Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧རྒྱལ་བ་རིན་པོ་ཆེས་མཚམས་འཇོག་དགོས་པའི་གསུང་འཕྲིན་ཕེབས་དགོས་པ་རེད་ཅེས་ཟེར་མཁན་མི་འདུག་ཟེར།

Posted on 2012-11-17 By དགེ་རབ་ 42 Comments on ༧རྒྱལ་བ་རིན་པོ་ཆེས་མཚམས་འཇོག་དགོས་པའི་གསུང་འཕྲིན་ཕེབས་དགོས་པ་རེད་ཅེས་ཟེར་མཁན་མི་འདུག་ཟེར།

དེ་རིང་ངས་བོད་ནང་གི་བོད་རིགས་ན་གཞོན་ཞིག་ལ་ཁ་བརྡ་ཡུན་རིང་ཙམ་བྱས་པ་ཡིན། དེང་སང་རེབ་གོང་གི་ཞིང་ལས་ཚར་བ་དང་། ཕོ་མོ་གཉིས་ཀ་ལ་ལས་ཀའི་བྲེལ་བ་མེད་པ་བཅས་ལ་བརྟེན་ནས་ཁ་སང་དེ་རིང་གི་ཛ་དྲག་གི་གནས་ཚུལ་འདིས་སོས་དལ་བའི་བོད་མི་ཚོའི་སེམས་ལ་མི་སྐྱིད་པའི་སྡུག་བསྔལ་ཇེ་ཆེར་གཏོང་བཞིན་ཡོད་པར་སྣང་། ལྷག་པར་དུ་ “རྨ་ལྷོ་བརྙན་འཕྲིན་”ཞེས་པའི་ནང་བོད་ཀྱི་བླ་མ་འགའ་རེས་ “རང་སྲེག་”ནི་སྡིག་པའི་ལས་ཡིན་པ་མ་ཟད། ད་དུང་ “ཀླ་ཀློའི་སྤྱོད་པ་ཞིག་རེད་”ཅེས་གསུངས་པ་དེ་ཚོ་ཁྱབ་བསྒྲགས་ཡང་ཡང་བྱེད་བཞིན་ཡོད་པ་དེས་མི་མང་གི་སེམས་ནང་མ་སྐྱིད་པའི་ཚོར་བ་ཇེ་ཆེར་གཏོང་བཞིན་ཡོད་འདུག
ད་ལྟའི་ཛ་དྲག་པོའི་ལས་འགུལ་འདི་ནི་མི་མང་རང་གི་ངོས་ནས་བསླངས་པ་ཞིག་ཡིན་པ་དང་། དེ་ཡང་སྒྲིག་འཛུགས་ཀྱི་གོ་རིམ་དང་དམིགས་ཡུལ་ལྡན་པ་ཞིག་མིན་པའི་རྐྱེན་གྱིས། དེ་རིང་གི་ལས་འགུལ་འདིས་སང་ཉིན་གྱི་ལས་འགུལ་རྗེས་མ་དེ་གང་འདྲ་ཞིག་ཏུ་འཁྲིད་མིན་ལ་ཚོད་དཔག་བྱེད་མི་ཐུབ་པ་དང་། དེའི་སྟེང་དུ་རེབ་གོང་ས་གནས་ཀྱི་གནད་ཡོད་རྒྱའི་དཔོན་རིགས་ཀྱིས་ལས་འགུལ་འདི་དག་ནི་ཤོ་རྩེད་དང་གཉེན་འཁོན་སོགས་ལ་བརྟེན་ནས་མི་ཚེ་མི་འཁྱོལ་བའི་མི་རྣམས་ཀྱིས་བྱས་པ་ཡིན་པར་བརྗོད་བཞིན་པ་དེས་མི་མང་གི་ན་ཟུག་ཆེ་རུ་འགྲོ་བཞིན་ཡོད་འདུག
དེས་ན་བོད་ནང་གི་ལས་འགུལ་འདིའི་མ་འོངས་པའི་ཁ་ཕྱོགས་ལ་བསམ་བློ་ཅི་འཁོར་ཞེས་དྲིས་སྐབས། མི་མང་ཁྲི་ཕྲག་རེ་ལྷན་འཛོམས་ཀྱིས་ཟས་བཅད་ངོ་རྒོལ་བྱེད་པའམ་ཡང་ན་གཞུང་གི་ལས་བྱེད་པ་ཡོངས་རྫོགས་ཀྱིས་ལས་མཚམས་བཞག་སྟེ་ངོ་རྒོལ་བྱེད་པ་སོགས་ནི་ཕལ་ཆེར་ཡོང་ཆོག་པའི་ལས་འགུལ་གྱི་རྣམ་པ་ལྟ་བུ་ཞིག་ལ་ཚོད་བགམ་བྱེད་བཞིན་ཡོད་ཅེས་བརྗོད་བྱུང་།
ཁྱེད་ཀྱིས་བོད་ནང་དུ་ “རྒྱལ་བ་རིན་པོ་ཆེས་ལས་འགུལ་འདི་མཚམས་འཇོག་དགོས་པའི་གསུང་འཕྲིན་གནང་རྒྱུར་འདོད་པ་ཡོད་པའམ་གནང་རན་པར་འདོད་མོས་བྱེད་པའི་སྐད་ཆ་དེ་འདྲ་གོ་བྱུང་ངམ་”ཞེས་དྲིས་པའི་ལན་དུ། ཁོང་གིས། “ངས་དེ་འདྲ་གོ་མ་བྱུང་། ཕལ་ཆེར་དེ་འདྲ་ཡོང་མདོག་ཁ་བོ་མ་རེད། རྒྱུ་མཚན་ནི། མེར་སྲེག་བྱུང་བའི་ཁྱིམ་ལ་འདས་མཆོད་མྱ་ངན་ཞུ་བར་བཅར་མཁན་གྱི་བོད་རིགས་ཁྲི་ཕྲག་ལོང་པ་ཙམ་རེ་བསྐྱོད་བཞིན་ཡོད་པ་མ་ཟད། མྱ་ངན་ཞུ་མཁན་རྣམས་ཧ་ཅང་ཐག་རིང་བ་ནས་ཡོང་བ་དང་། དུས་ཡུན་ཟླ་བ་གཅིག་རེ་ལ་ཡང་རྒྱུན་མ་ཆད་པར་ཡོང་གི་འདུག འདིས་བོད་ཀྱི་ཆོད་སེམས་དེ་གསལ་པོར་སྟོན་ཐུབ་ཀྱི་འདུག དེ་བས་རིན་པོ་ཆེ་ཚང་གིས་གསུངས་ན་ཡང་བོད་རིགས་ཚོས་ཞལ་ལ་ཉན་གྱི་རེད་བསམས་ཀྱི་མི་འདུག བོད་ནང་གི་བླ་མ་འགའ་རེས་གསུངས་པ་རེད། དེང་སང་བླ་མ་དེ་ཚོའི་ཁ་ལ་ཉན་མཁན་ཧ་ཅང་དཀོན་པོ་འདུག” ཅེས་བཤད་བྱུང་། ད་དུང་ཁོང་གིས་གསུངས་པ་ལྟར་ན། མི་མང་རྣམས་ལ་ཅི་ཙམ་གྱིས་དམ་དྲག་ཆེ་ན་དེ་ཙམ་གྱིས་སེམས་ཤུགས་འཕར་བཞིན་པ་དང་། ལྟ་རྟོག་དམག་མིས་མཐོང་ས་དེ་ག་རང་ལ་ཡང་རང་སྲེག་གི་གནད་དོན་བྱུང་བ་བཅས་ལ་གཞིགས་ཚེ་ལས་འགུལ་འདི་མྱུར་དུ་མཚམས་འཇོག་རྒྱུ་ཡིན་པའི་རྟགས་མཚན་མི་འདུག་ཅེས་གསུངས་སོ།།

གསར་འགྱུར།

Post navigation

Previous Post: བདེན་རྗུན།
Next Post: དྲང་གཏམ་རྣ་བའི་བདུད་རྩི། སྤྲུལ་སྐུ་ཨོ་རྒྱན་ལ་བསྤྲིངས་པ།

Comments (42) on “༧རྒྱལ་བ་རིན་པོ་ཆེས་མཚམས་འཇོག་དགོས་པའི་གསུང་འཕྲིན་ཕེབས་དགོས་པ་རེད་ཅེས་ཟེར་མཁན་མི་འདུག་ཟེར།”

  1. ཨ་རིག་དགེ་མཐོང་གིས། says:
    2012-11-17 at 10:24 pm

    རྒན་ལགས་ཀྱིས་དུས་ཚོད་ཀྱི་བྲེལ་འཚུབ་བར་ནས་བོད་ནང་གི་བསམ་ཚུལ་ཅིག་འདིར་སྤེལ་བར་དགའ་བསུ་ཞུ། འོན་ཀྱང་བོད་ནང་གི་གྲོགས་པ་དེས་མི་ཤེས་པའམ་བསམ་གཞིག་མ་བཏང་བ་ནི་བོད་ནང་གི་བླ་མ་ཚོས་བཤད་ན་ཁ་མི་ཉན་གི དེའི་ཕྱིར་༸གོང་ས་མཆོག་གིས་གསུངས་ཀྱང་ཉན་གི་མ་རེད་ཟེར་བ་འདི་རེད། ཁོང་གིས་གསུངས་ན་མཚམས་འཇོག་གི་རེད། འོན་ཀྱང་ཁོང་གིས་དེའི་ཐད་དུ་བཀའ་མོལ་གནང་མི་ཤེས་གསུངས་པས་གསལ་བོར་བསྟན་པ་རེད། བཀའ་བརྩི་བའམ་ཉན་པའི་རྒྱུ་མཚན་ནི། བོད་ནང་ནས་སུ་ཞིག་གིས་མེ་བསྲེགས་བཏང་ན་འབོད་ཚིག་ནི་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཟེར་བ་འདི་མ་ཡིན་ནམ།

  2. ཨ་རིག་དགེ་མཐོང་གིས། says:
    2012-11-17 at 10:40 pm

    དེའི་མི་ཚད། ཁ་སང་དེ་རིང་ཉིད་ཀྱིས་བསྒྱུར་གནང་མཛད་པའི་༼ རྒད་པོ་དང་རྒྱ་མཚོ༽ཞེས་པའི་དེབ་དེ་འདིར་བཞུགས་སློབ་མ་ཤ་བོ་རྟ་མགྲིན་གྱི་ལག་ནས་རག་སོང་བས་ཀློག་གིན་ཡོད། མགོ་ནས་མར་ཏོག་ཙམ་མ་གཏོགས་སོང་མེད། ཡིན་ནའང་བསྒྱུར་སྐབས་མིང་ཚིག་གཅིག་ཡིན་ན་གཟབ་ནན་བྱས་པ་དང་མཁས་དབང་མང་བོ་བཀའ་འདྲི་ཞུ་སྟངས་དེས་འདིར་བསྒྱུར་རྩོམ་ཟེར་བ་འགྲོ་ཞོར་འདུག་ཞོར་གྱི་ལས་ཀ་ཞིག་ཏུ་བརྩི་བའི་གང་ཟག་ཚོ་ལ་བརྡ་ལན་གསལ་བོ་ཞིག་བསྟན་འདུག འདི་ནི་སྒེར་དོན་ལྟ་བུར་སོང་བས་དྲ་གྲོགས་ཚོ་ལ་དགོངས་པ་མ་ཚོམས་རོགས་ཞུ། ཚོར་བ་ཞིག་གི་དབང་གིས་སྐབས་དོན་བོར་བའི་སྐད་ཆ་འདི་སྨྲས་པའོ།།

  3. ཀརྨ་བསྟན་འཛིན་ says:
    2012-11-18 at 1:41 am

    ཨ་རིག་དགེ་མཐོང་གི་གང་ཡང་ཤིས་ཀྱི་མི་འདུག་། ཁོས་བཤད་རྒྱུ་རྒྱལ་བ་རིན་པོ་ཆེ་ཚང་གི་ནོར་འཕྲུལ་ཡིན་པ་བཤད་འདུག་

  4. ཐུ་བ་རྒྱ་མཚོ། says:
    2012-11-18 at 1:51 am

    མི་མང་རང་འགུལ་གྱིས་ལས་འགུལ་ཞིག་ཡིན་ན་་་དེ་ནི་རླུང་ནག་འཚུབ་མ་ནང་བཞིན་དང་རྒྱ་མཚོའི་རྦ་རླབས་ནང་བཞིན་ཅིག་པས་ག་གེ་མོ་སུས་ཀྱང་ལས་སླ་བོར་བཀག་འགོག་བྱེད་ཐུབ་གི་མ་རེད།

    རླུང་ནག་འཚུབ་མ་ནི་འགོ་འཛུགས་སྐབས་ཆུང་ན་ཡང་ག་ལེར་ས་གཡོ་བའི་རྣམ་པར་འགྱུར་སྲིད་པས། མི་མང་ཁྲི་སྟོང་མང་པོའི་སེམས་ཤུགས་གི་རྦ་རླབས་དུས་གཅིག་ལ་འཕྱུར་པ་ཡིན་ན་དེ་ནི་མདའ་གྲི་མདུང་གསུམ་དང་། སྒྱོགས་མདེལ་འཕུར་མདའ་གང་གིས་ཀྱང་བརླག་མི་འཁེལ་བའི་རང་བྱུང་རྣོ་ལྕགས་ལྟ་བུ་ཡིན་པས། བཙན་རྒྱལ་སྲིད་གཞུང་གི་དྲག་ཤུགས་ག་ཚད་ཆེ་ཡང་དེ་ནི་གནས་སྐབས་ཙམ་དང་རྣམ་པ་ཙམ་ཡིན་པས་ཡུན་བརྟན་གི་མ་རེད།

    ཡིན་ན་ཡང་ང་ཚོའི་མི་མང་རྣམས་དོན་མེད་ངང་རྐང་གཅིག་ཀྱང་མ་ཤོར་བར་བྱེད་དགོས་གི་རེད། རང་སྲོག་དང་ལུས་ཕུང་ནི་ཨ་ཅང་ཅང་། ཐ་ན་ཀི་གཅིག་བཏབས་པ་དེ་ཡང་བདེན་དོན་དང་འགྲོ་བ་དྲུག་གི་ཆེད་དུ་ཡིན་དགོས་གི་རེད། དེ་འདྲ་བྱས་ན་ཁོང་ཚོའི་སྲོག་བཏང་བ་དེར་བདེན་དོན་གྱི་འབྲས་བུ་སྨིན་རྒྱུ་ནི་སྔ་འཕྱི་ཙམ་ལས་ཐེ་ཚོམ་ཟ་མི་རུང་བ་ཞིག་དང་། དོན་མེད་ཆུད་ཟོས་སུ་ནམ་ཡང་འགྲོ་གི་མ་རེད།

    ཁ་དཔེར། རྟ་སྒ་ཤོད་དུས་བོང་སྒ་བཤད། གྱེན་ལ་འགྲོ་དུས་ཐུར་ལ་འགྲོ། རིགས་གཅིག་ག་དུས་ཡང་འདི་འདྲ་རེད།

  5. ལུང་རྟོགས། says:
    2012-11-18 at 2:18 am

    བོད་ནང་གི་བོད་མི་ཚོ་ནི་སེམས་ཤུགས་ཆེ་བ་མ་ཟད་བསམ་བློའི་ཆུ་ཚད་ཀྱང་མཐོན་པོར་སླེབས་ཡོད་པ་མཐོང་གི་འདུག འཐབ་རྩོད་འདི་བོད་མི་རིགས་རིག་གཞུང་དང་བཅས་པ་འཆི་གསོན་གྱི་འགག་རྩར་ཐུག་པའི་གནད་དོན་ཞིག་ཡིན་པས། སུས་ཀྱང་མེར་སྲེག་ལས་འགུལ་མཚམས་འཇོག་དགོས་པ་བཤད་ཐུབ་ཀྱི་མ་རེད། ལས་འགུལ་མཚམས་འཇོག་དགོས་པར་བཤད་མཁན་དག་ནི་ངོ་མ་བཤད་ན་མི་རིགས་དང་རིག་གཞུང་གི་འཆི་གསོན་ལ་སེམས་ཁུར་མི་བྱེད་མཁན་དག་རེད།

  6. ཨོ་རྒྱན་ཉི་མ། says:
    2012-11-18 at 2:19 am

    སྐྱབས་མགོན་རིན་པོ་ཆེས་གསུང་ན་བོད་མིས་ཉན་ངེས་རེད། ཡིན་ན་ཡང་གཞོན་ནུ་ཚོགས་པ་གཙོར་བྱས་པའི་བོད་མིའི་ཚོགས་སྡེ་བྱེ་བྲག་པ་མང་པོ་ཞིག་གིས་དབུ་མའི་ལམ་མེད་ན་རང་བཙན་སྔ་མོ་ནས་ལོན་ཚར་ཡོད། དབུ་མའི་ལམ་གྱིས་ཡོད་ཚད་བརླགས་བཅུགས་སོང་། རང་བཙན་མ་རྩོད་ན་ད་ནས་བཟུང་བོད་ཀྱི་ལས་འགུལ་ནང་ཞུགས་རྒྱུ་མིན་ཟེར་མཁན་མང་པོ་རེད། དེ་ཕྱིར་ན་ནིང་གོང་ས་མཆོག་གིས་ཆབ་སྲིད་ལས་རྩ་དགོངས་ཞུས་པ་རེད། ད་ལྟ་གཞུང་དབུ་མའི་ལམ་ཡིན་ཟེར་ཡང་། རང་བཙན་རྩོད་མཁན་ཚོའི་བསམ་བློ་ཤུགས་ཆེ་རུ་ཕྱིན་ཟིན་པ་རེད། བོད་པའི་ས་ཆའི་བདག་པོ་དེ་བལ་ཡུལ་གཞུང་འདྲ་བོ་ཞིག་ཡིན་པའི་དབང་དུ་བཏང་ན་བོད་མིའི་འཐབ་རྩོད་ལ་བརྟེན་ནས་རག་སྲིད་ཀྱང་། དེ་ལས་གོང་དུ་སོང་བའི་རྒྱལ་ཁབ་ཅིག་གི་ལག་ཏུ་འགྲོ་ཚར་དུས་རྩ་ནས། བོད་པ་ཚོས་རེ་ཞིག་བསྒུག་རྒྱུ་རེད།

  7. མེ་ཏོག་དཀར་པོ says:
    2012-11-18 at 3:10 am

    འདི་ན་ཨོ་ཉིད་སྣང་བ་འགྲོ་བོ་ཞིག་བཤད་འདུག
    ཤ་ཚ་དང་ལྡན་པ་འདི་འདྲ་ཞིག་བཤད་ན་བློ་བབ།

  8. རིགས་ཞེན་དཀར་པོ། says:
    2012-11-18 at 3:25 am

    ཨོ་ཉིས་སྨྱོ་གཏམ་ལ་ཉན་འོས་གང་ཡང་མི་འདུག

  9. རེབ་སྐྱིད་མཚོ says:
    2012-11-18 at 9:13 am

    ཨ་རིག་དང་ཨོ་ཉི་གཉིས་ཀྱིས་བཤད་པ་ལ་རྒྱབ་སྐྱོར་ཡོད་དོན་དག་ད་ག་རང་རེད་རྒྱལ་བ་རིན་
    པོ་ཆེས་གསུངས་ན་མི་ཉན་མཁན་མེད་པ་ནི་ས་སྔ་མོ་ནས་ཚང་མའི་མིག་ལམ་དུ་གྱུར་ཟིན་པའི་
    པགས་རིགས་ལ་སོགས་གང་མང་ཡོད་པ་ནང་བཞིན་རེད།

  10. ཟུར་གནས། says:
    2012-11-18 at 9:47 am

    ཤི་འགྲོ་མཁན་མང་ཆེ་བ་བྱིས་པ་རེད། ཕྲུ་གུ་རེད། བྱིས་པར་གོ་སྐོན་བྱེད་པ་འདི་རྒན་པའི་ལས་འགན་རེད། ང་ཚོའི་སྤྱི་ཚོགས་ཆབ་སྲིད་ལ་ཆགས་བསྲེད་ཆེ་ཞིང་། མིང་རྩོད་ལ་དགའ་དྲག་པའི་སྙན་གྲགས་ཀྱི་དུག་རྫས་ཀྱི་རབ་ཏུ་མྱོས་པའི་སྤྱི་ཚོགས་འདིར། སྙིང་རྗེ་བྲལ་བའི་འཇིགས་སྣང་ཤིན་དུ་ཆེ་བའི་སྤྱི་ཚོགས་ཤིག་ལ་གྱུར་སོང་། བྱིས་པ་ལོ་ཆུང་དེ་ཚོས་རང་ལུས་མེར་བསྲེགས་པ་འདིར་གོ་སྐོན་ལྟ་ཅི། དེའི་རྒྱབ་ལ་ཆབ་སྲིད་སྣ་ཚོགས་ཁྲབ་ནས་མིང་སྐམ་པོ་ཞིག་འཐོབ་པར་བྱེད་པ་ནི། ཨེ་མ་ཅིས་འཇིགས་སུ་རུང་བའི་སྤྱི་ཚོགས་ཤིག་མ་རེད་དམ།

    བྱིས་པ་ཞིག་གིས་རང་ལུས་མེར་བསྲེགས། རྒན་རྒོན་གཞན་ཐམས་བཅད་ཀྱིས་དེར་བལྟ་བཞིན། མཐའ་ན་མ་བྱེད་ཟེར་བའི་ཚིག་གཅིག་ཁ་ནས་མ་ཐལ་བ་དེ་མི་རིགས་འདིའི་ཡང་སྙིང་བློ་རྩ་དེ་གང་འདྲ་ཞིག་ཡིན་པ་བསྟན་པ་མ་རེད་དམ། ང་བསམ་བློ་གཏོང་བཞིན་ཡོད།

  11. མེ་ཏོག་དཀར་པོ says:
    2012-11-18 at 10:03 am

    ལོ་བཅོ་བརྒྱད་བརྒལ་ན་བྱིས་པ་མ་རེད། ཡང་སྡུག་བསྔལ་བདེན་པ་དེ་ཀུན་་་་་་་སོགས་ནང་སོ་སྐྱེས་ལ་བྱིས་པ་ཟེར་བ་དེ་ལ་ཟེར་གི་ཡོད་ན་ཁྱོད་བདེན།

  12. འཇམ་གཅེས says:
    2012-11-18 at 10:44 am

    ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དོན་ནི་བཙན་བྱོལ་གཞུང་སྲ་བརྟན་དང་། བོད་མིའི་ཆབས་སྲིད་མང་གཙོའི་རང་བཞིན་ཅན་དུ་བསྒྱུར་ཐབས་སུ་དམིགས་པ་ལས་དེ་མིན་རྒྱུ་མཚན་ཕུང་གསུམ་པ་ཞིག་མེད་པར་འཛམ་གླིང་འདི་ཡི་ནང་དུ་དྲང་བདེན་དང་། ཤེས་ཡོན་ཅན། རྣམ་དཔྱོད་ཅན་ཚོས་ངོས་འཛིན་ཞུས་ཡོད་པ་མ་ཟད་ཁོང་ཉིད་ནས་ཀྱང་དེ་ལྟར་བཀའ་ལེན་ག་ཚད་གནང་ཡོད་མིན་ཚང་མའི་མཁྱེན་གསལ་རེད། ལྷག་པར་དུ་ཡང་ཁོང་སེམས་ཤུག་ཆགས་པ་དང་འགན་ཁུར་འདོད་མེད་མ་ཡིན་ཞེས་ཡང་ཡང་གསུངས་པ་དག་ཡིད་ནས་ནམ་ཡང་བརྗེད་མི་རུང་ལ། དམ་ལོག་དང་གསང་མྱུལ་བ་དག་གིས་ཁ་ལ་ནམ་ཡང་བལྟ་མི་རུང་།

  13. གཟུར་གནས་བློ་ལྡན་། says:
    2012-11-18 at 10:58 am

    ཟུར་གནས་ཀྱིས་བཤད་པ་དེ་དེ་བཞིན་ནོ་།

  14. very good says:
    2012-11-18 at 11:42 am

    བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱབ་སྐྱོར་བ་དགོས་པ་དངོས་བདེན་ཡིན་ཡང་། སྐེ་ཡན་གྱི་རྒྱབ་སྐྱོར་བྱས་ན་དངོས་གནས་སྡིག་པ་བསགས་པ་རེད། བོད་ནང་གི་བོད་མི་ཚོས་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོར་རེ་བ་ཆེན་པོ་
    བརྒྱབ་ནས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་ཤེས་དགོས། སྔོན་མ་ལོ་རབས་བརྒྱད་ཅུ་པའི་ནང་གཞོན་ནུས་ཚོགས་པས་བོད་བར་དུ་གོམ་བགྲོད་བྱས་ནས་ཡོང་གི་ཡོད་ཚུལ་གོ་དུས་བོད་ནང་གི་བོད་མི་ཚོས་རེ་བ་ག་ཚོད་བརྒྱབ་མ་སོང་ངམ། འོན་ཀྱང་ཁོང་ཚོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ་རེད། དེ་དག་ལ་བལྟས་ན་བཙན་བྱོལ་ནང་ནས་ཕུ་བརྒྱབ་བོད་ནང་ནས་མདུན་དུ་མཆོངས་རྐྱང་བྱས། མཐའ་མ་གྱོང་རག་མཁན་ཚང་མ་གཞིས་ལུས་བོད་མི་རེད།

  15. ལྷ་བྱ་ནག་པོ། says:
    2012-11-18 at 12:12 pm

    ང་ཚོ་བོད་པ་ཚང་ལ་སྐྱོན་ཆེན་པོ་ཞིག་ཡོད་པ་ནི། བླ་མ་ལྷ་ཡི་བཀའ་ཞེས་དེའི་རྗེས་སུ་ཤར་བསྐྱོད་བྱ་དགོས་ལ། མ་བྱས་ན་བོད་མིའི་སྤྱི་ཚོགས་ཁྲོད་ནས་འཕུད་ཐབས་བྱེད་པའམ། གདོན་དུ་བལྟ་བའི་ལྟ་གྲུབ་སྐྱག་ལང་དུ་ཤོར་བ་དེ་རེད། རྒྱལ་ཁབ་ཀྱི་རྩ་དོན་རྩོད་པར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལག་ལེན་ཙམ་གྱིས་ཁག་པོ་རེད། དེས་ན་དབུ་མའི་ལམ་ཞེས་གཉིས་ཕན་གྱི་བསམ་བློའི་རེ་བ་སྟོང་པ་ཙམ་གྱིས་ཀྱང་ཡོང་གི་མ་རེད། དེའི་གོང་དུ་ཡོད་པ་གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་ཆོས་ཞེས་ཐེག་ཆེན་སྦྱོར་སྒྲོལ་གྱི་ལས་ལས་རིམ་ཡོད། སྤྱིར་རྒྱལ་བ་དོན་གྱི་བདག་པོ་ཡིད་བཞིན་ནོར་བུ་ནི་ངའི་རྩ་བའི་བླ་མ་ཡིན་ལ། ཁོང་ལས་ལྷག་པའི་བླ་མ་རྩ་ཆེན་ཞིག་ས་སྒོང་འདིའི་སྟེང་དུ་མཇལ་མྱོང་ཡང་མེད། ཡིན་ན་ཡང་། ཁོང་གིས་འདམས་གནང་བའི་བོད་རྒྱ་གཉིས་ཕན་དབུ་མའི་ལམ་ཞེས་པའི་རྐང་ལམ་འཇམ་པོ་དེས་བོད་མིའི་མངོན་འདོད་འགྲུབ་མིན་ལ་ཐེ་ཚོམ་ཆེ་རུ་ཆེ་རུ་ཡོང་གི་འདུག བོད་མི་སྟོང་ཕྲག་བརྒལ་བས་རང་ལུས་མཆོད་མེར་ཕུལ་ཡང་བོད་ཀྱི་རྩ་དོན་ལ་ཕན་ཐོགས་དཀའ་བ་ཡོངས་སུ་གྲགས། །ད་ནི་དགྲ་ནག་ཚང་གི་ངོ་གདོང་དུ་འབར་བཞིན་པའི་ཞེ་སྡང་གི་གཉེན་པོར་བོད་མི་ཡོངས་རྫོགས་བོད་ཀྱི་གཞོན་ནུ་ཚོགས་པའི་རྐང་རྗེས་སུ་སོང་སྟེ་ཞེ་སྡང་གི་ལྷ་ཚོགས་བཞེངས་པའི་དུས་ལ་བབ་འདུག་གོ།

  16. འཇམ་གཅེས says:
    2012-11-18 at 12:54 pm

    ད་ཁྱོད་ཚོས་མ་ཤེས་ན་འུར་བཤད་དང་ཚོད་དཔག་དགོས་པ་མ་རེད། ཁ་ཁར་བསྡད་དང་སུ་གང་གི་ཤོད་ཟེར་ནས་བཙང་དབང་གཏོང་གྱི་མ་རེད་་་་་་་་་་བྱབ་ཆུང་ཚོ་་་་་་་་་་་་་

  17. མེ་ཏོག་དཀར་པོ says:
    2012-11-18 at 1:24 pm

    Very good ངས་གཞོན་ནུས་འདོན་པའི་རང་བཙན་དུས་དེབ་སོགས་ལ་ག་དུས་ཡིན་ཡང་དོ་སྣང་བྱེད་གི་ཡོད། བོད་དུ་གོམ་བགྲོད་ལ་འགྲོ་འཆར་དང་དེ་འབྲེལ་བའི་གཏམ་མ་མཐོང་། ཕལ་ཆེར་དཀྲོག་གཏམ་ཡིན་གྱི་རེད། གཞོན་ནུས་ལས་འཆར་མ་སྤེལ་བར་བོད་ནང་གཞོན་ནུའི་གྲིབ་མ་མངོན་དགོས་དོན་གང་ན་ཡོད། ཡ་ལད་རྐྱང་རྐྱང་་མ་དཀྲིས་རོགས།

  18. ཐུ་བ་རྒྱ་མཚོ། says:
    2012-11-18 at 1:34 pm

    དགེ་སེམས་ཅན་ལ་རྒྱུ་མི་འཁོར། །བྱང་སེམས་ཅན་གྱིས་སྲིད་མི་འཁྱོངས། །
    ང་ཚོའི་མི་རིགས་འདི་ལོ་ཆིག་སྟོང་སུམ་བརྒྱའི་རིང་འདི་ལྟར་སོང་བ་རེད།
    ད་ནི་སྙིང་སྟོབས་ཀྱི་རྩ་བ་རྒྱས་ནས་རྒྱལ་ཁ་ཡི་སྡོང་ལོ་འབུས་ལ་ཉེ་ཡོད།

  19. བརྩོན་འགྲུས་རྒྱ་མཚོ་ says:
    2012-11-18 at 10:52 pm

    བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་རྫོགས་པ་བློས་བཏང་སྟེ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ཆེད་དུ་སྐུ་གཤེགས་ཟིན་པ་རེད། ཡིན་ན་ཡང་དྲ་ཐོག་འདིར་སོས་དལ་བག་ཕེབས་ངང་འགྲིག་མིན་གྱི་གླེང་སློང་བགྲང་ལས་འདས་པ་བྱེད་ཀྱིན་པ་འདིས་ང་ཚོའི་རང་གཤིས་ཤིག་མངོན་ཡོང་གི་འདུག མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་ནས་བཟུང་ད་བར་འགྲིག་མིན་རྐྱང་རྐྱང་གིས་ཕན་ཚུན་ལ་སྐྱོན་འཛུགས་སོགས་ཀྱིས་མི་རབས་གཅིག་རྫོགས་ལ་ཉེ་བའི་སྐབས་འདིར་ད་དུང་འགྲིག་མིན་གྱི་གནས་ཚུལ་རྐྱང་རྐྱང་བཤད་དེ་སྡོད་ཀྱི་ཡིན་ནམ། ཡང་ན་ཐབས་ལམ་གཞན་པ་ཞིག་འཚོལ་ཐབས་བྱེད་ཀྱི་ཡིན། ཐ་ན་བོད་ནང་གི་བོད་མི་ཚོའི་བྱེད་སྟངས་ལ་འགྲིག་མིན་གྱི་སྐད་ཆ་མང་པོ་བཤད་ཡོང་གི་འདུག དེ་ནི་ཧ་ལས་བའི་དགོད་བྲོ་བ་ཞིག་རེད། དེ་ལས་འདི་ཕྱོགས་ནས་ག་རེ་འཇོན་གྱི་འདུག་དེ་བལྟ་རོགས་གྱིས།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-11-18 at 10:59 pm

    ད་དུང་ཡང་ཡོད་ཚད་༸གོང་ས་མཆོག་གི་སྒང་ལ་བཀལ་ན་ག་ལ་འགྲིགས་སྙམ་མོ། །

  21. ཀརྡོ་གཉེར་ཕྱག་པ་ says:
    2012-11-18 at 11:01 pm

    ༸གོང་ས་མཆོག་ནི་ཆོས་ཀྱི་དབུ་འཁྲིད་ཙམ་ལས། ཆབ་སྲིད་ཀྱི་དབུ་འཁྲིད་མིན་པ་དེ། ད་དུང་ཡང་མི་ཤེས་སམ། ལགས།

  22. ཀརྨ་སྐལ་བཟང་ says:
    2012-11-19 at 1:11 am

    ཀ་རྡོ་གཉེར་ལགས་་་་་རང་ལུས་མེ་བསྲེགས་འཚམས་འཇོག་གི་འབོད་བཀུར་གནང་ན་སེམས་ཅན་གྱིས་སྲོག་སྐྱབས་པ་རེད་དེ་ཆབ་་སྲིད་མ་རེད་། ག་སྲིད་ཆབ་སྲིད་ཡིན་ཀྱང་ལོ་བརྒྱ་ཕྲག་ལ་ཆ་སྲིད་ཀྱིས་ཕྱག་ལས་གནང་བ་རེད་་་ཀརྡོ་གཉེར་ཕྱག་པ་་ ལས་རྒྱུ་འབྲས་མེད་པའི་སྐད་ཆ་མ་བཤད་རོགས་། བོད་རིགས་སྤུན་ཟླ་ལ་རྣམས་ལ་བྱམས་དང་སྙིང་རྗེ་མེད་མཁན་རང་ལུས་མེ་བསྲེགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་མའི་ཁྱི་རྒན་ཁྱེད་་ངོ་ཚ་ཤེས་ཀྱི་མི་འདུག་གམ། ་

  23. རྟ་མགྲིན་དབང་ཆེན་ནས། says:
    2012-11-19 at 2:09 am

    ཨ་རིག་དགེ་མཐོང་། ཚང་མ་ཤེས་ངོ་མ་བྱེད། ཁ་བཙུམ་ནས་གྲྭ་བ་བཟང་ཙམ་ལ་རེམས། སྡོམ་དམ་ཚིག་འགོ་ཐོན་ཙམ་ཡོང་ན་དགོས་པ་དེ་རེད། རྒྱལ་བ་རིན་པོ་ཆེས་མ་སྲེག་གསུངས་ན་སྲེག་གི་མེད་པ་ཁྱོས་ཇི་ལྟར་ཤེས། དེ་ཡིན་ན་ད་བར་དུ་བསྲེགས་པ་ཚོ་རྒྱལ་བ་རིན་པོ་ཆེས་མ་བསྲེགས་མ་གསུངས་པས་བྱུང་བ་རེད་དམ། ཟ་འཐུང་ཤེས་པ་ཙམ་གྱིས་ཆབ་སྲིད་ཤེས་ལེ་མིན། མི་འདི་འདྲ་སྐོར་ཞིག་ཉོབ་འཇུག་གི་ཡ།

  24. amdo baglab says:
    2012-11-19 at 3:17 am

    ཨོ་ཉི་ནས་གཞོན་ལྷན་ལ་ངན་ཁག་ཆ་ཚང་གཡོག་ནས་གོང་ས་མཆོག་ཐུགས་ཕམ་དང་། སེམས་ཤུགས་ཆག་པ་ལྟ་བུའི་དགོངས་ཞུ་གནང་བ་རེད་ཟེར། རྒྱུན་དུ་གོང་ས་མཆོག་ནས་ང་སེམས་ཤུགས་ཆགས་པ་གཏན་ནས་མིན་ལ་བོད་ཀྱི་འགན་མ་ཁུར་བའང་མིན། ཡིན་ན་ཡང་མ་འོངས་པར་་རྒྱལ་བ་རིན་པོ་ཆེ་མེད་པའི་དུས་ཞིག་ཤར་བའི་ཚེ་བོད་མི་རང་མགོ་ཐོན་པ་ཞིག་དང་། ད་ལྟ་ནས་རྒྱལ་བ་རིན་པོ་ཆེ་མེད་པ་ལྟར་དུ་རྩིས་ཏེ་བོད་མི་ཡོངས་རྫོགས་ཀྱིས་འགན་ཁུར་ན་མ་འོངས་པ་གོང་ས་མཆོག་ཡོད་ཀྱང་མེད་ཀྱང་བོད་ལ་དཀའ་ངལ་མེད་པ་ཞིག་དང་། ལྷག་དོན་དུ་དུས་རབས་འདུར་གང་ཟག་སྒེར་པ་ཞིག་གིས་བདག་དབང་བཟུང་ན་མི་ལེགས་པས་དམངས་གཙོ་ཚད་ལྡན་ཞིག་བྱ་འདོད་ན་མི་དམངས་ཀྱི་འགན་ཁུར་དགོས་པ་གསུངས་པ་ལས་ཁྱོད་ཀྱིས་བཤད་པ་ལྟར་གོང་ས་མཆོག་ནས་ནམ་ཡང་གསུངས་མ་མྱོང་ལགས།

  25. ཨ་རིག་དགེ་མཐོང་གིས། says:
    2012-11-19 at 3:17 am

    རྟ་མགྲིན་མིང་ཅན་ཁྱོས་ཐོག་མར་བོད་ཡིག་ལེགས་པོ་ཞིག་སྦྱོང་། དེ་ནས་བདག་ལ་བསྙད་བརྐོ་རུ་ཤོག་ལོ། ཁྱེད་ལ་ལན་དུ་བསྟབས་པའི་ཡི་གེ་ནི་འདི་ལྟར།
    ༏࿊ ྈ<྿࿋ ྆༜࿊ ༞༾࿋༜ ࿊༏྿ ༏྿༊༊྿ ࿊༂༊࿊ ༝࿊ ༊༊༊༊༊༊༊༊༊༊༊༊༊༊༊༊༊༊ ༕࿋༿ ༒a྇྆ ༒༞྿࿋།'འདི་ལས་མེད།

  26. ལྷ་བྱ་ནག་པོ། says:
    2012-11-19 at 10:46 am

    དགེ་མཐོང་ལགས། ཧམ་པ་མ་བྱེད། རྟ་མགྲིན་གྱིས་བཏབ་པའི་མཆན་གྱི་ནང་ཁོང་གིས་བོད་ཡིག་མ་ཤེས་པའི་སྐྱོན་ག་རེ་འདུག ཁ་བརྡའི་དྲ་ཐོག་ཏུ་དོན་མེད་གཞན་ལ་ཟུར་ཟ་དང་། གོ་རྒྱུ་མེད་པའི་རི་མོ་འདྲ་བང་བསྒྲིགས་པའི་རྒྱུ་མཚན་གང་ཡིན་ནམ། མཆན་འགོད་པ་ཚང་མར་བརྙས་བཅོས་ཡིན་ནམ། ལོ་ཁ་ཤས་ཀྱི་ནང་ཁྱོད་ཀྱི་བོད་ཡིག་གི་གནས་སྟངས་བལྟས་བལྟས་རིག་རིག་ལ་ཡར་རྒྱས་གང་འཚམས་སླེབས་སོང་། ཡིན་ན་ཡང་། ད་དུང་འདི་ལྟར་གཞན་ལ་གསེགས་འདྲི་བའི་དུས་ལ་སླེབས་ཙམ་ཡང་མེད་པ་ཤེས་པ་གྱིས། །

  27. རྔ་བ་བརྒྱད་གསུམ་གཅིག་དྲུག་ནས says:
    2012-11-19 at 12:06 pm

    ཨ་རོ་དགེ་མཐོང་ཁྱོད་ཀྱིས་བསམ་བློ་བཏང་ནས་བཤད་ན་ཡག་ནི་རེད། གང་ཡིན་ས་ན་༸གོང་ས་མཆོག་ཁྲིད་མ་ཡོང་མ་གཏོགས།

  28. ཨ་རིག་དགེ་མཐོང་གིས། says:
    2012-11-19 at 12:08 pm

    ལྷ་བྱ་དཀར་པོ་ལས་ནག་པོ་ཞིག་ཡོད་དུས་ལྟས་ངན་རེད། དེའི་ཕྱིར་ངས་ཡི་གེ་དེ་བྲིས་པ་ཡིན། ཀུ་རེ། དངོས་གནས་ཁོང་གིས་ཞིབ་ཏུ་མ་ཀློག་པའམ་དོན་མ་གོ་བ་གང་རུང་རེད་འདུག གཅིག་ཐེངས་ན་བསམ་བཞིན་དུ་དེ་འདྲ་ཞིག་བྲིས་པ་མིན་འགྲོ་བསམ་ནས་ངས་ལན་དུ་བསྟབས་པ་ཡིན། དྲ་གྲོགས་ཀུན་ལ་གནོད་ཀྱི་ཡོད་ན་ངས་ཁྱེད་ཅག་ལ་དགོངས་སེལ་ཞུས་ཏེ་མཆན་བུ་ད་ནས་བཟུང་མི་འདེབས་ལགས། དེ་ལུགས་དགོངས་འཇགས་འཚལ།

  29. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 12:24 pm

    ༢༢༽ ཀརྨ་སྐལ་བཟང་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ གི་ཆུ་ཚོད་ ༡ སྐར་མ་ ༡༡
    ཀ་རྡོ་གཉེར་ལགས་་་་་རང་ལུས་མེ་བསྲེགས་འཚམས་འཇོག་གི་འབོད་བཀུར་གནང་ན་སེམས་ཅན་གྱིས་སྲོག་སྐྱབས་པ་རེད་དེ་ཆབ་་སྲིད་མ་རེད་། ག་སྲིད་ཆབ་སྲིད་ཡིན་ཀྱང་ལོ་བརྒྱ་ཕྲག་ལ་ཆ་སྲིད་ཀྱིས་ཕྱག་ལས་གནང་བ་རེད་་་ཀརྡོ་གཉེར་ཕྱག་པ་་ ལས་རྒྱུ་འབྲས་མེད་པའི་སྐད་ཆ་མ་བཤད་རོགས་། བོད་རིགས་སྤུན་ཟླ་ལ་རྣམས་ལ་བྱམས་དང་སྙིང་རྗེ་མེད་མཁན་རང་ལུས་མེ་བསྲེགས་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་མའི་ཁྱི་རྒན་ཁྱེད་་ངོ་ཚ་ཤེས་ཀྱི་མི་འདུག་གམ། ་
    མིང་རོགས་ཀརྨ་འདིས་ང་ལ་ག་རེ་གསུང་བགྱིད་ཡོད་མེད་ངས་ཅང་ཤེས་ཐུབ་མ་སོང་ལགས། ངས་མཆན་བུ་རྣམས་ཞིབ་བཀླགས་ནས་ཁོགས་ཅིགུ

  30. རྒད་པོ། says:
    2012-11-19 at 12:42 pm

    ངས་བལྟས་ན། ངས་མཐོང་བར། ངས་བརྟག་པ་མང་པོ་བྱས་པའི་མྱོང་བར། རྒྱལ་བ་རིན་པོ་ཆེའི་ཐུགས་ལ་མེར་བསྲེགས་ཀྱི་ལས་འགུལ་འདི་མགྱོགས་ཙམ་མཚམས་འཇོག་བྱས་ན་ཅི་མ་རུང་སྙམ་གྱི་ཡོད་པ་ཤིན་དུ་གསལ་པོ་རེད། ཁོང་བྱམས་སྙིང་རྗེའི་བདག་ཉིད་ཡིན་པ་ཐེ་འཚོམ་མེད།

    འོན་ཀྱང་། གལ་ཏེ་ཁོང་གིས་འདི་མཚམས་འཇོགབྱེད་དགོས་གསུངས་པ་ཡིན་ན་གཤམ་གྱི་རྙོག་འདྲ་ཁག་ཡོང་གི་ཡོད། དེ་རྒྱལ་བ་རིན་པོ་ཆེས་མཁྱེན་སྟབས་གསུང་ཤེས་ཀྱི་མེད། ད་ངོ་ཚོས་རྒྱལ་བ་རིན་པོ་ཆེ་འཐོན་མ་དགོས་པར། བོད་པ་ཚང་མས་འགན་འཁུར་ནས་ལས་འགུལ་འདི་མཚམས་འཇོག་དང་ལས་འགུལ་གསར་པ་ཞིག་སྤེལ་བར་སྐུལ་མ་བྱས་ན། བླ་མ་དང་འབངས་ཚང་མ་སྤྲོ་བར་བྱེད་པའི་བྱ་བ་བཟང་པོ་ཞིག་རེད།

    ༡༽ རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་འགན་འཁུར་རྣམས་མི་དམངས་ལ་སྤྲོད་ཟིན་པ་ཡིན་ཞེས་གསུངས། དེ་ལྟར་བཞིན། ཁོང་ནས་མི་དམངས་ཀྱིས་བདམས་པའི་སྲིད་སྐྱོང་ལ་དབང་ཆ་ཚང་མ་སྤྲོད་ཟིན་སྟབས། ཡང་བསྐྱར། བོད་ནང་གི་ཆབ་སྲིད་ཀྱི་ལས་འགུལ་ལ་བཀའ་གཏོང་གནང་བ་ཡིན་ན། དེ་སྔོན་མའི་དགོངས་པ་དང་འགལ་བ་རེད། རྒྱ་མིས་ཀྱང་། དོན་དངོས་བོད་ཀྱི་ཆབ་སྲིད་དབང་ཆ་རྒྱལ་བ་རིན་པོ་ཆེའི་ལག་ལ་ཡོད་པར་སྙོན་འཛུགས་དང་། དེ་བཞིན་གསུང་འཕྲིན་དེ་འདྲ་ཞིག་དམངས་གཙོའི་ལམ་ལུགས་དང་ཡང་འགལ་བ་རེད།

    ༢༽ རྒྱ་མིས་ཁྱོན་ཡོངས་ནས་བོད་ནང་གི་ཆབ་སྲིད་གནས་ཚུལ་ཚང་མ་ཕྱི་རྒྱལ་ནས་རྒྱལ་བ་རིན་པོ་ཆེས་ཐོག་མཐའ་བར་གསུམ་ལ་ངན་སྐུལ་བྱས་པའི་འབྲས་བུ་ལས། བོད་མིའི་མངོན་འདོད་མིན་ཚུལ་ཤོད་བཞིན་མུས་ལ། རྒྱལ་བ་རིན་པོ་ཆེས་ཐད་ཀར་རང་ལུས་མེར་བསྲེགས་པ་ཚོར་ལས་འགུལ་འདི་མཚམས་འཇོག་དགོས་པའི་བཀའ་གནང་ན། ལས་འགུལ་དེ་དང་རྒྱལ་བ་རིན་པོ་ཆེ་གཉིས་དཔོན་འབངས་ཀྱི་འབྲེལ་བ་ཡོད་པ་མཚོན་སྟབས། ཁོང་ནས་བོད་ནང་གི་གནས་ཚུལ་འདི་བོད་མིའི་ལས་འགུལ་ལས་ཁོང་གིས་ངན་སྐུལ་མིན་གསུངས་སྟབས། བཀའ་དེ་ལྟར་ཡོང་ཐབས་བྲལ།

    ༣༽ གལ་ཏེ། མ་མཐར་ཡང་འགྲོ་བ་མིའི་སྙིང་རྗེ་དང་བྱམས་སེམས་ཀྱི་ལྟ་བའི་རྒྱུད་ལས་བཀའ་འདི་འདྲ་ཞིག་ཕེབས་དགོས་ཀྱི་ཡོད་ཚེ། སྔོན་ལ་རྒྱ་ཕྱོགས་ནས་བོད་མིའི་རེ་སྐུལ་རྣམས་ལ་བརྩི་བཀུར་དང་ཁས་ལེན་དགོས། དེ་རྒྱ་ཕྱོགས་ནས་བྱེད་འདོད་མེད་སྟབས། རྒྱལ་བ་རིན་པོ་ཆེ་ཐེངས་འདིའི་ལས་འགུལ་དང་ཐག་རིང་ཙམ་ཞུགས་པ་ལས་གཞན་ཅི་མ་འཚལ།

    དེར་བརྟེན། ད་ང་ཚོས་ཐབས་ཤེས་གཞན་གང་ཡོད་མེད་ལ་ལྟ་དགོས།

  31. རྔ་བ་བརྒྱད་གསུམ་གཅིག་དྲུག་ནས says:
    2012-11-19 at 1:21 pm

    སྐུ་ཞབས་དགེ་མཐོང་ལགས་དྲ་གྲོགས་ཀུན་ལ་གནོད་མི་གནོད་ཀྱི་སྐད་ཆ ཞིག་མ་རེད་ལགས། གང་ཡིན་ཟེར་ན། བོད་ནང་ནས་སྐུ་ཞབས་ཞིག་གིས། དེ་བས་རིན་པོ་ཆེ་ཚང་གིས་གསུངས་ན་ཡང་བོད་རིགས་ཚོས་ཞལ་ལ་ཉན་གྱི་རེད་བསམས་ཀྱི་མི་འདུག ཅེས་པའི་ཚིག་འདི་དག་ཧ་ཅང་གི་བཤད་སྟངས་རྣོ་དབལ་ལྡན་པའི་རྒྱབ་ལྗོངས་ལ་འོད་སྟོང་འབར་གྱི་འདུག འོན་ཀྱང་སྐུ་ཞབས་ཁྱེད་ཀྱིས་ངོ་གདོང་ཙམ་ལ་བརྟེན་ནས་བཤད་ཡོང་གི་འདུག དེ་རང་མགོ་གཅོད་པའི་སྟ་རེ་མ་ཡིན་ནམ། གྲོགས་པོ་ལགས། བསམ་བློ་ནི་འགྲོ་བ་མིའི་རིན་ཐང་གི་ལྗིད་ཚད་ཡིན།

  32. ཨ་རིག་དགེ་མཐོང་གིས། says:
    2012-11-19 at 10:26 pm

    འོད་སྟོང་འབར་བའི་བསམ་བློ་ལབ་ན་ཡང་གཞིས་ལུས་སྤུན་ཟླ་ཚོས་ནི་༸གོང་ས་མཆོག་གི་བཀའ་ཅི་བཞིན་བརྩི་རྒྱུ་ལས་བཙན་བྱོལ་གྱི་མྱི་ངན་རེ་ཟུང་ལྟར་རང་གི་བློར་འབབ་ན་རྒྱལ་བའི་བཀའ་དང་མི་འབབ་པའི་དུས་སུ་ཁོང་གི་དགོངས་པ་དེ་ཟེར་ནས་འགྲེལ་བཤད་གཞན་ཞིག་རྒྱག་པའི་ལུགས་སྲོལ་ཡོད་པ་ཉིད་ཀྱིས་མཁྱེན་ངེས། རྔ་བ་བརྒྱད་གསུམ་གཅིག་དྲུག་ལགས་ནི་ཚིག་གི་བདེ་སྦྱོར་སོགས་ལ་གཞིག་ན་བདག་གི་བློ་ཐག་ཉེ་བའི་གྲོགས་པོ་རྣམ་དཔྱོད་ཅན་ཞིག་ཡིན་པར་ཤེས་སླ། འོན་ཀྱང་༸བོད་ནང་གི་སྤུན་ཟླ་ཚོས་རང་ལུས་མེ་བསྲེགས་སྐབས་ཀྱང་༸་གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་ཚིག་འདི་ཕལ་ཆེ་བས་སྒྲོག་གིན་ཡོད་པ་རེད། དེ་ལས་གཞན་རང་དབང་དང་རང་བཙན་གྱི་འབོད་སྒྲ་སྒྲོག་སོང་ཟེར་བ་ནི་ཕལ་ཆེ་བ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་སྐད་ཆ་ལས་མ་འདས་སོ། ། གོང་དུ་དགེ་རབ་ཀྱིས་བོད་ནང་གི་མི་གཅིག་གིས་དེ་འདྲ་ཟེར་བ་བདེན་པའི་དབང་དུ་བཏང་ཡང་དེའི་བོད་ནང་གི་མི་མང་གི་བསམ་བློའི་ཚབ་མི་རུང་ལགས།

  33. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 11:34 pm

    ད་དུང་ཡང་ཡོད་ཚད་༸གོང་ས་མཆོག་གི་སྒང་ལ་བཀལ་ན་ག་ལ་འགྲིགས། དེ་བོད་མི་ཡག་ཉེ་ཀུན་གྱིས་མ་བརྗེད་པར་གྱིས། ༸གོང་ས་མཆོག་གིས་བོད་དོན་གནང་ཡོད་ལ། གནང་བཞིན་པ་ཡང་རེད། གནང་བགྱི་ཡང་རེད་དོ། དེས་ན་་་་་་་

  34. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 11:34 pm

    ཡག་ཉེ་ཡག་ཉེས་ལ་བཅོས།

  35. གེ་སར་ནས་ says:
    2012-11-19 at 11:41 pm

    བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྒྱབ་སྐྱོར་བ་དགོས་པ་དངོས་བདེན་ཡིན་ཡང་། སྐེ་ཡན་གྱི་རྒྱབ་སྐྱོར་བྱས་ན་དངོས་གནས་སྡིག་པ་བསགས་པ་རེད། བོད་ནང་གི་བོད་མི་ཚོས་བཙན་བྱོལ་དུ་ཡོད་པའི་བོད་པ་ཚོར་རེ་བ་ཆེན་པོ་
    བརྒྱབ་ནས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་ཤེས་དགོས། སྔོན་མ་ལོ་རབས་བརྒྱད་ཅུ་པའི་ནང་གཞོན་ནུས་ཚོགས་པས་བོད་བར་དུ་གོམ་བགྲོད་བྱས་ནས་ཡོང་གི་ཡོད་ཚུལ་གོ་དུས་བོད་ནང་གི་བོད་མི་ཚོས་རེ་བ་ག་ཚོད་བརྒྱབ་མ་སོང་ངམ། འོན་ཀྱང་ཁོང་ཚོའི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མེད་པ་རེད། དེ་དག་ལ་བལྟས་ན་བཙན་བྱོལ་ནང་ནས་ཕུ་བརྒྱབ་བོད་ནང་ནས་མདུན་དུ་མཆོངས་རྐྱང་བྱས། མཐའ་མ་གྱོང་རག་མཁན་ཚང་མ་གཞིས་ལུས་བོད་མི་རེད་། དྲ་གྲོག་ཚངས་མས་་་་ཁོང་གི་ཕྱག་བྲིས་འདི་ལ་དགོངས་པ་ཡག་པོ་བཞེས་རོག་་་དངོས་གནས་གོ་ཡ་འདུག་་་ཤ་ཚ་བོད་ནང་གི་བོད་མི་ཚོ་་་་

  36. ཀརྡོ་གཉེར་ཕྱག་པ་ says:
    2012-11-20 at 12:07 am

    ༸གོང་ས་མཆོག་གིས།
    བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་པའི་གཞི་ལུས་བོད་མི་རྣམས་ཡིན་པར་ཡང་ཡང་གསུངས་ཡོད་རེད་ལ། དེ་དང་ཆབས་གཅིག་ཏུ་གཞི་ལུས་བོད་མིས་རེ་བའི་མིག་འབུར་དེ། ང་ཚོར་བལྟས་ནས་བསྡད་ཡོད་པ་ཡང་གསུངས་ཡོད་པ་རེད་དོ། །དེས་ན་༸རྒྱལ་བ་རིན་པོ་ཆེ་ག་དུས་ཡིན་ན་ཡང་། ཆབ་སྲིད་རྙོང་འཛིང་ནང་ལ་༸ཁོང་གི་མཚན་ད་ནས་འཁུར་མ་ཡོང་རོགས་གནོངས། ཞུ་རྒྱུ་ཙམ་མོ། འདིས་ཀྱང་། ༸གོང་ས་མཆོག་སྐུ་ཚེ་ཡུན་བརྟན་ཤོག །

  37. གཟུར་གནས་བློ་ལྡན་། says:
    2012-11-20 at 12:43 am

    ༧རྒྱལ་བ་རིན་པོའི་དོན་དུ་མི་འདི་འདྲ་མང་པོ་ཞིག་ཤི་དུས་སྐུ་ཚེ་བརྟན་ཡ་དཀའ་ལས་ཁ་པོ་རེད་། མ་གཞི་ང་ཚོས་མི་བསད་ན་དེའི་བསོད་ནམས་དང་ཚེ་སྲོག་སྲོག་གཅོད་པ་པོ་ལ་འཐོབ་ཡོང་བར་འདོད་པའི་བཤད་སྲོལ་ཞིག་ཡོད་འདུག་ན་ཅི་ཤེས།

  38. རྟ་མགྲིན་དབང་ཆེན་ནས། says:
    2012-11-20 at 3:03 am

    ཨ་རིག་དགེ་བཤེས་དྲན་ན་དད་ནི་རེད།།
    ཨ་རིག་གླེན་པ་དྲན་ན་སྐྱོ་ནི་རེད།།
    ཨ་རིག་དགེ་མཐོང་འདི་ཡི་བོད་ཡིག་འདིས།།
    ཨ་རིག་གླེན་པའི་ཡང་སྲིད་ཤེས་དང་ཐལ།།

  39. amdo baglab says:
    2012-11-20 at 3:06 am

    ཁྱོད་ཚོ་ལ་ཕན་ཐོག་པའི་སྐད་ཆ་ཞིག་བཤད་ཡ་མི་འདུག དོན་ལ་ང་རང་ཚོ་ཚང་མ་བོད་ཡིག་ཁྱར་མ་ཁྱོར་རེ་ཞིག་བྲིས་ནས་མི་ལ་ཁ་བཏང་ཡ་རྐྱང་རྐྱང་བྱས་པ་ལས་ཆོས་དང་ཆབ་སྲིད་ལ་ཕན་ཏོག་པའི་ལས་ཀ་སྣ་ཅིག་ཀྱང་མི་འདུག་ དེ་ལས་ཁ་ཁ་ཏོག་བཙུམ་ནས་འདུག་ནས་བཟང་གདའ་འོ། ད་དུང་གོང་སྨཆོག་གི་སྐོར་བྲིས་ཏེ་ཡས་རེ་མས་རེ་ཟེར་ནས་ལུང་པ་འུར་གྱིས་བཀང་གི་འདུག ད་ཁ་བཙུམ་ནས་འདུག་ནས་དགའ་གི་རེད་ལོ།།

  40. ཁ་བའི་རྡུལ་བརྩེགས། says:
    2012-11-20 at 4:46 pm

    ཁྱོད་རང་ཚོས་སྐད་ཆ་ག་རེ་བཤད་ན་བསམ་བློ་ཡག་པོ་གཏང་དགོས། རྒྱ་ནག་གིས་མེ་བསྲེགས་བཏང་མཁན་ལ་ངན་བསྐུལ་བྱེད་མཁན་རྒྱལ་བ་རིན་པོ་ཆེ་དང་བཙན་འབྱོལ་གཞུང་རེད་ཟེར་གྱི་ཡོད་རེད། གལ་སྲིད་རྒྱལ་བ་རིན་པོ་ཆེས་ཕྱག་བྲིས་ཤིག་བཏང་ན་ཁོང་ཚོ་ཉོན་སྲིད་རེད་དེ། དེའི་སྐབས་མི་དཀར་པོར་ཞྭ་ནག་པོ་གྱོན་ཟིན་པ་རེད་ལ། རྒྱ་ནག་བཤད་པ་དེ་བདེན་དོན་འགྲུབ་པ་རེད། སྤྱི་བཏང་རྒྱལ་བ་རིན་པོ་ཆེས་སྔོན་མ་ནས་ཁ་གསལ་བོ་གསུངས་ཚར་རེད།

  41. མཁས་དབང་ says:
    2012-11-21 at 3:37 pm

    གོང་ས་མཆོག་བོད་ནང་ཕེབས་རྒྱུ་ཁོ་ན་ཆེད་ཡིན་ན་་་་་་་དཔའ་འོ་མ་རེད་དཔའ་མོ་མ་རེད་་་་ལྒུག་པ་རེད་་་་་གསལ་པོ་ཞུ་ཐུབ་་་་་

  42. མཁས་དབང་ says:
    2012-11-21 at 3:39 pm

    རྗེས་ལུས་བོད་མིང་ཡོངས་རྫོགས་་མེ་བསྲེགས་བཏོང་ཀྱང་་་་གོང་ས་མཆོགས་བོད་ནང་ཕེབས་མི་ཐུབ་པ་གསལ་པོ་རེད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme