Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།

Posted on 2012-11-202012-11-20 By ཤར་ཕྱོགས་ཁུག་རྟ། 17 Comments on ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།

འབྲི་མཁན་བློ་བསྟན།

༄༅།། ༢༠༡༢། ༡༡། ༡༧། དང ༡༨ ཉིན་གཉིས་རིང་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་བཞུགས་སྒར་རྡ་རམ་ས་ལར་སྐོང་འཚོགས་གནང་སྟེ། ཕྱི་ལོ ༢༠༠༩ ནས་བྱུང་བའི་གཞིས་ལུས་བོད་མིའི་རང་ལུས་མེར་སྲེག་གི་ལས་འགུལ་ཐད་བགྲོ་གླེང་གཟབ་རྒྱས་གནང་ཡོད། ༼ རང་ལུས་མེར་སྲེག་གི་རྒྱབ་མདུན་ལ་བལྟ་བ་༽ཞེས་པའི་བརྗོད་གཞིའི་སྟེང་ཉིན་གཉིས་ཧྲིལ་བོར་ཁྱོན་ཡོངས་ནས་བགྲོ་གླེང་བྱས་པ་དང། དེ་ཡང་གཞིས་ལུས་བོད་མི་ཚོས་རང་སྲེག་གནང་དགོས་པའི་རྒྱུ་མཚན་དང། རང་སྲེག་ལས་འགུལ་གྱི་ངོ་བོ་ངོས་འཛིན། རང་སྲེག་ལས་འགུལ་ལ་རྒྱལ་སྤྱིའི་སྟེང་ནུས་ལྡན་རྒྱབ་སྐྱོར་མ་ཐོབ་པའི་རྒྱུ་མཚན་དང་དེ་འཐོབ་ཐབས། དེ་བཞིན་རང་སྲེག་བྱས་པའི་རྒྱུ་རྐྱེན་ལ་རྒྱ་ནག་དབུས་སའི་གཞུང་ནས་ཚུལ་མཐུན་ཡ་ལན་མི་བྱེད་པར་རེ་སྐུལ་སྙན་ཞུ་ཕུལ་རྒྱུའི་ཚོགས་ཆུང་ཟུར་འཛུགས། གཞན་ཡང། རང་རེའི་དབུས་དཔལ་ལྡན་བཀའ་ཤག་ལྷན་རྒྱས་ལ་རང་སྲེག་ལས་འགུལ་ཐད་ཛ་དྲག་གི་གནང་སྒོ་ཁག་ཅིག་འབོད་སྐུལ། བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མི་མང་ནང་རང་སྲེག་ལས་འགུལ་ལ་རྒྱབ་སྣོན་ལས་འགུལ་སྤེལ་ཕྱོགས་ལ་བསམ་འཆར་འདོན་རྒྱུའི་མཚོན། སྤྱི་སྨན་བསམ་འཆར་དང་སྡིངས་ཆ་འདི་བཞིན་གལ་ཆེན་ཡིན་པ་རྒྱུན་གནས་སྲ་བརྟན་ཡོང་དགོས་པ་བཅས་ཀྱི་ཐད་རྣོ་ངར་ལྡན་པའི་བགྲོ་གླེང་བྱས་ཡོད།

 

 

ཚོགས་འདུའི་ཐོག་བརྗོད་གཞི་གཙོ་བོའི་ཐད་ཕྱོགས་བརྒྱད་ནས་བགྲོ་གླེང་བྱས་པ་དང། དེ་སྔ་དབུས་ནས་བསྡུ་སྐོང་གནང་བའི་དམིགས་བསལ་ཚོགས་ཆེན་དང། རྒྱལ་ཡོངས་ཚོགས་ཆེན་ཐེངས་བཞིའི་གྲུབ་དོན་སྙན་ཞུར་ཡོད་པའི་ཐབས་ལམ་ཁག་གི་ཐད་བསྐྱར་བཤད་མེད་པར། ༢༠༠༩ ནས་རང་སྲེག་ཐད་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་བསྒྲགས་གཏམ་སྤེལ་བ་གྲངས ༨༡ དང། དབུས་བཀའ་སྤྱི་གཉིས་ནས་བསྒྲགས་གཏམ་སྤེལ་བ་སོགས་གྲངས ༨༥ དཔྱད་གཞིར་བཟུང་ནས་ཐབས་ལམ་གསར་པ་འདོན་རྒྱུར་ཤུགས་སྣོན་རྒྱབ་སྟེ། ཚོགས་ཆེན་སྟེང་ཟམ་གདོང་རིན་པོ་ཆེས་ཕེབས་པའི་གསུང་འཕྲིན་ནང་འཁོད་པ་”ཁོང་ཚོའི་བློས་གཏོང་ཆུད་ཟོས་སུ་མི་འགྲོ་བའི་ཐབས་ལམ་ཇི་ཡོད་”ཅེས་པའི་ལམ་སྟོན་ཐད་བགྲོ་གླེང་ཚ་ནན་བྱས་ཏེ་རང་སྲེག་ལས་འགུལ་བྱུང་རྐྱེན་ངོས་འཛིན་གསལ་བོ་དང། ངོ་བོ་ངོས་འཛིན་ཡག་དག་པར་བྱེད་ཐུབ་བྱུང་མ་ཟད།

 

 
གཞིས་ལུས་བོད་མི་ཚོའི་བློ་སྙིང་བྲང་གསུམ་གཏོད་ཡུལ་དབུས་བོད་མིའི་སྒྲིག་འཛུགས་ནས་ཉེ་འཆར་ནས་རྒྱ་ནག་དམར་ཕྱོགས་ཆེས་མཐོའི་དཔོན་རིགས་ནང་ཁུལ་མ་མཐུན་པའི་རྣོ་ངར་ཛ་དྲག་གི་མཚན་མ་ཕྱིར་བརྡོལ་བཞིན་པ་དང། དེ་བཞིན་དཔོན་རིགས་བརྗེ་བསྒྱུར་བྱུང་བ་བཅས་ལ་ཞིབ་འཇུག་མཐིལ་ཕྱིན་གྱིས། གལ་སྲིད་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་བ་བྱུང་ཚེ། གསར་དུ་གྲོས་བསྡུར་བྱེད་མི་དགོས་པར་ད་ལྟ་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་འཆར་གཞི་ཨང་གསར་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་དང། དེ་བཞིན་མི་ལོ་ལྔ་བཅུའི་བོད་མིའི་འཐབ་རྩོད་ཀྱི་བྱུང་རབས་ཧྲིལ་བོའི་ནང་གི་ལས་འགུལ་ཆེ་ཁག་ས་བྱི་ཞི་རྒོལ་ཆེན་མོ་དང་རང་སྲེག་ལས་འགུལ་སོགས་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་ཞིབ་འཇུག་སྙན་ཐོ་སྐད་ཡིག་འདྲ་མིན་ནང་འདོན་དགོས་པ་དང། བཙན་བྱོལ་བོད་མི་ཚོར་དེའི་གོ་རྟོགས་ཤུགས་ཆེར་སྤེལ་བ། གཞན་ཡང་བཀའ་ཤག་ནས་རྒྱ་ནག་མི་མང་ལ་དམིགས་བསལ་འབྲེལ་བ་བྱེད་སའི་སྒྲིག་འཛུགས་ཤིག་ཟུར་འཛུགས་གནང་སྟེ་ཉིན་རེའི་བོད་དོན་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་སྤེལ་རྒྱུ་བཅས་ཀྱི་ཐད་སྤྱི་མོས་གྲོས་འཚམས་བྱུང་འདུག

 

 
ཚོགས་ཆེན་སྟེང་ཁ་གསལ་བོས་༼བོད་ཕྱི་ནང་གཉིས་སུ་བོད་མི ༧༩ རང་སྲེག་བཏང་དོན་ནི་ཁོང་ཚོའི་ཞལ་ཆེམས་ནས་བསྟན་དོན་ལྟར། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་སྐུར་འདེབས་དང། གཞིས་ལུས་མི་མང་གིས་༧གོང་ས་ཆེན་པོ་མཆོག་ལ་མཇལ་སྐལ་མ་བྱུང་བ་གཙོ་གྱུར་ཐོག རྒྱ་གཞུང་གིས་བོད་ཐོག་སྐད་ཡིག་བཀོལ་སྤྱོད་དང་ཆོས་དད་རང་མོས་ཀྱི་སྲིད་ཇུས་ནོར་འཁྲུལ་ཅན་ལག་བསྟར་བྱས་པ། དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱས་པ་སོགས་ལས་བྱུང་བར་ངོས་འཛིན་བྱེད་བཞིན་ཡོད། ༽ཅེས་རང་སྲེག་བྱུང་རྐྱེན་ནི་རང་སྲེག་གནང་མཁན་གང་ཟག་རང་ཉིད་ལྟར་གསལ་འགྲེལ་བྱས་ཡོད་འདུག

 
ཚོགས་ཆེན་སྟེང་བོད་ནང་རང་སྲེག་བྱུང་ཡུལ་གྱི་ས་གནས་རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གི་ཆེས་ཐབས་རྡུག་གི་བྱ་སྤྱོད་ཐེར་འདོན་དང། ཁོང་ཚོས་འཛེམ་དོགས་གང་ཡང་མེད་པར་བོད་མི་ཞི་རྒོལ་བ་ཚོའི་སྟེང་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་སྒྲིག་ཁག་དང་འགལ་བའི་ངོ་སྲུང་གཡོ་ཐབས་ཀྱི་དྲག་སྤྱོད་ཉག་ཅིག་ལག་བསྟར་བྱེད་བཞིན་པ་ཀུན་གསལ་བཞིན། ས་གནས་གཞུང་ནས་རང་སྲེག་གནང་མཁན་བོད་མི་ཚོའི་མངོན་འདོད་རྒྱ་ནག་དབུས་གཞུང་ལ་ཚུལ་མཐུན་སྙན་ཞུ་འབུལ་རེ་མེད་ཀྱང། རྒྱལ་སྤྱིའི་སྟེང་ཐད་ཀར་རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཚོར་བརྡ་ལན་གསལ་བོར་སྤྲད་དང་སྤྲོད་བཞིན་པ་ཡིན་ནའང། རྒྱ་ནག་དབུས་སའི་གཞུང་གཉིས་ཀྱི་བྱེད་བབ་གཅིག་པ་ལྟ་བུར་འགྱུར་ངེས་ཀྱི་རྣམ་འགྱུར་ཐོན་བཞིན་ན། ཚོགས་ཆེན་འདིའི་ཐོག་ས་གནས་དཔོན་རིགས་ཀྱི་ཡ་ང་བའི་བྱེད་བབ་དེ་དག་དབུས་གཞུང་ལ་ཞུ་གཏུག་དང། བོད་མིའི་རང་སྲེག་ཐད་རྒྱ་ནག་གཞུང་གིས་གང་མགྱོགས་ཁོང་ཚོའི་མངོན་འདོད་བཞིན་ཐག་གཅོད་ཡོང་བར་སྙན་ཞུ་གཏོང་གི་ཡིན། སྙན་ཞུ་བཟོ་འགོད་ཚོགས་ཆུང་ནང་ཚོགས་འདུ་གཙོ་སྐྱོང་པ་དང། སྤྱི་འཐུས་གངས་ལྷ་མོ་ལགས། རེ་མདོ་སེང་གེ་ལགས། འབྲིང་པ་འཇིགས་མེད་ལགས། འཇིགས་མེད་བློ་གྲོས་ལགས། ལྷ་ལུང་རྒྱལ་ལགས་བཅས་གཏན་འབེབས་བྱུང་ཡོད།

 
མཇུག་མཐར་ཤེས་ཡོན་པ་རང་ངོས་ནས་རང་སྲེག་ལས་འགུལ་ཐད་སྒྲུབ་སྒོ་ཁག་ཚོགས་ཆེན་ཐེངས་དང་པོའི་བརྗོད་གཞི་དང་འབྲེལ་བའི་དཔྱད་རྩོམ་ཕྱོགས་སྒྲིག་དཔེ་དེབ་འདོན་རྒྱུ་དང། དཔེ་དེབ་ནང་རང་སྲེག་གནང་མཁན་རྣམས་ཀྱི་ལོ་རྒྱུས་ཞིབ་ཚགས་འཁོད་རྒྱུར་ཤུགས་སྣོན་རྒྱག་པ་དང། རྒྱལ་སྤྱིའི་ནང་རྒྱབ་སྐྱོར་བྱས་པའི་ཚད་གཞི་བཅས་ཕྱོགས་སྒྲིག་བྱ་རྒྱུར་གྲོས་འཆམས་བྱུང་འདུག
ཚོགས་ཆེན་ཐོག་ཕ་རིན་སིར་གནས་བཞུགས་སྐུ་ཞབས་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་ལགས་དང་ཡུལ་དེའི་བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས། ལོ་ཙཱ་བ་ཆུང་ཚེ་རིང་ལགས། ཨ་རིར་གནས་བཞུགས་སྤྱི་ཟུར་གདུགས་དཀར་ཚེ་རིང་དང་རྩོམ་པ་པོ་ཀླུ་སྨྱོན་ཧེ་རུ་ཀ་སོགས་ཀྱིས་བརྗོད་གཞིའི་ཐད་དགོངས་ཚུལ་ཆེད་རྩོམ་དང། རྗེས་དྲན་སྙན་ངག་བཅས་བསྐུར་འདུག་པའང་གཙོ་སྐྱོང་པས་ཚོགས་ཐོག་ཏུ་སྒྲོག་སྦྱང་གནང་བ་རེད།

 

 
ཉིན་གཉིས་པར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཕར་འགྱངས་ཀྱིས་ཚོགས་འདུའི་མཐའ་མའི་སྙན་ཐོ་གཏན་འབེབས་ཟིན་རྗེས། གཙོ་སྐྱོང་པ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་མཇུག་སྡོམ་གཏམ་བཤད་ནང། གཙོ་སྐྱོང་པས་རེ་བ་ལས་བརྒལ་བའི་སྙན་ཐོ་སྤྱི་མོས་ཀྱིས་གཏན་འབེབས་བྱ་རྒྱུ་བྱུང་བ་འདི། སྤྱིར་བོད་ཀྱི་རྩ་དོན་གྱི་ལས་འགན་བླངས་པ་ཞིག་དང། བྱེ་བྲག་གང་ཟག་སྒེར་བ་སོ་སོས་བོད་དོན་ཐོག་གང་ལ་ཅི་འཇོན་གྱི་བློས་གཏོང་བྱེད་བཞིན་པ་གསལ་སྟོན་བྱས་མ་ཟད། ང་རང་སྒེར་ནས་གོ་སྒྲིག་གནང་བའི་ལས་གཞི་ལའང་རྒྱབ་སྐྱོར་བྱས་པ་མཚོན་ཡོད་པས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་ཡོད་པ་རེད། ཡང་ཁོང་ནས་མུ་མཐུད་ངེད་ནས་རྡ་སའི་གཡས་གཡོན་དུ་ལས་རིགས་འདྲ་མིན་ཐོག་ཕྱག་ལས་གནང་བཞིན་པའི་ན་གཞོན་ཤེས་ཡོན་ཅན་མང་པོར་ཚོགས་འདུར་ཕེབས་རྒྱུའི་རེ་སྐུལ་བྱས་པ་འདི་མི་རབས་གསར་པའི་ཆིག་སྒྲིལ་དང་འགན་འཁུར་འཁྱེར་ཕྱོགས་ཤིག་ཡིན་ལ། ཨིན་ཡིག་ཐོག་རྩོམ་འབྲི་བ་གཉིས་དང་གཞན་བོད་ཡིག་ཐད་ཤེས་ལྡན་པ་གསུམ་བཅས་ནས་ཕྱོགས་བསྐྱོད་དང་ནད་མནར། ལས་དོན་གཞན་གྱི་ཆེད་དགོངས་ཞུ་གནང་བ་ནི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་ཤེས་ཡོན་པའི་ཀུན་སྤྱོད་གཉིས་ཀའི་འགྲོ་སྟངས་ལ་ནང་བྱུན་ཆུད་པ་རང་བཞིན་གྱིས་གསལ་འདོན་བྱས་ཡོད་པ་རེད། ངེད་ནས་ཤེས་ཡོན་གྱི་གནས་ཚད་ལ་རྒྱུན་ཏུ་བརྩི་བཀུར་བྱེད་བཞིན་པ་མ་ཚང་བ་མེད་པར་འདིར་འཛོམས་ཏེ་བགྲོ་གླེང་ཞིབ་རྒྱས་ཀྱིས་བསམ་ཚུལ་སྙན་ཐོ་བཏོན་པ་ནི། དུས་སྐབས་འདིའི་བཙན་བྱོལ་ན་གཞོན་ཤེས་ཡོན་པ་སྤྱིའི་གནས་བབ་ལ་ཚད་འཇལ་བྱ་ས་ཞིག་ཡིན་པར་ངོས་འཛིན་མི་ཞུ་ཐབས་མེད་རེད། ཚང་མས་སྡིངས་ཆ་འདིའི་གལ་གནད་རང་བཞིན་ལ་དམིགས་བསལ་ལམ་སྟོན་དང་རེ་བ་བྱས་པ་ནི་ངེད་ལ་སྡིངས་ཆ་འདི་བྱིས་པ་དམར་རྗེན་ནས་ན་ཚོད་དར་ལ་བབས་པ། བྱད་བཞིན་ལྟ་ན་སྡུག་པ་ཞིག་བཟོ་རྒྱུར་སྐུལ་མ་བྱས་པ་ཡིན་པས་ཡིད་ཆེས་དེ་ལ་ངེད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

 
ངེད་ཀྱི་བློས་གྲོགས་སྐོར་ཞིག་གིས་ལས་དོན་འདི་གོ་བ་དང་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་མ་ཟད། མ་འོངས་པའི་སྡིངས་ཆའི་བརྗོད་གཞི་སྤྱི་ཚོགས་དང་ཤེས་ཡོན་ལ་འབྲེལ་བ་ཡོད་སྐབས་སྡིངས་ཆ་གོ་སྒྲིག་ཞུ་རྒྱུར་མཐུན་འགྱུར་ཞུ་ངེས་ཀྱི་རྒྱབ་སྐྱོར་ཀྱང་ཐོབ་ཡོད་ན། ཁྱེད་རྣམས་པ་དང་རྒྱལ་བལ་འབྲུག་གསུམ་གཙོས་བཙན་བྱོལ་ན་གཞོན་ཤེས་ཡོན་པ་སྤྱིའི་སྡིངས་ཆ་ཞིག་ཏུ་འགྱུར་རྒྱུར་ཚང་མས་ལམ་སྟོན་དང་དགོངས་ཚུལ་བར་ཆད་པར་གནང་རྒྱུ་དང། མེད་ཐབས་མེད་པ་དང་དགོས་ཕན་རླབས་ཅན་གྱི་སྡིངས་ཆ་ཞིག་ཏུ་གྱུར་མཚམས་མ་འོངས་པའི་ན་གཞོན་ཤེས་ཡོན་པ་ཚོར་མང་གཙོའི་སྒྲིག་འཛུགས་ལྡན་པའི་སྡིངས་ཆ་ཞིག་གི་རྣམ་པར་རྩིས་སྤྲོད་བྱ་རྒྱུ་ནི་ཁྱེད་ཚོའི་རྒྱབ་སྐྱོར་ལས་འགྲུབ་ཐུབ་པ་ཞིག་རེད། ཚོགས་འདུ་ཚོགས་ཡུལ་རིན་མེད་གནང་བ་དང་གོ་སྒྲིག་ཞུ་སྒོ་མཐའ་དག་ལ་རོགས་རམ་བྱེད་མཁན་ཚང་མར་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

 

 
དེ་བཞིན་ཚོགས་འདུའི་སྡིངས་ཆའི་སྟེང་གནད་དོན་རེ་འགའ་བགྲོ་གླེང་ཡུན་རིང་གནང་ཡང་སྤྱི་མོས་སྙན་ཐོའི་ཁོངས་སུ་མ་ཚུད་པ་ཁག་ཅིག་སྟེ། གཞིས་ལུས་བོད་མི་ཚོར་རྒྱ་ནག་གཞུང་ལ་སྤྲད་པའི་རང་སྐྱོང་གི་བསམ་འཆར་ལྟར་ཁྱོན་ཡོངས་ནས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་འཐབ་རྩོད་བྱ་དགོས་པའི་འབོད་སྐུལ་དབུས་སྒྲིག་འཛུགས་ནས་ཞུ་དགོས་པ་དེ་དང། དེ་བཞིན་རང་སྲེག་ལས་འགུལ་ཐད་ད་བར་ནུས་བ་ཅི་ཞིག་ཐོན་ཡོད་མེད་དང་མ་འོངས་པར་མདུན་ལམ་གང་ཡོད་མེད་ཐད་གཞིས་བྱེས་བོད་མིའི་དབུ་ཁྲིད་དབུས་སྒྲིག་འཛུགས་ནས་ལམ་སྟོན་བྱ་དགོས་པ་མ་ཟད། བོད་ནང་གི་དཀྲོགས་གཏམ་མི་བརྒྱ་མེར་སྲེག་ན་ནུས་པ་ཐོན་ངེས་ཟེར་ཚུལ་ལ་གསལ་བཤད་གནང་དགོས་པ་སོགས་ནི་སྤྱི་མོས་ཕྱོགས་སྡོམ་ནང་མ་ཚུད་ཀྱང། རང་སྲེག་གི་རྒྱབ་མདུན་ཕྱོགས་ཡོངས་ནས་གླེང་སློང་གནང་ཐུབ་ཡོད་པའི་ལོ་རྒྱུས་ཀྱི་ཤུལ་ལམ་ཞིག་ཏུ་གཙོ་སྐྱོང་པས་ངོས་འཛིན་ཞུ་བཞིན་ཡོད།།

 
མཐའ་དོན་༧བོད་བསྟན་སྲིད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་ཟམ་གདོང་རིན་པོ་ཆེས་རིན་ཐང་བྲལ་བའི་གསུང་འཕྲིན་འདི་འདྲ་ཞིག་ཕེབས་པར་བཀའ་དྲིན་ཆེ་ཞེས་ཞུ་དང། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རྡོ་རྗེ་ཁམས་སུ་བརྟན་པ་དང་རང་སྲེག་གནང་མཁན་རྣམས་ཀྱི་དགོངས་གཞི་མྱུར་ཏུ་འགྲུབ་པར་ཤོག་ཅེས་གསུངས་ཏེ། ཚོགས་འདུ་མཇུག་གྲུབ་ཡོད་པ་རེད། །

 

༢༠༡༢། ༡༡། ༢༠། ཉིན།།

རྒྱས་པ་PDF བརྒྱུད་གཟིགས་རོགས། Youth meeting 1

གསར་འགྱུར།

Post navigation

Previous Post: བླ་བྲང་ཨ་མཆོག་ཏུ་རང་ལུས་མེར་སྲེག་གི་ལས་འགུལ།
Next Post: འདུས་བྱས་མི་རྟག་པའི་གླུ།

Comments (17) on “ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།”

  1. རང་གྲོལ། says:
    2012-11-20 at 11:47 pm

    ཧ་ཅང་ཡག་པོ་རེད་འདིའི་ཕྱོགས་ལ་བསམ་གཞིག་མུ་མཐུད་དུ་བྱེད་ཀྱི་གལ་ཆེན་པོ་རེད།

  2. DorJee says:
    2012-11-20 at 11:47 pm

    ཁྱད་འཚར་བ་ལ། ཁ་བཏགས་སུས་བསྒྲོན་པ་རེད།ཤར་ཁུག་གིས་བསྒྲོན་པ་ཡིན་ན། སོ་སོས་སོ་སོར་ཡང་གཅིག་བསྒྲོན་འདུག ཚོགས་ཞུགས་པ་ཚང་མས་སོ་སོས་སོ་སོར་བསྒྲོན་པ་ཡིན་ན། ཟམ་གདོང་རིན་པོ་ཆེ། ཁོང་ཚོས་
    ང་མཁས་པ རྟགས་སྟོན་གྱིན་མི་འདུག་གམ། རིན་པོ་ཆེས་གཟབ་གཟབ་བྱོས་མ་གཏོགས་འཇལ་བཅར་ཞུ་ས་མ་རེད། རིན་པོ་ཆེ་མཆོག་ཤར་ཁུག་གིས་རྟགས་སྟོན་བཞིན་མི་འདུག་གམ། །འདྲ་པར་གྱི་ཆེད་དུ་རྫིག་ཉམས་སྟོན་པའི་ཁ་བཏགས་དཀྲིས་པའི་ཇི་འདྲི་དབུ་སྟོང་ཞིག

  3. མདའ says:
    2012-11-21 at 12:25 am

    ཕོ་བྲང་སྒོ་འགྲམ་རེད་་་ ཁ་བཏགས་སུས་བསྒྲོན་རྒྱུ་རེད

  4. རང་གྲོལ says:
    2012-11-21 at 1:25 am

    ཁ་དག་སུས་སྒྲོན་ན་སྒྲོན་གཙོ་བོ་བསམ་ཚུལ་གཅིག་ཐོག་ཏུ་འབབ་རྒྱུ་དེ་གལ་ཆེན་པོ་རེད།

  5. སྦྲ་དཔལ་ལྡན། says:
    2012-11-21 at 4:13 am

    བཙན་བྱོལ་བོད་ཀྱི་ཤེས་ཡོན་མི་སྣའི་ཚབ་མཚོན་བྱེད་མི་ཡོངས་ལ་དགའ་བསུ་ཡོད། མིང་ཆེ་བ་མ་གཏོགས་དོན་དག་ཅི་སྒྲུབ་ཁ་གསལ་མེད་པའི་བློ་ཕམ་བྱུང་། ཤེས་ཡོན་ཚོགས་ཆེན་གོ་སྒྲིག་པ་་་་་ཤར་ཁུག་གི་གཤོག་པ་རྒྱངས་ཕྱོགས་མིན་ན་བཟང་གི་

  6. གཡང་དཀར་ལུག་རྫི་། says:
    2012-11-21 at 4:45 am

    བཙན་བྱོལ་བོད་མིའི་ཤེས་ཡོན་མི་སྣ་འཛོམས་པའི་ཚོགས་ཆེན་ནམ་ཚོགས་ཆུང་རྒྱལ་ཁའི་ངང་མཇུག་བསྒྲིལ་བར་བཀྲེས་བདེ་ལེགས་ཞུ། དྷ་རམ་ས་ལ་ནི་བཙན་བྱོལ་བོད་མིའི་ཆབ་དཔལ་རིག་གསུམ་གྱི་སྟེ་གནས་ཤིག་ཡིན་རུང་ན་གཞོན་ཤེས་ཡོན་ཅན་ནི་ཧ་ཅང་ཉུང་བ་མ་ཟད། ཤེས་ཡོན་ཅན་ངོས་འཛིན་བྱེད་སྟངས་ཀྱང་ཤེས་ས་མ་རེད། ཤེས་ཡོན་ཅན་གྱི་ཚོགས་ཆུང་མི་སྣ་ལ་བལྟས་ན་དྷ་རམ་ས་ལར་གནས་བཞུགས་བོད་མི་ཕལ་མོ་ཆེ་ཤེས་ཡོན་པར་ངོས་འཛིན་བྱས་ན་མ་འགྲིགས་པ་མི་འདུག ཕྱོགས་གཅིག་ནས་བལྟས་ན་དྷ་རམ་ས་ལར་བོད་མི་ཤེས་ཡོན་ཅན་རྩ་བ་ནས་མེད་པ་འདྲ།

  7. རྔ་རྒྱལ། says:
    2012-11-21 at 6:09 am

    དྷ་རམ་ས་ལར་བོད་མི་ཤེས་ཡོན་ཅན་རྩ་བ་ནས་མེད་པ་འདྲ།

  8. གངས་ཅན་པ། says:
    2012-11-21 at 6:16 am

    རྗེས་སུ་ཡི་རངས་ཡོད།

  9. གངས་ཅན་པ། says:
    2012-11-21 at 6:16 am

    སྤྱིར་བོད་ཀྱི་ཤེས་ཡོན་ཅན་ཟེར་བ་དེ་མང་ཆེ་བ་ཨ་མདོ་རེད། ཨ་མདོ་ཟེར་བ་དེའང་རེབ་གོང་ཆགས་ཀྱི་ཡོད་པ་འདི་ལས་དབང་རེད།།

  10. DorJee says:
    2012-11-21 at 8:07 am

    མདའ་ལགས།ཁྱེད་རང་དངོས་ནས་བེམ་གཟུགས་ཉག་གཅིག་སྟེ།མདའ་རང་རེད་འདུག མདའ་དེ་ཡང་ཤར་ཁུག་གི་མདའ་རང་རེད་འདུག ཕོ་བྲང་གི་སྒོ་མདུན་ཡིན་པ་སུས་མ་ཤེས་པ་རེད། ཕོ་བྲང་གི་སྒོ་མདུན་ཡིན་པས་ཁ་བཏགས་སྒྲོན་མཁན་༧སྐུ་མདུན་ཡིན་པར་བསྒྲུབ་རྒྱུ་ཡིན་ན། ཁྱེད་རང་གིས་ཕོ་བྲང་གི་སྒོ་མདུན་ནས་ཁྲི་ཞིག་རྒྱོབ་ལ་ཤར་ཁུག་དེར་བཞུགས་སུ་བཅུག མཐའ་འཁོར་དུ་ལྟད་མོ་བ་འགའ་བསྡུས་ནས་ཁྱེད་རང་གིས་རྟེན་གསུམ་འདེགས་འབུལ་ཞིག་བྱོས་ལ། དེ་པར་དུ་སྐྱོན་ཏེ་འཛམ་གླིང་ལ་ད་ནི་ཤར་ཁུག་དངོས་སུ་ཁྲི་སར་བཀོད་སོང་། ཕོ་བྲང་གི་སྒོ་འགྲམ་དུ་པར་བརྒྱབ་མི་འདུག་གམ་ཞེས་སྒྲུབ་བྱེད་བཀོད་དང་འགྲིག་བསྡད་ཡོད་པ་རེད། ད་ལྟའི་བར་དུ་༧གོང་ས་མཆོག་ལ་མཇལ་བཅར་དུ་ཕྱིན་པའི་བོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག་ལ་༧གོང་ས་མཆོག་གིས་བྱིན་གྱིས་རླབས་གྲུབ་རྗེས། ཐུགས་བརྩེ་བ་ཆེན་པོ་རྗེས་འཛིན་གྱི་རྟགས་དང་བརྡ་དོར་མྱོང་ཡོད་དམ། མཇལ་བཅར་བ་རང་སྟེང་ནས་མ་དྲན་ཡང་༧གོང་ས་མཆོག་གི་རྗེས་གནང་དང་རྗེས་འཛིན་ཡོད་ཡོད་པ་རེད། ཁྱད་པར་དུ་བོད་ཀྱི་ཤེས་ཡོན་པའི་སྡེར་གཏོགས་ཀྱི་མིང་བྱང་དེས་ཀྱང་ངོ་། རྒྱུ་མཚན་འདི་དག་མདའ་ལ་སྒྲོ་ཡི་ཚུལ་དུ་ལྷག་བསམ་དྲང་མོས་ཕུལ་བ་ཡིན། ཤར་ཕྱོགས་ཁུག་རྟའི་ཁུག་མ་སྟོང་པ་རེད།། ཟམ་གདོང་བླ་མའི་ཟམ་པ་སྟོང་པ་རེད།། གདོང་མ་མེད་པའི་བླ་མའི་ཟམ་པ་དེར།། རྗེས་མེད་ཁུག་རྟ་མ་གཏོགས་སུ་འགྲོ་ཐུབ།།
    ཟམ་གདོང་རིན་པོ་ཆེ་ཁྱོད་ཤ་ཚ་ཡོད།། ཤ་ཚ་ཙམ་པོ་མ་ཡིན་དད་པ་ཡོད།། ཁྱེད་ལ་དག་སྣང་སངས་རྒྱར་མཐོང་གི་ཡོད།། དད་དམ་གཡོ་མེད་རྡོ་རྗེ་གཟུགས་གྲུབ་ཡིན།། ཡིན་ཡང་ཆབ་སྲིད་ཆ་ལེ་ཆོལ་ལེ་དེས།། གངས་ཅན་བོད་ལ་ཕན་པ་མ་བྱུང་བས།། ཕན་ཐོག་མེད་པའི་ཟོག་རྫོབ་ལས་ཀ་དག། ད་ནི་སྤངས་པའི་དུས་ལ་མ་སླེབས་སམ།། ཁུག་རྟའི་རང་འདོགས་རྗེན་པར་མཐོང་བཞིན་དུ།། རྫོང་བཞུགས་མེད་པའི་པར་ཞིག་ལེགས་སྒྲོན་ལ།། དེ་ཡང་ཕོ་བྲང་མདུན་སྒྲོན་ཀུན་རྨོངས་འགྱུར།། ཞེས་པའི་བསླབ་བྱ་ཉིད་ཀྱིས་གནང་ལགས་སམ།། ཁུག་རྟ་ཁྱུང་ལ་དགོངས་ཡང་རྒོད་པོ་མིན།། གཤོག་རྩལ་ཁ་ཏ་ནང་པཞིན་གདོང་རྩར་ལྷུང་།། ཕོ་བྲང་སྒོ་མདུན་བབ་ནས་པར་ཞིག་བརྒྱབ།། རང་རྟུག་རང་གི་མགོ་ལ་བཏང་བ་འདི།། ཟམ་གདོང་ཁུག་རྟ་གཉིས་ཀྱི་ཕྱག་སྲོལ་རེད།།
    སུ་དང་སུ་ལ་མོས་ན་དེ་ལྟར་མཛོད།། ཟམ་གདོང་བླ་མ་ཟ་ངེ་ཟིང་ངེར་གྱུར།། ཕྱག་སྲོལ་ཡ་མ་རླ་དག་ཕྱག་ལེན་བྱོས།། རང་རྗེས་རང་གིས་པསུབ་བའི་ཕྱག་ལས་འདི།། ཨི་དམ་གུ་རུ་རད་ན་ས་མ་ཡ།།

  11. ཟི་དམིག་ says:
    2012-11-21 at 9:11 am

    དགའ་སུ་ཡོད་འོན་ཀྱང་བོད་མིའི་འཚོ་བ་དངོས་དང་མཐུན་པའི་སྣང་བརྙན་ལ་བོད་མིའི་ཁྱད་ཆོས་མངོན་གསལ་ལྡན་པ་ཞིག་དགོས་གལ་ཐོང་གནས་ཡུལ་གྱི་གདམ་ག་ཡང་ཧ་ཅང་འོས་འཚམ་ཡིན་ཁར་བོད་མིའི་གཏམ་རྒྱུད་སྣེ་མང་ཅན་གྱི་རྒྱ་ཆེའི་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཚོའི་རང་གི་ཁྲིམས་མཐུན་གྱི་ངོ་བོ་དང་རང་ཡུལ་རང་ལགས་ཐུབ་པ་དང་ཐགས་ཉེ་བའི་ལམ་བུ་དངོས་མ་དང་ འཚོ་བ་དངོས་མ་
    སྐད་ཆ་དངོས་མ་ བསམ་བློ་དངོས་མ་ མི་ན་དངོས་མ་ སྤྱོད་པ་དངོས་མ་
    ཕུག་འདུན་དངོས་མ་བཅས་གནང་རྒྱུ་ལས་དེ་མན་སྙནཔའི་མིང་གྲག་སུ་ལ་ཐོབ་ཀྱང་དོན་གྱི་འབྲས་བུ་རྒྱན་དུ་འགྲོ་བ་ལས་ཁུར་དུ་མི་འགྲོ་བ་ཁྱེན་

  12. བདག says:
    2012-11-21 at 9:47 am

    ཤར་ཁུག་གིས་སྣེ་ཁྲིད་ནས་འཚོགས་པའི་ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་འདིའི་སྟེང་དུ་གྲོས་ཆོད་ཅི་ཞིག་དང་། ལས་དོན་གང་ཞིག་བསྒྲུབ་རྒྱུའི་ཐག་གཅོད་བྱས་པ་མ་ཤེས་མོད། འོན་ཀྱང་རང་རེ་བོད་པ་ཚོ་ལ་གཤིས་ལུགས་ཤིག་ཡོད་པ་ནི་གྲོས་ཆོད་འཇོག་རྒྱུ་ནི་རྩྭ་སྐམ་ལ་མེ་སྦར་བ་ལས་ཀྱང་ལས་སླ་བ་དེ་ལྟར་ཡང་། ལག་ལེན་ལ་བསྟར་མཁན་ནི་ཉིན་སྐར་གྱི་སྤུན་ཟླའི་གཟུགས་སུ་འགྲོ་བཞིན་འདུག་ན། ད་ནི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནས་ཤེས་ཡོན་པའི་མིང་ཆེན་ཞིག་བཏགས་འདུག་པས་ཁྱེད་ཅག་ཚང་མས་ཁ་བཤད་ཆུ་ཡི་ཝུ་བའི་རྗེས་སུ་མི་འགྲོ་བར་མིང་དོན་མཚུངས་བའི་ཤེས་ཡོན་པའི་ལས་དོན་ཞིག་བསྒྲུབ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པར་སྙམ།

  13. བན་ཆུང་གིས། says:
    2012-11-21 at 10:48 am

    ཚོགས་པ་འདི་ལ་ཚོགས་མི་ཡག་པོ་ཞིག་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཡིན་པ་མཐོང་། ན་གཞོན་ཤེས་ཡོན་ཚོགས་པ་ལ་བུད་མེད་རྫོགས་ཡིན་པ་འདྲ། སྐུ་ཚབ་གཅིག་འདུག་ཧ་ཧ་ཧ་ཧ་ཧ།

  14. ནོར་རྒྱལ། says:
    2012-11-22 at 12:48 am

    རྒྱལ་སྤྱིའི་ནང་ཤེས་ཡོན་པའི་ནུས་པ་ཅི་ཙམ་སྟོན་ཐུབ་བམ། བཤད་དགོས་ན་ཡོད། ལག་ལེན་ཐོག་ནས། ཨོ་ཡ་བུད་ཤིང་འཚིགས་པ་བཞིན་ཡལ་འགྲོ་རྒྱུའི་ཉེན་ཁ་བརྒྱ་ཆའི་དགུ་ཅུ་ཡོད།

  15. ཆོས་འགྲུབ། says:
    2012-11-22 at 1:14 am

    རྒྱ་བྱ་ཤར་ཁུག་ནས་གཙོ་སྐྱོང་དང་གོ་སྒྲིག་བྱས་པའི་ན་གཞོན་ཤེས་ཡོན་པའི་ཚོགས་འདུ་ཞིག་ཚོགས་པ་འདྲ། འདི་ཡང་ཏང་ཡོན་ཤར་ཁུག་པས་དྲིན་ཆེན་པོའི་ཏང་ལ་བསྟོད་གླུ་ལེན་སའི་སྡིང་ཆ་ཞིག་ལས་ཅི་ཡིན། ན་གཞོན་ཤེས་ཡོན་པ་ཟེར་བ་དྷ་སའི་མི་ལྡོམ་དག་ལ་ཟེར་བ་འདྲ། དེར་ཟམ་གདོང་པས་ཀྱང་ཆེ་བསྟོད་བརྗོད་ཡོད་པ་འདྲ། རྣམ་ཀུན་བོད་སྤྱི་དོན་ལ་ཤ་རྩ་མ་རྔུལ་ཞིང་ཁ་ཤ་འགུལ་མ་མྱོང་བའི་ཆབ་བྲག་རྒན་མོ་སྐྱབས་ཀྱིས་ཉོབ་ཅིག་ཀྱང་བཏང་ཡོད་པ་འདྲ། མི་ལྡོམ་ཚོ་ལ་ཉིན་ཞིག་གི་ལས་ཀ་དང་རྒྱ་བྱ་ལ་ཚེ་གཅིག་གི་འཚོ་རྟེན་བྱུང་ཡོད་ངེས་པས། དེ་ཡང་ཏང་ལ་འགོ་འབུལ་ལུས་འབུལ་བྱས་པའི་མཐོང་ཆོས་ཀྱི་འབྲས་བུ་ལོས་ཡིན། ད་དུང་མཐོང་བ་ནོར་མེད་ན། རྒྱ་བྱའི་གཡས་དེ་བློ་དགའ་དང་གཡོན་དེ་གངས་ལྷ་མོ་འདྲ་བོ་འདུག ད་ཡིན་དཱ། ང་ཚོ་མཉམ་དུ་ཡིན་དཱ། ཨེ་ཧེ་ཧེ། དང་པོ་ཏང་ལ་འབུལ། གཉིས་པ་ཏང་ལ་འབུལ། ཟས་མཆོད་པ་མེད་ན་འཐུང་སྲོལ་མེད། དེ་རྒྱ་བྱས་བླང་བའི་རྡུང་ལེན་རེད། ན་གཞོན་ཤེས་ཡོན་པའི་ཟོ་ལྟ་འདུག

  16. གསེར་རྟ་བསོད་ནམས་ཕུན་ཚོགས། says:
    2012-11-22 at 6:23 am

    ཁེ་མཚར་ཤེས་ཡོན་ཅན་སུ་ཞིག་གིས་་་་་་་

  17. རྒྱ་ཞིང་མྱི་དཀར། says:
    2016-08-20 at 2:58 pm

    ན་གཞོན་ཤེས་ཡོན་ཅན་ཧེ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme