Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཟུར་སྣོན་ནི་དྲ་ཐོག་གི་ཉེན་ཁའི་འབྱུང་ཁུངས་ཡིན།

Posted on 2012-11-212012-11-21 By ཁ་བརྡ་ 14 Comments on ཟུར་སྣོན་ནི་དྲ་ཐོག་གི་ཉེན་ཁའི་འབྱུང་ཁུངས་ཡིན།

བསྟན་འཛིན་སྒྲོལ་མ།

༼རྒྱ་ནག་པེ་ཅིན་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་དགེ་རྒན་ཟུར་བ་ཞིག་གི་བརྗོད་ཚུལ་ལྟར་ན་ཕྱི་ལོ་ ༢༠༡༠ ལོ་མགོར་རྒྱ་ནག་གི་ཆབ་སྲིད་ཀྱི་མགོ་ཁྲིད་མི་སྣ་ཞིག་གིས་”དུས་རབས་ཉེར་གཅིག་གི་འཐབ་འཛིང་གི་གཡུལ་ས་ནི་དྲ་རྒྱ་ཡིན་ལ། གཡུལ་ས་དེ་ནས་རྒྱལ་ཁ་འཐོབ་མིན་ཡང་དྲ་རྒྱ་ཚོད་འཛིན་དང་དབང་སྒྱུར་བྱེད་ཐུབ་མིན་ལ་རག་ལས་ཡོད་པས།  ང་ཚོས་འགྲོ་གྲོན་ག་ཚོད་གཏོང་དགོས་ཀྱང་གཡུལ་ས་དེ་ནས་ངེས་པར་དུ་རྒྱལ་ཐུབ་པ་བྱེད་དགོས” ཅེས་གསུངས་ཡོད་འདུག༽

སྙུག་ཤོག་དང་སྣག་ཚ་ནས་གློག་ཀླད་རྩིས་འཁོར་དང་ལག་ཁྱེར་ཁ་པར་བེད་སྤྱོད་གཏོང་བའི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ཡོ་ལང་འདིའི་ཁྲོད་དུ་མི་བུ་སྒེར་དང་།  སྤྱི་ཚོགས།  རྒྱལ་ཁབ།  ཐ་ན་འཛམ་གླིང་ཧྲིལ་པོའི་བྱ་གཞག་ཆེ་ཆུང་ཡོད་ཚད་དྲ་རྒྱའི་མཐུན་རྐྱེན་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཆགས་ཡོད་ལ། གློག་ཀླད་དྲ་རྒྱ་དང་འབྲེལ་འདྲིས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་པའི་ད་ལྟའི་འགྱུར་འགྲོས་ཀྱི་ཁ་ཕྱོགས་གསར་བ་འདིའི་དབང་གིས་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་བྱེད་སྒོ་ཡོད་ཚད་ཀྱང་དྲ་རྒྱའི་མཐུན་རྐྱེན་གྱིས་སྟངས་འཛིན་དང་ཁ་ལོ་བསྒྱུར་འགོ་ཚུགས་ཡོད། 

ཟས་གོས་གནས་མལ་གསུམ་ནི་མེད་དུ་མི་རུང་བའི་འགྲོ་བ་མིའི་འཚོ་སྡོད་ཀྱི་གཞི་རྩའི་གྲུབ་ཆ་གལ་ཆེན་དག་ཡིན་པ་བཞིན།  གློག་ཀླད་དྲ་རྒྱ་ཡང་བརྡ་འཕྲིན་གྱི་དུས་རབས་ཁྲོད་དུ་འཚོ་བ་སྐྱེལ་བཞིན་པའི་དེང་གི་དུས་ཀྱི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་གལ་ཆེ་ཤོས་དེ་ཆགས་ཡོད། དེ་ཡང་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ལྟ་བུ་ལ་མཚོན་ན་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་བྱེ་བ་ལྔ་བཅུ་ལྷག་དང་ཁྱད་ཆོས་སྣ་ཚོགས་འཛོམས་པའི་ལག་ཐོགས་ཁ་པར་བཀོལ་སྤྱོད་གཏོང་མཁན་བྱེ་བ་བཅུ་དགུ་ཙམ་ཡོད་རུང་། དྲ་ཐོག་གི་བདེ་འཇགས་འགྲུལ་བཞུད་ཀྱི་སྐོར་ལ་ཤེས་བྱ་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན།  མི་མང་པོས་ཉིན་རེ་རེར་དུས་ཚོད་མང་པོ་ཞིག་དྲ་རྒྱའི་ཐོག་ཏུ་གཏོང་གི་ཡོད་རུང་། དྲ་ཐོག་གི་མཉེན་འབུའི་སྐོར་ལ་དམིགས་བསལ་གྱི་སློབ་སྦྱོང་དང་གོ་རྟོགས་ཞན་དྲགས་པའི་དབང་གིས།  དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མི་བུ་སྒེར་དང་ཚོགས་སྡེ་གང་མང་ཞིག་ལ་མཉེན་འབུའི་གནོད་སྐྱོན་གཙོས་དྲ་ཐོག་གི་འཇབ་རྒོལ་རབ་དང་རིམ་པ་གང་མང་ཞིག་ཐེབས་དང་ཐེབས་མུས་ཡིན་པ་ནི་མིག་མཐོང་ལག་ཟིན་གྱི་དོན་གནད་བསྙོན་མེད་ཅིག་ཡིན།

ད་ལྟའི་དུས་སུ་མི་རྣམས་ཀྱིས་ཉིན་རེའི་ལས་དོན་མང་པོ་ཞིག་དྲ་ཐོག་ནས་སྒྲུབ་ཀྱིན་ཡོད་ལ། དམིགས་བསལ་གློག་འཕྲིན་བརྒྱུད་ནས་མི་གཞན་ལ་འཕྲིན་ཡིག་གཏོང་བ་ཙམ་མ་ཡིན་པར། འདྲ་པར་དང་ཡིག་ཆའི་རིགས་འདྲ་མིན་ཡང་ཟུར་སྣོན་གྱི་ངོ་བོའི་ཐོག་གློག་འཕྲིན་དང་མཉམ་དུ་སྦྱར་ནས་གཏོང་སྲོལ་ཡོད། འོན་ཀྱང་གློག་འཕྲིན་བེད་སྤྱོད་གཏོང་མཁན་མི་ཉུང་བ་ཞིག་གིས་ཟུར་སྣོན་ནི་ཡིག་ཆ་འདྲ་མིན་བསྐུར་བྱེད་ཀྱི་སྟབས་བདེའི་ཡོ་བྱད་ཅིག་མ་གཏོགས།  ཉེན་ཚབས་རང་བཞིན་ལྡན་པའི་མཉེན་འབུ་མང་པོ་ཞིག་ཟུར་སྣོན་གྱི་རིགས་བརྒྱུད་ནས་རང་ཉིད་ཀྱི་གློག་ཀླད་ནང་དུ་འཛུལ་གྱི་ཡོད་པ་ཁྱོན་ནས་ཤེས་རྟོགས་ཐུབ་ཀྱི་མེད།  ཟུར་སྣོན་གྱི་སྐོར་ལ་ཤེས་བྱ་ཉུང་དྲགས་པའི་གནས་སྟངས་དེའི་འོག་ཏུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གང་ཟག་རང་ཉིད་གཅིག་པུ་ཙམ་མ་ཡིན་པར་སོ་སོའི་ཉེ་འཁོར་གྱི་གྲོགས་པོ་དང་ནང་མི་སོགས།  རང་ཉིད་དང་འབྲེལ་འདྲིས་ཡོད་པའི་མི་མང་པོ་ཞིག་ཉེན་ཁའི་གནས་སུ་བསྐྱལ་གྱི་ཡོད། གང་ཡིན་ཞེ་ན།  ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་ལྟར། མི་མང་པོ་ཞིག་གིས་ཐེངས་གཅིག་ཙམ་མ་ཡིན་པར་རང་ཉིད་ཀྱི་གློག་འཕྲིན་དང་ལྷན་དུ་འབྱོར་བའི་ཟུར་སྣོན་གྱི་རིགས་ཡོངས་རྫོགས་ག་དུས་ཡིན་ཡང་ལམ་སེང་ཕབ་ལེན་བྱས་ནས་ལྟ་ཀློག་བྱེད་པར་གོམས་ལོབས་སུ་སོང་ཡོད། ཡིན་ཡང་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ནི་དྲ་ཐོག་ཏུ་ལས་འགུལ་རྩོམ་མཁན་གྱི་མི་བུ་སྒེར་དང་ཚོགས་སྡེ་ཁག་ནི་དྲ་རྒྱའི་གནོད་འཚེ་གཏང་ཡུལ་ལྟེ་བ་དེ་ཆགས་ཀྱི་ཡོད་ལ།  དྲ་ཐོག་གི་ཉེན་ཁ་དང་གནོད་འཚེ་དེ་དག་ཡོང་སའི་སྤྱི་ཡོངས་ཀྱི་ལམ་ཁ་གཅིག་ནི།  དྲ་འབུ་བསྐུངས་བའི་ཟུར་སྣོན་ཅན་གྱི་གློག་འཕྲིན་དག་ཡིན། སྤྱིར་བཏང་ནས་དྲ་འབུ་བསྐུངས་བའི་ཟུར་སྣོན་དེ་རིགས་རང་ཉིད་ཀྱི་ངོ་ཤེས་གྲོགས་པོ་སོགས་སུ་བརྫུས་ནས་བཏང་ཡོང་གི་རེད་ལ།  དོན་དངོས་ཐོག་ཟུར་སྣོན་དེ་དག་ནི་རངཉིད་ལ་གནོད་འཚེ་གཏོང་མཁན་གྱི་དྲ་འབུ་ཤ་སྟག་ཡིན། དེར་བརྟེན།  རང་ཉིད་ཀྱི་གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཟུར་སྣོན་གྱི་རིགས་ཚང་མ་ཁ་འབྱེད་པའམ་ཕབ་ལེན་བྱེད་པ་ནི་དགྲ་བོའི་གསང་མྱུལ་བ་ཅི་རིགས་རང་ཉིད་ཀྱི་གློག་ཀླད་ནང་དུ་མགྲོན་འབོད་བྱས་ནས་སོ་སོའི་དྲ་ཐོག་གི་ལས་དོན་ཡོངས་རྫོགས་ལ་སོ་ལྟ་བྱེད་དུ་བཅུག་པ་དང་གཅིག་མཚུངས་ཡིན། 

ཟུར་སྣོན་གྱི་ཉེན་ཁ་དང་དེ་སྔོན་འགོག་བྱེད་ཐབས་སྐོར་གྱི་བརྙན་པར་ལ་གཟིགས་འདོད་ཡོད་ཚེ།  དྲ་ཐག་https://tibetaction.net/safe-travels-online/འདིའི་ཐོག་ལ་བསྣུན།

གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཟུར་སྣོན་ཁ་འབྱེད་པ་དང་ཕབ་ལེན་བྱེད་པ་དེས་གསང་མྱུལ་བར། གཅིག  ཁྱེད་ཀྱི་གློག་ཀླད་མ་ལག་ནས་སྒེར་གྱི་གནས་ཚུལ་དང་གསང་བའི་ཡིག་ཆ་ཡོངས་རྫོགས་བརྐུ་འཁྱེར་བྱེད་ཏུ་འཇུག་གི་ཡོད། གཉིས།  ཁྱེད་ཀྱི་གློག་ཀླད་སྒང་གི་པར་ཆས་་ལ་སྟངས་འཛིན་བྱེད་དུ་བཅུག་ནས་ཁྱེད་ལ་ལྐོག་ལྟ་བྱེད་དུ་འཇུག་གི་ཡོད། གསུམ།  ཁྱེད་ཀྱི་གློག་ཀླད་སྟེང་གི་ཁ་པར་བེད་སྤྱོད་གཏོང་དུ་བཅུག་ནས་ཁྱེད་ཀྱི་སྐད་ཆ་ལ་ལྐོག་ཉན་བྱེད་དུ་འཇུག་གི་ཡོད།

ད་དུང་དེ་ཙམ་མ་ཟད་གསང་མྱུལ་བར་དེ་ལས་ལྷག་པའི་ཆེས་གནོད་འཚེ་ལྡན་པའི་བྱ་སྤྱོད་གང་མང་སྤེལ་དུ་འཇུག་གི་ཡོད་པས།  མི་མང་པོའི་གཞི་རྩའི་བདེ་འཇགས་ལ་དོ་ཕོག་རྒྱ་ཆེར་གཏོང་གི་ཡོད། དེར་བརྟེན།  རང་ཉིད་གཅིག་པུ་ཙམ་མ་ཡིན་པར་སོ་སོ་གནས་སའི་སྤྱི་ཚོགས་ཧྲིལ་པོའི་འཕྲལ་ཕུགས་ཀྱི་བདེ་འཇགས་ལ་དམིགས་ནས་དྲ་ཐོག་གི་མཉེན་འབུ་རིགས་འགོག་ཐབས་ཀྱི་ལམ་ཁ་གསར་བ་ཞིག་འཚོལ་རྒྱུ་ནི་སྐབས་བབ་ཀྱི་ལས་དོན་གལ་ཆེན་ཞིག་ཆགས་ཡོད།

ཚང་མས་ངེས་པར་དུ་ཤེས་དགོས་པའི་དྲ་ཐོག་གི་ཤེས་བྱ་གཅིག་ནི་ཟུར་སྣོན་གཅིག་པུ་ཙམ་མ་ཡིན་པར།  འདྲ་པར་དང་ཡིག་ཆ་འདྲ་མིན་སོགས་ལས་སླ་པོའི་ངང་ནས་བསྐུར་ཐུབ་པ་དང་བགོ་འགྲེམས་བྱེད་ཐུབ་པའི་ཚད་ལྡན་གྱི་ཡོ་ཆས་གཞན་པ་མང་པོ་ཡོད་པ་མ་ཟད།  དེ་དག་ལ་དྲ་འབུའི་གནོད་འཚེ་དང་འབྲེལ་བའི་དྲ་ཐོག་གི་འཇབ་རྒོལ་སོགས་ཀྱི་དཀའ་ངལ་གང་ཡང་མེད།  དེ་བས་ཟུར་སྣོན་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་པའམ་ཟུར་སྣོན་དང་གཏན་དུ་ཁ་འབྲལ་རྒྱུ་ནི་རང་གཞན་གཉིས་ཀའི་བདེ་འཇགས་ལ་སྨན་པའི་གདམ་ག་ཡག་ཤོས་དེ་ཡིན།

དྲ་འབུ་སྔོན་འགོག་བྱེད་ཆེད་ཟུར་སྣོན་དང་ལོགས་སུ་ཐོན་པའི་ལམ་ཁ་མང་པོ་ཡོད་པ་གཤམ་གསལ།

གཅིག རང་ཉིད་ཀྱི་གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཟུར་སྣོན་རིགས་ཁ་འབྱེད་པའམ་ཡང་ན་ཐད་ཀར་ཕབ་ལེན་མི་བྱེད་པར་སྣང་མེད་དུ་འཇོག་དགོས།

གཉིས།  རང་ཉིད་ཀྱི་གཉེན་ཉེ་གྲོགས་པོ་སོགས་ཀྱི་མིང་ཐོག་ནས་ཁྱེད་ལ་ཟུར་སྣོན་ཅན་གྱི་གློག་འཕྲིན་འབྱོར་ཚེ།  དོན་ངོ་མར་གློག་འཕྲིན་དེ་ཁོང་ཚོས་བཏང་བ་ཡིན་མིན་ཁ་པར་དང་འཕྲིན་ཐུང་གི་ལམ་ནས་ངེས་གཏན་བཟོས་རྗེས།  ད་གཟོད་ཕབ་ལེན་བྱེད་དགོས་མིན་ཐག་གཅོད་དགོས།

གསུམ།  རང་ཉིད་ལ་འབྱོར་བའི་ཟུར་སྣོན་ཅན་གྱི་ཡིག་ཆ་དེ་གློག་འཕྲིན་གྱི་བརྗོད་བྱ་ལ་འཚག་སེལ་(scan)་ཞེས་བྲིས་ཏེ།  virustotal.com  བཏང་ནས་ཉེན་ཁའི་རིགས་ཀྱི་དྲ་འབུ་ཡོད་མེད་ཞིབ་བཤེར་དང་བརྟག་དཔྱད་བྱེད་དགོས།

བཞི། གལ་ཏེ་ཁྱེད་ཀྱིས་རྗེ་མེལ་(Gmail)་བེད་སྤྱོད་གཏོང་གི་ཡོད་ཚེ།  ཟུར་སྣོན་གྱི་རིགས་ཕབ་ལེན་མི་བྱེད་པར། གྷོ་རྒལ་གྱི་དམིགས་བསལ་མཐུན་རྐྱེན་preview སྒང་ལ་བསྣུན་ནས་ལྟ་ཀློག་བྱེད་དགོས།

ལྔ།  ཟུར་སྣོན་ལས་ལྷག་པའི་མཐུན་རྐྱེན་བཟང་པོ་  Google Doc དང་  www.dropbox.com  ཡང་ན།   www.ge.tt  སོགས་བརྒྱུད་ནས་ཡིག་ཆ་འདྲ་མིན་བགོ་འགྲེམས་བྱེད་དགོས།

དྲུག  ཐོག་མར་རང་ཉིད་ནས་འགོ་ཚུགས་ཏེ་མི་གཞན་ལ་ཟུར་སྣོན་མི་གཏོང་བའི་གོམས་གཤིས་འཇགས་པར་བྱེད་དགོས་པ་མ་ཟད།  སོ་སོའི་གྲོགས་པོ་དང་གཉེན་ཉེ་སོགས་ལའང་ཟུར་སྣོན་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་ཡོང་བའི་སྐུལ་མ་བྱེད་དགོས།

མཐའ་དོན།  གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་གསལ་འདེབས་ཐེངས་ཤིག་ཞུ་རྒྱུར།  ཟུར་སྣོན་ནི་དྲ་འབུ་ཡོང་སའི་སྒོ་མོ་དེ་ཡིན་པས།  ཕུགས་རྒྱང་རིང་པོའི་དྲ་ཐོག་གི་བདེ་འཇགས་ཀྱི་སླད་དུ་ཟུར་སྣོན་རིགས་དང་གཏན་དུ་ཁ་འབྲལ་ཐུབ་པ་བྱེད་དགོས་ལ།  ཉེན་ཁ་ཆེ་བའི་དྲ་འབུའི་གནོད་འཚེ་ཅི་རིགས་འགོག་རྒོལ་བྱེད་པ་ལ་ང་ཚོ་སྤྱི་སྒེར་ཚང་མས་གོང་འཁོད་ཀྱི་རེ་སྐུལ་དོན་ཚན་ཁག་སྣང་མེད་དུ་མ་བཞག་པར་ལག་ལེན་དུ་བསྟར་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ནོ།།

སྣ་ཚོགས།

Post navigation

Previous Post: འདུས་བྱས་མི་རྟག་པའི་གླུ།
Next Post: རྡི་ལིའི་མཐོང་ཐོས་དྲན་གསུམ།

Comments (14) on “ཟུར་སྣོན་ནི་དྲ་ཐོག་གི་ཉེན་ཁའི་འབྱུང་ཁུངས་ཡིན།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-11-21 at 4:41 am

    ་་་་་ རང་ཉིད་དང་འབྲེལ་འདྲིས་ཡོད་པའི་མི་མང་པོ་ཞིག་ཉེན་ཁའི་གནས་སུ་བསྐྱལ་གྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་ལྟར། མི་མང་པོ་ཞིག་གིས་ཐེངས་གཅིག་ཙམ་མ་ཡིན་པར་རང་ཉིད་ཀྱི་གློག་འཕྲིན་དང་ལྷན་དུ་འབྱོར་བའི་ཟུར་སྣོན་གྱི་རིགས་ཡོངས་རྫོགས་ག་དུས་ཡིན་ཡང་ལམ་སེང་ཕབ་ལེན་བྱས་ནས་ལྟ་ཀློག་བྱེད་པར་གོམས་ལོབས་སུ་སོང་ཡོད། ་་་་་ཟེར།

  2. སྦྲ་དཔལ་ལྡན། says:
    2012-11-21 at 5:38 am

    གནས་ཚུལ་གལ་ཆེན་ཞིག་བཀོད་འདུག  ངོ་མ་དོ་སྣང་བྱེད་དགོས་དོན་དག་གལ་ཆེན་ཞིག་འདིར་གླེང་འདུག
    བསྟན་འཛིན་སྒྲོལ་མ་ཟེར་བའི་བུ་མོ་འདིའི་རྩོམ་ཡིག་ཀློག་དུས།་་བུ་མོ་འདིའི་ཞལ་རས་གཅིག་མཐོང་ན་བསམ་གི

  3. ནོར་རྒྱལ། says:
    2012-11-21 at 5:39 am

    ཉན་འཇོག་བྱེད་ས་ཡག་པོ་ཞིག་གསུང་འདུག

  4. ཁྱུང་དཀར says:
    2012-11-21 at 6:24 am

    མཁྱེན་ལྡན་རྣམ་པས་ཟུར་སྣོན་ཟེར་བ་དེ་ག་འདྲ་ཞིག་ལ་ཟེར་ཀི་ཡོད་པ་དང་དེ་དབྱིན་ཚིག་དང་སྦྱར་ནས་འགྲེལ་བཤད་གསལ་བོ་ཞིག་གནང་རོགས་ཞུ་ཡ་ཡིན།

  5. ཁྱི་ཕྲུག says:
    2012-11-21 at 8:52 am

    ཟུར་སྣོན་ནི་དབྱིན་སྐད་དུ་attachment ཞུས་པ་དེ་རེད།  ང་ཚོས་གྲོགས་པོ་ཕན་ཚུན་དབར་ཡི་གེ་གཏོང་དུས་མཚམས་རེར་ཡིག་ཆ་འདྲ་མིན་འདྲ་མིན་doc དང་PDF སོགས་ཡི་གེ་མཉམ་དུ་སྦྱར་ནས་གཏོང་སྲོལ་ཡོད་པ་དེ་ལ་གོ་དགོས།

  6. རང་གྲོལ། says:
    2012-11-21 at 9:15 am

    འདི་ཧ་ཅང་གི་གལ་ཆེན་པོ་རེད།

  7. ཁྱུང་དཀར says:
    2012-11-21 at 9:46 am

    གྲོགས་པོས་འགྲེལ་བཤད་རོབ་ཙམ་གནང་བ་ཡག་བྱུང་། ཡིན་ཡང་། དཔེར་བཞག་ན་སྐད་འཕྲིན་དང་གནམ་རླབས། qq སོགསབརྒྱུད་ནས་འཕྲིན་ཡིག་དང་པར་སོགས་སླེབས་པ་རྒྱུན་ལྡན་ལྟ་བུ་ཡིན་པས་དེར་དྲ་འབུ་ཟེར་ནའང་རེད་ལ་དེའི་ཕག་ཏུ་གནོད་སྐྱོན་གཏོང་མཁན་ཡོད་མེད་གང་དུ་ལྟ་དགོས་པ་དང་ཟུར་སྣོན་བརྒྱུད་ནས་ཡོང་གི་ཡོད་མེད་སྐོར་ལ་ཡང་བསྐྱར་གསལ་བཤད་འཕར་མ་ཞིག་བྱེད་རོགས་གནང་།

  8. ཁྱི་ཕྲུག says:
    2012-11-21 at 10:38 am

    ཁྱེད་རང་qq བེད་སྤྱོད་གཏོང་མཁན་ཡིན་ཚེ།  ཟུར་སྣོན་ཙམ་མ་ཡིན་པར་འབྲེལ་ཐག་བརྒྱུད་ནས་གནོད་སྐྱོན་གཏོང་གི་ཡོད་པ་རྒྱུན་ལྡན་ཡིན།  ཁྱེད་རང་qq messenger བེད་སྤྱོད་གཏོང་དུས་དོན་མེད་དུ་མི་ངོ་མི་ཤེས་པ་ཞིག་གི་མིང་ཐོག་ནས་འབྲེལ་ཐག་(link)་བཏང་ནས་འདྲ་པར་ཅིག་ཅིག་ལྟོས་ཡིག་ཆ་ཉིག་ཉིག་ལ་གཟིགས་ལ་སོགས་པའི་གནས་སྟངས་དེ་འདྲ་ཐུག་མྱོང་ཡོད་དམ།  qq messenger ནང་འབྲེལ་ཐག་དེ་འདྲ་བསྐུར་མཁན་མང་པོ་ཡོང་གི་འདུག་་་་ངས་དེ་འདྲ་དོ་སྣང་བྱུང་།་འབྲེལ་ཐག་སྐོར་གྱི་བརྙན་པར་གཟིགས་འདོད་ཚེ་འདི་ལ་བསྣུན་ན་འགྲིག་གི་འདུག་་་https://www.youtube.com/watch?v=zT_mqi3GJPg&feature=youtu.be

  9. ཁྱི་ཕྲུག says:
    2012-11-21 at 10:44 am

    ཁ་པར་ནང་ qq དང་wechat སོགས་རྩེད་བ་ཙམ་མ་ཟད་ཡིག་ཆ་འབྱོར་ཚད་ཁ་ཕྱེ་ན་བདེ་འཇགས་སྲུང་རྒྱུ་དཀའ་མོ་རེད།  འོན་ཀྱང་དེ་དག་བེད་སྤྱོད་བྱེད་སྐབས་གྲོགས་པོ་ནང་ཁུལ་ལ་ཡིག་ཆ་གཏོང་རེས་བྱེད་ཀྱི་ཡོད་སྟབས་་་གྲོགས་པོའི་qq སོགས་མི་གཞན་གྱིས་གསང་བའི་སྒོ་ནས་བེད་སྤྱོད་བཏང་ནས་ཁྱེད་དང་གླེང་མོལ་བྱེད་པའི་བརྒྱུད་རིམ་ཁྲོད་ནད་འབུ་བཏང་ན་མ་གཏོགས།  སྤྱིའི་ཆ་ནས་གནས་ཚུལ་དེ་འདྲ་ཡོང་མི་སྲིད་པ་ལྟ་བུ་ཞིག་རེད།
    གཙོ་བོ་དེ་རང་ཉིད་ཀྱི་གློག་འཕྲིན་ཡིག་ཟམ་ནང་ཟུར་སྣོན་རིགས་འབྱོར་དུས་གལ་ཆེ་ཤོས་དེ་ཁ་མི་འབྱེད་རྒྱུ་དེ་རེད།

  10. ཁྱུང་དཀར says:
    2012-11-21 at 11:18 am

    གྲོགས་པོས་གསལ་འགྲེལ་གནང་བར་ཐུགས་རྗེ་ཆེ་ལབ་ཡ་ཡིན། ཡིན་ནའང་། “རང་ཉིད་ཀྱི་གློག་འཕྲིན་ཡིག་ཟམ་ནང་ཟུར་སྣོན་རིགས་འབྱོར་དུས་” ཞེས་པར་ཟུར་སྣོན་འབྱོར་ཡོད་མེད་གང་ལ་ལྟ་དགོས་པ་དང་ཟུར་སྣོན་བརྒྱུད་ནས་བཏང་བ་གང་ལ་ངེས་འཛིན་བྱ་དགོས། འདི་ལ་ཡང་བསྐྱར་ལན་ཅིག་གནང་རོགས།

  11. ཁྱི་ཕྲུག says:
    2012-11-21 at 9:58 pm

    ཁྱུང་དཀར་ལགས།  ཁྱེད་རང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནང་དུ་ཕེབས་དང་དེ་རུ་འདྲ་རིས་དང་བརྙན་པར་གྱི་ལམ་ནས་གསལ་པོ་ལྟ་ཡ་འདུག་  དེས་ཁྱེད་ཀྱི་སེམས་ནང་གི་དྲི་བ་ཡོད་ཚད་ལ་ལན་རེག་འགྲོ་ངེས།
    http://blog.amdotibet.cn/tenzinlhamo/archives/74420.aspx

  12. ཁྱུང་དཀར says:
    2012-11-22 at 5:42 am

    གྲོགས་པོས་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་ཀི་ཡོད།

  13. གནམ says:
    2012-11-22 at 6:55 am

    ཉམས་འཇོག་ངོ་མ་དེ་བོད་ནང་གི་བོད་མས་བྱེད་དགོས་པ་རེད། ཕྱི་ཕྱོགས་ཀི་བོད་པའི་གློག་ཆས་ལ་ཡིག་དུག་ཕོག་ན་ཡང་དེ་འདྲའི་སྐྱག་དགོས་ས་ཞིག་མ་རེད་དེ། གྲོགས་པོས་དེ་ལྟར་ཤེས་བྱའི་ཞལ་འདེབ་རེ་གནང་པར་དགའ་སྣང་ཡོད།

  14. ཁྱི་ཕྲུག says:
    2012-11-22 at 7:35 am

    གནམ་ལགས། 
    དེ་ཡང་ཁྱེད་ཀྱིས་མགོ་མ་ཚོས་བའི་སྐྱོན་རེད།  དེ་ང་ཚོ་ཚང་མར་འབྲེལ་བ་ཡོད་རེད་དོ།  དཔེ་མཚོན་ཆུང་ཆུང་ཞིག་ཁྱེད་ཀྱིས་བརྙན་པར་ཐུང་ཐུང་འདི་ལ་ལྟོས་དང་ཁྱོད་ལ་བསམ་རྒྱུ་ཞིག་སྟེར་གི་རེད་
    https://www.youtube.com/watch?v=zE6xvQeMqqE འགྲེལ་བཤད་མང་པོ་རྒྱག་པའི་དུས་ཚོད་མི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme