Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་མདོ་བ་ནས་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པའི་གྲོགས་པོ་དགེ་འདུན་པ་གཉིས་འཛིན་བཟུང་།

Posted on 2012-11-232021-09-04 By ཁ་བརྡ་ 3 Comments on རེབ་གོང་མདོ་བ་ནས་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པའི་གྲོགས་པོ་དགེ་འདུན་པ་གཉིས་འཛིན་བཟུང་།

འབྲེལ་ཡོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་མདོ་སྨད་རེབ་གོང་མདོ་བ་མཁར་སྐྱ་ནས་ཡིན་པའི་དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་དང་དཀོན་མཆོག་བསོད་ནམས་གཉིས་འཇུ་བཟུང་བཙན་ཁྲིད་བྱས་འདུག རེབ་གོང་མདོ་བ་ནས་ཚེས ༧ དང་ཚེས་ ༨ ཚེས་༡༢ བཅས་སུ་བསྟུན་མར་རྒྱལ་གཅེས་དཔའ་བོ་བཞིས་རང་ལུས་མེར་བསྲེགས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་དྲུང་ཡོད་འདུག་ལ། དགེ་འདུན་པ་ཁོང་གཉིས་རྒྱལ་གཅེས་དཔའ་བོའི་སྐལ་བཟང་སྦྱིན་པའི་གྲོགས་པོ་ཡིན་པས་རྒྱལ་གཅེས་དཔའ་བོ་ཁོང་གི་འདས་མཆོད་སྒྲུབ་པར་ཕེབས་ཡོད་པ་དང་། ཕྱི་ཟླ་ ༡༡ ཚེས་ ༡༦ ཉིན་མདོ་བ་ནས་རེབ་གོང་རོང་བོ་དགོན་ཆེན་ལ་འགྲོ་སྐབས། ལམ་བར་གྱི་བོན་པོ་ཉག་ཁ་ཞེས་པར་ཉེན་རྟོག་པས་གསང་སྒུག་བྱས་ཏེ། དགེ་འདུན་པ་གཉིས་དང་འགྲོ་རོགས་མདོ་བའི་རྒན་པོ་ཁ་ཤས་བཅས་ཚང་མ་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག རེབ་གོང་ཐོ་རྒྱ་སྡེ་བར་སླེབས་མཚམས་རྒན་པོ་ཚོ་གློད་གྲོལ་བྱས་ཡོད་ནའང་དགེ་འདུན་པ་གཉིས་གང་དུ་ཁྲིད་མིན་ཤེས་རྟོགས་ཐུབ་མེད་པས། ནང་མི་དང་འབྲེལ་ཡོད་ནས་སེམས་ཁྲེལ་ཆེན་པོ་བྱས་པ་མ་ཟད་གྲྭ་པ་གཉིས་ཀྱི་དགེ་རྒན་ཡིན་པ་ཨ་ལགས་རྒྱ་མཚོ་དང་སྡེ་མི་ཁ་ཤས་སོང་ནས་ཉེས་མེད་ཀྱི་མི་འཇུ་བཟུང་བྱས་མི་ཆོག་པའི་ཞུ་གཏུག་ཡང་ཡང་བྱས་རྐྱེན་ཅུང་གློད་ཡོད་ནའང་བསྐྱར་དུ་འཛིན་བཟུང་གིས་གར་ཁྲིད་ཆ་མེད་ལ་གྱུར་ཡོད་འདུག

དགེ་འདུན་པ་བརྩོན་འགྲུས་ཆོས་ལྡན་ནི་རེབ་གོང་མདོ་བ་མཁར་སྐྱ་སྡེ་བའི་ཕ་མཁའ་འགྲོ་དང་མ་ཀུ་ལེ་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་༡༨ དང་། རེབ་གོང་རོང་བོ་དགོན་ཆེན་ནས་སློབ་གཉེར་གནང་གིན་ཡོད་འདུག

དགེ་འདུན་པ་དཀོན་མཆོག་བསོད་ནམས་རེབ་གོང་མདོ་བ་མཁར་སྐྱ་སྡེ་བའི་ཕ་བསོད་ལོ་དང་མ་གཡང་སྐྱིད་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་༢༡ ཡིན་འདུག ཁོང་གིས་ཀྱང་རེབ་གོང་རོང་བོ་དགོན་ཆེན་དུ་སློབ་གཉེར་བྱེད་ཀྱིན་ཡོད་འདུག ཉེ་ཆར་རྒྱལ་གཅེས་དཔའ་བོ་བཞིས་རང་ལུས་མེར་བསྲེགས་བཏང་བ་ནས་ས་ཁུལ་གཞན་ནས་དམག་མི་ལྭ་བ་སྔོན་པོ་ཅན་་རླངས་འཁོར་སུམ་ཅུ་ལྷག་འབྱོར་ནས་མདོ་བ་ས་ཁུལ་དུ་དམག་རྩེད་སྦྱོང་བ་དང་མེ་མདའ་འཛིན་པ། མཚོན་འགོག་རྒྱུག་ལེབ་འཛིན་པ་སོགས་དྲག་པོའི་རྔམ་ཟིལ་ངོམ་ནས་ཕྱི་ཚེས་༡༦ བར་བསྡད་ཡོད་པ་དང་། དེ་རྗེས་དམག་མིའི་རླངས་འཁོར་ཁ་ཤས་ཕྱིར་སོང་ཡོང་ནའང་། ཕྱི་ཚེས་ ༢༢ ཉིན་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་གིས་རང་ལུས་མེར་བསྲེགས་གནང་རྗེས་བསྐྱར་དུ་དམག་ལ་སྔོན་པོ་ཅན་གྱི་རླངས་འཁོར་བཅུ་ཙམ་ཁ་སྣོན་ཡོང་ནས་དམ་དྲག་ཤུགས་ཆེ་བྱེད་ཀྱིན་ཡོད་འདུག

གནས་ཚུལ་ཕྱོགས་བསྒྲིགས་པ། བོན་རྒྱ་བསྟན་འཛིན་རབ་རྒྱས།

གསར་འགྱུར།

Post navigation

Previous Post: རེབ་གོང་མདོ་བ་ནས་ཀླུ་འབུམ་ཚེ་རིང་གིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་བསྡུས།
Next Post: མདོ་ལྷོ་ཀླུ་ཆུའི་ཡུལ་དུ་རང་ལུས་མེར་སྲེག་བྱས་པ།

Comments (3) on “རེབ་གོང་མདོ་བ་ནས་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པའི་གྲོགས་པོ་དགེ་འདུན་པ་གཉིས་འཛིན་བཟུང་།”

  1. རེབ་སྐྱིད་མཚོ says:
    2012-11-23 at 10:41 am

    བྱེད་ནི་རེད་ཡ་རྒྱ་མི་གཤིས་གྱོང་དེ་ཚོ་ལས་སླ་མོ་འདུག་གི་མི་འདུག་དེ་དག་གི་ལག་ལ་ཤོར་ཚར་
    དུས་ལས་ཡག་པོ་ཞིག་གཏན་ནས་བྱ་མི་སྲིད། དེར་རྟེན་ད་མེར་སྲེག་འཚམས་བཞག་ཐུབ་ན་ཅི་
    མ་རུང་ང

  2. མཁས་དབང་ says:
    2012-11-23 at 11:55 am

    སྙིང་སྟོབས་་ཅན་གྱིས་དཔའ་འོ་དཔའ་མོ་མང་པོ་ཞིག་མེ་བསྲེགས་བཏོང་ཀྱང་གྲུབ་འབྲས་གང་ཡང་མཐོན་ཐུབ་མ་སོང་་་་་དང་པོ་སྔོན་ལ་ཨ་སྒོར་དུང་ཤུར་མང་པོ་ཞིག་སྤྲོད་པ་དེ་་་་་རང་བཙན་ཚོགས་པ་དང་་་་ཆུ་བཞི་ལྒང་དྲུག་སོས་ལ་སྤྲོད་ཐུབ་པ་བྱས་དགོས་་་་་ང་ཕོད་མཆོག་གི་རང་བཙན་རྩོད་ལེན་པ་ཚོ་ལ་འགྲོ་གླིང་གི་གོ་སྐབས་མང་པོ་ཕུལ་བའི་་་་སོང་ཙམ་རྡ་ས་སྒྲིགས་འཛུགས་མི་དགའ་པའི་རྒྱུ་མཚན་དེ་རེད་་་་་་་གང་ལྟར་མིང་དམངས་ཚང་མའི་གིས་ལས་འགན་རེད་་་་་་་ཨ་སྒོར་དེ་ཚོ་རང་བཙན་རྩོད་ལེན་པ་ཚོ་ལ་སྤྲོད་དགོས་ཡོད་ཟེར་བཅས་སྐད་འབོད་ལ་འགྲོ་དགོས་ཐགས་བཅད་རེད་་་་་་ཚང་མའི་ཡར་ལངས་ཤོགས་་་་་

  3. ཉི་མ་ལྷ་མོ་ says:
    2012-11-25 at 8:16 am

    ཁྱེད་རང་གྱི་བཀའ་མོལ་ལ་རང་ནས་འགན་འཁྲི་འཁུར་ཐུབ་བམ། ད་བར་བོད་མི་རྣམས་ཨ་སྒོར་བསྒོ་བཤའི་ཆེད་མེར་བསྲེག་བྱས་པ་མ་རེད། སྐྱེད་པ་ཕོ་བཀའ་མོལ་དེ་ལྟར་གསུང་ཉན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme