Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱིན་ཇི་དང་ཨ་རི་སོགས་ཀྱི་ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་ཞེས་པའི་དུས་ཆེན་ཞིག

Posted on 2012-11-232012-11-23 By ཁ་བརྡ་ 7 Comments on དབྱིན་ཇི་དང་ཨ་རི་སོགས་ཀྱི་ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་ཞེས་པའི་དུས་ཆེན་ཞིག

སྤྲུལ་སྐུ་དབང་ཆེན།

ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་དེ་ནི། སྤྱིར་བཏང་ཡི་ཤུ་ཆོས་ལུགས་པ་དང་སྟོན་འབྲས་བསྡུ་བའི་ནམ་དུས་ཀྱི་རྟེན་འབྲེལ་མཛད་སྒོ་ཞིག་ཡིན་པར་བཤད། དུས་སྟོན་དེ་ལྷོ་ཨ་མི་རི་ཀ་ལ་དར་སྲོལ་ཡོད་ནའང་ཐོག་མར་དབྱིན་ཇིའི་ཡི་ཤུའི་ཆོས་ལུགས་གསར་མ་ལེགས་བཅོས་བྱུང་རྗེས་སུ་དར། སྐབས་ཤིག་ལ་དབྱིན་ཇིའི་སྟོན་ཐོག་བསྡུ་བའི་དུས་མཆོད་ལྟ་བུ་ཞིག་ཏུ་བརྩི་སྲོལ་བྱུང་ཡང་སྟོན་དུས་དེ་ནི་སྤྱི་ཟླ་བཅུ་གཅིག་སྔོན་ལ་ཡིན་ཀྱང་མཛད་སྒོ་དེ་ཟླ་བ་བཅུ་གཅིག་ལ་གཏོང་གི་ཡོད། སྤྱི་ལོ་༡༥༣༦ ལོར་ཧན་རིའི་བརྒྱད་པའི་རྒྱལ་སྲིད་བསྐྱངས་སྐབས་དམིགས་བསལ་ཆོས་ལུགས་དང་འབྲེལ་ནས་ཐུགས་རྗེ་ལེགས་འབུལ་གྱི་སྲོལ་རྒྱུན་དེ་གཙུག་ཆེར་འཛིན་ཅིང་སྐབས་དེ་དུས་ཀྱི་རོ་མན་ཐོ་ལིག་ཆོས་ལུགས་ཀྱི་ལོ་ཐོའི་རེའུ་མིག་ནང་འགོད་པའི་ལྷ་ཁང་གི་དུས་ཆེན་༩༥་དང་གཟའ་ཉི་མའི་དུས་ཚིགས་༥༢་བཅས་ཁྱོན་བསྡོམ་དུས་ཆེན་༡༤༧་ཁག་ལ་མི་དམངས་ཀྱི་ལས་ཀ་འཕྲོ་ཆད་བྱས་ནས་ལྷ་ཁང་ལ་འགྲོ་མི་ཐུབ་པ་དང་མཚམས་རེར་ལས་གླ་འཕར་སྣོན་བྱེད་དགོས་པ་སོགས་དཀའ་ངལ་དུ་མ་ཞིག་མཆིས་པ་རྣམས་སྤྱི་ལོ་༡༥༣༦་ལོར་ལྷ་ཁང་གི་དུས་ཆེན་ཁག་ཉི་ཤུ་རྩ་བདུན་དུ་ལེགས་བཅོས་བྱས་འདུག དེ་མིན་གཞན་རིག་གསར་སྡོམ་ཁྲིམས་པ་མང་པོ་ཞིག་གིས་གཞི་རྩའི་དུས་ཆེན་ཁག་ཡོངས་རྫོགས་མེད་པར་བཟོ་དགོས་པའི་གྲོས་གཞི་ཞིག་བཞག་པའི་ནང་༼ཁུར་སི་མའུ་སི༽ཡི་ཤུའི་འཁྲུངས་སྐར་དང་༼ཨིསྚིར༽ཡི་ཤུ་བསྐྱར་གསོའི་དུས་ཆེན་སོགས་ཡང་ཆུད་ཡོད། དུས་ཆེན་དེ་ཚོའི་ཚབ་ལ་དམིགས་བསལ་གི་༼ཧྥ་སི་ཋིན༽བསྙུང་གནས་དུས་ཆེན་དང་ཐུགས་རྗེ་ལེགས་འབུལ་གཉིས་བསྲུང་རྩི་བྱེད་པས་དགོས་འདུན་བཏོན་པ་རེད། གློ་བུར་རྐྱེན་ངན་བར་ཆད་བཟློག་ཕྱིར་བསྙུང་བར་གནས། ཐུགས་རྗེ་ལེགས་འབུལ་གནམ་ལྷས་ཡིད་བཞིན་དངོས་གྲུབ་སྩོལ། ཞེས་དཔེར་ན་སྤྱི་ལོ་༡༦༡༡་ལོར་ཐན་པས་འཇིགས་པ་དང་དེ་བཞིན་༡༦༡༣་ལོར་ཆུ་ལོག་གིས་འཇིགས་པ། ༡༦༠༤་དང་༡༦༢༢་ལོར་ནད་ཡམས་དྲག་པོའམ་ལྷའི་བཀའ་ཆད་ཀྱིས་འཇིགས་པ་སོགས་བཟློག་ཕྱིར་བསྙུང་བར་གནས་པས་དམ་བཅའ་བཞག ཐུགས་རྗེ་ལེགས་འབུལ་ནི་༡༥༨༨་ལོར་སི་པེ་ནེའུ་ཤིའི་དམག་གྲུའི་དཔུང་ཚོགས་ལས་རྣམ་པར་རྒྱལ་ཏེ་༡༧༠༥་ལོར་རྒྱལ་མོ་ཨཱ་ནན་ཕྱིར་ལོན་ཏེ་རྒྱལ་ཁའི་ངང་ལྷ་ལ་ཐུགས་རྗེ་ལེགས་འབུལ་གྱིས་དུས་སྟོན་བསྲུང་བརྩི་ཞུས་པས་སྔོན་མ་༡༦༠༥་ལོར་མེ་མདའི་རྫས་ཕྱེ་སྟབས་ལེགས་མ་བྱུང་བས་Guy Fawkes Day ཟེར་བའི་དུས་ཆེན་དེ་བོར་བའི་རྗེས་སུ་སྤྱི་ལོ་༡༦༠༦་ལོར་ཐུགས་རྗེ་ལེགས་འབུལ་གྱི་དུས་ཆེན་དེ་ཤར་བར་བཤད། དང་པོ་ཐུགས་རྗེ་ལེགས་འབུལ་གྱི་ཞལ་ཟས་གཙོ་བོ་དེ་ཉ་ཤ་ཡིན་ནའང་རིམ་བཞིན་ཏུར་ཀིའི་བྱ་ཤ་ཟ་སྲོལ་དར། ཁ་ནཱ་ཏྲའི་མི་དམངས་ཀྱི་ཐུགས་རྗེ་ལེགས་འབུལ་དེ་སྤྱི་ཟླ་བཅུ་པའི་ཚེས་གཉིས་ཉིན་ལོ་ཐོག་བསྡུས་ཚར་ནས་དུས་ཆེན་ལ་རོལ་བའི་སྲོལ་ད་བར་བྱུང་། ཨ་རིར་སྤྱི་ལོ་༡༨༦༣་ནས་སྲིད་འཛིན་དྲིལ་བསྒྲགས་ཀྱི་རྟེན་འབྲེལ་དང་མཉམ་དུ་ཐུགས་རྗེ་ལེགས་འབུལ་ཞུ་སྲོལ་བྱུང་། དེ་ནས་རིམ་བཞིན་སྤྱི་ལོ་༡༩༥༡་ལོར་སྤྱི་མཐུན་སྲིད་གཞུང་གི་ཁྲིམས་བཟོ་བ་ཚང་མས་སྤྱི་ཟླ་བཅུ་གཅིག་པའི་གཟའ་ཕུར་བུ་བཞི་པ་ལ་དུས་ཆེན་དེར་རོལ་བའི་སྲོལ་བཙུགས་པ་ད་ལྟའི་བར་དུ་གནས། ཨ་རི་བའི་ཐུགས་རྗེ་ལེགས་འབུལ་གྱི་བྱུང་རབས་དེ་ནི་ལོ་གཅིག་གི་སྟོན་ཐོག་བསྡུ་བའི་དུས་ཚིགས་རྟེན་འབྲེལ་ལ་ངོས་འཛིན་བྱེད་ཅེས་ཟེར། དེང་སང་ཨ་རི་བ་དང་ཁ་ནཱ་ཏྲར་མཚོན་ན་ཐུགས་རྗེ་ལེགས་འབུལ་དང་ཡི་ཤུའི་འཁྲུངས་གཉིས་ནི་ལོ་གཅིག་ནང་ཁ་འཐོར་དུ་ཡོད་པའི་ནང་མི་ཚང་མ་མཉམ་འཛོམས་དང་ཕན་ཚུན་ལེགས་སྐྱེས་འབུལ་རེས་ཀྱི་དུས་ཆེན་གལ་བོ་ཆེ་ཞིག་ཏུ་འཁུམས། །

ལོ་རྒྱུས།

Post navigation

Previous Post: མེ་འབར་ནས་འཁྲིས་ལ་སླེབས་སོང་བ་འདྲ།
Next Post: སེམས་ཀྱི་འདུན་མ།

Comments (7) on “དབྱིན་ཇི་དང་ཨ་རི་སོགས་ཀྱི་ཐུགས་རྗེ་ལེགས་འབུལ་གྱི་ཉི་མ་ཞེས་པའི་དུས་ཆེན་ཞིག”

  1. རྒྱ་གར་རྨ་བྱ། says:
    2012-11-23 at 9:41 pm

    གོ་རྟོགས་ཀྱི་ཤེས་བྱར་གནད་པས་ལེགས་པོ་འདུག ཐུགས་རྗེ་ཆེ།

  2. dechensemkyi says:
    2012-11-24 at 1:29 am

    ཤེས་བྱ་གནད་ཅན་ཞིག་ངོ་སྤྲོད་བྱས་འདུག་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་ཡིན་ན་བྱ་རྒན་དེ་ཟ་དུས་དེ་ཟ་བའི་སྲོལ་དར་བའི་ལོ་རྒྱུས་ཤིག་ཀྱང་སེམས་ངོར་ཤར་རྒྱུ་ཡོད་པས་ཇེ་ཞིམ་ལ་སོང་ཡོད་ཐག་ཆོད་ཡིན།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-11-24 at 1:38 am

    ལེགས་བཤད་གསར་པ་མང་པོ་འདུག་ཀྱང་དུས་ཚིགས་དེར་ཉ་ཤ་དང་བྱ་ཤ་ཟ་དགོས་པ་ནི། སྲོལ་ངན་རེད་དོ། །

  4. ཏི་སི། says:
    2012-11-24 at 3:58 am

    སྔོན་ལོ་ཞིག་རང་་ཨ་རི་ལ་སོང་སྐབས་སུ་སྐབས་དེར་དུས་ཐོག་འདིསི་སྒང་ལ་རེད། ཡང་བོད་ནང་མའི་ཁ་ཤས་ཚང་འཛོམ་གྱིས་ཆུས་བྱ་དེ་སྡེར་ཁ་བསྒྲིགས་བཀོད་དང་ཨ་རི་བ་ངོ་ཤེས་ཀྱང་མཉམ་དུ་ཟ་བཞིན་འདུག་པས་བློ་ཕམ་གྱིས་རང་བཞིན་རེད།
    བལ་ཡུལ་དུ་dasher དུས་ཆེན་དང་གཅུག་། ཨ་རི་དང་ཀེ་ན་ཌ་ ལ་ཆུ་བྱ་འབུམ་ཕྲག་ཉིན་གཅིག་དུས་གཅིག་དགུང་ཟས་ལ་སྤྲོ་ཚོགས་བྱས་པ་རེད་། བོད་པ་ཚོ་དེ་སྐབ་སྐུ་མགྲོན་ལ་ཕེབས་པ་དང་དུས་ཆེན་ངོས་ལེན་གནང་ནའང་ཟ་མ་དེ་མ་ཟ་བ་ཞུ་།

  5. ལོ་མ་ལྗང་ཁུ་། says:
    2012-11-24 at 11:48 am

    ཨ་ཁ་། ཐུཊ་རྗེ་ལེགས་འབུལ་གྱི་ཉི་མ་ནི་ཨ་རི་ལས་དབྱིན་ཇིར་ཡོད་པ་མ་རེད་།

  6. སྤྲུལ་སྐུ་དབང་ཆེན། says:
    2012-11-24 at 4:41 pm

    དབྱིན་ཇི་ལུང་པ་ནས་ཐུགས་རྗེ་ལེགས་འབུལ་གྱི་ལུགས་སྲོལ་འདི་དར་ཡང་དེང་སང་དངོས་སུ་ཨ་རི་ལྟ་བུ་ཞིག་མེད་ཀྱང་སྟོན་ཐོག་གྱི་དགའ་སྟོན་ནམ་སྟོན་ཟླའི་དགའ་སྟོན་ཟེར་བ་ཞིག་ཡོད་པ་དེ་ཐུགས་རྗེ་ལེགས་འབུལ་དང་གཅིག་མཚུངས་སུ་བྱེད། ཡིན་ཡང་དམིགས་བསལ་ཉི་མ་གཅིག་ལ་གུང་སེང་དེ་འདྲ་ཡོད་པ་མ་རེད། གཙོ་བོ་སྟོན་འབྲས་མཆོད་པ་དང་སྤྲང་པོ་ལ་སྦྱིན་པ་སྟེར་བས་རྣམ་པ་ཞིག་ཡིན་ལ། དེ་ཚར་རྗེས་ཡི་ཤུ་ལྷ་ཁང་དུ་འགྲོ་ནས་ཐུགས་རྗེ་ལེགས་འབུལ་གྱི་ཚུལ་དུ་སྨོན་ལམ་འདེབས་པ་དང་བསྟུན་ནས་སྟོན་འབྲས་ལེགས་པས་གླུ་དབྱངས་ཞེས་པ་ཞིག་གསན་འབུལ་བྱེད་སྲོལ་ཡོད།
    ༼དགའ་བ་ལ་དང་སྐྱིད་པ་ལ།༽ ཟེར་ནས་ཞིང་ལས་ཀྱིས་སྟོན་གཞས་ཤིག་ལ་ཉན་ཏེ་ཚོགས་པ་གྲོལ་རྗེས་སྟོན་ཀའི་དཀར་ཞིང་ཟླུམ་པའི་མཚན་མོའི་ཟླ་བ་ལ་གཟིགས་མོར་ཕེབས་སྲོལ་ཡོད།།

  7. ལོ་མ་ལྗང་ཁུ་། says:
    2012-11-24 at 8:12 pm

    སྤྲུལ་སྐུ་ལགས་། སྐུ་ཉིད་གང་དུ་བཞུགས་ཡོད་མེད་མི་ཤེས་། གང་ལྟར་སྐུ་ཉིད་ནས་ཨ་རིའི་ལོ་རྒྱུས་ལ་དོན་སྣང་ཅུང་ཙམ་བྱས་ཡོད་ན་གོང་དུ་ཡོད་པའི་པར་དེ་དང་ཐུགས་རྗེ་ལེགས་འབུལ་ཞེས་བའི་བསྐོར་གསལ་པོ་ཤེས་ཡོང་ང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme