Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲང་གཏམ་རྣ་བའི་བདུད་རྩི། སྤྲུལ་སྐུ་ཨོ་རྒྱན་ལ་བསྤྲིངས་པ།

Posted on 2012-11-182012-11-18 By ཁ་བརྡ་ 40 Comments on དྲང་གཏམ་རྣ་བའི་བདུད་རྩི། སྤྲུལ་སྐུ་ཨོ་རྒྱན་ལ་བསྤྲིངས་པ།

བསྟན་འཛིན་དགེ་ལེགས།

ཨོ་རྒྱན་ཉི་མ་ཟེར་བ་འདིས་བོད་ཡིག་འཁྱ་རེ་འཁྱོ་རེ་ཞིག་བྲིས་ཏེ་རྒྱ་དཔོན་ལ་ཡི་གེ་བྲིས་ཁུལ་བྱས་འདུག་ཀྱང་དོན་དུ་ཁོ་པས་བོད་མིའི་མངོན་འདོད་སྤྱི་དང་ལྷག་པར་རང་སྲོག་བློས་བཏང་ནས་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་དང་འབོད་ཚིག་ཁག་དེ་བས་ཤེས་མིན་འདུག རང་དབང་དང་། རང་བཙན་གཉིས་དོན་གཅིག་ཏུ་སེམས་ནས་འགྲེལ་བཤད་བྱས་འདུག རང་དབང་ནི་ཨིན་ཚིག་ཏུ་ Free doom ཟེར་བ་དང་། རང་བཙན་ནི་ཨིན་ཚིག་ཏུ་ independent ཟེར། མིང་ཚིག་འདི་གཉི་ས་ཁག་ཁག་ཡིན་པ་མ་ཟད་དོན་དག་ཀྱང་སོ་སོར་གོ་རྒྱུ་ཡིན་པ་ཤེས་དགོས། གལ་ཏེ་མི་ཞིག་ལ་རང་དབང་མེད་ན་མི་དེར་མི་ཡི་རྣམ་དཔྱོད་འདོན་པའི་ནུས་པ་དང་། སྤྱི་ཚོགས་ཕན་བདེའི་ཞབས་ཞུ། རང་གི་ལྟོ་གོས་སོགས་གང་སྤྱིའི་ཐད་ནུས་མེད་དུ་གྱུར་ནས་དུད་འགྲོ་ལྟ་བུའི་འཚོ་བ་སྐྱེལ་དགོས་པས་ན། འགྲོ་བ་མི་ཞིག་ཡིན་ཕྱིན་འགྲོ་བ་མི་ཡི་རང་དབང་དགོས་པ་ནི་མི་ཚང་མའི་ཁེ་དབང་དང་རེ་འདོད་ཞིག་ཀྱང་ཡིན།   བོད་མི་ཚོས་འགྲོ་བ་མི་རིགས་གཞན་ལ་ཡོད་པའི་རང་དབང་དང་། རྒྱ་ནག་དམར་པོའི་རྩ་ཁྲིམས་ནང་དུ་འཁོད་པ་བཞིན་མི་རིགས་དབྱེ་འབྱེད་མེད་པར་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དགོས་ཟེར་བ་ལས། རྒྱ་མི་རིགས་ལ་གནོད་ཅིང་རྩ་ཁྲིམས་དང་མི་མཐུན་པའི་ཆ་རྐྱེན་གང་ཡང་རྩོད་ཀྱི་མེད་པ་དེ་དེ་ནས་ཤེས་དགོས་ཀྱི་འདུག བོད་ལ་རང་དབང་བྱུང་ན་དེའི་ཉེར་ལེན་སམ་ཞོར་འགྲོས་སུ་སོག་པོ། ཤིན་ཅང་། དེ་བཞིན་དུ་རྒྱ་ཧན་མི་རིགས་ལ་ཡང་རང་དབང་གི་ཉི་མ་འཆར་འཐུབ་ཀྱི་རེད། ཁྱེད་རང་གི་བཤད་ཡས་མང་ཆེ་བ་རྒྱ་དཔོན་ཚོས་མི་ལོ་བདུན་ཅུ་ཙམ་གྱི་རིང་བཤད་ནས་ལག་ལེན་བྱེད་དང་བྱེད་བཞིན་པ་རེད། དེ་ལྟ་བུའི་གདུག་རྩུབ་དང་གཉའ་གནོན་འོག་གཅེས་པའི་ཕ་མ་སྤུན་མཆེད། མཛའ་ཞིང་བརྩེ་བའི་བཟའ་མི་བུ་ཕྲུག་སོགས་འཇིག་རྟེན་འདིར་ཡོད་པའི་གཅེས་འོས་ཀྱི་དངོས་པོ་ཡོད་ཚད་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་བློས་བཏང་ནས་རང་ལུས་མེར་སྲེག་ཏེ་རྒྱ་མི་གུང་ཁྲན་ལ་ངོ་རྒོལ་བྱས་པ་རེད། བོད་ལ་རང་དབང་འབྱུང་དང་མི་འབྱུང་དེ་རྒྱ་མི་གུང་ཁྲན་གྱི་ལག་ཏུ་ཡོད་པ་གསལ་པོ་རེད། གལ་ཏེ་ཁྱེད་ལ་རང་དབང་ཆ་ཚང་བ་ཞིག་མེད་ན་ཆོས་ལ་དགའ་བའི་གང་ཟག་གཅིག་ཡིན་ཀྱང་ཆོས་བྱེད་དབང་མེད། མི་རིགས་འདྲ་མཉམ་གྱི་རང་དབང་མེད་ན་རིས་མེད་ལ་དགའ་བའི་བྱིས་པ་ཡིན་ཀྱང་རིས་མེད་ཡོངས་ཐབམེད་པས་དེས་ན་དགོས་རྒྱུ་དེ་རང་དབང་དང་། རྩོད་རྒྱུ་དེ་ཡང་རང་དབང་རེད། གཞན་ཡང་བོད་ཀྱི་གནད་དོན་ངོས་འཛིན་བྱེད་ཕྱོགས་ཐད། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་ས་༧སྐྱབས་མགོནཆེན་པོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཀའ་བསྩལ་བར། རྒྱལ་སྤྱིའི་ཐོག་བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཞིག་ཏུ་བཤད་ཀྱི་ཡོད་ཀྱང་། ཁོང་གི་ངོས་ནས་བོད་ཀྱི་གནད་དོན་ནི་དམིགས་བསལ་བ་ཞིག་ལ་གཟིགས་ཀྱི་ཡོད་པ་དང་། དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཙམ་དང་བོད་གཅིག་པུའི་གནད་དོན་ཙམ་མིན་པར། འཛམ་གླིང་ཡང་ཐོག་ཏུ་ཆགས་པའི་བོད་ཀྱི་ཁོར་ཡུག་དང་གཏེར་དངོས།   ཨེ་ཤ་ཡ་དང་འཛམ་གླིང་སྤྱི་ལ་འབྲེལ་བ་དམ་པོ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་དང་། དེ་བཞིན། བོད་ཀྱི་ཆོས་དང་རིག་གཞུང་ནི་བོད་དང་ཧི་མ་ལ་ཡའི་རི་རྒྱུད་གཙོས་ནང་པའི་རྒྱལ་ཁབ་ཁག་དང་། འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་འཆམ་མཐུན། མིའི་རིགས་ཀྱི་བཟང་སྤྱོད་གོང་འཕེལ་གྱི་གནད་དོན་དང་འབྲེལ་ཡོད་ལ། ཆབ་སྲིད་ཀྱི་གནས་བབ་ཐད་ནས་ཀྱང་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གི་འབྲེལ་ལམ་བརྟན་བརླིང་ཡིད་ཆེས་ལྡན་པ་ཞིག་ཡོང་རྒྱུར་བོད་ཀྱི་གནད་དོན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་བཅས་གསུངས་འདུག དེས་ན་དེ་དོན་སེམས་ལ་བཞག་ཏེ་བོད་མི་ཞིག་ཡིན་པའི་ཆ་ནས་སྨྱོ་བཤད་དེ་ལྟར་མ་བྱས་པར་སྤྲུལ་སྐུ་དངོས་གནས་པ་ཞིག་ཡིན་ན་འདས་པོ་དེ་ཚོའི་ཆེད་སྨོན་ལམ་དང་། བསྔོ་བ་སོགས་ལ་འབད་པར་ཞུ།།

དཔྱད་རྩོམ།

Post navigation

Previous Post: ༧རྒྱལ་བ་རིན་པོ་ཆེས་མཚམས་འཇོག་དགོས་པའི་གསུང་འཕྲིན་ཕེབས་དགོས་པ་རེད་ཅེས་ཟེར་མཁན་མི་འདུག་ཟེར།
Next Post: མེར་སྲེག་གི་ནུས་སྟོབས། ༼གློག་བརྙན་དུམ་ཚན་གཉིས་ཡོད༽

Comments (40) on “དྲང་གཏམ་རྣ་བའི་བདུད་རྩི། སྤྲུལ་སྐུ་ཨོ་རྒྱན་ལ་བསྤྲིངས་པ།”

  1. ཨོ་རྒྱན་ཉི་མ། says:
    2012-11-18 at 4:36 am

    གང་ལྟར་ཡང་ཁྱེད་རང་ཕེབས་པ་ལེགས། ་་་་་་་་་་་་་་་་་་་་་་་་་་་་་་རྒྱ་ནག་ནང་ལ་དུད་འགྲོའི་ལྟ་བུའི་འཚོ་བ་སྐྱེལ་བ་དང་། མིའི་མི་ཚེ་སྐྱེལ་མིན་རང་རང་རག་ལས་པ་རེད། ཁྱོད་རང་གིས་ཆོས་པ་ཡང་དག་པ་ཞིག་དང་། དཔལ་འབྱོར་ཅན་གྱི་ཕྱུག་པོ་གཉིས་ཆབ་སྲིད་མ་འབྲེལ་བ་གང་བྱས་ཀྱང་དགག་བྱ་མེད་པ་ནི་ཚང་མས་མཐོང་བཞིན་པ་རེད། དཔེར་ན་བོད་ཀྱི་རིག་གཞུང་ལ་བོད་ལ་ཡོད་པ་ཚོ་མཁས་པ་དང་། དགེ་འདུན་པ་བོད་ལ་ཡོད་པ་གཙང་བ་དང་། བོད་ཀྱི་ལ་རྒྱ་ཡང་བོད་ལ་ཡོད་པ་ཚོ་བརྟན་པ་བཞིན་རེད། དཔལ་འབྱོར་དང་། ཆོས་གཉིས་ཆབ་སྲིད་དང་འབྲེལ་བ། ཆབ་སྲིད་དེ་ཡང་རྒྱ་ནག་གཞུང་གི་ཁྲིམས་དང་མི་མཐུན་པ་བྱེད་བསྡད་ན་མི་ཆོག་པ་དེ་ནི། རྒྱ་ནག་ཙམ་མ་ཟད་རྒྱལ་ཁབ་ཚང་མ་གཅིག་མཚུངས་རེད། བོད་མི་རང་ལ་རང་དབང་དགོས་ཀྱིན་ཡོད་ན་རང་ས་ན་འདུག རང་གི་སྒོ་གསུམ་བདག་པོ་རྒྱོབས། བོད་སྐད་ཤོད། བོད་གོས་གོན། བོད་ཟས་ཟོ། བོད་ཀྱི་རིག་གཞུང་ལ་བརྩོན་པ་གྱིས། འདི་ཙམ་གྱིས་བོད་ཀྱི་མ་འོངས་པའི་མངོན་འདོད་འགྲུབ་ཐུབ་རྒྱུ་རེད་མ་གཏོགས། ལག་ཆ་དང་། གོ་མཚོན་གང་ཡང་མེད་པར་དམར་ཡག་སྟག་གི་ཁ་རྩ་ན་ཁུ་ཚུར་ཕྱར་ན་རང་སྲོག་འཆོར་བ་ལས་གཞན་ཞིག་གང་ན་ཡོད།

  2. རྒྱང་རིང་གི་ཕུག་རོན་དཀར་པོ། says:
    2012-11-18 at 5:06 am

    ཕལ་ཆེར་བན་ལོག་སྤྲུལ་ལོག་འདིས་རྒྱ་དམར་གྱི་ཚབ་བྱས་ཏེ་མདུང་རྩེ་ནང་ལ་སྣུན་གྱི་ཡོད་པ་རེད་འདུག། རྒྱ་དམར་གྱི་སྲིད་ཇུས་གསར་པའི་ནང་ཕྱིར་སྡོད་བོད་མི་ནང་རུལ་བར་རྐུབ་སྟེགས་བཞག་ཡོད་པའི་ཁྱབ་སྒྲག་བྱས་འདུག། ཅིག་བྱས་ན་བན་ལོག་འདི་ལ་ཡང་རྐུབ་སྟེགས་གཅིག་རག་ཡོད་ཤས་ཆེ།

  3. རལ་གྲི says:
    2012-11-18 at 5:28 am

    སྤྲུལ་སྐུ་མིང་ཅན་ཁྱེད་ཁ་ལ་བདག་པོ་གཏོག་ཙམ་རྒྱོབས་ཤིག རང་གི་སྤྱོད་པ་རང་གིས་མི་མཐོང་ཤིང་གཞན་ལ་སྐྱོན་བརྗོད་པའི་ཁ་དེ་གཏོག་ཙམ་ཚུམས་ཤིག རྩོམ་འབྲི་བའི་ཐོག་མའི་ཆ་རྐྱེན་མི་གཞི་དྲང་དགོས་པ་དེ་སེམས་ནས་མ་བརྗེད། མ་གཞི་ཁྱེད་རྩོམ་པ་པོ་ཞེས་པའི་ཐ་སྙད་ཡེ་ནས་མི་འདུག་ལ་ཕྱོགས་ཞེན་ཁོ་ན་ལས་མེད་པར་ཁྱེད་ཀྱིས་བྲིས་པའི་ཆོག་ཤེས་ཞེས་པའི་དེབ་དེ་ལས་གསལ་འདུག ད་དུང་དེབ་དེ་སྤྱི་ཚོགས་སུ་དང་པོ་སྒོར་ཉིས་བརྒྱ་ལྔ་བཅུ་བྱས་ནས་བཙོང་དུས་ཉོ་མཁན་མ་རེག་ སྒོར་ཉིས་བརྒྱ་བྱས་ཀྱང་ཉོ་མཁན་མ་རེག་ ཐ་མ་རིན་མེད་དུ་སྤྲད་ཀྱང་ལེན་མཁན་མ་རེག་པར་རྡ་སར་ནས་མཐོང་། དམིགས་གསལ་ཚོགས་བཅར་བ་ཚོར་རིན་མེད་དུ་སྤྲད་ཀྱང་མི་ལེན་པ་དེས་དེབ་དེར་རིན་མཐོང་མེད་པ་དང་ཕྱོགས་ཞེན་ཁོ་ན་ལས་མེད་པ་དེ་མཚོན་ཡོད། ཚོགས་བཅར་ཞིག་དེབ་དེ་སུས་རྩོམ་པ་རེད་ཟེར་སྤྲུལ་སྐུ་ཨོ་རྒྱན་ཉི་མས་རྩོམ་པ་རེད་དུས ཁོས་ཕེས མི་དགོས་ཁོང་སྨྱོན་པ་རེད་ སྔོན་མ་ནས་དྲྭ་ཐོག་ནས་ཁོང་གི་གནས་ཚུལ་ཆ་ཚང་མཐོང་སོང་ ད་དུང་མི་ལ་སྐྱོན་བརྗོད་ཁུལ་བྱས་ངོ་ཚ་ཡ་ཡོད་མ་རེད་ཟེར དེར་བརྟེན་ཁྱོད་ཀྱི་དེབ་དེ་ལ་རིན་མཐོང་ལྟ་དགོས་པར་ཁྱེད་ཀྱི་མིང་དེས་མི་ཐམས་ཅད་ཞེན་པ་ལོག་ཆུག་ཚར་རེད

  4. ཨོ་རྒྱན་ཉི་མ། says:
    2012-11-18 at 8:19 am

    ངས་འགྲེམས་སྤེལ་བྱས་པ་དེ་ཉོ་མཁན་མ་རག་ནས་གང་ཡང་མིན། གཅིག་ནས་དང་པོ་བཙོང་བ་དེ་དག་རོགས་པ་བྱེད་མཁན་ཚོར་འགྲོ་སོང་དང་། རྔན་པའི་ཆེད་དུ་ཡིན། དཔེ་སྐྲུན་བྱས་ཏེ་ཟླ་བ་འགའ་ཤས་ནང་དེབ་ཉིས་སྟོང་ཐམ་པ་འགྲོ་ཐུབ་པ་ཁག་པོ་རེད། གང་ལྟར་ཡང་ངས་དྲན་ཚད་བཤད་ཡོད། ཁྱེད་ཅག་ཕུང་གསུམ་པ་ཚོར་ཕོགས་ཡོད་རྒྱུ་རེད། ཕོག་ན་ཏག་ཏག་རེད། རྡ་སའི་སྲང་ལམ་ཉུལ་བའི་སྡོམ་མེད་ཀྱི་གྲྭ་འཁྱམས། ཁྲེལ་མེད། ཞབས་འདྲེན་དེ་ཚོ་ལ་ཕོག་ན་བསམ་ནས་བྲིས་ཡོད།

  5. འཇམ་གཅེས says:
    2012-11-18 at 9:50 am

    སྡོམ་མེད་ཀྱི་གྲྭ་འཁྱམས། ཁྲེལ་མེད། ཞབས་འདྲེན་དེ་ཚོ་ལ་ཕོག་ན་བསམ་ནས་བྲིས་ཡོད་ཟེར། སྡོམ་མེད་ཀྱི་གྲྭ་འཁྱམས་ཤེས་བྱ་མ་ཡིན་སྟེ། གྲྭ་འཁྱམས་ཡིན་ན་གྲྭ་བ་ཡིན་དགོས། དེ་ཡིན་དགོས་སྟེ། མི་འཁྱམས་ཡིན་ན་མི་ཡིན་དགོས་པ་གང་ཞིག །རྣམ་པ་ཀུན་ཏུ་མཚུངས་སོ། སྡོམ་མེད་ཡིན་ན་ཞབས་འདྲེན་མ་ཡིན་མི་དགོས་སྟེ། ལྟས་ངན་དམ་ལོག །ཞབས་འདྲེན་པ་ཨོ་རྒྱན་ཉི་མ་བཞིན་ནོ། རིག་ལམ་གི་འགྲོས་དེ་ཙམ་ཡང་མི་ཤེས་ན་མཁས་བླུན་ཡིན་མིན་མ་བཤད་ན་མཛེས་སོ། །

  6. ཨོ་རྒྱན་ཉི་མ། says:
    2012-11-18 at 9:59 am

    བོད་པའི་སྐྱ་སེར་འགའ་ཞིག་གིས་བོད་པའི་ཆེད་དུ་གང་བྱས་དགེ་བ་དང་། རྒྱ་ནག་གི་ཆེད་དུ་གང་བྱས་དགེ་བར་བརྩིས་ཤིང་། བོད་ལ་ཤིན་ཏུ་ཆགས། རྒྱ་ལ་ཤིན་ཏུ་སྡང་། དེ་འདྲའི་ཆོས་པ་ཞིག་ཡོད་དམ། ང་རང་ཉིད་ལ་མཚོན་ན་ཕ་མ་སྤུན་མཆེད། ཆུང་མ་དང་། ཕྲུ་གུ་སོགས་ཆགས་པ་ཡོད་ཀྱང་། ང་མི་དགའ་བའི་གང་ཟག་ཚོར་དེ་འདྲའི་སྡང་བ་ཞིག་སྐྱེ་ཐུབ་ཀྱི་མི་འདུག གལ་སྲིད་ཞེ་སྡང་ཕྲན་བུ་སྐྱེ་སྲིད་ཀྱང་། དེ་ཉིད་དགེ་བར་རློམས་པ་ནི་དུས་ནམ་ཡང་མེད་དོ། །

  7. འཇམ་གཅེས says:
    2012-11-18 at 10:11 am

    མཁྱེན་ཡངས་དྲ་གྲོགས་ཡངས་ལ་ཞུ་རྒྱུར། དེ་རིང་ནས་བཟུང་ཞབས་འདྲེན་པ་ཨོ་རྒྱན་ཉི་མ་ཟེར་མཁན་འདི་ཡིས་རྩོམ་ཡིག་གང་འདྲ་ཞིག་སྤེལ་ན་ང་ཚོས་ཁོ་ལ་འདི་ཡིན་འདི་མིན་གྱི་མཆན་བུ་མ་བཀོད་རོགས། དུས་ཚོད་འཕྲོས་རླགས་དང་། སྤྱི་ཚོགས་ནང་ཁུལ་དཀྲུགས་བྱེད་ལས་དགེ་མཚན་གང་ཡང་མི་འདུག །ཁ་བརྡའི་དྲ་བདག་ཡིན་ཡང་རྩོམ་ཡིག་འདི་འདྲའི་རིགས་ལ་དག་སྣང་ཆེ་ཙམ་གནང་རོགས། མདོར་ན་ང་ཚོ་ནི་རྒྱ་ནག་དམར་པོའི་བསྡུག་རྩིབ་འོག་ཏུ་གནས་པར་འདྲ་འདྲ་ཡིན་པར་བརྗེད་མི་རུང་། མི་ངན་ཁོ་རང་ལ་འདི་ལྟར་བཤད་དགོས་པའི་ལས་འགན་དམིག་བསལ་ཞིག་ཡོད་ངེས་རེད་་་་་

  8. ཨོ་རྒྱན་ཉི་མ། says:
    2012-11-18 at 11:23 am

    བོད་པའི་སྐྱ་སེར་འགའ་ཞིག་གིས་བོད་པའི་ཆེད་དུ་གང་བྱས་དགེ་བ་དང་། རྒྱ་ནག་གི་ཆེད་དུ་གང་བྱས་མི་དགེ་བར་བརྩིས་ཤིང་། བོད་ལ་ཤིན་ཏུ་ཆགས། རྒྱ་ལ་ཤིན་ཏུ་སྡང་། དེ་འདྲའི་ཆོས་པ་ཞིག་ཡོད་དམ། ང་རང་ཉིད་ལ་མཚོན་ན་ཕ་མ་སྤུན་མཆེད། ཆུང་མ་དང་། ཕྲུ་གུ་སོགས་ཆགས་པ་ཡོད་ཀྱང་། ང་མི་དགའ་བའི་གང་ཟག་ཚོར་དེ་འདྲའི་སྡང་བ་ཞིག་སྐྱེ་ཐུབ་ཀྱི་མི་འདུག གལ་སྲིད་ཞེ་སྡང་ཕྲན་བུ་སྐྱེ་སྲིད་ཀྱང་། དེ་ཉིད་དགེ་བར་རློམས་པ་ནི་དུས་ནམ་ཡང་མེད་དོ། །

  9. མེ་ཏོག་དཀར་པོ says:
    2012-11-18 at 11:28 am

    ཕུང་གསུམ་པར་ཞེ་སྡང་སྐྱེ་གི་མིན་འདུག་གམ། རྐུབ་ནས་གད་མོ་ཤོར་ཡ་རང་རེད།

  10. amdo baglab says:
    2012-11-18 at 12:06 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས། གོང་དུ་ཁྱོད་ཀྱིས་བྲིས་པའི་ཆོས་ཤེས་དེབ་དེ་ཉོ་མཁན་མ་རྙེད་པ་མ་ཟད་རིན་མེད་དུ་སྦྱིན་ཀྱང་ལེན་མཁན་མ་རྙེད་པ་རེད་ཟེར་ནས་བྲིས་འདུག་པས་དེ་བདེན་པ་རེད་པས། ངས་བསམ་ན་དེ་འདྲ་ཡིན་མི་སྲིད་པ་ཞིག་རེད་བསམ་བྱུང་། འོན་ཀྱང་ཁྱོད་ཀྱི་ཆོག་ཤེས་དེ་ཡག་འདུག་བཟང་འདུག་ཟེར་མཁན་ད་ལྟའི་བར་གོ་བྱུང་ཡང་རིན་མེད་དུ་སྦྱིན་ན་ངས་ཀྱང་ལེན་གི་ཡིན། ཁ་ཅིག་གིས་ཆོག་ཤེས་ཞེས་པའི་དེབ་ཀློག་ན་ཤེས་རབ་འཆལ་གི་རེད་ཟེར་གི་འདུག་ཀྱང་དེ་ཙམ་ཡང་ཨེ་བདེན་མི་ཤེས། ད་ཆ་ཁྱོད་ཀྱིས་ཆབ་སྲིད་ཀྱི་སྐོར་བྲིས་ཁུལ་བྱས་རྐྱེན་གྱིས་ཁ་བརྡ་དྲ་ཐོག་ནས་ཁྱོད་ལ་ཁ་བརྡུང་དུ་མ་ཞིག་བཏང་འདུག་པས་ཆོས་དང་ཆབ་སྲིད་གཉིས་ཀ་ཁྱོད་ཀྱིས་ཨེ་འཇོན། སྔར་ཆོས་མགོ་མ་ཐོན་ནས་སོར་སྡོམ་ཡང་ཤོར་ནས་ད་ཆབ་སྲིད་ལ་དཔྱད་བརྗོད་བྱས་ན་ཡང་ཁྱོད་ཀྱིས་འཇོན་བསམ་པ་ཞིག་གཏན་ནས་མི་འདུག ང་ཡང་ཁྱོད་ཀྱི་གྲོགས་པོ་ཞིག་ཡིན་ཀྱང་ད་ནི་ཁྱོད་ཀྱིས་བཤད་ཚད་ལས་ཚད་ཧ་ཅང་ཐལ་དྲག་རྐྱེན་གྱིས་ཞེན་པ་ལོག་པ་འདྲ་ཞིག་ཡོང་གི་འདུག རང་གིས་བྱས་པ་དང་འཇོན་པ་སྣེ་ཅིག་མེད་ཁར་གོང་ས་མཆོག་མན་ཆད་ཆོས་རྒྱུད་ཁག་གི་བླ་མ་དང་དགོན་པ་གྲྭ་པ་མང་པོ་ཞིག་ལ་དད་པ་དང་དག་སྣང་མེད་ཁར་ད་དུང་མི་བཟད་པའི་སྐུར་འདེབས་བྱས་པ་ནི་ཐལ་ཆེ་དྲག་འདུག་ལགས།།

  11. amdo baglab says:
    2012-11-18 at 12:07 pm

    ད་ལྟའི་བར་གོ་བྱུང་ཟེར་བ་་་་་་་་་་་་་་་་་་་་་་་གོ་མ་བྱུང་བཅོས་རོགས་ཞུ།

  12. མེ་ཏོག་དཀར་པོ says:
    2012-11-18 at 12:35 pm

    སྔོན་དུས་དགེ་སྟག་སྤྲུལ་སྐུ་དང་། །
    དེང་དུས་ཨོ་ཉི་སྤྲུལ་སྐུ་གཉིས། །
    སྲང་ལ་གཞལ་ན་ལྕི་ཡངས་མེད། །
    བོད་ལ་གནག་པ་འདྲ་མཉམ་རེད། ། རྒྱ་ལ་དགའ་བ་དོ་མཉམ་རེད། །
    དེང་ནས་སྐྱེ་བ་ཚེ་རབས་སུ། །
    ཡང་ན་རྒྱ་རུ་སྐྱེས་གྱུར་ཅིག །
    ཡང་ན་བོད་དུ་སྐྱེས་གྱུར་ཅིག །
    རྒྱ་མིན་བོད་མིན་འདྲེ་འདྲ་བ། །
    ཨོ་ཉི་འདྲ་བ་མ་གྱུར་ཅིག །
    རབ་བྱུང་སྡོམ་པ་སྲུང་མ་ཐུབ། །
    དེ་ཡི་ཡུས་དེས་གཞན་ལ་འཛེར། །
    བླ་མ་མཆེད་གྲོགས་ཀུན་དང་འགྲས། །
    མཐོ་དམན་མེད་པར་ཡ་ག་སྒྲོགས། །
    དམ་པ་མང་པོའི་ཐུགས་རྒྱུད་དཀྲུག །
    དགེ་འདུན་སྡེ་ལ་དབྱེན་གྱིས་སྦྱོར། །
    ད་དུང་བསྟན་པ་སྲུང་ངོ་ཞེས། །
    ངན་བྱས་ངོ་སོ་སྒྲོགས་པ་འདིས། །
    སྡོམ་དུས་ཐར་པ་ནག་པོ་དང་། །
    ཕྱིས་ཀྱི་དགེ་སློང་ལྷ་ཆེན་པོ། །
    ད་ལྟའི་ཨོ་རྒྱན་ཉི་མ་གསུམ། །
    སེམས་བརྒྱུད་གཅིག་པ་མིན་ནའང་། །
    ལྟ་གྲུབ་ཨ་ན་མ་ན་རེད། །

  13. ཨོ་རྒྱན་ཉི་མ། says:
    2012-11-18 at 12:46 pm

    ལེན་མཁན་མེད་ཟེར་བ་སྐྱག་རྫུན་རེད། ངས་འཇོན་ན་བསམ་ནས་ཆབ་སྲིད་བཤད་མེད། གང་དྲན་བཤད་པ་ཡིན། འཇོན་ཡོང་རྒྱུ་གང་ཡང་མེད་པ་རེད། ངས་སྐད་ཆ་དང་། བོད་རང་བཙན་གཉིས་གཅིག་པ་རེད། ཁྱོད་རང་ང་ལ་ཞེན་པ་ལོག་ན་ལོག་ཤོག ང་ལ་ཆབ་སྲིད་ཀྱི་རིང་ལུགས་དམིགས་བསལ་གང་ཡང་མེད་ཀྱང་། མིག་སྔར་གང་སྣང་ལ་དེ་ལ་ཐེ་དོགས་བྱེད་བཞིན། རིས་མེད་ཀྱི་རྒྱལ་ཁམས་བལྟད་མོས་གཡེངས་ཏེ། ཧཧཧཧཧ ངས་དམ་པ་མང་པོ་ལ་སྐྱོན་གང་ཡང་བཏགས་མེད། ངས་བརྗོད་པ་ཚང་མ་ལོ་མང་རིང་བསམ་བློ་བཏང་། དེས་བསྟན་པ་ལ་ཕན་གནོད་གང་འདུག་དང་པོ་སྔོན་ལ་བརྟགས་དཔྱད་བྱས། གཟོད་བཤད་པ་ཡིན། ངས་སྡོམ་པ་སྲུང་མ་ཐུབ་ནས་སྐྱ་སར་བབ་པ་གང་ཡང་མིན། ངས་བསམ་བཞིན་དུ་སྡོམ་པ་ཕུལ་བཞག་པ་ཡིན།

  14. མེ་ཏོག་དཀར་པོ says:
    2012-11-18 at 1:14 pm

    བསམ་བཞིན་ཕུལ་བ་ཡིན་པ་ཏ་ཟུར་བལྟས་ལེབ་མཐོང་རེད། སྲུང་ནུས་བཞིན་མ་སྲུང་བ་ནི་བསླབ་པ་ཁྱད་དུ་སད་པ་རེད། རིས་མེད་རྒྱལ་ཁམས་ཟེར་བ་དེ་སྐབས་ཐོབ་ཟ་རྒྱུ་གོན་རྒྱུ་ཐོབ་ཙམ་པའི་རྒྱུ་མཚན་རེད། དོན་ལ་རུས་མེད་རེད། ཆོག་ཤེས་དེབ་དེ་བསམ་བློ་མང་པོ་བཏང་ནས་བྲིས་པ་བདེན་སྲིད། ད་བར་དེབ་དེ་ངས་ལག་པར་མ་སོན། དེབ་དེ་ཐོབ་སོང་ན། ཐོག་མཐའ་བར་གྱི་ལྡེབ་གསུམ་དེ་ཁྱིའི་རྔ་མར་བཏགས་ནས་མེར་སྲེག་རྒྱུ་ཡིན། ལྷག་མ་རྣམས་གདུགས་ཤེད་སེང་གསུམ་གྱི་བཟློག་པ་སྦྲགས། འབྱུང་པོ་རྒྱུ་བའི་ལམ་གསུམ་མདོའམ་ག་ཤེད་གཅིག་ཏི་འཕངས་ངེས་ཡིན། བོད་པ་ཚོར་བོད་རང་བཙན་མི་འདོད་པ་མིན་ཀྱང་དགོས་དབང་གིས་རང་བཙན་འདོད་དོན་བསྐྱུར་ཏེ་ཆེས་མཐོའི་རང་སྐྱོང་ལྗོངས་རྩོད་གི་ཡོད། དེ་ལ་ཁྱོད་ཀྱིས་ཀྱང་ཆར་པ་ཆུ་གྲོགས་བྱེད་ཐུབ་ན་བོད་པར་སྐྱེས་པའི་དོན་གོ་ཆོད་པ་རེད། དངོས་སུ་དེ་ལྟར་མ་བྱུང་ཀྱང་སྙིང་ཚིམས་མ་བདར་ན་ལེགས་སྙམ། དེས་ན་ཁྱོད་ཚོས་བོད་རང་བཙན་ཟེར་བ་ལྟ་བུ་ག་ཕྱི་གོ་ལོག་གི་སྐད་ཅོར་མ་རྒྱག་རོགས།
    ལར་ནས་ཁྱོད་ལ་ཅི་ཞིག་གི་འགྲིག་གི་མིན་འདུག
    ག་རེ་ཚང་མ་སོང་། སུས་ཅི་ཞིག་བྱས་སོང་། ཁོས་འགྲིག་མ་སོང་། དེ་མ་རེད། དེ་ཆེ་སོང་། དེ་ཆུང་སོང་། ཉུང་སོང་། མང་སོང་། ལྟ་བུ་མ་འགྲིག་པ་ཤ་སྟག་རེད་འདུག་པས། ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལངས། །ལྷམ མཐིལ་ཙམ་གྱི་ཀོ་བས་ནི། ། ས་སྟེང་ཐམས་ཅད་གཡོག་དང་འདྲ། །ཞེས་པ་ལྟར་རང་སེམས་བདག་པོ་རྒྱབ་རོགས།

  15. དོན་ཡོད་མཁས་གྲུབ། says:
    2012-11-18 at 10:52 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས་ཀྱིས་བརྩམས་གནང་བའི་་་ཆོག་ཤེས་ཟེར་བའི་དེབ་དེ་ངས་གཞན་ས་ནས་བམ་ཀློག་ཅིག་བྱས་པ་ཡིན། དག་སྡེབས་བརྗོད་གསུམ་ལ་བལྟས་ན་་ཧཧཧཧཧཧ བརྗོད་བྱ་གཙོ་བོ་ནི་་དགོན་པ་ཁག་ནང་ཡོད་པའི་བླ་སྤྲུལ་དགེ་འདུན་རྣམས་ཁོང་གི་རྗེས་སུ་འབྲངས་་ཏེ་མི་རིགས་འཕེལ་རྒྱས་ཐོངས།་་ཟེར་བ་དེ་རང་རེད་འདུག་ལགས་་དྲ་གྲོགས་རྣམ་པ།

  16. བོད་ལ་ཞེན། says:
    2012-11-18 at 11:24 pm

    སྤྲུལ་ལོག་ཉོན་ཅིག བོད་ཀྱི་ཆེད་དུ་གང་བྱས་དགེ་བ་ཡིན་མིན་གང་ལྟར་ཡང་བོད་རིགས་ཅིག་ཡིན་ན་འོས་འགན་རེད། དེ་ལ་ང་དྲང་པོ་ཡིན་རྒྱ་དམར་གྱི་ཕྱོགས་བྱེད་ཀྱི་ཡིན་ཟེར་མཁན་བོད་པ་ཞིག་ཡོད་ན་དགེ་མི་དགེ་གང་ཡིན་ཀྱང་ནང་རུལ་པ་དང་རྒྱུག་ཁྱི་རེད། སླར་ཡང་ངས་གསལ་བཤད་བྱེད་རྒྱུ་ཞིག་ལ། སྤྲུལ་ལོག་ཁྱོད་ནས་བོད་ནང་ཆབ་སྲིད་དང་མ་འབྲེལ་ན་རྒྱ་དམར་གྱི་བཟང་རབས་དང་ཡག་རབས། རང་དབང་ཡོད་རབས་མང་པོ་ཞིག་བཤད་འདུག དེ་ལ་ཁྱོད་ཀྱིས་རང་དབང་དང་ཐོབ་ཐང་གི་དོན་ཕྱོགས་ཙམ་ཧ་མི་གོ་བ་རེད། བོད་ནང་ཆབ་སྲིད་ཀྱི་ལས་ཀ་བྱེད་ཀྱང་རུང་མ་བྱས་ཀྱང་རུང་ཐ་ན་སྨན་ཁང་ཞིག་ལ་འགྲོ་བ་དང་དངུལ་ཁང་ཞིག་ན་འགྲོ་དགོས་ཀྱང་བོད་ཀྱི་སྐད་ཡིག་གོ་མི་ཆོད་པ་དེ་སྐད་ཡིག་ལ་རང་དབང་རེད་དམ། ལས་བྱེད་པ་དང་སློབ་ཕྲུག་ཚོ་ཐ་ན་ལྷ་ཁང་ནང་འགྲོ་བ་བསྐོར་བ་ཙམ་ཡང་བསྐོར་མི་ཆོག་པ་དེ་ཆོས་དད་རང་དབང་རེད་དམ། གཏེར་ཁ་དང་ནགས་རྣམས་རྒྱ་ནག་ནང་འཁྱེར་འགྲོ་བ་དེ་དཔལ་འབྱོར་རང་དབང་རེད་དམ། དེས་ན་ཁྱི་ནང་བཞིན་མགོ་སྒུར་ནས་བསྡད་ན་རང་དབང་ཡོད་རེད་ཟེར་བ་དེ་གང་དུ་འདུག

  17. བཟོད་པ་ says:
    2012-11-18 at 11:43 pm

    ཨོ་རྒྱན་ཉི་མའི་གསུང་ལ་མངོན་པར་བསྟོད་་་་གང་ཡིན་ཟེར་ན་བོད་དོན་ཡིན་ཟེར་ནས་བཤད་སྡོད་མཁན་རྣམས་ཀྱིས་དོན་དངོས་སུ་བོད་ནང་གི་བོད་མི་ལ་ཕན་པའི་ལས་ཀ་དེ་སྔོན་ལ་མཐོང་མ་སོང་མ་འོང་པ་ལ་བརྗོད་མི་ནུས་སོ།

  18. སྤོབས་པ་མཐའ་ཡས། says:
    2012-11-19 at 12:55 am

    ཨོ་རྒྱན་ཉི་མས་སྡོམ་པ་ཕུལ་བཞག་བ་ཡིན་གསུངས་འདུག སྡོམ་པ་འབུལ་བའི་ཆོ་ག་ག་འདྲ་ཞིག་ལ་བརྟེན་པ་ཡིན། ང་ལ་བོད་ཀྱི་འདུལ་བ་འཛིན་པ་མཁས་པ་ཞིག་གིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་སྡོམ་པ་འབུལ་བའི་ཆོ་ག་ཞིག་་ཡོད་པ་མ་རེད་ཟེར། དེར་བརྟེན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་སྡོམ་པ་ལེན་དུས་ཟླ་བ་འདི་ཙམ་དང་ལོ་འདི་ཙམ་ཞེས་པ་ཞིག་གཏན་ནས་མེད་པར་དགེ་ཚུལ་སློང་གི་སྡོམ་པ་ཡིན་ཕྱིན་ཐོག་མ་ལེན་དུས་ནས་ཅི་སྲིད་འཚོའི་བར་དུ་ཁས་བླངས་ཡོད་པ་དང་། དེ་ཕུལ་བ་དང་ཤོར་བ་སོགས་ཀྱི་ཐ་སྙད་གང་ཞིག་བཏགས་རུང་དོན་དུ་སྡོམ་པ་ཉམས་པ་ལས་འགྲོ་ས་མེད་ཟེར།

  19. amdo baglab says:
    2012-11-19 at 1:06 am

    ངས་སྔོན་ནས་ཁྱོད་ཀྱིས་སྡོམ་པ་ཕུལ་བ་ཡིན་ཟེར་གི་རེད་བསམ་བྱུང་ཡང་། ད་ལྟ་བར་དུ་ལབ་མ་སོང་། ཡིན་ན་ཡང་ད་སུ་ཡིད་ཆེས། རྒྱལ་བའི་བསྟན་པ་སྲུང་བ་ལ་ཁྱོད་ཀྱི་སྡོམ་པ་བསམ་བཞིན་དུ་ཕུལ་དགོས་བྱུང་བ་ཡིན་ན། དགེ་ཚུལ་སློང་གི་སྡོམ་པ་ཆོས་ཅན། རྒྱལ་བའི་བསྟན་པར་བར་དུ་གཅོད་པའི་ཆོས་ཡིན་པ་ཐལ། ཁྱོད་རྒྱལ་བསྟན་འཛིན་པར་ཆེད་དུ་དམིགས་ནས་སྡོམ་པ་ཕུལ་བའི་ཕྱིར། དེ་ལ་ཨོ་ཉི་ཁྱོད་ཀྱིས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་ཞིག་བཀོད་ཤོག

  20. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 1:10 am

    སྡོམ་པ་ཉམས་པའི་རྒྱུ་ལ་གཉིས། །
    བསླབ་པ་ཕུལ་དང་ཤི་འཕོས་སོ། །ཞེས་པའི་ཚིག་འདི་འདྲ་བ་ཅིག་ཀྱང་དྲན་ཡུལ་དུ་ལྷག་འདུག

  21. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 1:11 am

    ཨོ་ཉིས་སྡོམ་པ་ཕུལ་བ་རེད་ཨེ། ཡ་ཡ་། ལགས་སོ། ལགས་སོ། ང་གཉིས་འདྲ་བའི་ཆ་ཡང་འདུག་གོ ཧ་ཧ།

  22. མེ་ཏོག་དཀར་པོ says:
    2012-11-19 at 1:59 am

    སྤོབས་པ་ལགས། ཁྱེད་ཀྱིས་སྡོམ་པ་ཟེར་བ་དེ་སོར་སྡོམ་ཡིན་ཤག་གིས་ལན་ཞུ་ན། ཉན་ཐོས་སྡོམ་པ་ལན་བདུན་སོར་རུང་བས། །ཞེས་པ་དང་། གཏོང་བ་ནི། བསླབ་པ་ཕུལ་བ། ཤི་བ། མཚན་གཉིས་གཅིག་ཆར་དུ་བྱུང་པ། སྡོམ་ལྡན་རྗེས་མཚན་ཕན་ཚུན་ལན་གསུམ་དུ་འགྱུར་བ། ལོག་ལྟ་བཅས་སོར་སྡོམ་སྤྱིའི་གཏོང་རྒྱུ་རེད། བྱེ་བྲག་དགེ་ཚུལ་སློང་དགེ་བསྙེན་སོགས་ཀྱི་གཏོང་རྒྱུ་ཡང་ཡོད།
    སྡོམ་པ་ཤོར་བ་ནི་རྩ་བཞི་གང་རུང་འཕོག་པ་རེད། དེ་ལའང་འཆབ་བཅས་དང་འཆབ་མེད་གཉིས་ལས་དང་པོ་དེ་ཚེ་འདིར་གསོ་མི་རུང་། གཉིས་པ་སྡོམ་རོ་ཕུལ་ནས་སླར་སྡོམ་ལ་བླངས་ཆོག་པ་དེ་འདྲ་རེད།

  23. མེ་ཏོག་དཀར་པོ says:
    2012-11-19 at 2:02 am

    དཔེར་ན་ཁྱེད་ཀྱི་ཨ་སྒོར་བརྒྱ་དེ་གཞན་ཞིག་གིས་བརྐུས་ནས་འགྲོ་བ་དང་། གཞན་ཞིག་ལ་སྦྱིན་པ་གཉིས་ཀས་ཁྱེད་ཀྱི་ཨ་སྒོར་ཁྱེད་ལས་སྟོང་པར་བྱས་པ་འདྲ་ཡང་། སྤྱིར་ཁྱད་པར་མེད་པ་མིན་པ་བཞིན། གཏོང་བ་དང་ཉམས་པ་གཉིས་ཀྱང་དེ་བཞིན་ནོ།།

  24. སྤོབས་པ་མཐའ་ཡས། says:
    2012-11-19 at 2:13 am

    སྡོམ་པ་འབུལ་བའི་ཆོ་ག་ག་འདྲ་ཞིག་ཡོད་པ་རེད། འདུལ་ལུང་གང་གི་སྐབས་སུ་གསུངས་ཡོད་པ་རེད།

  25. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 2:33 am

    ཨོ་ཉི་ལགས་ཀྱིས།
    དགེ་ལྡན་པ་སྤྱི་ལ་ཐད་ཀར་སྐྱོན་འཛུགས་བྱས་པ་ནས་བཟུང་། ཨོ་ཉིས་རི་བོ་དགེ་ལྡན་པའི་ནང་ལ་ཕུང་སུམ་པ་ཡོད་མེད་ཤོད་སའི་དབང་ཆ་རང་ཉིད་ཀྱིས་འཕྲོག་ཟིནད་པ་ལ་ངོས་འཛིན་ཞུ་བགྱིད་ཡོད་ལགས།

  26. སྤོབས་པ་མཐའ་ཡས། says:
    2012-11-19 at 4:39 am

    ངས་འདི་ན་དོན་གནད་ཅིག་འདྲི་གི་ཡོད། ཨོ་རྒྱན་ཉི་མས་སྡོམ་པ་ཕུལ་ཡོད་ས་རེད། ག་འདྲ་བྱས་ནས་ཕུལ་བ་ཡིན། ཆོ་ག་ག་འདྲ་ཞིག་ལ་བརྟེན་ནས་ཕུལ་བ་ཡིན། འདུལ་བའི་ཕྱག་ལེན་གང་ཡིན་ན་ཡང་ཆོ་ག་ལ་བརྟེན་དགོས་པ་སྨྲོས་མེད་རེད། མེ་ཏོག་དཀར་པོ་སོགས་ལ་ཡང་འདྲི་བཞིན་ཡོད། ངས་འདུལ་བའི་གཞུང་ཁ་ཤས་རེ་བལྟས་མྱོང་། དང་པོ་སྡོམ་པ་མ་ཐོབ་པ་ཐོབ་པའི་ཚུལ། ཐོབ་པ་མི་ཉམས་པར་སྲུང་བའི་ཚུལ། །ཉམས་ན་ཕྱིར་འཆོས་པའི་ཚུལ་ཞེས་པ་ལྟ་བུ་འདུག སྡོམ་པ་ཕུལ་སྟངས་ཞེས་པའི་ཆོ་ག་ཞིག་མཐོང་མ་མྱོང་བ་འདྲ་ཞིག་འདུག ངས་བརྗེད་སོང་བའམ་མཉམ་པར་མ་བཞག་པ་ཡིན་ངེས་རེད། ཁྱོད་ཚོས་བཤད་སྟངས་ལ་བལྟས་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་ཡང་སྡོམ་པ་འབུལ་བའི་ཆོ་ག་ལྟ་བུ་ཡོད་ས་རེད། དེ་ཞིབ་པར་གསུངས་རོགས་གནང་།

  27. མེ་ཏོག་དཀར་པོ says:
    2012-11-19 at 4:55 am

    ད་ལྟ་དུས་ཚོད་དང་ཆ་རྐྱེན་གྱིས་ཆ་ཚང་འབྲི་མི་ཐུབ་རུང་། སྡོམ་པ་འབུལ་ཆོག་་ལྡེབ་མ་གཉིས་ཅན་ཞིག ལོ་ཆེན་ཆོས་དཔལ་རྒྱ་མཚོའི་གསུང་འབུམ་ནང་ཡོད་པ་ཏན་ཏན་རེད། དེ་ཡིན་དུས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་སྡེ་པ་གཞན་བོད་ལ་དར་མེད་པས་འདིའི་ལུགས་ལ་འབུལ་ཆོག་ཡོད་པ་གསལ་ལོ།།

  28. སྤོབས་པ་མཐའ་ཡས། says:
    2012-11-19 at 4:56 am

    སྤྱིར་འདུལ་བའི་ལུགས་ལ་བསླབ་པ་འབུལ་བ་ཡོད་རེད། །ཉན་ཐོས་སྡེ་བ་བཅོ་བརྒྱད་དང་ཉེར་བཞི་སོགས་ཡོད་པ་རེད། དེ་ཚོ་ལ་ལ་ཞིག་ལ་ཡོད་པར་རྩོད་པ་མེད། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ་དེ་ཡོད་རེད་དམ། ཡོད་ན་ད་ལྟ་བོད་ལ་ཡོད་པའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡོམ་རྒྱུན་དེ་ལ་བསླབ་པ་འབུལ་བའི་ཆོ་ག་ག་འདྲ་ཞིག་ཡོད་རེད། ད་གསལ་པོ་ཆགས་སོང་ངམ། ཨོ་རྒྱན་ཉི་མས་ག་འདྲ་བྱས་ནས་ཕུལ་བ་ཡིན།

  29. སྤོབས་པ་མཐའ་ཡས། says:
    2012-11-19 at 4:59 am

    ཨོ་ད་དེ་འདྲ་ཞིག་ཡོད་པ་ལོས་ཡིན།

  30. རལ་གྲི says:
    2012-11-19 at 5:17 am

    སྤྲུལ་རྫུན་ཨོ་ཉོས དེབ་ལེན་མཁན་མེད་ཟེར་བ་སྐྱག་རྫུན་རེད་ཟེར་བ་ལ་ ངས་བརྒྱུད་རིམ་ཞིག་བཤད དེབ་དེ་རིན་གོང་ཆེ་ཆུང་ཇི་ལྟར་བྱས་ཀྱང་མ་ཚོང་ནས་མཐའ་འུ་ཐུག་སྟེ་དམིགས་གསལ་ཚོགས་བཅར་ཚོར་རིན་མེད་དུ་འབུལ་ལམ་ཞུས་ཀྱང་བཞེས་མཁན་མ་རེག་པའི་བཀའ་ངལ་འཕྲད་ཡོད་པ་ཆོག་ཤེས་ཆོག་ཤེས་ཞེས་འབོད་སྒྲ་སྒྲོག་བཞིན་ས་ལྡིང་གནམ་ལྡིང་བྱེད་བཞིན་པ་དེས་ཀྱང་ཤེས་སོང ད་དུང་ངའི་མཆེད་གྲོགས་རྩོག་རིགས་ལ་དགའ་བའི་ཚོགས་བཅར་བ་རྣམ་པ་གཉིས་ཀྱིས་ཀྱང་གཅིག་གིས་ལེན་པ་ཡིན་ ཡིན་ཡང་ཤག་ལ་ཁྱེར་མེད་ཚོགས་ཁང་བཞག་ཡོད་ཟེར གཅིག་གིས་ལེན་མེད་ ཕེས་ཨོ་ཉི་ལ་རྒྱུས་ཡོད་ ཁོང་རྣམ་གླིང་ལ་བསྡོད་དུས་དངོས་གནས་ཨོའོ་ཙམ་ཡོད་རེད་ ཡིན་ཡང་འཕྱན་མ་དེ་དང་ཁ་འཕྲད་རྗེས་སྨྱོ་སོང་ ཁོང་གི་སློབ་གྲོགས་དག་གོང་ས་རེག་དུས་མ་དགའ་ནས་སྨྱོ་ལབ་རྒྱག་བཞིན་པ་རེད་ཟེར། ཡང་ཉིན་ཞིག་སྒེར་དོན་ཞིག་གིས་ལྷོ་ཕྱོགས་སུ་འགྲོ་དགོས་ཐུག་སོང་ ལྷོ་ཕྱོགས་སུ་ཡོད་པའི་གྲོགས་པོ་ཞིག་ལ་ཁ་པར་རྒྱག་ནས་ཁྱེད་ལ་ཁྱེར་དགོས་པ་འདྲ་ཡོད་དམ་ཞེས་དྲིས་པར ཁོང་གིས་དེབ་གསར་པ་འདྲ་ཡོད་ན་ཁྱེར་ཤོག་ཟེར ངས་ཆོག་ཤེས་ཞེས་པ་ཞིག་འདུག་ཞུས་པས དེ་མི་དགོས་འདི་ན་འདུག་ གུང་སེང་ནམ་ཡིན་ལ་སང་ལམ་སུམ་མདོ་བཞི་མདོ་ཡོད་ཚད་ཆོག་ཤེས་ཀྱིས་ཁེངས་འདུག་མོད་ཉོ་མཁན་ནི་ཉིན་མོའི་སྐར་མ་རེད་ རིན་མཐོང་ཅང་མི་འདུག་ཟེར་ཧ་ཧ་ཧ་ ད་དུང་ཡོད་ཀྱང་རྗེས་སུ་ཞུ་ཆོག

  31. མེ་ཏོག་དཀར་པོ says:
    2012-11-19 at 6:26 am

    དེ་ལ་འབུལ་མཁན་དང་་ཕུལ་ཡུལ་སྨྱོ་བ་ནད་པ་སོགས་མིན་པར་ཤེས་པ་རྣལ་དུ་གནས་པ་ཡིན་ན་ད་གས་འཐུས། དགེ་ཚུལ་སློང་འདྲ་དེ་འདྲ་མི་དགོས། ཡིན་ནའང་གང་ཟག་ཅིག་ངེས་པར་དགོས་པ་ལས་རྟེན་ལ་མི་རུང་འདུག་གོ།
    དེ་ཡིན་དུས་འགའ་རེས་རྡོར་གདན་མཆོད་རྟེན་ལ་ཕུལ་ཟེར་བ་འདྲ་གོ་བས་དེ་ཚོ་ཏག་ཏག་ཅིག་ཨ་ཡིན་བསམ་བསམ་འདུག

  32. པདྨ says:
    2012-11-19 at 7:12 am

    འདུལ་བ་ལུང་གཞིར་བཞག་ནས་བཤད་ན་འབུལ་ཆོག་དངོས་དེ་སྨྲ་ཤེས་དོན་གོ་བའི་མི་ལ་སྡུག་བཤད་བཤད་པ་ཞིག་རེད། ངོ་མ་བཤད་ན་སངས་རྒྱས་ཆོས་དགེ་འདུན་པའི་གྲལ་ནས་བུད་པ་རེད། དེ་འདྲ་ཡིན་ཙང་། ཨོ་ཉི་དམ་ཉམས་འདིས་ཡུག་མོ་དེ་ལ་ལབ་པ་འམ། རྒྱ་མོའི་སྔོན་ལ་ཕུལ་བ་ཡིན་ས་རེད། གཙོ་བོ་ཨོ་ཉི་ཁོ་ལྟ་ལོག་གམ་ལོག་ལྟ་ཅན་རེད་བཞག གཟིགས་དང་གྲུབ་དབང་དང་མཁན་པོ་འཇིགས་ཕུན་སོགས་བཙོང་ནས་ཡུག་མོ་དེ་གདམས་པ་རེད། ད་དུང་མ་ངོམས་པར་གྲུབ་དབང་རིན་པོ་ཆེ་སྤྲུལ་སྐུ་ཁོའི་བུ་ཡིན་པར་ལབ་འདུག་ཟེར། ཨེ་བདེན་མི་ཤེས། གལ་ཏེ་བདེན་ན་ངོ་ཚ་མེད་པ་ཁྱོད། གདོན་འདྲེ་དངོས་རེད།

  33. གཙང་པོ། says:
    2012-11-19 at 8:18 am

    སྡོམ་པ་ཨུ་ཚུགས་ཀྱིས་སྲུང་དགོས། གལ་ཏེ་རྐྱེན་དབང་གིས་སྡོམ་པ་སྲུང་མི་ཐུབ་ན་བསླབ་པ་འབུལ་ཆོག་པ་བཅོམ་ལྡན་འདས་ཀྱིས་གནང་བ་ཡོད་པ་རེད།

  34. གནམ says:
    2012-11-19 at 8:31 am

    ཨོ་ཉི་ཁོ་ལ་དགའ་མ་ཐལ། ཁྱི་ཁ་གཙེས་ན་ཁྱི་སྐད་མིན་པས་གོ་ཡ་མི་འདུག། ད་ཡོལ་བཞག་ན་ཡག་ས་མིན་འགྲོ།

  35. མཁས་དབང་ says:
    2012-11-19 at 10:06 am

    གོང་དུ་སྤྲལ་སྐུ་མཆོག་ལ་མང་པོ་ཞིག་བཤད་སོང་་་་་་་གང་ལྟར་ཁོང་གི་བཤད་ཚད་བདེན་པ་མ་རེད་སུའི་བཤད་རུང་་་་་དྲང་པོ་མ་རེད་་་་་་་ཁོང་གིས་རང་དབང་ལོངས་དཔྱོད་དེ་་་་་་གང་ཤེས་བྲིས་པ་ལ་རྗེས་སུ་ཡེད་རང་ཡོད་་་་་་་་་་་་་་་ད་དུང་མང་ཙམ་བྲིས་ན་དགའ་སུ་ཡོད་་་་་་་་་དམངས་ཚོགས་གིས་འགྲོ་གླིང་གནང་ཤེས་ན་མང་ཚོགས་ལ་ཕེན་་་་་་་་་་་་་

  36. གེ་སར་ནས་ says:
    2012-11-19 at 11:25 pm

    མཁས་དབང་གི་གསུང་ལ་མངོན་པར་བསྟོད་དོ་་་་

  37. ཨ་ཕ་མ། says:
    2012-11-20 at 2:51 am

    སྤྲུལ་ཨོ་ཉི་དེ་ལི་ལྕམ་དེ། ཨ་རུ་ན་ཅལ་ནས་ཡིན་པ་སྨན་རྩིས་ཁང་ནས་སློབ་སྦྱོང་བྱེད་བཞིན་སུ་འཁྱེར་དོང་བ་ཞིག་གོ་སིང་དེ་སྤྲུལ་སྐུ་ཟེར་རྒྱུ་བོ་དེ་ཨི་རེད། གཟན་དཀར་གྱོན་བསྡད་། སྟོད་རས་སེར་པོ་གྱིན་ཡོད མཁན་དེ་རེད་དམ་ང་ལ་གསུངས་གནང་

  38. སྤོབས་པ་མཐའ་ཡས། says:
    2012-11-20 at 3:57 am

    མེ་ཏོག་དཀར་པོ། ད་དེ་འདྲ་དེ་བཤད་མ་ཡོང་། དགོས་རྒྱུ་ངོ་མ་དེ་ཁར་སང་ཁྱེད་ཀྱིས་བཤད་པའི་སྨིན་གླིང་ཆོས་དཔལ་གྱི་བསླབ་པ་འབུལ་ཆོག་ཡོད་ཟེར་བ་དེ་ག་འདྲ་ཞིག་ཤེས་འདོད་འདུག འདུལ་བ་ཟེར་བ་དེ་ཆོ་ག་ལ་བརྟེན་དགོས་པ་རེད། བསླབ་པ་འབུལ་དུས་ཆོ་ག་མི་དགོས་པར་སྨྲ་ཤེས་པ་ཙམ་གྱིས་ཆོག་གི་ཡོད་ན་བསླབ་པ་ལེན་དུས་དེ་འདྲས་མི་ཆོག་པར་ཆོ་ག་དགོས་དོན་གང་ཡིན་ནམ། ང་ལ་ཁུངས་དགོས། ཆོ་ག་དགོས། ཕྱག་ལེན་དགོས། ཅིག་ཅིག་གིས་ཅིག་ཅིག་ལ་ཕུལ་ཕུལ་བཞག་རེད་ཟེར་བ་ཙམ་གྱིས་མི་ཆོག

  39. འཇམལ་དཔལ་རྣོན་པོ། says:
    2012-11-20 at 5:45 am

    དམར་ཤུགས་ཆེ་བའིསྦོབས་པ་མཐའ་ཡས་ཀྱིས་་་འདུལ་བ་མི་ཤེས་པ་གསལ་བོརེད། བསླབ་པ་འབུལ་སྟངས་འདུལ་བའི་ནང་གསལ་་ཁ་ཡོད་རེད། སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་གི་དྲུང་དུ་་་་བརྡ་འཕྲོད་པར་བྱས་ན་ཆོག་ཡོད་རེད། དེ་ཙམ་ཡིན་་་ད་གཞི་ནས་སློབ་གཉེར་སློབ་དགོས་ན་མགོ་ན་ཡ་རེད།

  40. མཁས་དབང་ says:
    2012-11-20 at 9:05 am

    རེད་ཡ་་་་་་་མིང་དེ་ཡང་རྫུ་འཁྲུལ་ཅན་མ་ཡིན་པ་ཞིག་དགོས་པ་རེད་་་་་་་གང་ལྟར་གོང་ལ་མང་པོ་ཞིག་བྲིས་འདུག་་་་་དྲངས་པོ་དང་གནད་པ་བྲིས་པ་གལ་ཆེ་་་་་ཚེ་ངན་མང་པོ་ཞིག་སྨྲ་འདུག་པས་་་་་་ཡག་པོ་རང་མཐོང་མ་སོང་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme