Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨེ་ཤ་ཡ་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ཀྱིས་གཙོ་འཛིན་ལིའུ་ལ་བཏང་བའི་ཡི་གེ

Posted on 2012-11-222012-11-23 By ཁ་བརྡ་ 25 Comments on ཨེ་ཤ་ཡ་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ཀྱིས་གཙོ་འཛིན་ལིའུ་ལ་བཏང་བའི་ཡི་གེ

ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་པས་ ང་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་ཚུལ་དུ་སྤེལ་བའི་ཡི་གེ་ཨིན་ཡིག་ཏུ་བཀོད་པ་འདི་རེད། ཡི་གེ་འདི་ནི་གཙོ་འཛིན་ལྕམ་ལིའུ་ཞེས་པ་ལ་བཏང་ཞིང་། དེའི་ངོ་བཤུས་ Dan Southerland དང་། Jennifer Chou ཞུ་བ་གཉིས་ལ་བཏང་འདུག བོད་རིགས་ལས་བྱེད་ ༤༠ དང་ཨ་རིའི་ལས་བྱེད་ ༡ བཅས་ཀྱི་ཁྲོད་ནས་ལས་བྱེད་ཕལ་མོ་ཆེས་མིང་རྟགས་བཀོད་འདུག འོན་ཀྱང་སྐལ་ལྡན་བློ་གྲོས་ཀྱིས་མིང་རྟགས་བཀོད་མི་འདུག
ཡི་གེ་འདིའི་ནང་དོན་མདོར་བསྡུས་ནི། ལས་བྱེད་ཚོས་ང་ཕོད་དགོངས་པ་ཞུ་རྒྱུ་ཡིན་པ་གོ་ནས་ཧ་ལས་ཧོན་འཐོར་ཏེ་ཁོང་ལ་དེ་སྐོར་བདེན་པ་ཡིན་མིན་དྲིས་ཡོད་པ་དང་། དེ་ལ་ང་ཕོད་ཀྱིས་རང་འདོད་ཐོག་ནས་དགོངས་པ་ཞུས་མེད་པ་དང་། མུ་མཐུད་ནས་ལས་ཀ་བྱེད་འདོད་ཡོད་པའི་ལན་གནང་བ། ད་དུང་ང་ཕོད་འཇིགས་མེད་ཀྱི་དབུ་འཁྲིད་ནུས་པ་དེ་གཞན་ལས་བླ་ལྷག་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་སུ་གྲུབ་འབྲས་ཐོན་ཡོད་པ། ཁོང་གི་དྲང་བདེན་དང་ཆེ་མཐོང་། དབུ་འཁྲིད་ཀྱི་ནུས་པ་ལ་ལས་བྱེད་ཚང་མས་ཡིད་སྨོན་བྱེད་བཞིན་པ། ལས་བྱེད་ཚང་མ་ང་ཕོད་ཀྱི་རྒྱབ་ཏུ་ཀ་ལངས་ལངས་བྱེད་བཞིན་པ་དང་། གནས་ཚུལ་འདི་ད་དུང་ཡོངས་གྲགས་ཀྱིས་བསྒྲགས་མེད་སྟབས་དགོངས་པ་སླར་ཡང་བཞེས་རོགས་ཞེས་པའི་ནང་དོན་ཅན་ཞིག་རེད།
ཡི་གེ་འདི་ནི་ གྲོས་ཚོགས་འཐུས་མི་ ༼Dana Rohrabacher༽ ཡི་དྲ་རྒྱ་ན་འདུག གཤམ་གསལ་གྱི་འབྲེལ་ཐག་འདི་རེད།
http://rohrabacher.house.gov
ཡི་གེ་འདི་ནས་སུས་མཚན་རྟགས་བརྒྱབ་པ་དང་སུས་མཚན་རྟགས་མ་བརྒྱབ་པ་དེ་མཐོང་གི་རེད།

གསར་འགྱུར།

Post navigation

Previous Post: ཨ་མ།
Next Post: སངས་རྒྱས་ཀྱི་སྐུ་མཁར།

Comments (25) on “ཨེ་ཤ་ཡ་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་ཀྱིས་གཙོ་འཛིན་ལིའུ་ལ་བཏང་བའི་ཡི་གེ”

  1. ཤར་ཕྱོགས་ཁུག་རྟ། says:
    2012-11-22 at 11:18 am

    འགྲེལ་བཤད་འདི་སུས་བྲིས་པ་ཡིན་ནམ། མི་གཞན་གྱིས་བསྐུར་བ་ཡིན་ནམ། ཁ་བརྡའི་འབྲེལ་ཡོད་ཅིག་གིས་བྲིས་པ་ཡིན་ནམ། ཁ་བརྡའི་འབྲེལ་ཡོད་ཅིག་ཡིན་ན། ༼ འོན་ཀྱང་སྐལ་ལྡན་བློ་གྲོས་ཀྱིས་མིང་རྟགས་བཀོད་མི་འདུག ༽སོགས་འབྲི་དགོས་དོན་ཨེ་ཡོད། ཡི་གེ་རང་བཀོད་བཞག་སྟེ་གཞན་ལ་ཇུས་གཏོགས་བྱ་དགོས་དོན་མི་འདུག མིང་རྟགས་བཀོད་མ་བཀོད་འདོད་པ་མ་རེད་དམ། འདི་འདྲ་འགྲེལ་བཤད་འབྲི་མཁན་འདི་ཡ་མཚན་རེད།།།

  2. འཇམ་གཅེས says:
    2012-11-22 at 11:30 am

    ད་ཡིན་ན་མི་མངོན་པས་དབྱིངས་ནས་མང་པོ་དོན་གྱི་འདུག་བྲོས་འགྲོ་ན་མ་གཏོགས་་་་་་་་་་་་་་བླ་མའི་མཁྱེན་ནོ་་་་་་་་་་་་

  3. ཐུ་བ་རྒྱ་མཚོ། says:
    2012-11-22 at 11:45 am

    ཨུམ་ཨུམ་ཨུམ།

  4. ཕྱག་འཚལ། says:
    2012-11-22 at 11:45 am

    ངོ་ཚ།་་་་་་་་་་་ཞབས་འདྲེན་རེད།

  5. lhamotsering says:
    2012-11-22 at 11:55 am

    རྐུན་མ་སྡིག་པ་གཅིག་བདག་པོ་སྡིག་པ་བརྒྱ་ཟེར་བའི་དཔེ་བཞིན་རེད། ཨ་རི་ནས་སྲིད་སྐྱོང་སོགས་ལ་སྐྱོན་འཛུགས་བྱས།སྲིད་སྐྱོང་གིས་ཁོ་མིན་ཚུལ་བཤད།དོན་ངོ་མ་གྱོང་རྒུད་བོད་མི་དམངས་ལ་ཕོག་ཡོད།
    འདིའི་གནད་དོན་གཙོ་བོ་ང་ཕོད་འཇིགས་མེད་ཁོ་ལས་ཁུངས་ནས་ཕྱི་ལ་ཐོན་དགོས་བའི་རྒྱུ་མཚན་ལ་གསལ་བཤད་མེད་པའི་རྐྱེན་གྱིས་བྱུང་བ་རེད། ཨེ་ཤེ་ཡ་རླུང་འཕྲིན་ཁང་གི་འགན་འཛིན་དང་བོད་མིའི་སྒྲིགས་འཛུགས་གཉིས་ཀྱིས་གསལ་བཤད་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་དེ་རེད།དགུང་ལོ་བགྲེས་བོ་རེད་རྒན་ཡོལ་ལ་ཐོན་དགོས་ལབ་ན་འགྲོ་ལུགས་རེད། དེ་མིན་གནས་ལུགས་གཅིག་ཀྱང་མེད་པར་དགོངས་པ་ཞུ་དགོས་ཟེར་ན་སུ་ཡིན་ཡང་དགའ་གི་མ་རེད། ནུབ་ཕྱོགས་ལུང་པ་གང་སར་ལས་ཀ་ནས་ཕྱི་ལ་ཐོན་དགོས་ཚེ་འགན་འཛིན་གྱིས་རྒྱུ་མཚན་གསལ་བརྗོད་བྱེད་ཀྱི་ཡོད། གང་ལྟར་འདི་རྙོག་དྲ་ཡག་པོ་ཞིག་བཟོ་ཡ་ལ་འགྲིག་འདུག་དེ་མིན་མི་གཅིག་ལས་ཀ་ནས་ཕུད་ན་དེ་གནད་འགག་ཅི་ཡང་མི་འདུག

  6. མངའ་རིས་ཕྲིན་ལས། says:
    2012-11-22 at 11:57 am

    གསལ་པོ་བྱུང་འདུག་སྐལ་ལྡན་གྱི་མིང་རྟག་བཀོད་མེད་པ་ཁ་ར་ཚང་གི་དངོས་ཡོད་བཤད་པ་ལ། ཤར་ཁུག་ཕོག་དགོས་དོན་གང་འདུག་གཟིགས་དང་། སྐལ་ལྡན་བློ་གྲོས་མིང་འབྲི་རྒྱུ་ལག་པ་དེ་རྡ་ས་རུ་ལྷག་ཡོད་པ་གསལ་པོ་རེད། བྱས་ཙང་བཀའ་ཤག་སྙིང་པའི་ནད་རོ་ལོག་རྒྱབ་པ་རེད། སྲིད་སྐྱོང་བློ་སེང་མཆོག་ལ་འབྲེལ་བ་མེད་པ་གསལ་པོ་རེད། གཟིགས་དང་ཤར་ཁུག་རྒྱབ་ན་སུ་ཡོད་ཚང་མའི་ཤེས་གསལ་རེད།

  7. བསྟན་འཛིན says:
    2012-11-22 at 11:58 am

    ༩༨༽ བསྟན འཛིན་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ གི་ཆུ་ཚོད་ ༦ སྐར་མ་ ༥༥

    ང་ཕོད་འཇིགས་མེད་ཀྱི་དཔྱད་མཆན་ནང་དུ།མི་མང་པོས་གནས་ཚུལ་ཁ་གསལ་མ་རའཏོགས་པར་ཐོལ་བཤད་བྱེད་པ་ཁག་ཅིག་ཡོད་པས། ངས་གསལ་འགྲེལ་ཞིག་བྲིས་ཚེ་ཕན་ཡོང་བསམ།
    ང་ཕོད་འཇིགས་མེད་ཀྱི་དོན་རྐྱེན་དེའི་ཁྲོད་དུ་བོད་མིའི་སྒྲིག་འཛུགས་དང་༧རྒྱལ བ་རིན་པོ་ཆེ་ཡོད་མདོག་གིས་དགོས་འདྲི་བྱེད་པ་དེ་ཁུངས་མེད་ལུགས་མེད་རེད།
    ཨ་རི་གྲོས་ཚོགས་འཐུས་མི་དེའི་རྣ་རྩར་སྐྱེལ་མཁན་བོད་མི་སུ་ཡིན་ན་བོད་སྤྱི་བའི་ཆིག་སྒྲིལ་དང་ནང་གསེས་ཛ་དྲག་གི་གནས་བབ་ལ་བོད་གཞུང་ལ་རྒོལ་བའི་ལས་ཀ་གཟབ་གཟབ་བྱ་དགོས།
    སྒྲིག་འཛུགས་ཐོར་བཤིགས་མི་འགྲོ་བའི་ཆེད་དུ་བོད་མི་སོ་སོས་བསམ་བློ་ནན་ཏན་གཏོང་བ་གལ་ཆེ་བས། གནས་ཚུལ་གསལ་ཁ་ཡོད་དང་མེད་ཀྱི་བར་དུ་མདའ་དཀྲུག་ཕུ་དཀྲུག་བྱ་མི་འོས།
    ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་ལས་བྱེད་འདེམས་བསྐོ་དེ་བོད་མིའི་སྒྲིག་འཛུགས་ལ་ལས་འགན་ཡོད། ཨ་རིའི་རོགས་དངུལ་དེ་བོད་ནང་གི་རྒྱ་ཆེའི་མི་མང་གི་ཆེད་དུ་རེད། མི་ཁ་ཤས་ཀྱིས་ཝ་མོའི་སྤྱོད་པ་འཁྲབ་ཚེ་བོད་ནང་གི་རྒྱ་ཆེའི་མི་མང་ལ་སྣང་མེད་གྱུར་བ་རེད།

    ཨེ་ཤ་ཡ་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱི་ལས་བྱེད་འདེམས་སྟངས་དང་ལས་བྱེད་ནར་ཚགས་བྱེད་སྟངས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་བསམ་བློ་ཏན་ཏན་གཏོང་དགོས། ད་སྔ་བོད་ནང་གི་བོད་མི་ཚོས་རྣ་བ་གཏོད་སའི་ལས་ཁུངས་འདི་གཉིས་ནང་ངོ་ཤེས་དང་ནང་མི་ཕན་ཚུན་གྱི་འབྲེལ་བའི་སྐུ་དྲག་ཁག་ཅིག་གིས་བཟུང་ཡོད་པ་བེདན་པ་རེད། ལས་བྱེད་དེ་ཚོའི་རིགས་ད་ལྟ་རྒྱུ་ཐོག་ལ་བརྒྱབ་ཏེ་བསྡད་ཞོར་ལས་ཀ་མ་གློད་པར་ཡོད་པས། ཨ་རིའི་གཞུང་གི་མ་དངུལ་མ་འཕར་བར་དུ་ལས་བྱེད་གསར་བ་ལེན་ཐབ་ཀྱིན མེད། ཉེ་བའི་ལོ་ཤས་ནང་གི་ལས་བྱེད་གསར་བ་ཚང་མ་གླ་བའམ་ཉིན་གླ་ཡིན་པ་དང། ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་གྱི་ རོགས དངུལ་དེའི་ཁྲོད་ཀྱི་ལས་ཀ་མི་གཏོང་བའི་ལས་བྱེད་རྙིང་བ་གཅིག་གི་གླ་ཕོགས་དང ཐོབ་ཐང་།་ཁེ་ཕན་དེ་ལས་བྱེད་གསར་བའམ་གླ་བ་མི་་ལྔ་དྲུག་གི་གླ་ཕོགས་ཀྱི་ཚད་རེད།བོད་མི་ཕལ་བ་ཚོས་མཐོང་བཞིན་པའི་རྒྱབ་མདུན་དུ་ཉམས་ཞིབ་བྱེད་ས་མང་ལེ་ཡོད།
    ཨ་རིའི་གཞུང་གིས་བོད་དོན་རོགས་དངུལ་སྡོམ་རྩིས་ལས་ཨེ་ཤི་ཡ་དང་ཨ་རི་རླུང་འཕྲིན་གྱི་མ་དངུལ་ཡང་བརྩི་བཞིན་ཡོད་པ་ལས།བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་མདངུལ་ལས་ཨ་སྒོར་ས་ཡ་ཁ་ཤས་ཤིག་ཨ་དང་ཨེ་ལ་སྤྲོད་བཞིན་པའི་འགན་འདི་ལས་བོད་ནང་གི་རྒྱ་ཆེའི་མི་མང་གཙོ་བོ་བཟུང་ནས་ཨ་དང་ཨེ་གཉིས་ཀྱི་ལས་བྱེད་རྣ།ས་སྙོམས་སྒྲིག་བྱ་དགོས་ཀྱང་། ལས་བྱེད་རྙིང་པ་ཚོས་མི་སེར་ཐོབ་ཐང་ཁྱེར་ནས་བོད་གཞུང་ཁྲིམས་སྦྱོར་བྱེད་ངེས་པ་རེད།་
    བོད་མི་ཕལ་བ་ཚོས་ཉམས་ཞིབ་ཀྱི་ཚད་དེ་མིག་གིས་མཐོང་སའི་ཁྱོན་མ་ཡིན་པར་མིག་གིས་མི་མཐོང་སའི་ཁྱོན་ལ་འགྲོ་དགོས་པ་འདུག

  8. བོད་ཀྱི་བཙན་པོ་ says:
    2012-11-22 at 12:17 pm

    གང་ལྟར་ངག་ཕོད་འཇིག་མེད་ལགས་མི་འཇོན་པོ་ཞིག་མ་རེད་ འཇོན་པོ་ཡོད་ན་ད་ལྟ་གནས་ཚུལ་དེ་འདྲ་ཡོང་མི་སྲིད་ གང་ལྟར་རྗེས་སུ་རླུངས་འཕྲིན་ཁང་དེ་མུ་ཐུད་གནས་ཀྱི་ཡོད་ན་འགྱུར་ལྡོག་ཆེན་པོ་ཞིག་ངེས་པར་དུ་བཏང་དགོས་ཀྱི་འདུག་

  9. ཡ་ཐོག་ཚེ་རིང་། says:
    2012-11-22 at 12:47 pm

    ཤར་ཕྱོགས་ལས་ཡོད་ཆགས་སོང་། གོ་སྐབས་དམ་འཛིན་གྱིས་ནས་དར་དམར་འགྲེམ་སྤེལ་གྱིས།

  10. ལུང་རྟོགས། says:
    2012-11-22 at 12:50 pm

    གསན་ཚུལ་འདི་སྐལ་ལྡ་བློ་གྲོས་ཀྱི་གཡོ་འཕྲུལ་ལས་བྱུང་བ་གསལ་པོ་ཆགས་པ་རེད། སྐལ་ལྡན་བློ་གྲོས་ཞེས་པ་དེ་མི་བྱེད་དགུ་བྱེད་ཅིག་འདུག

  11. ལུང་རྟོགས། says:
    2012-11-22 at 12:55 pm

    གནས་ཚུལ་འདི་སྐལ་ལྡ་བློ་གྲོས་ཀྱི་གཡོ་འཕྲུལ་ལས་བྱུང་བ་གསལ་པོ་ཆགས་པ་རེད། སྐལ་ལྡན་བློ་གྲོས་ཞེས་པ་དེ་མི་བྱེད་དགུ་བྱེད་ཅིག་འདུག

  12. ཅོག་རོང་གི་མྱི། says:
    2012-11-22 at 1:01 pm

    གཞན་ལ་ངོམས་སྲོལ་མེད་པའི་གཏམ།
    རང་ལ་བཤད་སྲོལ་མེད་པའི་དོན།
    དགྲ་ཡིས་གོ་སྲོལ་མེད་པའི་མཚང་།
    བཙན་བྱོལ་བོད་ཀྱི་དོན་འདི་ངོ་རེ་ཚ།

    མེ་ཡིས་རང་ལུས་ཡང་ཡང་སྤར།
    སེམས་ཀྱིས་རང་དབང་ཡང་ཡང་མཆོད།
    དཔའ་བོའི་ཐུགས་མདུན་མ་འགྲུབ་གོང་།
    སྲིན་བྱ་འུག་སྐད་ཡང་ཡང་གོ།

    སྨྲ་བརྗོད་རང་དབང་ལུང་བ་ན།
    བཙན་དབང་སྐུ་དྲག་དུ་དྲི་བྲོ།
    ཨ་རི་ཤམ་པ་ལ་ཡི་མཛོད།
    རྡ་ས་ཐེ་རངས་དག་གིས་སྐྱོངས།

    ང་འཇིགས་ཉམ་ས་ཆུང་བོང་བུ་ལ།
    སྲིད་སྐྱོང་རྟ་གསེབ་སྟེང་དུ་ལྡིང་།
    དྲེལ་དང་འདྲ་བའི་སྲིད་འཛིན་ཞིག
    མ་འོངས་བོད་ལ་འབྱུང་ལགས་སྨམ།

  13. ཅོག་རོང་གི་མྱི། says:
    2012-11-22 at 1:03 pm

    འབྱུང་ལགས་སམ། ཞེས་བཅོས་རོགས།

  14. ཅོག་རོང་གི་མྱི། says:
    2012-11-22 at 1:14 pm

    ཐེ་རངས་ཐེའུ་རང་ལ་བཅོས་རོགས།

  15. མཁས་དབང་ says:
    2012-11-22 at 2:54 pm

    ད་གྲོགས་པོ་ཚོ་་་་་་ང་ཕོད་ཆེད་སྐད་འབོད་ལ་འགྲོ་མཁན་ག་ཚོད་ཡོད་ནམ་་་་་་་་་་ཟོང་གདོང་བླ་མ་ལ་སྐད་འབོད་ངེས་པར་དུ་བྱེད་དགོས་་་་་་་་་དེ་ནས་བློ་བཟང་སྙན་གྲགས་ལ་བྱེད་དགོས་་་་་་་་་་་་དེ་ཚོ་ཡག་པོ་ཞིག་རྩ་བ་ནས་མ་རེད་ཤག་་་་་་

  16. དགའ་ཡ་ says:
    2012-11-22 at 5:59 pm

    ཨེ་ཤི་ཡ་རླུང་འཕྲིན་ཁང་གི་ལས་མི་དེ་ཚོར་སྲིད་སྐྱོང་མཆོག་གི་བཀའ་བཙན་པོ་ཞིག་ཕེབས་རན་འདུག གལ་སྲིད་བཀའ་ལ་བརྩི་འཇོག་མི་བྱེད་ཚེ། ཤར་ཁུག་ལྟར་ལས་གནས་ལས་གནས་དབྱུང་གཏོང་དགོས་རེད། ལས་ཀ་འདིའི་རིགས་་སྲིད་སྐྱོང་མཆོག་ལ་རེ་བཅོལ་་རེ་གནང་ན་གྲུབ་འབྲས་ཐོན་ཡོང་གི་རེད། ཁོང་ལ་ཉམས་མྱོང་ཡོད་་པ་རེད།

  17. མཁས་དབང་ says:
    2012-11-22 at 6:13 pm

    གྲོགས་པོ་ཚོ་ཚང་མའི་མཁྱེན་ངསལ་རེད་་་་་ཨ་རི་གཞུང་གི་ཨ་སྒོར་དུང་ཤུར་ཁ་ཤས་དེ་སུ་ལ་སྤོད་པ་རེད་འདུག་ཧ་གོ་དགོས་པ་རེད་་་་་བོད་ནང་ལ་མིང་སུ་ཡིན་རུང་ཨ་སྒོར་རག་པ་གོ་མྱོང་མེད་་་་་་ཚང་མའི་སྐད་འབོད་བྱས་པའི་དུས་ལ་བབས་ཡོད་

  18. ཐུབ་བསྟན says:
    2012-11-22 at 7:28 pm

    སྐལ་བློ་ཟེར་ཡག་དེ་སྡུག་འདྲེ་འདྲ་འོ་རེད

  19. Gonpo says:
    2012-11-22 at 9:16 pm

    སྐལ་བློ་རྒྱ་འདྲེ་དང་དང་ཁ་མཐུན་རེད།
    ལོ་སྔོན་མའི་དུས་དབང་སྐབས་རྒྱ་འདྲེ་མོ་དང་མཉམ་དུ་བོད་ཀྱི་གཞོན་ནུ་ཚོགས་པའི་ལགས་ནས་རང་དབང་ཡོངས་རྫོགས་འཕྲོག་སོང་མིག་མཐོང་ལག་ཟིན་ཡིན་དེའི་རྒྱབ་ལ་སྐུ་དྲག་གདོན་འདྲེ་སྒེར་གཅོད་རིང་ལུགས་ཡོད་ཡོད་རེད།

  20. Gonpo says:
    2012-11-22 at 9:35 pm

    ༡༣༦༽ རྣམ་རྒྱལ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ གི་ཆུ་ཚོད་ ༡༩ སྐར་མ་ ༠༥
    སྲིད་སྐྱོང་བློ་སེང་ལགས་ནས་རང་ཉིད་དག་འབུད་གནང་བ་ཐུགས་རྗེ་ཆེ། དག་འབུད་གནང་བ་ལྟར་གཙང་མ་ཡིན་པའི་རེ་བ་ཡོད། ཡིན་ན་ཡང་སྲིད་སྐྱོང་ནས་རང་ཉིད་དག་’འབུད་གནང་བ་ལས་བཙན་བྱོལ་བོད་གཞུང་དག་འབུད་གནང་བ་གལ་ཆེན་པོ་རེད།་་་ཁོང་ནི་གཞུང་ཞིག་གི་འགན་འཛིན་རེད།་་་གཞུང་གིས་དོན་དག་འདིའི་ནང་ལ་ཇུས་གཏོགས་གནང་མེད་དམ། གོ་ཐོས་ལ་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཨེ་ཤར་ཡ་རང་དབང་རྒྱང་བསྒྲགས་ལས་ཁུངས་ལ་ཆེད་སྐྱོད་ཀྱིས་དེའི་ལས་བྱེད་རྣམས་ཚོགས་འདུར་བཀུག་ནས་་ང་ཕོད་འཇིགས་མེད་ལ་རྒྱབ་སྐྱོར་མ་བྱེད་རོགས་ཞེས་གསུངས་པ་རེད་ཅེས་ནས་གྲགས་བཞིན་པ་འདི་ཅི་རེད། ཁོང་མ་སྐྱོད་པ་རེད་དམ་ཡང་ཁོང་སྒེར་ངོས་ནས་སྐྱོད་པ་རེད། ཡང་སྐལ་ལྡན་བློ་གྲོས་ནས་ཨེ་ཤར་ཡ་རྒྱང་བསྒྲགས་ལས་ཁུངས་ཀྱི་རྒྱ་མོ་འགོ་ཁྲིད་དེ་ཁྲིད་ནས་རྡ་རམ་ས་ལར་སྐྱོད་ནས་བོད་གཞུང་དཔོན་རིགས་ཐུག་འཕྲད་བྱས་ནས་ང་ཕོད་ལས་གནས་ནས་འབུད་རྒྱུའི་ཐག་གཅོད་བྱས་པ་རེད་གཏམ་ཡན་ཡང་འདུག་་་འདི་དག་ཀྱང་དག་འབུད་བྱེད་དགོས་པ་མ་རེད་དམ། སྲིད་སྐྱོང་ལགས་ནས་རང་ཉིད་གཅིག་པོ་དག་འབུད་གནང་ནས་ཁ་རོག་གེར་བཞག་ན་གཞུང་ལ་འགན་འཁུར་གྱི་མེད་པའི་ཚོར་བ་ཞིག་འདུག

    ༼འདི་གལ་ཆེན་རེད་འདུག་དངོས་ཡོད་ག་རེ་ཡིན་ནམ༽

  21. བདག says:
    2012-11-22 at 10:00 pm

    རྣམ་རྒྱལ་གྱིས་གནད་དུ་ཕིགས་པ་ཞིག་གསུང་འདུག་པས་ཁོ་ལ་རྒྱབ་སྐྱོར་ཡོད།

  22. སྣང་གསལ། says:
    2012-11-22 at 10:56 pm

    ད་ཚང་མ་གང་སར་ངར་གྱི་འདུག ཨ་རིའི་མི་སྒེར་པ་ཞིག་གི་སྐད་ཆར་བདེན་ཁ་སྦྱིན། རང་ཕྱོགས་སྲིད་སྐྱོང་གི་སྐད་ཆ་ལ་གཞི་འཛིན་མ་བྱས། སྲིད་སྐྱོང་དང་བཀའ་ཟུར་རྣམ་པར་ཉེས་པ་བཏང་། སྐལ་ལྡན་བློ་གྲོས་ཕྱིར་སྐྱུར། བོད་གཞུང་སྒོ་བརྒྱབ། ཨེ་རླུང་ཚང་སྔར་བཞིན་ངག་ཕོད་ཀྱི་ལག་ཏུ་བཞག་ན། གཞི་ནས་གནས་ཚུལ་འདི་གཞི་འཇམ་ཡོང་ས་རེད། དེའི་རྗེས་ཀྱི་ཁེ་ཕན་སུ་ལ་ཡོད་དམ།

  23. འདྲེ་རྐང་ཐོ། says:
    2012-11-23 at 12:00 am

    བློ་སེང་གི་སྐད་ཆར་ལྟོས་དང་་་སྲིན་བློན་ཞིག་གི་བཟོ་ལྟ་འདུག་གམ་་་་་རང་ཉིད་དག་གཙང་ཡིན་རབ་་་ཟམ་གདོང་སོགས་ཀྱི་སྐོར་ངས་མི་ཤེས་མདོག་མདོག་་་ཨ་ལས་ངན་པོ་་་ག་དུས་ཡིན་ཡང་་་རང་ཉིད་ངོ་སྤྲོད་དང་་འཇོན་རབ་་་མཁས་རབ་་ཆེ་རབ་རྐྱང་ལས་ཅི་ཡང་སྟོན་རྒྱུ་མེད་པ་་་ངོ་མས་ཐབས་སྐྱོ་བོ་རེད་་་་ག་ནས་བལྟས་ཀྱང་བོད་ཀྱི་སྲིད་འཛིན་ཞིག་ལ་མི་མཛའ་བར་ཤེས་དགོས་པའི་དུས་ལ་སླེབས་ཡོད་པ་རེད་དོ་་་གྲོགས་ཚོ།

  24. གངས་སྤྲེལ་ཚ། says:
    2012-11-23 at 12:19 am

    ཟམ་མདོང་སྐོར་མི་ཤེས་ཚུལ་གང་ན་བཤད་འདུག། སྤྱིར་ཨེ་ཤ་ཡ་སྐལ་ལྡན་བློ་གྲོས་ཀྱིས་སྒེར་འཛིན་བྱས་ཡོད་པ་སྔོན་ནས་ཤེས། དོན་ལ་ང་ཕོད་དང་སྐལ་བློ་མི་འགྲིག་པ་གསལ་བོ་རེད། ཨ་རི་གཏུག་མཁན་དེ་སྐལ་བློ་ཡིན་ངེས་སོང་། རྣམ་ཀུན་ཤར་ཀུག་དང་། སྐལ་བློའི་ལས་དོན: འདི་འདྲ་རེད་་ཁ་ནང་ལ་བསྐོར་ནས་ནང་དཀྲུགས་དངགོང་རིམ་སྐྱོན་བརྗོད་ཁོ་ན་རེད།

  25. Gonpo says:
    2012-11-23 at 1:32 am

    ༡༣༽ གསེར་འབྲུག་སྡེར་ལྔ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༢ གི་ཆུ་ཚོད་ ༡༥ སྐར་མ་ ༤༥
    ནག་ཐར་སྐྱིད་ལགས་ཀྱིས་དྲི་བ་དེ་བཙུན་པ་ཟམ་གདོང་ཚང་ཁྲི་པ་ལས་ཐོག་མི་ལོ་བཅུའི་རིང་ག་རེ་མ་འགྲིགས་པ་རེད། ཞེས་པའི་ལན་དུ། བཙུན་པ་ཁྲི་ཟུར་ཚང་ཁྲི་པ་ལས་ཐོག་མི་ལོ་ཧྲིལ་པོ་བཅུ་དེ་ཆབ་སྲིད་ཀྱི་རྩ་དོན་བསྒྲུབ་ཕྱོགས་ཀྱི་སྟེང་ནས་བཤད་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གློ་སྙིང་བྲང་གསུམ་གཏད་དེས་མགོ་འབུལ་ལུས་འབུལ་དང་ཡོད་ཚད་རྒྱར་བསྟུན་གྱིས་དུས་ཡུན་རྫོགས་པ་རེད་ཟེར་ན་མི་འགྲིགས་པ་གང་ཡང་མེད་པ་རེད། བྱས་ཙང་བཙུན་པ་ཁྲི་ཟུར་ཚང་འདི་ལྷ་ཆོས་རིག་པའི་གཞུང་ལུགས་མཁས་པ་ཡིན་ན་མ་གཏོགས་ཀྲུང་ནན་ཧེའེ་ཡི་ཆབ་སྲིད་མི་ཤེས་ཁོ་ཐག་རེད། རྒྱུ་མཚན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་གྲངས་ཉུང་མི་རིགས་ཁག་ལ་མི་རིགས་ས་ཁུལ་རང་སྐྱོང་གི་ཐོབ་ཐང་ཟེར་བ་དེ། ཏང་ཀྲུང་དབྱང་དམར་ཤོག་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་མི་རིགས་རྩོད་རྙོག་མེད་པ་བཟོ་ཆེད་ཐོབ་ཐང་ཡོད་མདོག་གིས་མགོ་བསྐོར་གཏོང་ཆེད་ཡིན་པ་རེད། བྱས་ཙང་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དཀྱིལ་འཁོར་ནང་གི་འབྲས་བུ་རང་སྐྱོང་གི་སྒོ་འཕངས་ཟེར་བ་དེ་ངོ་བོ་རང་བཞིན་ཀྱི་སྟོང་བ་རེད། འོན་ཀྱང་ལམ་དབུ་མའི་སྲིད་སྟེགས་ལ་བཞུགས་པའི་བཙུན་པ་ཁྲི་ཟུར་ཚང་གིས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འབྲུ་འདོན་ཡིག་ཆ་ཟེར་བ་དེ་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་པ་རེད། རེད་དེ་རང་བཙན་རྣམ་པ་དུ་མར་དབྱེ་བའམ་མིང་འདྲ་མིན་བཏགས་ཏེས་རྒྱུན་འཁྱོངས་དང་མཐའ་འཁྱོངས་སོགས་འགྲུབ་ཏུ་མེད་པའི་ཆ་རྐྱེན་དང་བཅས་སྟོང་ལོག་བཏང་བ་རེད། མ་ཟད་ཀྲུང་དབྱང་སྲིད་གཞུང་གིས་རྒྱབ་ཤ་དཀར་པོའི་དེབ་དེའི་ནང་ཏང་ཀྲུང་དབྱང་སྲིད་གཞུང་གི་ངོ་གདོང་ངོ་མ་གསལ་གསལ་ཐིང་ཐིང་བསྟན་འདུག། འོན་ཀྱང་རེ་སྟོང་དེ་ད་དུང་ཨུ་ཚུགས་རྒྱབས་པ་རེད། འདི་བདེན་པའི་ཨུ་ཚུགས་ཟེར་བ་དེ་ཡིན་རྒྱུ་རེད་པ། མ་གཞི་བདེན་པའི་ཨུ་ཚུགས་ཀྱི་ལྟ་གྲུབ་ཟེར་བ་དེ་རྒྱ་གར་རྒས་པོར་ལད་ཟློས་བྱས་པ་ཞིག་རེད། ཁ་རྒྱུན་ལ་ཡང་། ཨུ་ཚུགས་བརྒྱབས་ན་ཨ་མས་ཉན། བྱས་པ་རེད་འོན་ཀྱང་། རྒྱ་གུང་ཁྲན་དེ་ཨུ་ཚུགས་བརྒྱབ་ནས་ཉན་མཁན་ཞིག་མ་རེད། དེ་གཅིག་ཡིན།
    དེ་ནས་བཙུན་པ་ཁྲི་ཟུར་ཚང་འདི་ཁྲི་པ་ལས་ཐོག་སྐབས་༢༠༠༨་ལོར་སྔར་བྱུང་མ་མྱོང་བའི་ས་བྱི་ཞི་རྒོལ་ཆེན་མོ་བོད་ཆོལ་ཁ་གསུམ་ལ་ཁྱབ་པ་མ་ཟད་བོད་ཕྱི་ནང་གཉིས་ཀར་ཞི་རྒོལ་གྱི་མེ་ཆེན་པོ་ཞིག་འབར་བ་རེད་ལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་ཚ་ཚ་འུར་འུར་བཟོ་ཐུབ་ཡོད་པ་རེད། འོན་ཀྱང་སྐབས་དེ་དུས་ཟམ་གདོང་སྲིད་གཞུང་གིས་ཞི་རྒོལ་ནང་མཉམ་བཞུགས་ཕར་ཟད་འབྲེལ་མོལ་འཁོར་ཡུག་ལ་བསྙད་དེས་འབོད་ཚིག་ཕན་ནས་སྟངས་འཛིན་ནན་པོ་བྱས་ཏེས་ཞི་རྒོལ་གྱི་མེ་ཆེན་པོ་དེ་ཤི་རུ་བཅུགས་པ་རེད། གནད་དོན་འདིའི་ཐད་གནད་དོན་དབྱེ་ཞིབ་པ་མང་པོས་སྐྱར་ཞིབ་བྱ་དགོས་པ་བཤད་པ་རེད་ལ་ཁྲི་གསར་སྲིད་སྐྱོང་ཚང་གིས་ཀྱང་སྐྱར་ཞིབ་བྱ་དགོས་པ་མང་མང་གསུངས་སོང་། ད་དུང་གྲོས་ཚོགས་རྭ་བའི་ནང་རིག་ལམ་བེད་སྤྱད་དེས་རྭ་ཅོ་སྒྱེ་བླུགས་ཀྱི་སྤྱི་མཐུས་རྣམས་མགོ་བོ་ཡོངས་སུ་ཐོམས་འཇུག་གི་ཡོད་པ་རེད། འོན་ཀྱང་ཞལ་ཀྲུང་ནན་ཧེའེ་ཕྱོགས་དུས་པཎ་ཏྲི་ཏ་དང་མཁས་དབང་སོགས་ཀྱི་རྫིག་ཉམས་ཅི་ཡང་ངོམ་རྒྱུ་མི་འདུག་ལ་རིག་ལམ་བཏང་རྒྱུ་མེད་པར་ངག་ལྐུགས་པར་འགྱུར་འདུག། གནས་སྐབས་དེ་ཙམ་ཡིན་ད་དུང་འཛིན་སྐྱོང་ཐད་ཞུ་དགོས་ན་ག་ལེར་ཞུས་ཆོག།
    ༼འདི་བདེན་པ་རེད་དེ་བཞིན་སྐལ་བློའི་རྒྱབ་ལ་ག་འདྲ་ཡོད་ས་རེད་གཟིགས་དང༽

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme