་ཚོའི་ལོ་རྒྱུས་སོགས་སྐད་ཆ་ལ་རྫོགས་རྒྱུ་མི་འདུག མཚམས་ཤིག་ལ་ཕར་བལྟས་ཚོད་ལ་ར་ཡང་ཅུང་ཙམ་བཟི་ཡོད་པ་འདྲ་བའི་གྲོགས་པོ་དེས་འདི་ལྟར་བཤད་བྱུང་། “དྲ་རྒྱ་ཐོག་ན་བཀླགས་ན་ཐང་ཆད་རྒྱུ་མེད་པའི་དྲ་དེབ་ཅིག་འདུག དེ་ལ་ Mountain Phoenix over tibet ཞེས་འབོད་ཅིང་། དེ་ལ་བལྟས་པ་ཡིན་ན། ཆང་གིས་ལང་ཤོར་པ་ཇི་བཞིན་ལང་ཤོར་བ་ཞིག་ཆགས་ཀྱི་རེད།”ཅེས་ཆང་གི་ཤེལ་དམ་ལ་མཛུབ་མོ་བཙུགས་ནས་བཤད་བྱུང་། ངས་ “དེ་འདྲ་ཡིན་ན་ང་ལ་ཡི་གེ་དེ་བྲི་རོགས་གནང་”ཞུས་པ་ཡིན། ཁོང་གིས་ཡི་གེ་དེ་བྲིས་ནས་ང་ལ་སྤྲད་བྱུང་། དྲ་དེབ་འདི་རྩོམ་མཁན་དེ་སུ་ཡིན་མིན་ཁོང་ལའང་བཤད་རྒྱུ་མི་འདུག འདི་ཡིན་ན། དེ་ཡིན་ན། དྭོགས་པ་འགའ་ཞིག་རེད། ང་ཚུར་ཁྱིམ་དུ་སླེབས་ནས་དྲ་དེབ་ལ་ཐེངས་གཅིག་གཉིས་ཤིག་བལྟས་པ་ཡིན། དྲ་དེབ་ཀྱི་རྩོམ་རྣམས་ནི་བརྗོད་གཞི་སྣ་ཚོགས་པ་ཞིག་གི་སྟེང་དུ་རྩོམ་འབྲི་རྩལ་ཧ་ཅང་མཁས་པོ་ཞིག་གིས་བྲིས་འདུག དེ་དག་ཀྱང་རྩོམ་པ་པོ་རང་གི་མྱོང་བ་ལ་སྦྱར་ནས་བྲིས་ཡོད་པ་དང་། བརྗོད་གཞི་གང་འདྲ་ཞིག་ལ་ཡིན་ན་ཡང་བརྗོད་གཞི་དེའི་གནད་དོན་ལ་ཅི་འཁྱོལ་འཁྱོལ་གྱིས་བསྐྱལ་འདུག རྩོམ་ཡིག་རྣམས་ལ་དཔར་སྐྲུན་བདག་དབང་ཅན་དུ་བྱས་འདུག་སྟབས་ཕྲན་གྱིས་ཚིག་ཕྲེང་འགའ་ཕབ་བསྒྱུར་བྱེད་པའི་ཚོད་ལྟ་ཡང་མ་བྱས།
དྲ་དེབ་དེའི་ངོ་སྤྲོད་དུ་སྤེལ་བ་ལྟར་ན། དྲ་དེབ་རྩོམ་པ་པོ་ནི་ནུབ་ཕྱོགས་སུ་སྐྱེས་ཤིང་འཚར་བའི་བོད་རིགས་བུད་མེད་ཅིག་ཡིན་པ་དང་། བོད་ལ་ཡང་ཡང་ཕེབས་བསྐྱོད་བྱེད་ཀྱི་ཡོད་པའི་སྐོར་ངོ་སྤྲོད་བྱས་འདུག
དྲ་དེབ་དེའི་ཁ་བྱང་ནི་འདི་རེད། གཟིགས་ཙམ་གནང་དང་།
http://mountainphoenixovertibet.blogspot.com

གསར་འགྱུར།

Post navigation

Previous Post: རང་ལུས་མེར་སྲེག་མཚམས་འཇོག་དགོས་སམ་མི་དགོས།
Next Post: དེ་རིང་གི་གནས་ཚུལ།

Comments (5) on “ཨིན་ཡིག་གི་དྲ་དེབ་གྲགས་ཅན་ཞིག”

  1. གཅན་བཟོད་རྒྱམ། says:
    2012-11-24 at 11:23 pm

    ཐོག་མར་དགེ་རབ་ལགས་ཀྱིས་དྲ་དེབ་ངོ་སྤྲོད་གནང་བྱུང་བར་བཀའ་དྲིན་ཆེ་ཞུ། དེ་ནས་དྲ་དེབ་དངོས་ལ་ལྟ་རུ་འགྲོ་འོ།།

  2. ཟུར་གནས། says:
    2012-11-24 at 11:30 pm

    དེ་མ་གཅིག་ཚོགས་པའི་བློ་བཟང་རབ་རྒྱས་ཀྱི་རྩོམ་ཡིག་ཁག་མཉམ་བཀོད་ཀྱི་དྲ་དེབ་ཡིན་ཚོད། ཁོང་ལ་སྐད་ཆ་དྲིས།

  3. ཡིག་བསྒྱུར་བ། says:
    2012-11-25 at 3:31 am

    ཁོ་མོའི་རྩོམ་གཅིག་སྐར་ཁུང་དྲ་བས་བསྒྱུར་འདུག
    http://karkhung.com/?p=364#more-364

  4. བོད་ལ་ཞེན། says:
    2012-11-25 at 4:31 am

    དེའི་ནང་བོད་གཞུང་གི་བཟང་ངན་ཟེར་དུས་བཟང་ངན་མ་ངེས་པར་བཤད་པ་དང་། ཨ་ཐར་སོགས་དཔའ་བོ་ཟེར་དུས་བཟང་པོར་ངེས་འདུག དེ་འདྲ་སོང་ཙང་སྣང་བ་འགྲོ་མ་སོང་། གཞུང་ལ་ཡང་སྐྱོན་ཆ་ཡོད་ལ་ཨ་ཐར་ལ་ཡང་བྱས་ཉེས་གཉིས་ཀ་ཡོད་།

  5. བཀྲ་ཡེ་ཚང་། says:
    2012-11-25 at 6:37 am

    ཧ་གོ་སོང་་་བོད་གཞུང་གི་བཟང་ངན་དང་་་་་ཁམས་པ་དཔའ་བོ་ཚོའི་སྐོར་བཤད་ཡིན་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme