Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གསུམ་པ།

Posted on 2012-11-20 By ཁ་བརྡ་ 57 Comments on བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གསུམ་པ།

ཨོ་རྒྱན་ཉི་མ།

ངས་སྐད་ཆ་གང་བཤད་ལ་ཡིད་རྟོན་བྱེད་མཁན་མི་འདུག་མོད། ང་རང་གི་ཤེས་ཚོད་ཙམ་ཞིག་བཤད་འདོད་བྱུང་། བོད་པ་ཚོས་ཁོ་བོར་རྒྱ་ཁྱི་དང་། རྒྱུགས་ཁྱི། འཕོངས་འབྱར། རྒྱ་མའི་ཕོགས་ཟན་འདྲ་མིན་བཤད་ཀྱིན་འདུག་མོད། ངས་རྒྱ་ཕོགས་ཟ་རྒྱུ་མ་བྱུང་ལ། རྒྱའི་རྗེས་སུ་རྒྱུགས་ཏེ་བོད་རླ་བཙོང་དགོས་དོན་དེ་བས་མེད། ཡིན་ན་ཡང་རྒྱ་བོད་གཉིས་སོ་སོར་ཞེན་པའི་འདུ་ཤེས་དང་། བཟང་ངན་དུ་ལྟ་བའི་བསམ་བློ་ཞིག་ངའི་བློ་ངོར་འཆར་ཐུབ་ཀྱི་མི་འདུག ང་མི་ཆུང་ཡང་བསམ་བློ་འགྲོ་བ་སེམས་ཅན་སྤྱི་དང་། བྱེ་བྲག་བོད་གངས་ཅན་པའི་བདེ་སྡུག་ལ་བསམ་བློ་གཏོང་གི་ཡོད། གང་ལྟར་ངའི་དགྲ་བོ་དེ་སྐྱེ་འགྲོའི་གཤེད་མར་ཆས་པའི་ཁྲམ་པ་དང་། གཡོ་སྒྱུ་ཅན། ཁྲེལ་མེད་ཡོད་ཚད་ལས། རྒྱ་དང་བོད། ཤར་དང་ནུབ་ཅེས་རིས་སུ་གཅོད་འདོད་གཏན་ནས་མེད། དེའི་ནང་ནས་རྒྱལ་མཚམས་ཞེས་པ་དང་། མི་རིགས་འདྲ་མིན། ཆོས་ལུགས་འདྲ་མིན། ཁྲིམས་ལུགས་མི་གཅིག་པ་ཞེས་ཐ་དད་དུ་ལྟ་བ་ནི་ཆེས་ཤིན་ཏུ་མི་དགའ་ས་དེ་ཡིན། གཅིག་ཅེ་ན་མཉམ་མེད་བུ་རམ་ཤིང་པའི་བྱིན་རླབས་ཀྱི་ཆ་ཤས་སུ་འཕོས་པ་ཡིན་ནམ། ཡང་ན་མིའི་རྩ་བ་མེད་པའམ། རང་འདོད་མེད་ནས་ཡིན། འདི་ཡི་དབྱེ་འབྱེད་དེ་ཁྱེད་ཅག་ཕར་ཞོགས་ང་རང་ཉིད་ཀྱིས་ཀྱང་དཔྱད་ཞིབ་གཤིས་ཕྱིན་པ་ཞིག་ཐོན་པ་ཁག་པོ་རེད། བོད་པ་ཚོར་རང་བཙན་དང་། རང་དབང་ཞེས་པ་དེ་འཐོབ་རྒྱུ་ཞིག་ཡོད་ན་དགོས་ངེས་པ་དང་། ཚང་མས་འབད་དགོས་ཤིག་རེད། གང་ཡིན་ཞེ་ན་མི་ཡུལ་ལུང་པར་མིའི་གཉའ་གནོན་དང་། ཡོད་ཚོད་གཞན་ལ་ལྟོས་ནས་བསྡད་པ་ལས། རང་སྟོབས་ཀྱིས་ལོངས་སུ་སྤྱོད་པའི་སྐལ་བ་དེ་མེད་པ་འདིས་མཚམས་རེར་སུན་སྣང་ཡང་སྟེར་ཡོང་གི་འདུག ཡིན་ན་ཡང་ཁྱེད་ཅག་གིས་ལྟོས་དང་། རྒྱ་གར་རྒྱལ་ཁབ་སྟོབས་ཆེན་དང་། བོད་ལས་བརྒྱ་འགྱུར་གྱིས་སྤྱང་གྲུང་འཛོམས་པ་དེས་ཀྱང་། མི་ལོ་ཉིས་བརྒྱ་ལ་བསྒུགས་ནས་ཐོབ་པ་དང་། དེ་ཡང་དབྱིན་ཇིའི་སྟོབས་ཤུགས་གུད་པ་དང་བསྟུན་ནས་བླངས་པ་རེད། བོད་ཀྱི་གནས་སྟངས་དེ་ཁ་ཁ་རེད། སྔོན་ནས་རྒྱ་བོད་གཉིས་འབྲེལ་བ་ཡོད་པ་དང་། བོད་རང་དུ་བསྡུ་ཐུབ་ན་ཆབ་སྲིད་དང་། དཔལ་འབྱོར། དམག་འཐབ། འཁོར་ཡུག་རྒྱ་བསྐྱེད་སོགས་གང་ཅིའི་ཐད་ནས་ཕན་ཐོགས་ཡོད་པར་རྟོགས་ཏེ། དུས་རབས་མང་པོའི་བར་རྒྱལ་ཐོག་འདྲ་མིན་གྱིས་རུ་སྒྲིག་པ་དང་། གྲབ་ཤོམ་བྱས་ཀྱང་། མཐར་མོའུ་ཙི་དུང་གིས་རྒྱལ་ཁ་དེ་བླངས་པ་རེད། ད་ལྟ་མི་ལོ་ལྔ་བཅུ་ལྷག་ལས་ཕྱིན་མེད་པ་དང་། ཕྱི་ནང་གཉིས་སུ་བོད་ཀྱི་གཞོན་སྐྱེས་ཚོས་སློབ་སྦྱོང་གི་གོ་སྐབས་རག་མ་ཐག་པ་རེད། ད་ལྟ་ནས་ཁྱེད་ཚོས་གཏོར་བཞག་ན་གཞུག་ནས་ཇི་ལྟར་བྱ་རྒྱུ་ཡིན། ཚན་རིག་དང་། ཆབ་སྲིད། དཔལ་འབྱོར་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱིས་ཕྱུག་པའི་བོད་པ་ག་ཚོད་ཡོད། ལྟོས་དང་། སོམས་དང་། རྒྱ་ནག་གི་སྟོབས་ཤུགས་ནི་དྲག་ཏུ་འབར་བའི་མེ་དཔུང་གཅིག་པ་རེད། དེའི་ནང་དུ་ཆུ་བླུག་ན་དེ་ལས་རྒྱ་ཆེར་འབར་བ་ལས་ཕན་ཐོགས་སྐར་གང་མེད་པ་ཤེས་མ་སོང་བས། མི་ཤི་རྒྱུ་ཟད་ཅེས་པའི་དཔེ་ལྟར། ད་ལྟ་འདུག་མ་ཤེས་ན་རྡ་རམ་ས་ལ་ཡོད་པའི་བཙན་བྱོལ་བོད་གཞུང་ཡང་རྩ་མེད་དུ་འགྲོ་སྲིད་པ་རེད། རྒྱ་ནག་ལ་ངན་སྨྲས་དང་། མཚང་འབྲུ་བྱེད་བསྡད་ན། ཁོ་ཚོ་བྱང་ཆུབ་སེམས་དཔའ་ནི་མ་རེད། བོད་ཀྱི་གནས་སྟངས་དེ་ལས་རྡུག་ཏུ་གཏོང་ངེས་པ་དང་། ཐུབ་རྒྱུ་དེ་གཞིས་ལུས་བོད་མི་རེད། བྱེས་ལ་ཡོད་པ་ཚོ་མིའི་འོག་ཏུ་ཡོད་ཀྱང་། གང་བཤད། གང་བྱས་རང་དབང་ལུང་པའི་ནང་ཡོད་པས། ཐད་གར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་མི་ཐུབ་ཀྱང་། བརྒྱུད་ནས་དཀའ་ངལ་སྤྲད་ངེས་རེད། བོད་ནང་ཡོད་མཁན་ཕལ་ཆེ་བས་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་དང་། ཨ་རི་དང་། ཡོ་རོབ་ཟེར་བ་སོགས་ཀྱིས་གང་བྱས་དང་། གང་བཤད་ལ་རྒྱ་ནག་གིས་ཉན་པ་དང་། དེ་ཚོས་རོགས་པ་ཞིག་བྱེད་འོངས་ན། བོད་རང་བཙན་ཐོབ་ངེས་ཀྱིས་བསམ་བློ་གཏོང་བཞིན་པ་རེད། གད་མོ་ཤོར་ཡ་རང་རེད། རྒྱལ་ཁབ་སུ་ཡིན་ཡང་དང་པོ་རང་གི་ཁེ་བཟང་ལ་ལྟ་བ་ལས། རང་ལས་གཞན་མཆོག་ཏུ་བརྩི་མཁན་དཀོན་པོ་རེད། དཔེར་བཞག་ན་བོད་པ་ཚོར་རང་བཙན་ཡོད་རྒྱུའི་དབང་དུ་བྱས། བལ་ཡུལ་འདྲ་བོ་ཞིག་གིས་བོད་པ་ལ་སྐྱབས་བཅོལ་ཏེ། ང་ཚོ་རྒྱ་གར་གཞུང་གི་སྟངས་འཛིན་འོག་འདུག་མི་དགོས་པ་ཞིག་བྱ་རོགས་ཞེས་བཤད་ཡོང་ན། བོད་པ་ཚོས་དང་པོ་རང་དང་རྒྱ་གར་གྱི་འབྲེལ་བ་ལ་བསམ་བློ་གཏོང་བ་ལས། སྒེར་གྱི་འབྲེལ་བ་ཡོད་ཚད་བློས་བཏང་སྟེ། བལ་ཡུལ་ལ་རྒྱབ་སྐྱོར་ཐུབ་མདོག་ཁག་པོ་མ་རེད། དེ་ག་ནང་བཞིན་རྒྱ་ནག་གིས་འཆར་གཞི་ངོ་མ་དེ་འཛམ་གླིང་རྒྱ་རིགས་མཉམ་འབྲེལ་གྱིས་གོ་ལ་ཧྲིལ་པོ་དབང་དུ་བསྡུ་བསམ་པ་ལས། བོད་ལ་རང་དབང་སྤྲད། དེའི་རྗེས་ནས་སོག་པོ་དང་། ཤར་ཏུར་ཀི་སི་ཊན་སོགས་ལ་རང་དབང་སྤྲད། རྙོག་དྲ་མེད་ན་དགའ་བསམ་མཁན་དང་། གཞན་ཕན་ཁོ་ན་ལས་སེམས་ལ་མེད་མཁན་མ་རེད། གང་ལྟར་ཡང་བོད་པ་ཚོ་སྔ་དྲགས་སོང་། རང་ལ་དེང་སང་གི་ཡོན་ཏན་ཆ་ཚང་བ་ཞིག་མེད། གཏད་སོ་གང་ཡང་མེད་པར་འ་ཆད་འུ་ཐུག་སྟེ། བསྐྱུར་དགོས་མ་ཐུག་པའམ། ཡང་ན་ལོ་ལྟར་བོད་ནང་རྙོག་དྲ་ལྷག བོད་ལ་ཡོད་པའི་དགོན་སྡེ་དང་། སློབ་གྲྭ་ཡོད་ཚད་སྒོ་རྒྱག མཐར་བོད་མི་རྣམས་གདུག་རྩུབ་ཅན་རྐྱང་རྐྱང་དུ་གྱུར་ཏེ། མཐོང་བ་ཙམ་གྱིས་ཁོང་ཁྲོ་བ་དང་། བསམ་པ་ཙམ་གྱིས་ཞེ་མེར་བ་ཞིག་ཏུ་འགྱུར་ངེས་སོ། །ཁྱེད་ཅག་གིས་ཐུབ་ངེས་པ་བོད་ཀྱི་བླ་རྒན་ཚོས་མི་ལོ་ལྔ་བཅུ་ལྷག་ལ་དཀའ་སྡུག་གིས་བསྒྲུབས་པའི་ནང་པའི་ཆོས་ཀྱི་བྱེད་སྒོ་མཐའ་དག་ལ་གེགས་སུ་གྱུར་པ་དང་། བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཡོངས་ལ་མི་སྡུག་པའི་སྐལ་ངན་བྱིན་པ་ལས། གཞན་ཞིག་མི་ཐོན་པ་ནི་རྗེས་ནས་ལྟོས་དང་ཤེས་ངེས་སོ། །ཁྱད་པར་དུ་ཡང་བོད་ལས་གཞན་དུ་གྱུར་བའི་ལུང་པའི་མིས་རང་སྲོག་གཅོད་འོངས་ན་ལུང་པ་དེའི་བོད་པ་དང་། བོད་ལ་དགའ་བ་ཚོར་དམིགས་གསལ་གྱི་ལྟ་སྟངས་མི་མཛེས་པ་ཞིག་ཡོང་ངེས་རེད། ཉེ་ཆར་ཧྥི་རན་སིར་གྲྭ་བ་ཞིག་གིས་སྐུ་སྲོག་ཞུགས་ལ་ཕུལ་བར་ལྟ་སྟངས་མཛེས་པོ་མེད་པར་མ་ཟད། འགྲེལ་བཤད་ཀྱང་ཡག་པོ་ཞིག་རྒྱག་གི་མི་འདུག འདི་ཚོ་ཚང་མ་ལ་བསམ་བློ་གཏོང་ན་ལེགས་པར་ལེགས་པར་སེམས། ཟླ་བ་གཅིག་གི་དུས་སྟོན་གྲ་རྒྱས་པོ་ཞིག་ལས། མི་ཚེ་གཅིག་གི་ལྟོ་གོས་དཀའ་ངལ་མེད་ཙམ་བྱུང་ན་དགའ་ངེས་པས། ཚང་མས་ཐུགས་ལ་ཞོགས། ད་ནས་བཟུང་གཅིག་བྱས་ན་ང་ཁ་བརྡ་ལ་ཨེ་སླེབ་མི་ཤེས།

སྣ་ཚོགས།

Post navigation

Previous Post: རྒྱ་གཞུང་གི་གནོན་ཤུགས། ལེའུ་ཞ་པོའི་སྡུག་བསྔལ།
Next Post: རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱི་གནས་ཚུལ་ཁ་སྣོན།

Comments (57) on “བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་གསུམ་པ།”

  1. བོད་ལ་ཞེན། says:
    2012-11-20 at 12:05 pm

    བོད་ཞེན་མེད་ན་བོད་ཀྱི་བླ་གཙོང་ཚར་བ་རེད།་ལོ།

  2. བན་དེ་བ། says:
    2012-11-20 at 12:31 pm

    ཨོ་རྒྱན་ཉི་མ་འདི་ངོ་མ་སྨྱོ་འདུག་

  3. བན་དེ་བ། says:
    2012-11-20 at 12:43 pm

    ཨོ་ཉིས་དགེ་ལུགས་དང་བོན་པོ་ལ་དམའ་འབེབས་ཚོད་མེད་བྱས་སོང་ད་དུང་ཆོས་ལུགས་འདྲ་མཉམ་དང་མི་རིགས་འདྲ་མཉམ་
    མེད་པ་དང་ཐ་དད་དུ་ལྟ་ཚུལ་ལ་ཆེས་ཤིན་ཏུ་མི་དགའ་ས་ཡིན་ཟེར་རང་གིས་་བཤད་པའི་ཚིག་སྔ་ཕྱི་ནང་འགལ་དང་ཁ་དན་ཚིག་ལ་
    མི་གནས་མཁན་ཅི་ཞིག་བཤད་ཀྱང་ཉན་མཁན་མེད་དོ་་་་་ཁོས་མཚོ་སྔོན་པོའི་དྲ་རྒྱ་སོགས་སུའང་ཆོས་ལུགས་དབར་ལ་དཀྲུགས་ཤིང་གི་རྩོམས་མང་པོ་སྤེལ་བཞིན་ཡོད་དཔེར་ན་མེད་པ་རྣམ་གསུམ་ཞེས་པ་ལྟ་བུ་རེད།བྲག་མགོའི་ཞབས འདྲེན་མ་ཞུས་ན་ལེགས

  4. མེ་ཏོག་དཀར་པོ says:
    2012-11-20 at 1:03 pm

    ཁོའི་སྐད་ཆ་ལ་ཡིད་རྟོན་བྱེད་མཁན་ཆེར་མིན་འདུག་ཟེར། ག་རེ་བྱས་ནས་ཡིད་རྟོན་བྱ་དགོས། ག་རེ་ལ་ཡིད་རྟོན་དགོས་རེད། སུའི་ཡིད་རྟོན་བྱ་དགོས་རེད། བལྟས་ངན་བརྒྱད་ཅུ་གྱ་གཅིག་སྤྲུལ་གོག་འདི། གྲལ་འགོ་རང་ལ་སྡད་ནས་མི་ཚེ་བསྐྱལ་ཞིང་། གཞན་ལ་མཐོང་ཆུང་འབའ་ཞིག་བལྟས། རང་གི་བསམ་ཚད་དྲན་ཚད་བདེན་པར་མཐོང་། བླ་མའི་ཞབས་འདྲེན། མི་རིགས་ཀྱི་རྐང་འདྲེན། རྙིང་མའི་བླ་བཙོང་། རང་དང་འབྲེལ་ཡོད་ཀྱི་སེམས་དཀྲུག བོད་ཚུགས་ཤོར་ནས་རྒྱ་དགའ་བྱས། རབ་བྱུང་གི་ཚུགས་ཤོར་ནས་སྐྱ་བོ་བྱས། ཆོས་ཚུགས་ཤོར་ནས་གཞན་ལ་ཚིག་རྩུབ་ལབ། སུ་ལ་ཕོག་ནའང་ཕོག་ཅེས་སྤྲུལ་གོག་ལང་ཤོར་གྱི་ནང་ཆ་སྟོན། ད་དུང་༧བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་༧གྲུབ་དབང་པད་ནོར་རིན་པོ་ཆེ་དང་། ༧འཇིགས་མེད་ཕུན་ཚོགས་ཀྱི་སློབ་མ་ཡིན་ཟེར། སྤྱོད་ངན་སྟོན། ཚིག་ངན་རྡུང་། སེམས་ངན་འདི་འདྲ་ཞིག་ཁུར་ནས་བླ་མ་དེ་གཉིས་ཀྱི་སློབ་མ་ཡིན་ཟེར་དུས་དོན་ལ་ཁོང་གཉིས་ལ་བསྐུར་འདེབས་ཚད་མེད་རེད།
    མིག་གིས་སེམས་ཅན་ལྟ་ན་ཡང་། །
    དྲང་ཞིང་བྱམས་པའི་སེམས་ཀྱིས་ལྟ། །ཟེར་བ་ལས་ལྡོག་ནས་བོད་པ་ཚོར་སྡང་མིག་བགྲད། འཚང་ནས་འབྲུ། བརྙས་བཅོས་བྱས། བོད་པ་ཚོས་ཁྱོད་ཀྱི་ཅི་ཞིག་འཕྲོག་སོང་། ཁྱོད་ཀྱི་སྡུག་རི་ངན་ཚད་བཤད་དུས་ཁྱོད་ལ་རྒྱུག་ཁྱི། འཕོག་ཟན། མ་ལབ་ན་ག་རེ་ལབ།
    ཧམ་ཆེན།

  5. གསེར་འབྲུག་སྡེར་ལྔ་ says:
    2012-11-20 at 2:10 pm

    བོད་ཀྱི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་པའི་དཔྱོད་ཤེས་དང་རིག་སྟོབས་གཅིག་ཀྱང་ལྡན་མི་འདུག། བྱས་ཙང་ཁྱོད་རང་གི་ཁ་ཕྱོགས་མེད་པའི་འབྱུང་འགྱུར་ལ་རྒྱང་ལྟ་ཞིག་བྱོས་དང་།

  6. མཁས་དབང་ says:
    2012-11-20 at 4:05 pm

    གོང་དུ་སྤྲུལ་སྐུ་ཁོང་གི་གསུང་པ་ལ་རྒྱུ་མཚན་འདུག་་་་་་་དྲངས་པོ་ཞུ་ན་་་དེང་སང་བོད་ནང་ལ་གནས་ཚུལ་དེ་རྡ་ས་ནས་མར་བཟོས་པ་དེ་གསལ་པོ་རེད་་་་་ཁ་ཤས་གིས་མ་འོང་པ་བོད་མིང་ཟེར་བ་དེ་རྒྱ་གར་ལ་ཡོད་པའི་བོད་མིང་་་་་བོད་གིས་རྒྱལ་ས་ཟེར་བ་རྡ་རམ་ས་ལ་གོ་ཐུབ་རྒྱུ་རི་བ་བྱེད་གིས་ཡོད་་་་ཧ་ཅང་ནོར་བ་རེད་་་་གང་ལྟར་རྒྱ་གར་ཡོད་པའི་བོད་མིང་ཚོ་ཡིན་རིན་ཐུང་ག་ཚོད་ཞིག་སྡད་ཐུབ་དང་་མིན་ཐུབ་དེ་་་་རྒྱ་མིང་གིས་ལག་ནང་ཡོད་པ་ཞིག་རེད་་་་རྒྱ་དཀར་ནག་གཉིས་དེ་འབྲེལ་བ་ཟབ་རུ་འགྲོ་གི་ཡོད་པ་མཐོང་གསལ་རེད་་་་་ཨ་རི་ལྟ་བུ་ཆགས་བཞག་ན་་་་་་བོད་དེ་རྒྱ་མིང་གིས་ཆ་ཤས་ཡིན་པ་མཁས་ལེན་གསལ་པོ་ཡོད་པ་རེད་་་་་Tibetan is part of china ཟེར་མཁན་སུ་རེད་་་་་་་་་ཨ་རི་ལྟ་བུ་རྒྱལ་ཁག་ཞིས་གི་་བོད་དེ་རྒྱའི་ཆས་ཤས་ལ་མཁས་ལེན་ན་་་་་་་རྒྱལ་ཁག་གཞན་སུ་ཡང་བོད་ལ་རོགས་རམ་བྱེད་མི་ཡོངས་་་་་་དང་པོ་སྔོན་ལ་ཆོལ་གསུམ་གཅིག་སྒྲིལ་དང་་་་ཆོས་ལུགས་མཐུན་ལམ་མེད་པ་ལ་བོད་རང་བཙན་གད་མོ་ཤར་་་་་་ཐུགས་ལ་ཕོགས་ན་དགོང་དག་

  7. ཆུ་ཐིགས་སྔོན་མོ says:
    2012-11-20 at 4:34 pm

    བསམ་ཚུལ་དང་རང་ངོར་འཆར་བའི་འབྱུར་འགྱུར་གྱི་གནས་སྟངས་ཚོད་དཔག་ཙམ་བྱས་པར་འདི་ལྟར་སྡིག་ར་གཏོང་དགོས་དོན་མི་འདུག་་་་་་ཁོང་གིས་ཀྱང་སྔ་གཞུག་བྱུང་བའི་གནས་བབ་སོགས་རིགས་པས་དཔྱད་དེ་བཤད་པ་ཞིག་ལས་འོལ་ཚོད་ཙམ་དང་མཐོང་ཆུང་་་་་ད་དུང་རྒྱ་མིའི་རྗེས་སུ་རྒྱུགས་ནས་བོད་པར་མཐོང་ཆུང་བྱས་པ་ཞིག་མིན་པ་འདྲ་་་་་་གང་ལྟར་ང་ཚོས་གང་སར་བསམ་བློ་བཏང་ནས་ལས་དོནབསྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་་་

  8. ཤར་ཕྱོགས་ཀྱི་ཉི་མ། says:
    2012-11-20 at 4:47 pm

    སྤྲུལ་ལོགས་ཁྱོད་ཞབས་འདྲེན་མ་ཞུ་ལོ། ཁྱོད་རང་རྒྱ་གི་ཕོག་ཟན་ཡིན་པ་ད་ལྟ་རྡ་ས་ལ་ཡོང་གྲགས་རེད་འདུག སྙིང་རྗེ།

  9. ཟི་དམིག་ says:
    2012-11-20 at 6:24 pm

    སྤྱིར་སྨྲ་བརྗོད་ལ་རང་དབང་དགོས་པ་ནི་འགྲོ་བ་མིའེ་ཐོབ་ཐང་ཡིན་ཀྱང་་རེ་ཟུང་གི་རང་གི་རིག་རུས་དང་རང་གི་ཕ་མེད་རྒྱུད་པ་ལ་བསམས་ཤེས་གཏན་ནས་མེད་པའི་རྒྱ་ནག་དམར་ཞུང་གི་བརྗོད་བབས་མི་དྲང་པའི་གཏམ་ཆལ་་ལགས་ཏུ་ཁྱེར་ནས་འདས་ཟིན་པེའི་སྐྱེ་འགྲོ་བོད་མི་སྤྱི་ལ་སྨ་འབེབས་དང་་་ཁོང་རྣམས་པའི་རེ་འདོད་དང་བདེན་དོན་གྱི་ཆེད་འབད་ཙོན་གནང་མི་རྣམས་ལ་ཞ་ནགས་གཡོག་འདོད་དེ་ནི། ་མི་སེམས་ལ་མི་བབས་པའི་ངན་ཇུས་ཞིགས་རེད་ལ་སྙི་བརྗེ་དང་གཞན་གོན་ཆོས་དད་ཁ་ལ་ཁྱེར་ནས་དོན་དངོས་སྒྲུབ་བྱ་རང་གི་འདོད་དོན་སྒོར་དངོས་སྒྲུབ་རྒྱུ་ཁོ་ན་ལས་མ་འདས་ལ་སྐྱེ་བ་འཕྱི་མེའི་བྱ་བ་ཡང་དེ་བས་ག་ནས་ཡིན་མ་ཟད་དཔེརན་ཨོ་ཉེ་ཞེས་པའི་མིང་ཆན་ནས་གདོང་འབག་ཕུད་ནས་དམར་ཅན་དུ་རང་གི་གཟུགས་ཉན་འབུར་དུ་ཐོན་པའི་བརྗོད་བབས་རྫུས་མ་ཁོ་པའི་ཆན་༼ ༣༩༽ ཨོ་རྒྱན་ཉི་མ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༨ གི་ཆུ་ཚོད་ ༨ སྐར་མ་ ༢༥
    བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་མང་པོ་ཞིག་གིས་བོད་ནང་ཆོས་དད་རང་དབང་དང་། གྲྭ་བཙུན་རྩ་བ་ནས་མེད་པ་འདྲ་བོ་ཞིག་བསམ་བློ་བཏང་། དེ་འདྲའི་བསམ་བློ་འཁོར་མཁན་ནུབ་ཕྱོགས་པའི་མི་རིགས་ནང་དུ་ཡང་མང་པོ་རེད། འདི་དག་ཚང་མ་བདེན་པ་མ་རེད། བསམ་བློ་གཏོང་དགོས་ངེ་༽
    ཞེས་པའི་བརྗོད་བབས་དི་ནི་ཁོ་པ་རང་གི་གནས་བབས་ལ་ངོས་འཛིན་མ་ཐུབ་པའི་གླན་སྐུག་ཐ་ཤལ་ཞིགས་ཡིན་པ་སམས་ཡོད་སུ་ཀྱང་ངོས་འཛིན་ཐུབ་པ་ཞིགས་རེད་རྒྱུ་ཚན་ནི་གལ་ཏེ་བོད་ནང་རང་དབང་ཡོད་ན་མིང་ཆན་ཁྱོད་རང་རང་ཡུལ་གྱར་དགོས་དོན་གང་ཡིན་ནམ་ཞེས་དྲེ་བ་རང་ཞན་གྱི་ཡོད་ཡོད་པ་རེད།
    ༼ ཡང་ཨོ་རྒྱན་ཉི་མ་ནས སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༨ གི་ཆུ་ཚོད་ ༡༥ སྐར་མ་ ༥༣
    ཁྱོད་ཚོས་དཔའ་བོ་དང་། དཔའ་མོ་ཞེས་རེ་རེ་འབོད་དུས་བོད་ནས་བོད་མི་ལྔ་རེ་འཆི་ངེས་སོ། ། ཁྱེད་ཅག་ལ་སྡིག་པ་ཡོད་ངེས།༽
    ཞེས་ཟེར་བརྗོད་བབས་དེ་ནི་ཧ་ལས་ཧོན་ཐོར་བའི་ཛུས་གཏམ་ནག་པོ་སྨྲ་བ་པོ་རིམ་པ་དགུ་ཡི་ས་འོག་ལ་འཇུག་ནས་གཏིང་དུ་ཆོས་བརྟན་ནག་པོ་རི་རབས་རྩམ་རྒྱབ་ནས་སྟིང་དུ་ཡིག་འགྲུ་དཀར་པོའི་དཔང་རྟགས་ལ་བོད་མི་རིགས་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲིག་གཏང་ཁན་དཔའ་བོ་རྣམས་དང་དཔའ་མོ་ཚོ་ཛད་རྗེས་རྣམས་བྲི་རྒྱུ་དང་། ལྷགས་པར་དུ་འདྲེ་ཤར་སྒོའི་་ཕྱོག་སུ་གནས་པ་ལ་གླུད་ནུབ་སྒོར་གཏོང་བེའི་དཔེ་ལྟར་རྒྱ་ནག་ཞུང་གི་སྡུག་ཙུབ་གྱི་སྲི་ཇུས་ལས་བོད་ནང་བཀའ་ངལ་ཕྲད་པ་ལས།
    གསོན་པོར་གནས་པའི་བོད་མིས་རྣས་ནས་ཁོང་རྣམས་པར་དཔའ་བོ་དཔའ་མོ་ཞེས་པའི་མཚན་གཉན་ཕུལ་བའི་རྒྱུ་ཚན་གྱི་བཀའ་ངལ་ཕྲད་ནས་རང་ལུས་ལ་མེ་ཕུལ་བའི་རྒྱུ་ཚན་འགྲོ་གཏང་གཏན་ནས་མེད་པ་ཞིགས་རེད།
    ལར་ནས་ཆོས་པའི་མིང་ཁྱེར་ནས་དགེ་སྡིག་ངོས་མ་ཟིན་པི་ནི་གོང་ཕུ་ཁོ་པའི་ཞབས་འདྲན་ཆེད་སྡུག་ཤོས་དེ་རེད

  10. གཟུར་གནས་བློ་ལྡན་། says:
    2012-11-20 at 7:47 pm

    ཆུ་ཐིག་སྔོན་མོས་བཤད་པ་བདེན་ཨོ་ཉིས་དཔྱད་བརྗོད་དང་བསླབ་བྱ་ཡག་པོ་གནང་འདུག། མེ་དཀར་དང་གསེར་འབྲུག་སོགས་ལས་ཁོང་དགའ་ངེས་རེད་འདུག། ངས་ཕྱོགས་ལྷུང་གི་སྐད་ཆ་མིན་། ད་ཨོ་ཉི་གཅིག་བྱས་ན་དྲ་ཐོག་ཡོང་གི་མིན་ཟེར་། ཕང་པོ་རེད་། ཁོང་གིས་ད་རིང་ཁ་སང་གནད་ལ་ཁེལ་བའི་སྐད་ཆ་མང་པོ་བཤད་སོང་། སྐབས་རེར་ཅུང་ཐལ་ཆེ་བ་འདྲ་། དེ་མིན་དཔེ་ཡག་པོ་འདུག།

  11. བན་དེ་བ། says:
    2012-11-20 at 8:59 pm

    ཨོ་ཉི་དྲ་ཐོག་ཏུ་མི་ཡོང་ཟེར་ཡག་པོ་རེད་ད་ལྟའི་དུས་སུ་བོད་མི་རིགས་དང་རིག་གཞུང་ལ་སེམས་ཤུགས་སྤོར་མཁན་ཞིག་ལས་སེམས་ཤུགས་དང་ལྷག་བསམ་བཅོག་མཁན་ཞིག་དགོས་པ་མི་འདུག།
    ད་དུང་བོད་དོན་དུ་ལས་ཀ་རྫ་དྲག་བྱེད་རྒྱུ་སྔ་དྲག་པ་རེད་ཟེར།. བོད་ཀྱི་གཏམ་དཔེ་ལ། སངས་རྒྱས་བྱོན་བྱོན་བྲམ་་ཟེ་རྒས་ཟེར་བ་རེད།. ད་ལྟ་ཕྱིས་མ་དྲག་ནའང་སྔ་དྲག་པ་མིན་པར་ཤེས་དགོས་ངེས་རེད།

  12. ཐུ་བ་རྒྱ་མཚོ། says:
    2012-11-20 at 9:09 pm

    ཨོ་རྒྱན་ཉི་མ་ཟེར་པ་འདི་ཡང་སྐྲག་ན་སྐྲག་ཚོད་མི་ཟིན་མཁན་ཞིག་དང་། མདུན་མ་གཏོགས་རྒྱབ་མི་མཐོང་མཁན། ད་ལྟ་ལས་འབྱུང་འགྱུར་ལ་ལྟ་མི་ཤེས་མཁན། འཇིག་རྟེན་འགྱུར་ནས་འགྲོ་བཞིན་པ་དང་། གོ་ལ་འཁོར་ནས་འགྲོ་བཞིན་པ་མི་ཤེས་མཁན་ཞིག་ཡིན་ཁོ་ཐག་རེད།

    མི་འདིའི་སེམས་ལ་ཁ་སང་དེ་རིང་གི་རྒྱ་ནག་ཁོ་ན་མ་གཏོགས་དུས་རབས་བདུན་པ་དང་བཅུ་གསུམ་པའི་རྒྱ་ནག་དེ་ག་འདྲ་ཞིག་ཡིན་པ་རྒྱུས་མངའ་དུལ་འབྲུ་ཙམ་ཡང་མེད་ཁར། ཐ་ན་དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་བའི་ནང་གི་རྒྱ་ནག་ལ་འཕྲད་པའི་ཧ་ཅང་གི་ཐབས་སྐྱོ་བོའི་གནས་ཚུལ་དེ་ཙམ་ལ་ཡང་གོ་རྟོགས་ཅིང་ཙམ་ཡོད་ཚོད་མ་རེད།

    དེ་རིང་གི་ངོ་གདོང་དེ་བཞིན་སང་ཉིན་ཡང་གཅིག་འདྲ་ཡིན་པའི་ངེས་གཏན་རྩ་བ་ནས་མེད་ཐོག་སྐབས་ལ་ལར་དེ་རིང་ལས་ཀྱང་སྐྱོ་བ་ལྡབ་འགྱུར་གྱིས་འབྱུང་སྲིད་པའི་དཔེ་མཚོན་ཧ་ཅང་མང་། སྤྱི་ལོ་ ༡༩༣༩ ལོར་འཇར་མན་ནི་ཡོབ་རོབ་གླིང་གི་བཙན་དབང་རྒྱལ་ཁབ་ཨང་དང་པོ་དེ་ཡིན། རྒྱལ་ཁབ་འདིར་ལོ་དེར་ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཕྱོགས་གང་ཅིའི་ཐད་ཡོབ་རོབ་གླིང་ན་འགྲན་ཟླ་མེད་པ་ལྟ་བུ་རེད། ཡིན་ན་ཡང་དེའི་རྗེས་གི་ལོ་ ་སྤྱི་ལོ་ ༡༩༤༠ དང་ ༡༩༤༡ ། ༡༩༤༢ ། ༡༩༤༣ ། ༡༩༤༤ ། ༡༩༤༥ བཅས་ལོ་ལྔ་དག་དག་གི་རྗེས་ལ་ག་འདྲ་ཆགས་སོང་། མི་རྣམས་བློ་ཡུལ་ལས་འགོངས་པའི་གནས་ཚུལ་དེ་བྱུང་བ་རེད། འཇར་མན་ནི་ཆེས་ཡིད་སྐྱོ་ཞིང་ཆེས་སྙིང་བརྗེས་བའི་རྒྱལ་ཞིག་ཏུ་གྱུར་པའི་ལོ་རྒྱུས་གསོན་པོ་དེ་མིག་གིས་མཐོང་མ་སོང་ངམ།

    གནས་ཚུལ་ཚང་མ་རང་བཞིན་འདི་འདྲ་ཡིན་པ་མ་ཟད། རྒྱ་ནག་ཡང་རང་བཞིན་དེ་དང་གཅིག་མཚུངས་རེད།

  13. ཁ་བའི་རྡུལ་བརྩེགས། says:
    2012-11-20 at 9:48 pm

    ཧཧཧཧ ཨོ་ཉིས་ཤར་དང་ནུབ། བོད་དང་རྒྱ་ཟེར་ནས་ཞེན་ཆ་མེད་ཟེར། དེ་ཡིན་ན་བོན་པོ་ལ་སྨད་དགོས་དོན་གང་ཡིན་ནམ། གཅིག་བྱས་ན་ཁོ་རང་འཚོ་བའི་ལྟོ་གོས་བསྟེན་ས་ཕལ་ཆེར་རྒྱ་རིགས་ལ་ཆགས་ཡོད་ཚོད་འདུག མ་གཏོགས་མི་ཞིག་ཡིན་ན་མི་གཤིས་ཚོར་བ་དགོས་ནི་རེད། མི་གཤིས་ཚོར་བ་ཡོད་ན་རང་གཤིས་ཟེར་བ་མི་རིགས་ཀྱི་རང་གཤིས་ཤིག་ཡོད་རེད། དེ་མེད་ན་ཀླད་ནད་ཅན་རིགས་ཁོངས་སུ་འདུས་རྒྱུ་རེད། སྤྱི་བཏང་ཨོ་ཉིས་གཏམ་འགོ་འཇུག་ཆ་མཚུངས་ཀྱི་མི་འདུག སེང་རྡོར་དང་མདའ་སྨྱུག་རྣམས་ཀྱིས་གཏམ་འདི་མཐོང་ན་བཀའ་བཀྱོན་རྡོ་འདྲ་རགས་ས་རེད། ཧཧཧཧཧ

  14. ཐབས་ཇུས་ཅན says:
    2012-11-20 at 10:21 pm

    ཨོ་རྒྱན་ཉི་མ་ཟེར་བ་འདི་གོང་ནས་མཆན་ ༡༡ པ་ཐུ་བ་རྒྱ་མཚོས་གསུངས་པ་ལྟར་རེད་སྙམ།

  15. ཨུ༌རྒྱན༌རིག༌འཛིན། says:
    2012-11-20 at 10:23 pm

    ཡ་ད་ཨོ་རྒྱན་རྒྱ་མའི་རྒྱུགས་ཁྱི་སླེབས་འདུག།

  16. མྱི་དཀར་ says:
    2012-11-20 at 10:27 pm

    ཨོ་ཉིས་རྩོམ་སྔ་ཕྱི་ཚང་མར་བལྟས་ན་ཁོས་དྲ་ཐོག་འདིར་མི་ལ་བརྙད་བརྐོ་ཡ་ཁོ་ནའི་ཐོག་བྲིས་པ་འདྲ་པོ་འདུག ངས་བསམ་ན་ཨོ་ཉི་ཟེར་བ་འདི་བྱ་བརྒྱས་ཁ་ཤར་ལ་ལྟ་ན། ཕ་ཝང་གིས་ཁ་ནུབ་ཏུ་ལྟ་ཟེར་བ་བཞིན་མི་གཞན་གྱི་བསམ་ཚུལ་དང་གང་བཤད་པར་རྒྱབ་འགལ་ཨེ་ཐུབ་མི་ཐུབ་བྱེད་མཁན་གྱི་མི་དཀྱུས་གོག་དཀྱུས་ནག་ཅིག་ཡིན་པར་བསམ།

  17. མྱི་དཀར་ says:
    2012-11-20 at 10:28 pm

    ཨོ་ཉིའི་རྩོམ་ཞེས་བཅོས།

  18. མེ་ཏོག་དཀར་པོ says:
    2012-11-20 at 10:45 pm

    ཁོ་ད་དུང་ཁ་བརྡར་འོང་མིན་མི་ཤེས་ཞེས་མི་འོང་མདོག་མདོག་བཤད་འདུག་པར་ཧ་ཅང་གི་དགའ་པོ་བྱུང་། གཏན་ནས་མ་འོང་རོགས། ང་ཚོ་འདི་ན་སྐབས་རེ་བསམ་ཚུལ་མི་མཐུན་པར་ཁ་རྩུབ་ཚིག་རྩུབ་ཤོར་མོད། དོན་གྱི་བསམ་ཚུལ་གཅིག་རེད། བོད་ལ་དཀར་བ་རེད། ཁོ་ནི་བོད་ལ་ཅི་གནག་བྱེད་མཁན་རེད། དེས་ན་ཁོ་འདིར་མ་སླེབས་ན་དགེ་མཚན་ཆེ།

  19. མཁས་དབང་ says:
    2012-11-20 at 10:52 pm

    ཡ་གྲོགས་པོ་ཚོ་་་་་་་ཁྱོད་རྣམས་གྱིས་ཕྱགས་ལས་དེ་སྤྲུལ་སྐུ་ཁོང་ལ་སྐྱོད་བརྗོད་ཁོང་ན་ལ་མ་འདས་་་་་རྡ་ས་སྒྲིགས་འཛུགས་གིས་རང་བཙན་་་་་བརྩོོད་གིས་མིན་གསུང་མཆོག་ས་ལ་་་་་་ཁོང་གིས་རྒྱ་ལ་དགའ་མི་མཆོག་པ་གང་ཡིན་ནམ་་་་་་་་་་བོད་དེ་ད་བར་་་་དགྲ་ནང་ལ་བརྒྱབས་དེ་རྗེས་ལུས་འཐད་པ་གསལ་པོ་རེད་་་་་འདི་འདྲ་ཀྱང་ཀྱང་ཟེར་བཅས་་་་་་་་་གནས་ཚང་གཡར་བ་རེད་་་་་་་་ངས་བྱས་ན་གནས་ཚང་དེ་ཡིན་རིན་པོ་སྡོད་ས་མ་རེད་ད་་་་་་་གཟབ་ཟབ་བྱས་བསམ་བློ་བཏོང་རོགས་་་་་་དེང་སང་རྒྱ་གར་ཡང་་་རྒྱ་ནག་མཉམ་དུ་གྲོགས་པོ་ཡག་རུ་འགྲོ་གིས་མ་མཐོང་ངམ་་་་་

  20. ཁ་བའི་རྡུལ་བརྩེགས། says:
    2012-11-20 at 11:18 pm

    མིང་རྫིག་པོ་ཞིག་ཁྱེར་ནས་ཡི་གེ་ནོར་འཁྲུལ་ཅན་པ་མཁས་དབང་ལགས། ཤད་རྩ་ནས་མི་འདུག སྐུ་ཉིད་ཟོས་བཞག་པ་ཡིན་ནམ། གྱི་དང་ཀྱི། མཆོག་དང་ཆོག ཕྱགས་དང་ཕྱག སྐྱོད་དང་སྐྱོན། ཁོང་དང་ཁོ། སྒྲིགས་དང་བསྒྲིགས། གི་དང་ཀྱི། བརྩོད་དང་རྩོད། གི་དང་ཀྱི། མཆོག་དང་ཆོག སོགས་མང་དྲག་པས་ངོ་མ་མཁས་དབང་རང་རེད་འདུག ཧཧཧཧཧ

  21. ཨུ༌རྒྱན༌རིག༌འཛིན། says:
    2012-11-20 at 11:22 pm

    རྒྱུགས་ཁྱི་ཨོ་རྒྱན་ཕྱུག་པོ་ཆགས་བྱེད་རྒྱ་དམར་ནག་མཛོད་ཕུགས་གི་སྒོར་མོ་རེད་། དེ་མེད་ན་
    སྤྲང་པོ་ཡིན་པའི་ཐོག་ལ་ཡུག་ས་མ་ཁ་གསོ་ཁག་པོ་རེད། རྒྱ་བོད་ལ་ཁྱད་པར་མེད་ཟེར།
    རྒྱ་ལ་རྒྱ་ཆས་དང་བོད་ལ་བོད་ཆས་ཡོད། རྒྱ་ལ་རྒྱ་སྐད་དང་བོད་པས་བོད་སྐད་བཤད།
    རྒྱ་ལ་རྒྱ་ཡིག་དང་བོད་ལ་བོད་ཡིག་ཡོད། ཕར་ལ་རྒྱ་བོད་གཅིག་པའི་ལྟ་སྟངས་འཛིན་ན་
    ཚུལ་ལ་དེ་འདྲ་འདུག་བས། དེ་ཁྱོད་ནོར་བ་རེད། ཆོས་ལུགས་ལ་འདྲ་མིན་ཞེས་ཐ་དད་དུ་
    ལྟ་བ་ལ་ཁྱོད་ཤིན་དུ་མི་དགའ་ས་ཡིན་ཟེར། དེ་ཡིན་ན་ཆོས་ལུགས་ཚང་མའི་ནང་ནས་མཆོག་
    གྱུར་ནང་ཆོས་ཡིན་ཞེས་རྒྱུན་དུ་བཤད་པ་དང། དགེ་ལུགས་དང་བོན་པོ་ལ་གདོན་གཟུགས་
    བྱེད་དོན་གྱི་ཡིན། འཆང་གོང་གི་འབྲི་འཆང་གཞུག་གི་སྲུབས་ཟེར་བ་ལྟར་རེད།

  22. མཁས་དབང་ says:
    2012-11-20 at 11:42 pm

    བཀའ་དྲིན་ཆེ་ཁ་བའི་རྡུལ་བརྩེགས་ལགས་་་་་ནོར་བཅོས་བྱས་པ་དགའ་བྱུང་་་་་་དེང་སང་སུམ་རྟགས་ཅུང་ཟད་ཤེས་མཁན་རྣམས་གྱིས་་་་་་ཆོལ་གསུམ་བར་གྱི་དཀྲུགས་ཤིང་དང་གཅིག་་་་་ཆོས་ལུགས་བར་གྱི་དཀྲུགས་ཤིང་དང་གཉིས་་་་བོད་ནང་ལ་ཡིག་གི་འདྲ་མིན་བཏོང་དེ་མིང་མང་ལ་དཀའ་སྡུག་དང་གསུམ་་་་་་་་དེ་མ་ཏོག་བསྟེན་པ་དང་འགྲོ་བ་ལ་ཕེན་པའི་ཕྱགས་ས་གང་ཡང་མ་མཐོང་་་་་་སྙིང་རྗེ་ན་དེ་ལ་རྗེ་་་་་་་ཧཧཧཧཧཧ་ཟེར་ན་དེ་རེད་་་་་་་་

  23. བོད་ལ་ཞེན། says:
    2012-11-20 at 11:45 pm

    མཁས་དབང་ཟེར་མཁན་དེའི་མིང་ལ་ལྟོས་དང་མི་ག་འདྲ་ཡིན་མིན་ཤེས་ས་རེད། ཨོ་ཉི་ཁྱོད་འདྲ་པོ་བོད་ལ་དགོས་མ་རེད་ལ། རྒྱ་ཡིས་ཉར་རོགས་ཡང་བྱེད་ཀྱི་མ་རེད།

  24. ཨུ༌རྒྱན༌རིག༌འཛིན། says:
    2012-11-21 at 12:00 am

    མཁས་དབང་ནི་མཁས་དབང་རང་རེད་འདུག་ཡིག་གེ་ནི་ཡིག་ནོར་རང་རེད་འདུག།

  25. ཀརྡོ་གཉེར་ཕྱག་པ་ says:
    2012-11-21 at 12:35 am

    ཨོ་ཉིས། ་་་་ ད་ནས་བཟུང་གཅིག་བྱས་ན་ང་ཁ་བརྡ་ལ་ཨེ་སླེབ་མི་ཤེས། ཟེར།

  26. ལེགས་བཤད། says:
    2012-11-21 at 2:01 am

    དར་བ་ནས་རྒུད་པ་དང་རྒུད་པ་ནས་དར་བ་འོངས་པ་འཇིག་རྟེན་གྱི་ཆོས་ཉིད་རེད། རྟག་བརྟན་གྱི་དར་བ་དང་རྒུད་པ་ཞིག་ཡོད་པ་མ་རེད། ལ་ལ་དར་བ་དང་ལ་ལ་རྒུད་པ་ཡིན། ཡིན་ཡང་མཐའ་མར་རྒུད་པས་སྡུད་པ་རེད། སྐྱེས་པའི་མཐའ་མ་འཆི་བ། དར་བའི་མཐའ་མ་རྒུད་པ། འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་པའི་བོད་ཀྱི་བཙན་པོའི་མངའ་ཐང་ཉམས་པ་ལ་བལྟོས་ཤིག །ད་ལྟ་རྒྱ་ནག་དེ་ཡང་དར་བའི་རྩེར་སོན་པས་ཡག་རྟགས་ཤིག་ངན་རྟགས་ཤིག་ཡིན་བཤད་དཀའ། མིག་སྔར་སའི་གོ་ལའི་འབྱུང་བའི་རང་བཞིན་གྱི་ཐད་ནས་ཀྱང་ཉེན་ཁ་ཆེ་བ་དང་ཁོར་ཡུག་དང་རང་བྱུང་ཁམས་ཀྱི་སྣང་ཚུལ་ལའང་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་ངེས་རེད། འཇིག་རྟེན་འདི་ན་རྟག་བརྟན་གྱི་དངོས་པོ་ཞིག་གཅིག་ཀྱང་ཡོད་པ་མ་རེད། དེ་བས་དྲང་བདེན་དང་ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཀྱི་ཐོག་ནས་རང་ཉིད་སྐྱོབ་མཁན་ངོ་མ་དེ་གང་ཡིན་བརྩད་གཅོད་བྱེད་ན་རང་ཉིད་ལ་ལྡན་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན་གྱི།།གཞན་ནི་སུ་ཞིག་མགོན་དུ་འགྱུར།།ཞེས་པའི་དགོངས་པ་ལྟར་ནང་གི་རྣམ་པར་ཤེས་པའི་སྟེང་ནས་རྟག་བརྟན་གྱི་ཐར་བའི་གླིང་དུ་བགྲོད་དགོས། དེ་ཡོང་བར་བྱེད་པ་ལ་ཆོས་ཉིད་བདེན་པ་རྟོགས་དགོས། ལས་རྒྱུ་འབྲས་བརྩི་དགོས། དྲང་བདེན་རྩོད་དགོས། རྫུན་ནག་ལ་ངོ་རྒོལ་དང་བདེན་པ་ལ་རྒྱབ་སྐྱོར་བྱེད་དགོས། དེ་ལྟར་བྱེད་ན་རང་ཉིད་མི་ཞིག་ཡིན་པའི་དོན་གོ་ཆོད་པ་རེད།

  27. སྤོབས་པ་མཐའ་ཡས། says:
    2012-11-21 at 2:18 am

    ཁྱོད་ཚོས་ཨོ་རྒྱན་ཉི་མ་རྒྱ་དམར་གྱི་ཕྱོགས་གཏོགས་ཟེར་བའི་སྔོན་དུ་ཨོ་རྒྱན་ཉི་མས་བཤད་པ་ལ་རྒྱུ་མཚན་ཡོད་མེད་ལ་བརྟག་དཔྱད་ཀྱིས། ཨོ་རྒྱན་ཉི་མས་བོད་དོན་དང་འབྲེལ་བའི་རྩོམ་གསུམ་སྤེལ་བའི་གསུམ་པ་འདི་དོན་གནད་གསལ་པོ་གནད་བསྡུས་ནས་བཤད་ཡོད་པས་གོ་བདེ་བོ་བྱུང་སོང་། ངས་ནི་ཨོ་རྒྱན་ཉི་མས་བཤད་པ་ལ་མོས་མཐུན་ཐུབ་རུང་མ་ཐུབ་རུང་སྐད་ཆ་རྣ་བར་མི་འགྲོ་བ་ནི་གང་ཡང་བྱུང་མ་སོང་། ཁོ་རང་གི་བསམ་ཚུལ་འདོན་པའི་ཐོབ་ཐང་འཛེམ་ཟོན་མ་བྱས་པ་དེར་གུས་ཤིང་བཀུར་འདོད་བྱུང་། ཨོ་རྒྱན་ཉི་མའོ་བསམ་ཚུལ་ལ་མི་གླེང་བརཁོང་རང་ཉིད་སྒེར་གྱི་མི་ཚེ་དང་ཁྱིམ་ཚང་ནང་མི་ནས་དམའ་འབེབས་བྱེད་པ་ནི་དམ་པའི་ལུགས་ལས་ཕྱི་རོལ་དུ་གྱུར་ཡོད་པ་ཤེས་ན་ལེགས་སོ།།

  28. བོད་ལ་ཞེན། says:
    2012-11-21 at 3:22 am

    སྤོབས་པ་མཐའ་ཡས་ལགས། ང་ཚོ་བོད་རྩམ་ཟན་ཅིག་ཡིན་ཚད་ཐམས་ཅད་རྒྱ་བོད་གཉིས་ལས་བོད་ཕྱོགས་སུ་ལངས་དགོས་པ་ནི་རུས་པ་དང་ཁྲག་གིས་སྤྲད་པའི་འོས་འགན་ཞིག་རེད། དེར་བརྟེན་བོད་པ་ནི་རྒྱ་བོད་གཉིས་ཀྱི་བར་འདུག་བྱེད་དབང་ནམ་ཡང་མེད། གལ་སྲིད་བར་འདུག་བྱེད་ན་མི་དེ་འགན་མ་འཁུར་བའམ་ཡང་ན་མགོ་རྣ་བ་མེད་མཁན་ཞིག་རེད། གལ་སྲིད་རྒྱ་ལ་དགོས་པ་དང་བོད་ལ་གནོད་པའི་སྐད་ཆ་བཤད་པའམ་ལས་ཀ་བྱས་ན་མི་དེ་ནང་རུལ་པའམ། རྒྱུག་ཁྱི་ཞིག་རེད། ག་ཚོད་བཟང་ནའང་སྨྱོན་པ་ཞིག་རེད། ད་ནས་བཟུང་བོད་རིགས་ཅིག་ཡིན་ན་བོད་ཕྱོགས་སུ་ལངས་དགོས་པ་ཤེས་དགོས། དེ་མིན་དྲང་མདོག་དང་བཟང་མདོག་སྟོན་ནས་དགྲ་དགའ་གཉེན་སྡུག་གི་བྱ་བ་རྩམ་པའམ་རྩོམ་སོགས་བྲིས་ན་ང་ཚོས་ནམ་ཡང་དེ་ངོས་ལེན་གྱི་མ་རེད་ལ། བོད་ནང་དའང་བོད་མི་ཚོས་ཁས་མི་ལེན་ལ་ཤེས་གསལ་རེད།

  29. གཟུར་གནས་བློ་ལྡན་། says:
    2012-11-21 at 5:36 am

    ད་རེས་མཆོག་སྤྲུལ་ཨོ་ཉིའི་གསུང་པ་དེར་ང་ཚོ་མང་པོ་ཞིག་གིས་མོས་མཐུན་བྱ་ངེས་ཡིན། ཁོང་ལ་རྒེར་འཁོང་རྩོད་མཁན་དེ་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་། ཡོད། ཡོད་། ཡོད་།

  30. གཟུར་གནས་བློ་ལྡན་། says:
    2012-11-21 at 5:39 am

    མེ་དཀར་ཁྱོད་རང་ཡང་དཀྲུག་ཤིང་ལ་དགའ་མིན་ཚང་མས་ཤེས་གསལ་རེད་། བཀའ་རྒྱུད་ནང་ཁུལ་ལ་དཀྲུག་ཤིང་ག་ཚོད་བཟོས་ཡོད་།

  31. བོད་ལ་ཞེན། says:
    2012-11-21 at 6:09 am

    ཨི་ཉིའི་ངོ་ཤེས་དགའ་པ་རེ་ཟུང་གིས་མོས་མཐུན་བྱེད་སྲིད། དེ་མིན་བོད་མི་ངོ་མ་ཞིག་ཡིན་ན་ངོས་ལེན་ཐབས་མེད།

  32. བོད་ལ་ཞེན། says:
    2012-11-21 at 6:09 am

    ངོ་ཤེས་དགའ་པོ་རེ་ཟུང།

  33. tenzin says:
    2012-11-21 at 6:29 am

    རང་ལུས་མེར་བསྲེགས་ཀྱི་ཞི་བའི་འཐབ་རྩོད་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་འགྱུར་བ་གཏོང་ཐུབ་མིན་སོགས་བཤད་པ་ནི་བདེན་པ་དང་བདེན་པའི་འཐབ་རྩོད་ལ་བརྩི་མཐོང་དང་ཡིད་ཆེས་མེད་པའི་རྟགས་རེད།
    མེར་བསྲེགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད། མ་ཟད་རྒྱ་ནག་གི་ལོ་རྒྱུས་སྟེང་ལ་ནག་ཉེས་དང་ནག་ཐིགས་སུ་འགྲོ་བཞིན་ཡོད་པ་རྒྱ་མི་མཁས་དབང་དང་མང་གཙོ་དོན་གཉེར་བ་ཚོས་བཤད་ཀྱི་འདུག་ལ་ཁོང་ཚོས་བོད་ལ་འགྲོ་ན་ངོ་ཚ་བ་དང་བོད་མི་མཐོང་ན་ཡ་མངའ་བ་སོགས་ཀྱི་རྩོམ་ཡིག་དང་གཏམ་བཤད་སྤེལ་བཞིན་ཡོད་པ་དེས་ཤེས་ཐུབ། དེར་བརྟེན་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་བཏང་མཁན་རྣམས་ཀྱི་ནང་མི་ལ་མེར་བསྲེགས་བཏང་ནི་བཟའ་ཚང་དང་ཁྱིམ་གྱི་ཉོག་དྲ་སོགས་ལས་བྱུང་བར་བཤད་དགོས་དེ་ལྟར་བཤད་ན་རོགས་དངུལ་རྒྱ་སྒོར་འབུམ་བཅུ་སྤྲོད་རྒྱུ་དང་དེ་མིན་ན་ཁ་བྲལ་བ་དང་རྒྱལ་ཁབ་ཀྱི་ངོ་ལོག་པ་ཡིན་ཚུལ་གྱི་བཙན་དབང་གཏོང་བཞིན་ཡོད། ད་བར་རྒྱ་གཞུང་གི་དངུལ་ལེན་མཁན་གཅིག་ཀྱང་བྱུང་མི་འདུག
    དེ་ནི་རྒྱ་གཞུང་ལ་གནོན་ཤུགས་ཡོད་པའི་རྟགས་མཚན་ཞིག་རེད་བསམ།
    བོད་མི་རང་ལུས་མེར་བསྲེགས་གཙོས་ཞི་བའི་འཐབ་རྩོད་རྣམས་རྒྱ་གཞུང་ལས་གཞན་སུས་ཀྱང་བཀག་མི་ཐུབ་ལ་བཀག་ཡང་མི་ཆོག།
    རྒྱ་གཞུང་གིས་ཏཱ་ལའི་བླ་མ་ད་བར་རང་བཙན་བཤད་མེད་པས་ང་ཚོ་ཁོང་མཉམ་དུ་བོད་དོན་གྲོས་མོལ་བྱེད་ཆོག་ཟེར་ན་ཞི་རྒོལ་ཚང་མ་མཚམས་འཆད་འཆད་པ་རེད། རྒྱ་གཞུང་གི་སྦམ་མདོག་ཡང་ཤོར་མི་དགོས། རྒྱ་གཞུང་གིས་དེ་ཙམ་ཡང་བཤད་མ་ཐུབ་ན། བོད་བཙན་པོའི་གདུང་རྒྱུད་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞི་རྒོལ་མཚམས་བཞག་མི་སྲིད།

  34. གསེར་འབྲུག་སྡེར་ལྔ་ says:
    2012-11-21 at 6:39 am

    གཟུར་གནས་ཁྱོད་སྤྲུལ་ལོག་ཨོ་ཉི་ལ་དེ་འདྲའི་དགའ་པོ་ཡོད་ན་ཁོ་ལ་འོ་གཅིག་བགྱིས། དེ་ནས་སྤྲུལ་ལོག་ལགས་ཀྱིས་ཁྱོད་ཀྱི་འཇིང་ཉག་སྟེང་དུ་ཁ་ཆུ་ཚ་པོ་ཞིག་གཏོང་གི་རེད། མ་ཟད་ཁྱོད་ཀྱི་སྐྱག་རྐུབ་དེ་ཡང་སྐྱག་པ་འཚོ་མི་ཐུབ་མཁན་ཞིག་བཟོ་ངེས། ཧ་ཧ་ཧ་ཧ་ཧ་ཧ།

  35. མེ་ཏོག་དཀར་པོ། says:
    2012-11-21 at 8:35 am

    ༣༡ ཟུར་གནས། དཀྲུག་ཤིང་ལ་གཏན་ནས་མི་དགའ། མཚམས་རེ་འགའ་ཤས་ཀྱིས་ཀརྨ་པ་དང་པོ། ༧གོང་ས་མཆོག་གཉིས་པར་བཞག་པའི་གོ་རིམ་ཞིག་འགྲིག་བཞིན་འདུག་པ་དང་། རྡ་སར་བཞུགས་པའི་ཀརྨ་བོད་སྤྱི་པའི་བླ་མ་ལ་ངོས་འཛིན་པ་དེ་འདྲ་བྱེད་གིན་འདུག་པར་དེ་དུས་བསམ་བཞིན་དུ་ཚིག་ངན་རྡུང་ཅི་ཐུབ་བྱེད་གི་ཡོད། འབྱུང་འགྱུར་ཡང་བོད་དང་༧གོང་ས་མཆོག་ལ་འགྲིག་མིན་སྐད་ཆ་བྱུང་ན་རང་གི་ནུས་པ་ཅི་ཡོད་ཀྱིས་དཀྲུག་ཤིང་ཟེར་རུང་། ཅི་ཟེར་རུང་ཁ་བརྡུང་གཏོང་གི་ཡིན་ལགས། དེ་མིན་དོན་གནད་གཞན་སྟེང་ཏོག་ཙམ་ཏོག་ཙམ་འགྲིག་མིན་བྱུང་བ་འབྱུང་ངེས་ནི་སྐབས་ཐོབ་སྐབས་ཐོབ་རེད།
    ངས་ཁ་སང་བཤད་ཡིན། ༧གོང་ས་མཆོག་སྤྱི་ཡི་ཉི་མ་རེད། དེ་དགེ་ལུགས་པས་མར་འཐེན་ནས་དགེ་ལུགས་ཆོས་བརྒྱུད་ཀྱི་ཁྱིམ་གྱི་སྒྲོན་མེར་བེད་སྤྱོད་མ་གཏོང་། ཀརྨ་པ་ཀམ་ཚང་ཕྱོགས་གཅིག་གི་ཁྱིམ་གྱི་སྒྲོན་མེ་རེད། དེ་ཡར་འཐེན་ནས་སྤྱི་པའི་ཉི་མར་བེད་སྤྱོད་ཐབས་མ་བྱེད་རོགས་ཞེས་པ་དེ་རེད།

  36. མེ་ཏོག་དཀར་པོ། says:
    2012-11-21 at 8:41 am

    གང་ལྟར་ཡག་ཤོས་དེ་ཨོ་ཉི་ཁ་བརྡར་འོང་གི་མེད་ན་རེད།

  37. བོད་ལ་ཞེན། says:
    2012-11-21 at 9:16 am

    མེ་ཏོག་དཀར་པོ་བདེན། བདེན།

  38. ཟི་དམིག་ says:
    2012-11-21 at 9:25 am

    རེད་ཡ་རྫུས་མ་ནི་ནམ་ཡང་རྫུས་མ་ཡིན་པས་མལ་བུ་འགག་སྲིད་

  39. པདྨ་འཕྲིན་ལས་། says:
    2012-11-21 at 9:50 am

    སྟབས་ལེགས་པ་ཞིག་ལ་ཨོ་རྒྱན་ཉི་མ་འདི་བོད་ཕྱི་ལ་ཡོད་པའི་བོད་མི་ཞིག་ཡིན་པ་དགའ། མ་གཏོགས་ཁོང་བོད་ནང་ལ་ཡོད་ག་བྱེས་གུང་ཁྲན་གྱི་དབང་ཆ་ཡོད་མཁན་ཞིག་དང་བོད་ཀྱི་ས་ཁུལ་ཞིག་གི་འགོ་བ་ཞིག་ཡིན་རྒྱུ་ན་མི་འདིའི་བོད་མི་ཚང་མ་ལ་རྒྱུ་པ་ལེབ་གདོང་བྱེད་མཁན་ིཡིན་པ་ཐག་གི་ཆོད། རྒྱ་གུང་ཁྲན་གྱི་ག་རེ་བཤད་ན་དེ་ལ་བླ་མའི་ཅི་གསུངས་ཅི་དང་འཛུ་མོ་གར་སྟན་ཤར་དང། བོད་མི་བདེ་སྡུག་ལ་བསམ་བློ་མེད་མཁན་དང་། རང་དོན་ཁོར་ན་སྒྲུབས་མཁན་གྱི་སྤྲུལ་རྫུན་ཞིག་ཡིན་པ་ཐག་ཆོད།

  40. བསྟན་འཛིན་མཁས་གྲུབ། says:
    2012-11-21 at 9:50 am

    རང་ལུས་མེར་བསྲེགས་ཀྱི་ཞི་བའི་འཐབ་རྩོད་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་འགྱུར་བ་གཏོང་ཐུབ་མིན་སོགས་བཤད་པ་ནི་བདེན་པ་དང་བདེན་པའི་འཐབ་རྩོད་ལ་བརྩི་མཐོང་དང་ཡིད་ཆེས་མེད་པའི་རྟགས་རེད། མེར་བསྲེགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད། མ་ཟད་དམར་གཞུང་འདི་རྒྱ་ནག་གི་ལོ་རྒྱུས་སྟེང་ལ་ནག་ཉེས་དང་ནག་ཐིགས་སུ་འགྲོ་བཞིན་ཡོད་པ་རྒྱ་མི་མཁས་དབང་དང་མང་གཙོ་དོན་གཉེར་བ་ཚོས་བཤད་ཀྱི་འདུག་ལ་ཁོང་ཚོས་བོད་ལ་འགྲོ་ན་ངོ་ཚ་བ་དང་བོད་མི་མཐོང་ན་ཡ་མངའ་བ་སོགས་ཀྱི་རྩོམ་ཡིག་དང་གཏམ་བཤད་སྤེལ་བཞིན་ཡོད་པ་དེས་ཤེས་ཐུབ། དེར་བརྟེན་རྒྱ་གཞུང་གིས་རང་ལུས་མེར་བསྲེགས་བཏང་མཁན་རྣམས་ཀྱི་ནང་མི་ལ་མེར་བསྲེགས་བཏང་བ་ནི་བཟའ་ཚང་དང་ཁྱིམ་གྱི་རྙོག་དྲ་སོགས་ལས་བྱུང་བར་བཤད་དགོས་དེ་ལྟར་བཤད་ན་རོགས་དངུལ་རྒྱ་སྒོར་འབུམ་བཅུ་སྤྲོད་རྒྱུ་དང་དེ་མིན་ན་ཁ་བྲལ་བ་དང་རྒྱལ་ཁབ་ཀྱི་ངོ་ལོག་པ་ཡིན་ཚུལ་གྱི་བཙན་དབང་གཏོང་བཞིན་ཡོད། ད་བར་རྒྱ་གཞུང་གི་དངུལ་ལེན་མཁན་གཅིག་ཀྱང་བྱུང་མི་འདུག དེ་ནི་རྒྱ་གཞུང་ལ་གནོན་ཤུགས་ཡོད་པའི་རྟགས་མཚན་ཞིག་རེད་བསམ། བོད་མི་རང་ལུས་མེར་བསྲེགས་གཙོས་ཞི་བའི་འཐབ་རྩོད་རྣམས་རྒྱ་གཞུང་ལས་གཞན་སུས་ཀྱང་བཀག་མི་ཐུབ་ལ་བཀག་ཡང་མི་ཆོག། རྒྱ་གཞུང་གིས་ཏཱ་ལའི་བླ་མ་ད་བར་རང་བཙན་བཤད་མེད་པས་ང་ཚོ་ཁོང་མཉམ་དུ་བོད་དོན་གྲོས་མོལ་བྱེད་ཆོག་ཟེར་ན་ཞི་རྒོལ་ཚང་མ་མཚམས་འཆད་འཆད་པ་རེད། རྒྱ་གཞུང་གི་སྦམ་མདོག་ཡང་ཤོར་མི་དགོས། རྒྱ་གཞུང་གིས་དེ་ཙམ་ཡང་བཤད་མ་ཐུབ་ན། བོད་བཙན་པོའི་གདུང་རྒྱུད་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞི་རྒོལ་མཚམས་བཞག་མི་སྲིད།

  41. གཟུར་གནས་བློ་ལྡན་། says:
    2012-11-21 at 10:56 am

    མེ་ཏོག་དཀར་པོ་གསེར་འབྲུག་བཅས་ལ་དགོངས་དག་ཞུ་ཆོག། ང་རང་སྒེར་ངོས་ནས་ཆོལ་ཁ་དང་ཆོས་རྒྱུད་ཀྱི་དབྱེ་བ་དེ་འདྲ་ཞེ་པོ་མེད། ཨོ་ཉི་དང་ཁྱོད་ཚོའི་བར་ལ་ཡང་དགའ་མིན་གྱི་ཕྱོགས་ལྷུང་ཞིག་དེ་བས་མེད་། ཡིན་ན་ཡང་བོད་ནང་གི་མེ་བསྲེག་འདི་མཚམས་ཅིག་འཇོགས་རྒྱུ་བྱུང་ན་བསམ་པའི་རེ་བ་ནི་ཅི་བས་ཆེ་། ང་ལ་བོད་དོན་གྱི་སེམས་པ་མེད་པ་མིན་མོད་གྲུབ་འབྲས་ཅི་ཡང་མེད་པའི་ལས་འགུལ་འདི་རིགས་ཀྱིས་སུན་སོང་། གྲུབ་འབྲས་མེད་པ་ཙམ་ཡིན་ན་འགྲིག་མོད་དེ་ཙམ་མ་ཟད་བོད་རིགས་ཀྱི་ཚེ་སྲོག་རིགས་གཞུང་ལ་ཅི་བས་གནོད་གི་འདུག་། དེ་བས་ཨོ་ཉིས་བཤད་པ་བཞིན་སོ་སོ་རིགས་གཞུང་ལ་བདག་པོ་རྒྱབ་ཚེ་སྲོག་ལ་བདག་པོ་རྒྱབ་ནས་འགྲོ་མཁས་འདུག་མཁས་རེ་བྱས་ན་དྲན་པ་ཡིན། བོད་མི་རིགས་ལ་བཅང་བའི་བརྩེ་བ་ཡིན་། ཨོ་ཉི་ངོ་ཡང་མི་ཤེས་།

  42. གཟུར་གནས་བློ་ལྡན་། says:
    2012-11-21 at 11:18 am

    གསེར་འབྲུག་དང་མེ་དཀར་ཁྱེད་ཚོ་མ་མཐར་ཡང་དཔྱོད་ལྡན་ཙམ་ཞིག་ཡིན་པའི་འདུ་ཤེས་ཀྱིས་གུས་བརྩི་དང་དགའ་མོས་ཡོད་། དཔྱོད་ལྡན་དང་བསམ་བློ་བ་ཞིག་ཡིན་པའི་གཞུག་ལ་མི་ཕར་པ་གྲོང་གསེབ་པ་ནང་བཞིན་ཁ་ཕོ་རུས་དག་དག་བྱས་ན་ཡོང་གི་མ་རེད་། སྔ་གཞུག་ལ་བལྟ་བའི་མིག་རྒྱང་རེ་ཅིས་ཀྱང་ཡོན་ན་ལེགས་བསམ། ཝ་རྔ་མ་ཤ་ལེ་བྲོས་པ་ལས་། སྟག་འཛུམ་དྲུག་ཉི་ལེ་ཤི་བ་དགའ་། སོགས་ཟེར་བ་ནི་། རྗེས་ལུས་ཀྱི་བསམ་ཚུལ་ཙམ་ལས་དེང་རབ་བའི་བསམ་བློ་ཞིག་མ་རེད་།

  43. འབའ་བློ says:
    2012-11-21 at 11:58 am

    མཆོག་སྤྲུལ་འེ་ཧ་ཧ་ཧ་རེད་རེད་ངས་སྐྱག་པ་ཞིག་བཏང་བ་དེ་ཡི་སྐྱག་སྤྲུལ་རེད་ཡ། རྒྱ་འདྲེ་ཁོ་སྐྱག་པ་ཟ་མཁན་གི་སྤྲུལ་ཡིན་འགྲོ།

  44. བོད་ལ་ཞེན། says:
    2012-11-21 at 12:18 pm

    གཟུར་གནས་ཟེར་བ་དེ་ངོ་མ་མི་ཁྱད་མཚར་རེད། ང་ཚོ་བོད་དོན་ནི་རྒྱལ་ཁབ་ཅིག་གི་འཐབ་རྩོད་རེད། མི་རིགས་ཅིག་གི་འཐབ་རྩོད་རེད། འགྲུབ་འབྲས་ལམ་སང་སྤྲུལ་པ་བསྟན་པ་ནང་བཞིན་ག་པར་ཡོད། ལོ་ནས་ལོ་རྩོད། གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་ཕྲག་མང་པོས་ཚེ་སྲོག་བློས་བཏང་ནས་རྩོད་ནས་འཐོབ་དགོས་པ་ལས་སྒུག་ནས་འཐོབ་པ་ག་ལ་ཡོད། ཁྱོད་བསུན་བྱུང་ཟེར་བ་ངོ་ཚ་གི་མི་འདུག་གམ། བོད་ནང་མི་དེ་ཙམ་བོད་དོན་དུ་ཚེ་སྲོག་བཏང་དགོས་ཐུག་ན་ཡང་བསུན་རབས་གོ་མ་མྱོང་། ཁྱོད་དང་ཨོ་ཉི་བསུན་དགོས་ཡ་བོད་དོན་ཆེད་གང་ལས་ཡོད། བོད་མིའི་སེམས་ཤུགས་ཅག་ཐབས་དང་རྒྱ་ནག་ལ་སྤྲེལ་ལད་བཤད་རྒྱུ་དེ་ཨེ་རེད།

  45. ལུང་རྟོགས། says:
    2012-11-21 at 12:52 pm

    མཁས་དབང་སྐྱག་པའི་མཁས་དབང་ཡི་གེའི་དག་ཆ་མི་ཤེས་ཤིང་དགྲ་གཉེན་དབྱེ་བ་མི་ཤེས་པའི་མཁས་དབང་ཞིག་གང་ན་ཡོད། ཞབས་འདྲན་རང་རེད། ཁྱོད་ཀྱང་ཨོ་ཉི་དང་ལྷན་དུ་པེ་ཅིང་ལ་ལོགས་ན་ཏག་ཏག་རེད།

  46. མེ་ཏོག་དཀར་པོ། says:
    2012-11-21 at 1:17 pm

    གཟུར་གནས།
    བོད་ནང་བོད་མིའི་མེར་སྲེག་གི་ལས་འགུལ་མཚམས་འཇོག་རོགས་བྱེད་ན་དྲན་པ་ནི་དྲན་པ་རང་རེད། ཚད་མ་མ་རེད། མིག་བགྲད་ནས་ལྟོས་ཨ། མཚམས་འཇོག་གི་མ་རེད། དེ་མཚམས་འཇོག་ཡ་༧རིན་པོ་ཆེ་ལྟ་བུ་ལ་དབང་ཆ་ཡོད་མ་རེད། དེ་མཚམས་འཇོག་ཐུབ་མཁན་གཅིག་རང་ཡོད་པ་ནི་རྒྱ་ནག་གཞུང་རེད། ཁོ་ལ་་མཚམས་འཇོག་འདོད་ཡོད་ན་འགྱུར་བ་ཞིག་འགྲོ་གི་རེད། དེ་གཅིག་བྱས།
    ང་དང་གསེར་འབྲུག་ལ་དགོངས་དག་དང་ཨོ་ཉི་ངོ་མི་ཤེས་ཟེར། ངས་ཀྱང་ཁོ་ངོ་མི་ཤེས། ངེད་གཉིས་ལ་དགོངས་དག་རྒྱུ་ཅང་མེད་རེད། དགོངས་དག་ཞུ་དྲན་ན་འདས་པོ་བརྒྱད་ཅུ་མ་ཟིན་ཙམ་པ་ཁོང་ཚོར་ཞུས། ཁོང་ཚོའི་ཚེ་སྲོག་བསམ་མེད་བྱིས་པས་རྩེད་མོ་འདྲ་བའི་རྩིས་ཐང་བཞག་པར་དགོངས་དག་ཞུས། ངས་ཁ་སང་ནས་བཤད་ཡིན། བོད་མིའི་མེ་སྲེག་གི་ལས་འགུལ་འདི་འཕྲལ་མར་མཚམས་འཇོག་དགོས་པའི་ལྟ་གྲུབ་དང་། དེར་བྱུས་གཏོགས་བྱས་མི་རུང་བར་མུ་མཐུད་ལས་འགུལ་མདུན་བསྐྱོད་དགོས་པའི་ལྟ་གྲུབ་འཛིན་པ་པོ་གཉིས་ཡོད་མོད། གཉིས་ཀས་བོད་དོན་གཞི་ལ་བཞག མེ་ཚ་པོ་ཡོད་པ་ཤེས། སྲོག་རྩ་ཆེན་ཡིན་པ་རྟོགས། བོད་དོན་ཆེད་རང་སྲེག་གཏོང་གི་ཡོད་པ་ཤེས་ནས་འཛིན་མཚམས་དེ་བཞག་པ་ཡིན་དུས་གཉིས་ཀ་ལ་གུས་ཞབས་བྱ་འོས་སུ་མཐོང་། ཡིན་ནའང་ཨོ་ཉི། ཚངས་དབྱངས། ཕུར་ཚེ་རིང་། ཀ་ཁ་ཤེས་ཙམ་གྱི་མཁས་དབང་། མཁྱེད་དཔྱོད་ལྡན་པ་ཁྱོད་རྣམ་པས་ཁོང་ཚོས་རང་དབང་གིས་ཐག་གཅོད་མིན་པར་གཞན་གྱིས་བསྐུལ་སློང་གི་འོག་མེར་སྲེག་པ་རེད་ལྟ་བུ། བྱིས་པ་རེད་ཟེར་བ་ལྟ་བུ། མེར་སྲེག་རུང་རང་སྐྱོང་ཐོབ་གི་མ་རེད་ཟེར་བ་ལྟ་བུ། རང་བཙན་ནི་མཚན་དཀྱིལ་གྱི་ཉི་མ་རེད་ཟེར་བ་ཀྟ་བུ། རྒྱ་མིས་གང་བཤད་ལ་ཉན་ནས་ཁུ་སིམ་མེད་སྡོད་ཟེར་བ་ལྟ་བུ། བོད་པའི་ཁོག་ན་མེ་འབར་དགོས་ཡ་གི་སྐད་ཆ་དེ་ཚོ་ལ་ངོ་རྒོལ་ཡོད།

  47. མེ་ཏོག་དཀར་པོ། says:
    2012-11-21 at 1:23 pm

    སྐད་ཆ་ཁྱད་མཚར་དེ་འདྲ་རྒྱ་མི་ཞིག་གིས་བཤད་ན་དངོས་གནས་འདྲོག་དགོས་ཡ་མིན་འདུག
    དེ་འགྲོ་སྟངས་ཞིག་རེད། ཁོ་ཁོ་རང་གི་རྒྱལ་ཁབ་ཀྱི་ཕྱོགས་ལོས་བཟུང་། ད་བོད་པ་ཞིག་གིས་འདི་འདྲ་བཤད་ཡོང་དུས་བླ་མ་དུས་གསུམ་སངས་རྒྱས་། ཁ་སྤྲོ་ཁ་ནས་ལང་། ཞེ་སྤྲོ་གཏིང་ནས་ལང་རྒྱུ་ཞིག་རེད་ཨང་། ད་དུང་མི་རིགས་ཀྱི་རྐང་འདྲེན་ཨོ་ཉིས་དྲང་པོ་དང་བདེན་པ་སྐྲག་མོ་ཞིག་ཡིན་ཟེར། ཁོའི་ཁ་ལ་སྐྱག་པ་མཛོ་རོ་ཙམ་ཞིག་བཅུག་རྒྱུ།

  48. ལུང་རྟོགས། says:
    2012-11-21 at 1:35 pm

    གཟུར་གནས་ཨམ་དེའི་སྐད་ཆ་བཤད་སྟངས་ལ་བལྟོས་དང་། སྔ་གཞུག་ལ་ལྟ་བའི་མིག་རྒྱང་ཡིན་ན་ཞིག་ཡོད་དགོས་ཟེར། མིག་རྒྱང་ཅན་གྱིས་སྐད་ཆ་བཤད་སྟངས་དེ་འདྲ་ཡིན་ན་རྒོད་རེ་བྲོ། བོད་ལ་རང་གི་རིག་གཞུང་བདག་པོ་རྒྱག་རྒྱུའི་རང་དབང་ཞིག་ཡོད་ན་མེར་སྲེག་བཏང་དོན་ཅི་ཡོད། རང་དབང་མེད་ནས་འུ་ཐུག་གི་ལས་འགུལ་འདི་འདྲ་སྤེལ་དགོས་བྱུང་ཡོད་པ་ད་དུང་ཤེས་མེད་པ་འདྲ། དངོས་གནས་མིག་རྒྱང་ཅན་དང་སྔ་ཕྱིར་བལྟ་ཤེས་མཁན་གྱི་མི་ཞིག་ཡིན་ན་བོད་ནང་གི་རང་ལུས་མེར་སྲེག་བཏང་མཁན་ཚོས་བོད་མི་རིགས་ཀྱི་མ་འོང་པའི་མི་རབས་ཚོ་རང་དབང་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་ཆེད་དང་། བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་འདིའི་སྐུ་ཚེ་ཡུན་དུ་བསྟན་ཆེད་ལས་འགུལ་འདི་འདྲ་ཞིག་སྤེལ་བ་ཤེས་པའི་ཐོག་ནས་ལས་འགུལ་འདི་ལ་མ་མཐའ་ཡང་ཡི་རང་ཙམ་ཞུ་ཐུབ་དགོས་པ་རེད། ད་དུང་འདས་པའི་དུས་སུ་ལས་འགུལ་འདི་ལ་གྲུབ་འབྲས་གང་འཚམ་བྱུང་ཡོད་ལ་མ་འོང་པར་གྲུབ་འབྲས་ཡོད་མེད་ཀྱི་སྐད་ཆ་བཤད་རྒྱུ་ད་ལྟ་སྔ་ཐག་ཆོད་པ་རེད།

  49. གཟུར་གནས་བློ་ལྡན་། says:
    2012-11-21 at 5:51 pm

    བོད་ནང་མེ་བསྲེག་གི་འབྱུང་རྐྱེན་གཙོ་བོ་རྒྱ་གཞུང་རེད་ལ་མཚམས་འཇོགས་རྒྱུ་དབང་ཆ་ཁོ་ལ་ཡོད་རེད། རེད་ཏེ་བཙན་བྱོལ་གཞུང་ལ་སོགས་ཡང་འབྲེལ་བ་དང་ནུས་པ་གཏན་མེད་པ་ཞིག་མ་རེད་། རྒྱ་གཞུང་ལ་བསམ་ཤེས་མེད་པ་ནི་དངོས་ཡོད་རེད་། བསམ་ཤེས་དེ་ང་ཚོས་མ་བྱས་ན་བྱེད་མཁན་ཡོད་མ་རེད་། ཁ་སང་ཐུབ་པས་བཤད་པ་ལྟར་ན་མེ་བསྲེག་གིས་ཤི་ན་རྒྱལ་བ་རིན་པོ་ཆེ་བསུ་མ་ལ་ཕེབས་གི་གི་རེད་། སངས་རྒྱས་འགྲོ་གི་རེད་ཟེར་བ་འདྲ་བོ་ཡོད་དྲག། འདི་ཉེན་ཁ་ཆེན་པོ་རེད་། བོད་ནང་འདི་འདྲའི་བསམ་ཚུལ་འཁྱེར་མཁན་ཏན་ཏན་ཡོད་རེད།

  50. གཟུར་གནས་བློ་ལྡན་། says:
    2012-11-21 at 6:09 pm

    ད་དུང་མེ་དཀར་མཆོག་ལ་ཅིག་ལ་ཞུ་ཡ་ཅིག་ལ་། རྒྱལ་བ་རིན་པོ་ཆེ་དང་ད་ལྟའི་ཀར་མ་པའི་བར་ལ་མཁྱེན་པ་ཡོན་ཏན་སོགས་ཀྱི་ཁྱད་པར་ཉི་མ་དང་ཁྱིམ་སྒྲོན་ལྟ་བའི་ཁྱད་པར་ཡོད་ཟེར་ན་ངས་ཀྱང་ཁས་ལེན་། དེ་མིན་ལོ་རྒྱུས་ཀྱི་ཆ་ནས་བོད་སྤྱི་བླ་མ་ཡིན་མིན་གྱི་སྐད་ཆ་བཤད་ན་གད་མོ་འཆོར་། ལོ་རྒྱུས་ཀྱི་ཆ་ནས་སྲིད་ཕྱོགས་ནས་བཤད་ན་ཁྱོད་ཀྱིས་བཤད་ནང་བཞིན་རེད་མོད་། ཆོས་ཕྱོགས་ནས་བཤད་ན་ཀར་མ་པ་ཁྱབ་རྒྱ་ཆུང་གི་མ་རེད་། སྔོན་མ་ཡིན་ན་དགེ་ལུགས་དང་ས་རྙིང་གི་བླ་མ་མགོ་བདེ་ཁ་ཅིག་མ་གཏོགས་གྲུབ་མཐའ་གཞན་རྒྱལ་བ་རིན་པོ་ཆེ་ལ་དཔོན་པོའི་འདུ་ཤེས་ལས་བླ་མའི་དད་གུས་བཅང་མཁང་ཉུང་ཉུང་རེད་།

  51. མེ་ཏོག་དཀར་པོ། says:
    2012-11-21 at 9:43 pm

    ཀར་མ་བོད་སྤྱིའི་བླ་མ་ཡིན་ཟེར་ན་སྐྱེ་བ་འདི་ལ་བོད་པ་ནས་དགོངས་པ་ཞུ་གི་ཡིན།

  52. མེ་ཏོག་དཀར་པོ། says:
    2012-11-21 at 9:53 pm

    གཟུར་གནས།
    ཀར་མ་བོད་སྤྱིའི་བླ་མ་ཆགས་ན་ཕྲན་མེ་དཀར་སྐྱེ་བ་འདི་ལ་བོད་པ་ནས་དགོངས་པ་ཞུ་གི་ཡིན།
    ཆོས་དང་སྲིད་དང་ག་རེ་ཡིན་ནའང་༧གོང་ས་མཆོག་བོད་པའི་སྙིང་རེད། དེ་ཡིན་མིན་གསལ་བཤད་དགོས་ཡ་མིན་འདུག
    ལོ་རྒྱུས་སམ་ག་རེ་ཡིན་ན་རྡ་སར་བཞུགས་པའི་ཀརྨ་ཁོང་་ཀམ་ཚང་ཆ་ཚང་ལ་ཁྱབ་བྱེད་དུ་དུས་ནམ་འགྱུར་ན་གཞི་ནས་བཀའ་བརྒྱུད་སྤྱི་པའི་བླ་མར་འོས་མིན་ལྟ་རྒྱུ་རེད། ད་ལྟ་བོད་སྤྱི་པའི་བླ་མ་ཟེར་ན་རྐུབ་ནས་གད་མོ་འཆོར་ཡ་རང་རེད། སྙིང་རྗེ། ༧ དཔལ་ལྡན་འབྲུག་པ་དང་། ༧རྒྱལ་ཀུན་ཕྲིན་ལས་པ་ཀརྨ་པ་མཐའ་ཡས་རྡོ་རྗེ། འབྲི་གུང་༧སྐྱབས་མགོན་ཆེ་ཆུང་འདི་ཚོའི་དྲུང་ན་སྲིན་འབུའི་མེ་ཙམ་རེད། པེ་ཤ་བདག་པོ་ཡག་པོ་རྒྱབ་མ་ཤེས་མཁན་དེ་བོད་སྤྱིའི་བླ་མར་ག་ལ་རུང་།

  53. མེ་ཏོག་དཀར་པོ། says:
    2012-11-21 at 10:33 pm

    ཀརྨ་ཁྱབ་རྒྱ་ཆུང་གི་རེད། ཁྱབ་ཡུལ་ཀམ་ཚང་ཕྱེད་ཀ་ཙམ་རེད། ཧ་ཧ་ཧཧ་

  54. མྱི་དཀར་ says:
    2012-11-21 at 11:14 pm

    བོད་སྤྱི་ཡི་བླ་མ་ཞིག་ཡོད་ན་དེ་ནི་བོད་པ་ཁ་ཆེ་ཚུན་ཆད་ཀྱིས་བླ་མར་བརྩི་ཞིང་དབང་ལུང་མན་ངག་ཞུ་ས་ཞིག་དགོས་པས་དེ་ནི་དེ་སྔ་མ་སྲིད་ཅིང་ད་ཡང་མི་སྲིད་དོ། །

  55. མེ་ཏོག་དཀར་པོ། says:
    2012-11-21 at 11:47 pm

    རེེད། དམན་པ་ལ་དགག་སྒྲ་ཟེར་བ་དང་། གཟན་གྱི་ཟུར་གཅིག་ཚིག་པས་གཟན་ཚིག་ཟེར་བ་དེ་འདྲའང་ཡོད་རེད། སེམས་ཁྲལ་མ་བྱེད། བོད་སྤྱི་པའི་བླ་མ་ཞིག་འདུག་ན། ཡིན་ན། ཡོད་ན་༧གོང་ས་མཆོག་རེད། དེ་མིན་ཚོར་རེ་བ་ནི་རེ་བ་ཙམ་རེད། སྙིང་རྗེ་ཡ་རེད། ད་ལས་རང་གི་ཁྱབ་ཁོངས་གི་ཆོས་བརྒྱུད་ལ་ཐུགས་བསམ་བཞེས་ན་ཡག་ག་རེད།

  56. རྒྱལ་ཁམས་ says:
    2012-11-23 at 6:29 pm

    སྔོན་འདས་པའི་དུས་སུ་བོད་སྤྱི་ལ་ཁྱབ་པའི་ ༧ བླ་མ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་
    སངས་རྒྱས་ཀྱི་ལུང་གི་ཟིན་པའི་ སངས་རྒྱས་གཉིས་པ་ཞེས་ཡང་མཚན་དུ་ཐོགས་པའི་སྐྱེས་བུ་ཆེན་པོ་འཇིག་རྟེན་
    མི་དང་མི་མ་ཡིན་ཀུན་མངའ་དབང་དུ་འདུ་བའི་སྐྱེས་བུ་ལ་ཡང་མ་དད་མཁན་མང་དུ་འདུག་ན་
    ད་ནི་དུས་ཚོད་དུག་མིན་མི་ཤེས་ཀྱང་སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་སྨན་པའི་དབང་གི་བོད་སྤྱི་ལ་དབང་བའི་
    བླ་མ་ཞིག་ཧ་བཅང་གི་དཀའ་འོ།
    དེ་ལྟ་བུའི་རེ་བ་མ་རྒྱབ་ན་དགའ་འོང་།
    སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་གྲངས་ཀྱི་མི་ལོངས་བས་
    བླ་མ་ཡང་གྲངས་ཀྱི་མི་ལོངས་
    དེ་ལ་དད་མཁན་གྱི་སློབ་མ་ཡང་གྲངས་ཀྱ྄ི་མི་ལོང་ངོ་།

  57. གཟུར་གནས་བློ་ལྡན་། says:
    2012-11-23 at 7:51 pm

    ཁྱབ་ཡུལ་འབྲས་སྤུང་ཕྱེད་། ཧ ཧ། ཀུ རེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme