Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀྲུང་གོ་རྒྱལ་ཁབ་ཀྱི་འགོ་གཙོ་རྣམས་ལ་ཕུལ་བ། ༼ རྩོམ་ཡིག་ཁག་གཉིས།༽

Posted on 2012-11-172012-11-17 By ཁ་བརྡ་ 70 Comments on ཀྲུང་གོ་རྒྱལ་ཁབ་ཀྱི་འགོ་གཙོ་རྣམས་ལ་ཕུལ་བ། ༼ རྩོམ་ཡིག་ཁག་གཉིས།༽

སྤྲུལ་སྐུ་ཨོ་རྒྱན་ཉི་མ།

མཁྱེན་ལྡན་རྣམ་པས་གསོན་དང་། ངས་འདི་ནས་རང་བཙན་དང་། རང་དབང་གི་སྐད་ཆ་བཤད་ཀྱིན་མེད་ལ། ཀྲུང་གོའི་རྒྱལ་ཁུངས་ལས་བོད་ཕྱི་རོལ་གདོན་དགོས་པའི་བསམ་འཆར་ནི་དེ་བས་ཀྱང་ མིན། གང་ཡིན་ཞེ་ན་ང་རང་ཉིད་ཆོས་ལ་དགའ་བའི་གང་ཟག་ཅིག་དང་། རིས་མེད་ལ་དགའ་བའི་བྱིས་པ་ཞིག་ཡིན་པའི་ཆ་ནས་ཚང་མ་བདེ་པོ་ཞིག་ཡོང་ན་བསམ་པའི་རེ་བ་ཉག་གཅིག་ཡོད་པས་ཡིན། སྤྱིའི་ཆ་ནས་བསམ་བློ་བཏང་ན་འཇིག་རྟེན་འདིར་རང་བཙན་དང་། རང་དབང་ཆ་ཚང་ཡོད་མཁན་ཞིག་གཏན་ནས་མ་མཐོང་ན། བོད་ལ་རང་དབང་ཞིག་སུས་ཀྱང་སྤྲོད་ནུས་རྒྱུ་མ་རེད་ལ། རང་དབང་འཐོབ་པ་ཁག་པོ་རེད། གལ་སྲིད་བོད་དེ་རྒྱ་ནག་གི་ཕྱི་རོལ་དུ་འགྱུར་བའི་དབང་དུ་བཏང་རུང་། ཆོལ་ཁ་དང་། ཆོས་ལུགས་ཁ་ལ་འཁྱེར་བ་ཚོས་ལོ་མང་རིང་གཞུང་སྲ་བརྟན་ཞིག་ཆགས་བཅུགས་ས་མ་རེད། དེང་སང་རྒྱ་ཆེ་ཆུང་ལ་མ་ལྟོས་པར་ཚང་མས་གླེང་བཞིན་པ་ནི་བོད་དོན་རེད། བོད་ཀྱི་རིག་གཞུང་རེད། བོད་ཀྱི་སྐད་ཡིག་རེད། བོད་ཀྱི་རིག་གཞུང་དེ་བོད་མི་རིགས་དང་། རྒྱ་ནག་གཞུང་། འཛམ་གླིང་སྤྱིའི་ལུགས་གཉིས་ལ་ཕན་ཐོགས་མེད་པ་ཞིག་དང་། རིག་པའི་གནས་ཀྱི་ཆ་ལག་མ་ཚང་བའི་ས་ཁུག་ལུང་ཁུག་གི་སྐད་ལྟ་བུ་ཞིག་ཡིན་ན་མེད་ ཀྱང་རུང་ལ། ཡོད་ཀྱང་ང་རྒྱལ་སྐྱེས་དགོས་དོན་མེད་མོད། བོད་ཀྱི་རིག་གཞུང་གིས་བོད་ཙམ་དུ་མ་ཟད། ཀྲུང་གོའི་གཞུང་དང་། འཛམ་གླིང་ཤར་ནུབ་གཉིས་སུ་བགས་ཆགས་ཆེན་པོ་བཞག་ཡོད་པ་ནི། ངས་བཤད་མི་དགོས་པར་ཁྱེད་རྣམ་པས་མཁྱེན་གསལ་ལྟར་རེད། གལ་སྲིད་རིག་གཞུང་ཕུན་སུམ་ཚོགས་པ་ཡོད་ཀྱང་བོད་མི་རིགས་ཉམ་རྒུད་དུ་ཕྱིན་ཏེ། བདག་པོ་རྒྱག་མཁན་མེད་པར་གྱུར་པ་དང་། བོད་མི་རིགས་ལ་སློབ་འདོད་མེད་ན་དེ་ཡང་གནས་ཚུལ་གཞན་ཞིག་རེད། དེ་ལྟར་ན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་བོད་ཡིག་བཏོན་བཞག་ན་ཡངགདགག་བྱ་གང་ ཡང་མེད་ངེས་རེད།
ཡིན་ན་ཡང་བོད་ཀྱི་མི་རིགས་ས་ཡ་དྲུག་ལྷག་ཡོད་པ་དང་། དེ་དག་ལས་ཀླད་མེད་འགའ་ཞིག་མ་གཏོགས་རང་གི་རིག་གཞུང་དང་། སྲོལ་རྒྱུན་ལ་དུང་བ་ཅན་ཤ་སྟག་རེད། བོད་མི་མང་ཆེ་བ་རྒྱ་ནག་ནང་དུ་གནས་བཅས་ཏེ་ཡོད་ན་ཡང་། དེ་ལས་འབུམ་ཁ་ཤས་ཤིག་རྒྱ་གར་དང་། ཨ་རི། ཁེ་ན་ཊ། དབྱིན་ཡུལ། སིབ་སི། བཱེལ་འཇམ་སོགས་ཀྱིས་མཚོན་པའི་ཡུལ་གྲུ་ཆེ་ཆུང་དུ་མར་གནས་ཡོད་པར་མ་ཟད། དེ་ཚོས་དུས་རྣམ་ཏུ་རྒྱ་ནག་གཞུང་གིས་བྱ་བའི་བརྒྱུད་རིམ་ལ་བལྟས་ཤིང་། དེ་ལ་ཞིབ་འཇུག་གིས་རྡུག་ས་ནས་ཁྱབ་བསྒྲག་བྱེད་བཞིན་པ་དང་། དེ་ཚོ་ལས་ཕལ་ཆེ་བ་དངོས་ཡོད་ཀྱི་གནས་ཚུལ་རེད། བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་ལས་རྩ་བ་ཆེ་བའི་དངོས་པོ་ཞིག་ཕལ་ ཆེར་ཡོད་མདོག་ཁག་པོ་མ་རེད། དེ་ཕྱིར་རིག་གཞུང་གི་ཆེད་དུ་བོད་མི་བདུན་ཅུ་དོན་གཉིས་ཀྱིས་ཚེ་སྲོག་ཞུགས་ ཕུལ་ཚར་བ་རེད། ད་དུང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་གཙོར་བྱས་པའི་རིག་གནས་ཁག་གཞུང་གི་སློབ་ གྲྭ་ཁག་ཏུ་མ་འཛུགས་ན་རྙོག་དྲ་རྒྱུན་མི་ཆད་པར་ཡོང་ངེས་པ་དང་། བོད་ཀྱི་རིག་གཞུང་བོད་པ་ཚོར་གཙིགས་ཆེན་ཡིན་པ་དེ་དང་ཆོས་མཚུངས་པའི་རྒྱ་ནག་ དང་། དབྱིན་ཇི་སོགས་མི་རིགས་སུ་འདྲ་ཞིག་ཡིན་ཡང་། རང་གི་རིག་གཞུང་རྩ་ཆེན་དང་། མཐོང་ཆེན། དེ་ཉིད་ཇི་སྲིད་བསྐལ་བ་མ་སྟོང་། སྲིད་པ་མ་ཞིག་གི་བར་དུ་བརྟན་ཞིང་གནས་ན་བསམ་པ་ལས། མི་རིང་བར་མེད་པར་འགྱུར་ན་བསམ་མཁན་ཕལ་ཆེར་ཡོད་རྒྱུ་མ་རེད། དེ་ཕྱིར་རང་གི་ངལུགས་ལ་དཔེ་བླང་ལ་གཞན་པ་ལ་ཡང་ཐུགས་བསམ་རྒྱ་ཆེར་བཞེས་ན། ནང་གི་མི་རིགས་འཆམ་མཐུན་དང་། འཛམ་གླིང་མི་རིགས་ཀྱི་མདུན་དུ་གཟི་བརྗིད་ཆེན་པོས་ངང་ནས་གོམ་པ་སྤོ་བ་ལ་དཀའ་ ངལ་མེད་པ་ཞིག་ཏུ་འགྱུར་ངེས་རེད། དེང་སང་རྒྱ་ནག་གི་ཆབ་སྲིད་དང་། དཔལ་འབྱོར་གཉིས་ཀྱིས་འཇིག་རྟེན་ཕལ་ཆེར་དབང་བསྒྱུར་ལ་ཉེ་བར་ཚང་མས་མཐོང་བཞིན་ པ་འདི་དག་རེད། དེ་དང་དུས་མཚུངས་སུ་ངེས་པར་དུ་གཟབ་དགོས་པ་ནི། ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་ཟེར་བ་ལྟར། རྒྱ་ནག་ནང་གི་མི་རིགས་ལྔ་བཅུ་ང་དྲུག་མཐུན་པོ་མ་བྱུང་ན་དུས་ནམ་ཞིག་ན་རྒྱ་ནག་ འཐོར་ངེས་པས། ནང་གི་མི་རིགས་མཐུན་པ་ལ་རིག་གཞུང་དང་། ཆ་ལུགས་རྣམས་གང་ལ་གང་འདོད་དེ་ལ་དེར་བསྟུན་གྱིས། སྔར་ཡོད་ཉམ་རྒུད་དུ་མི་འགྲོ་བ་དང་། སྔར་མེད་གང་མཐོར་གཏོང་དགོས་པ་ནི་རྒྱ་གཞུང་གི་མཐོ་རིམ་མི་སྣ་དང་། ཚོགས་སྡེ་ཆེ་ཆུང་དག་གི་ལག་འོག་ཏུ་ཡོད་པར་མ་ཟད། བོད་དང་། སོག་པོ། ཤར་ཏུར་ཀི་སི་ཏན་སོགས་རྒྱ་ནག་ནང་གཏན་དུ་གནས་ཐུབ་མིན་ནི། དེ་དག་ལ་ཁ་ཙམ་མ་ཡིན་པར་སེམས་གཏིང་ནས་བྱམས་སྐྱོང་དང་། བརྩེ་སེམས་ཀྱིས་དགོས་འདོད་སྒྲུབ་ཐུབ་མིན་ལ་རག་ལས་པ་ལས། བརྡུང་བརྡེག་དང་། མནར་གཅོད། མི་རིགས་གྲངས་མང་ཉུང་དང་། དཔལ་འབྱོར་ཆེ་ཆུང་ལ་ལྟོས་ཏེ་འོག་ཏུ་བལྟས་བསྡད་ན་མི་རིང་བར་རྒྱ་ནག་དུམ་ཆེན་ བཞི་རུ་འགྱུར་ངེས་པ་ནི་ཕར་བལྟས་ཚུར་གཟིགས་རེད། དཔེར་ན་ནུབ་ཕྱོགས་པའི་རོ་མན་དང་། དབྱིན་ཇིའི་སྟོབས་ཤུགས་ནམ་མཁའ་དང་མཉམ་མྱོང་ཡང་། ད་ལྟ་མིང་གི་ལྷག་མ་ཙམ་དུ་གྱུར་བ་བཞིན་ནོ། །

དགེ་བཅུའི་ཁྲིམས་ཀྱི་ཕན་ཡོན་གླེང་བ།

སྤྱིར་བཏང་ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་དང་། སྨྲ་ཤེས་ཤིང་དོན་གོ་བའི་རྐང་གཉིས་ཀྱི་སེམས་ཅན་ཞིག་ཡིན་པའི་ཆ་ནས་དགེ་བ་ཞེས་པ་དེ་ལེགས་པའི་ཕྱོགས་དང་། སྡིག་པ་ཞེས་པ་ཉེས་པའི་ཕྱོགས་ཡིན་པ་ཤེས་དགོས་ངེས་རེད། དེ་ཕྱིར་དགེ་བ་སྒྲུབ་དགོས་པ་དང་། སྡིག་པ་སྤང་དགོས་པ་དེ་ཡང་དམ་པའི་ཆོས་ཀྱི་ཚུལ་ཁྲིམས་དང་། བཅས་ཁྲིམས། རྒྱལ་ཁབ་ཀྱི་བཅའ་ཁྲིམས། ཡུལ་སྡེའི་འཚོ་བའི་ཁྲོད་ན་མེད་དུ་མི་རུང་བའི་འདོར་ལེན་གྱི་ཆ་མང་ཆེ་བ་བྱ་བ་ལེགས་ཕྱོགས་སུ་བསྐྱོད་དགོས་པ་དང་། རྒྱལ་ཁྲིམས་དང་འགལ་བའི་ཉེས་པའི་ཆ་་དེ་དག་དགག་དགོས་པ་ནི་ཆོས་ཙམ་དུ་མ་ཟད། འཇིག་རྟེན་པའི་ལུགས་ལ་ཡང་ཡོད་དགོས་པའི་རྩ་བའི་ཁྲིམས་ཡིན་པས། དགེ་བ་ནི་ལུགས་གཉིས་ཀྱི་སྲོག་དང་གཅིག་མཚུངས་རེད། དཔེར་ན་ལུས་ཀྱི་སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ། འདོད་ལོག་མི་སྤྱོད་པ་དང་། ངག་གི་རྫུན་མི་བཤད་པ་དང་། ཕྲ་མ་མི་བྱེད་པ། ཚིག་རྩུབ་མི་སྨྲ་བ། འཆལ་གཏམ་མི་སྒྲོག་པ་དང་། ཡིད་ཀྱི་བརྣབ་སེམས་། གནོད་སེམས། ལོག་ལྟ་གསུམ་སྟེ་སྤོང་བ་དགུ་པོ་དགེ་བ་དང་། དེའི་མི་མཐུན་ཕྱོགས་དགུ་པོ་མི་དགེ་བ་རེད་ལ། ཆོས་པ་ཙམ་དུ་མ་ཟད། འཇིག་རྟེན་པའི་ཁྲིམས་ལ་ཡང་ངེས་པར་དུ་ཚང་དགོས་པའི་གནད་ཀྱི་འགག་མདོ་ཞིག་རེད། དེང་སང་བསམ་མེད་འགའ་ཞིག་གིས་གང་ཟག་བྱེ་བྲག་པ་འགའ་ཞིག་ལ་གནོད་པའི་རྒྱུ་མཚན་གྱིས་དགེ་བཅུའི་ཁྲིམས་ལ་སྐྱོན་དུ་ལྟ་བ་དང་། དམོད་པ། འགལ་རྐྱེན་སྒྲུབ་གང་ཐུབ་བྱེད་པ་ནི་ཆོས་པ་ཞིག་གི་མིང་ཁུར་ཀྱང་སྡིག་རྒན་དང་། བོད་མི་ཞིག་ཡིན་ཡང་ལྟ་ལོག་དང་། འགྲོ་བ་མིའི་ལུས་སུ་ཡོད་ཀྱང་ཁྲེལ་ མེད་ཅིག་གི་བྱ་བ་ལས། དེ་ལ་དཔྱོད་ལྡན་སུ་ཞིག་གིས་ལེགས་སོ་འབུལ། དགེ་བཅུའི་ཁྲིམས་ཞེས་པ་དེ་དོན་ངོ་མས་བཤད་ན་བླ་རུང་ཚང་གི་ལས་འགན་དང་། ཁོང་རྣམ་པས་གསར་དུ་བཟོས་བཞག་པ་ཞིག་གང་ཡང་མ་རེད། དགེ་བ་ཞེས་པ་དེ་སྤྱིར་འཇིག་རྟེན་འདིའི་འགྲོ་བ་རྣམས་ཀྱིས་ལེགས་ཉེས་ཀྱི་བླང་ དོར་ཤེས་པ་ནས་བྱུང་བ་དང་། ཁྱད་པར་དུ་འཇིག་རྟེན་འདིའི་འདྲེན་པའི་དེད་དཔོན་ཆེན་པོ་དག་གིས་ལེགས་པའི་ལྟ་སྤྱོད་དག་བཏུས་ཏེ། བླང་བྱ་ལ་དགེ་བ་དང་། དོར་བྱ་ལ་མི་དགེ་བ་ཞེས་མིང་བཏགས་ཏེ་ལས་ལམ་དག་བསྟན་པ་ཞིག་རེད། ངོ་མ་བསམ་ཤེས་ན་དགེ་བ་བཅུ་ལ་འབད་འབུངས་བྱེད་བཞིན་པ་དང་། དེ་ལ་མངོན་པར་དགའ་བའི་གང་ཟག་དག་ནི་གཞལ་མེད་ཀྱི་ཡིད་བཞིན་གྱི་ནོར་བུ་བཞིན་རིན་ཐང་བྲལ་བ་ཞིག་རེད། གང་ཡིན་ཞེ་ན་དགེ་བཅུའི་ཁྲིམས་ལ་གནས་པའི་གང་ཟག་དག་གིས་གཞན་གྱི་སྲོག་མི་གཅོད་པར་མ་ཟད། རང་གཞན་གནས་པའི་འཁོར་ཡུག་གཏོར་བརླགས་བཏང་མེད་ལ། མཁའ་དབུགས་དང་། གོ་ལའི་སྲོག་རླུང་ལ་འབག་བཙོག་གིས་བགོས་མེད་པར་མ་ཟད། ཕྱིས་འབྱུང་གི་མི་རབས་ཚ་རྒྱུད་དང་བཅས་པའི་ལུས་ངག་ཡིད་གསུམ་ལ་གནོད་པའི་ལས་རྩ་བ་ནས་བྱེད་མི་སྲིད་པ་རེད། དེ་ཕྱིར་བོད་པ་ཙམ་དུ་མ་ཟད། འཇིག་རྟེན་འདིའི་སྐྱ་སེར་ཡོངས་རྫོགས་ཀྱིས་དགེ་བཅུའི་ཁྲིམས་ལ་རང་ཉིད་ཀྱིས་འབད་དགོས་པ་དང་། གཞན་ལའང་སྙིང་ཐག་པ་ནས་གཞེན་བསྐུལ་འདེབས་དགོས་པ་ནི། རང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས་འོས་འགན་དང་པོ་དེ་རེད། དགེ་བའི་ལས་ལ་དགའ་ཞིང་། ཆོས་ལ་སེམས་པ་དཀར་བ་རྣམས་ལྟར་སྣང་ལེགས་པའི་ཟས་གོས་གནས་མལ། འགྲིམས་འགྲུལ་བདེ་བའི་རླངས་འཁོར་དང་། གནམ་གྲུ། གྲུ་གཟིངས་སོགས་ཕུལ་དུ་བྱུང་བ་མེད་ཀྱང་། ནང་སེམས་ཀྱི་བདེ་སྐྱིད་གཞན་ལས་ཕུལ་དུ་བྱུང་བ་ཡོད་པ་དང་། མཁའ་དབུགས་དང་། ས་གཞི། རྩི་ཤིང་། ནགས་ཚལ་སོགས་འཁོར་ཡུག་ལ་གོད་ཆག་བཏང་མེད་པ་འདི་ནི་ཆེས་རིན་ཐང་བྲལ་བའི་བྱ་སྤྱོད་ཅིག་རེད། དེ་མིན་སྡིག་པའི་ལས་ལ་མངོན་པར་ཕྱོགས་པའི་འཛམ་བུ་གླིང་གི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་ཚན་རིག་པས་རྫས་སྦྱོར་དང་། ཚོད་ལྟའི་ཆེད་དུ་དུད་འགྲོ་དུང་ཕྱུར་མང་པོའི་ཚེ་སྲོག་འཆོར་བཞིན་པ་དང་། སའི་གོ་ལའི་སྲོག་སྙིང་འབྱིན་ཞིང་། རླུང་གི་གོ་ལའི་རྒྱུ་ལམ་གཅོད་པའི་འབག་བཙོག་གིས་བསྒོས་པ་དང་། མི་རབས་རྗེས་མ་ཚོའི་འཐུང་ཆུ་དང་། ཟས་གོས། གནས་མལ་ཡོད་ཚད་ལ་སྐྱོན་ཚབ་ཆེན་བཟོས་ཚར་བ་རེད། དེང་སང་སྔོན་གྱི་དུས་སུ་ཚ་བ་ཆེ་སར་གྲང་བ་དང་། གྲང་བ་ཆེ་སར་ཚ་བ་རྒྱས་ཤིང་། དྲག་ཆར་དང་། ཆར་ཞོད། རླུང་ཇག་སོགས་ཀྱི་རྐྱེན་ངན་དང་། གོད་ཆག་མང་དུ་འགྱུར་བཞིན་པ་དང་། དཔེར་ན་རླངས་འཁོར་གཅིག་པུས་ལོ་རེར་མི་བྱེ་བ་གཅིག་རེ་གསོད་བཞིན་པ་དང་། དེ་དང་འདྲ་བའི་འཕྲུལ་འཁོར་འདྲ་མིན་དང་། གློག ཆུ། ས། མེ་སོགས་ཀྱི་འོག་ཏུ་ག་ཚོད་ཤོར་ཡོད་རྒྱུ་རེད། འདས་པའི་ལོ་གཉིས་ཀྱི་གོང་དུ་ཐེ་ཝན་ལ་རླུང་ཇག་དང་། དྲག་ཆར་ལྡེབ་པ་ལས་མི་དྲུག་བརྒྱ་ལྷག་གར་སོང་ཆ་མེད་དུ་སོང་བ་རེད། བོད་དུ་ས་འགུལ་གྱིས་མི་ཉིས་སྟོང་དྲུག་བརྒྱ་གོ་བརྒྱད་ཤི་བ་དང་། བརླགས་སོང་བ་ཡང་མང་པོ་རེད་ལ། ཆིག་ཁྲི་ཉིས་སྟོང་ཆིག་བརྒྱ་སོ་ལྔ་རྨས་མར་བསྒྱུར་བ་དང་། འཇའ་པན་དུ་མཚོ་རླབས་དང་ས་འགུལ་གྱིས་ཆིག་ཁྲི་ལྔ་སྟོང་བརྒྱད་བརྒྱ་བདུན་ཅུ་ཤི་བ་དང་། རྨས་མ་དྲུག་སྟོང་ཆིག་བརྒྱ་བཅུ་བཞི། གར་སོང་ཆ་མེད་དུ་གྱུར་བ་ཉིས་སྟོང་བརྒྱད་བརྒྱ་བཅུ་བཞི་སོགས་མདོར་ན་འཛམ་གླིང་ཤར་ནུབ་གཉིས་སུ་འབྱུང་བཞིའི་གནོད་པ་རྒྱ་ཆེ་བ་དང་། མི་རིགས་དང་། ལས་དཀའི་འཐབ་རྩོད་ཆེ་རུ་དང་། གཏིང་ཟབ་ཏུ་འགྲོ་བཞིན་པ་མཐའ་དག་འདོད་རྔམ་དང་། གནོད་སེམས། ལོག་ལྟ་དག་ལས་བྱུང་བ་ཡིན་པས་ན། དགེ་བཅུའི་ཁྲིམས་ལ་འབད་དགོས་པ་དང་། དགེ་བཅུའི་ཁྲིམས་གནས་པར་བྱ་དགོས་པ་ནི་བོད་ཙམ་དུ་མ་ཟད། འཇིག་རྟེན་སྤྱིའི་ལས་འགན་བླ་མེད་ཅིག་ཡིན་པར་མཐོང་ངོ་། །

སྣ་ཚོགས།

Post navigation

Previous Post: ཞི་བའི་གོམ་བགྲོད།
Next Post: ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོ།

Comments (70) on “ཀྲུང་གོ་རྒྱལ་ཁབ་ཀྱི་འགོ་གཙོ་རྣམས་ལ་ཕུལ་བ། ༼ རྩོམ་ཡིག་ཁག་གཉིས།༽”

  1. གནམ says:
    2012-11-17 at 5:08 am

    མྱི་སྐྱག་ཞིག་གི་སྐྱེ་བ་མི་ཐོབ་པར་ཤོག།
    སྤྲུལ་སྐུ་ཞིག་གི་གོ་ས་མི་ཐོབ་པར་ཤོག།
    ཨོ་ཉི་ལས་ངན་པོས་ད་རེ་ཅི་ཟེར་གི་ཡོད་ནི་གང་ཤེས།
    ་་་་་་་་་་་ ་་་་་་་་་་་་
    གྱོད་མྱི་རབས་དགུ་ལ་མི་རྩོད་ན།།
    རིགས་རུས་བ་བཟང་ཡང་དོན་རེད།།
    ས་གྲུ་བཞི་དགྲ་ལག་ཤོར་སོང་ན།
    ཕོ་ཚེས་ཐག་རིང་ཡང་དགའ་ལེ་མེད་ཟེར་བ་དེ་འདྲ་ཤེས་ཡོད་རྒྱུ་མ་རེད།

  2. བྱང་སྐར། says:
    2012-11-17 at 7:06 am

    རྒྱ་ནག་ལ་ཡིག་བསྐུར་འདི་ཁ་བརྡ་ནང་བཞག་དོན་ཅི་ཡིན། སྤྲུལ་སྨྱོན་ད་ཅི་བཤད་དགོས་བསམ་གྱི་འདུག

  3. གཡུ་བྲག་པ says:
    2012-11-17 at 7:56 am

    ཨ་ཧོ་ད་འདིས་ཧོའུ་གཅིན་འཐུང་དང་ཞེན་ཅིན་ཕེན་སོགས་ལ་དགེ་བཅུའི་ཕན་ཡོན་བཤད་གི་འདུག ཧ་ཧ་ཧ གནམ་རྒན་མ་འདྲེ་འདི་ཚོ་ཆོས་འོག་ལ་བཀོད་ན་ཐང་།

  4. མེ་ཏོག་དཀར་པོ། says:
    2012-11-17 at 8:14 am

    རྒྱ་ནག་ལ་མ་རེད། ཀྲུང་གོ། ཀྲུང་གོ་མ་རེད། མེས་རྒྱལ་རེད། མེས་རྒྱལ་ཟེར་དུས་རང་གི་ཕ་ཡུལ། དེ་བྱས་དུས་་་

  5. བོད་ལ་ཞེན། says:
    2012-11-17 at 8:41 am

    ད་ནི་གོ་རྒྱུ་གང་ཡང་མི་འདུག ག་རེ་བཤད་ཀྱི་ཡོད་རེད། རྒྱ་ནག་ལ་ངོ་དགའ་རེད་དམ།

  6. བཀྲ་ཡེ་ཚང་། says:
    2012-11-17 at 9:06 am

    ཧ་ཧ་ཧ་ཧ་ཧ་ཧ་ཧ་་་་་་་་་

  7. ཨོ་རྒྱན་ཉི་མ། says:
    2012-11-17 at 9:31 am

    བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །སྐུ་སྲོག་ཞུགས་ལ་ཕུལ་བར་མཚམས་ཆོད་ཅིག

  8. མདའ་བ་ཚང་། ལྷ་མོ། says:
    2012-11-17 at 10:02 am

    རང་གིས་རང་བཀྱག
    སྐྱག་པའི་སྐབས་བཀྱག
    ཕ་ཡུལ་གཅིག་པའི་རྐང་འཐུན།
    བོད་མི་རིགས་ཀྱི་ཞལ་འདྲེན།
    ཉལ་ས་དྲོན་པོ་ནས་སྨྱོ་གཏམ་མ་མང་།
    བོད་མི་དྲུག་ཅུ་ལྷག་གི་གཅེས་པའི་ཚེ་སྲོག་ཕུལ་
    དོན་ད་དེང་ཧ་གོ་མེད་པ་ཅི་རེད།
    ཕེབས་ཟིན་པའི་བོད་མི་ཚོ་ལ་ངོ་ལོག་གནང་གི་ཡོད་པས།

    ཁ་བྱང་དང་མི་མཐུན་པའི་རང་སྣང་གང་དྲན་ཅིག

  9. བཀྲ་ཤིས་སྒྲོལ་མ། says:
    2012-11-17 at 10:08 am

    གོ་རྒྱུ་མེད་པའི་རྩོམ་ཉོག་ཅིག་ལ། །
    མཆན་ཞིག་བཏབ་པ་དོན་མེད་བསམ་རུང་། །
    ཕྱིན་ཆད་འདི་འདྲ་ཡང་དང་བསྐྱར་དུ། །
    མི་འབྱུང་ཕྱིར་དུ་མཆན་འདི་ཤོར་སོང་། །

    རྩ་བའི་གོ་རྒྱུ་མེད་དང་གཅིག །
    ཚིག་ལ་སྡེབ་སྦྱོར་མེད་དང་གཉིས། །
    ཡི་གེའི་དག་ཆ་མེད་དང་གསུམ། །
    མེད་པ་གསུམ་འདི་ཁྱད་ཆོས་ཉིད། །

  10. ལེགས་བཤད། says:
    2012-11-17 at 10:29 am

    དོན་ཟབ་ས་ནས་བསྔོགས་ཤེས།།
    ཚིག་འཇམ་ས་ནས་ལབ་ཤེས།།
    དགེ་བ་བཅུ་ཡི་སྙན་ཞུ་འདི།།
    རྒྱ་དཔོན་ལ་ཕུལ་བ་རྟེན་འབྲེལ་ཞུ།།

  11. འཇམ་གཅེས says:
    2012-11-17 at 11:12 am

    ཨོ་རྒྱན་ཉི་མ་དང་པདྨ་འཕྲིན་ལས་ནང་བཞིན་བོད་རིགས་སུ་སྐྱེས་པ་ནི་ངོ་མ་བོད་པ་ཚང་ལ་མུག་གེའི་གོང་དུ་ཟླ་ལྷག་རང་རེད། བཀྲ་མ་ཤིས་བ་ཤོག་མི་ངན་འདི་ཚོས་གྲས་་་་་་་་་་་་་་་་་་་་་་་

  12. མེ་ཏོག་དཀར་པོ། says:
    2012-11-17 at 11:15 am

    གོང་དུ་རྒྱ་དཔོན་ལ་ཡི་གེ་གཏོང་བར་མ་འགྲིག་པ་མ་མཐོང་།

    ཐ་སྙད་བདེན་པ་གལ་ཆེན་ཡིན་དུས། སྒྲ་ཉེ་འཇུག་དང་། རིང་འཇུག་གཉིས་པ་ལྟར། རྒྱ་མི་ཞིག་གི་ china ལ་ཀྲུང་གོ་ཟེར་ན་མཛེས། བོད་པ་ཞིག་གིས་རྒྱ་ནག་ཟེར་ན་མཛེས། ལོ་ངོ་སྟོང་ཕྲག་རིང་བོད་པ་ཚོས་དེ་ལྟར་བརྗོད་གི་ཡོད་ལ་ཡིག་ཆ་ཚོའི་ནང་དེ་རང་ཡོད། དེ་ཡང་བོད་པ་ཚོས Dalai lama ལ་༧སྐུ་མདུན། ༧གོང་ས་མཆོག ༧རིན་པོ་ཆེ། སོགས་ཀྱིས་འབོད་ན་མཛེས་ལ། ད་ལའི་བླ་མ་ཞེས་བརྗོད་ན་མི་མཛེས་པ་བཞིན། རྒྱ་མི་ཞིག་གིས་༧སྐུ་མདུན་ཞེས་མ་འབོད་རུང་ཚོར་བ་ཅང་མེད་པའང་བཞིན་ནོ།།
    དེ་ཡིན་དུས་ཨོ་རྒྱན་ཉི་མས་བསམ་བཞིན་ངེད་བོད་པ་ཚོར་སྙིང་ཚིམ་བདར་ཆེད་འདི་འདྲའི་ཐ་སྙད་བེད་སྤྱོད་པ་ཡིན་མ་དེར་ཟད། གཞན་ཨོ་ཉི་ཁོ་དོན་དུ་བོད་པར་སྐྱེས་པར་འགྱོད་པ་དང་རྒྱ་མི་རུ་མ་སྐྱེས་པར་ཕངས་སེམས་ཤིག་ཤར་གི་མེད་དམ་སྙམ།

  13. ཨོ་རྒྱན་ཉི་མ། says:
    2012-11-17 at 11:38 am

    བོད་པ་ཚོས་ཉིན་མཚན་གཉིས་ཀར་སྐད་རྒྱགས་ཀྱང་། གྲུབ་འབྲས་ཐོན་རྒྱུ་དེ་བོད་གཞིས་བྱེས་གཉིས་འབྲེལ་འདྲིས་བྱེད་པ་ཁག་ཏུ་གཏོང་ཐུབ་ངེས་པ་དང་། གལ་སྲིད་ལམ་འགྲོ་བྱུང་ན་མཚོ་སྔོན་དང་། ལྷ་ས། ཡུན་ནན། སི་ཁྲོན་གྱི་བོད་ཀྱི་ས་ཁུལ་ཁག་གི་སློབ་གྲྭར་བོད་ཡིག་སྦྱང་བ་ལ་བཀག་འགོག་མེད་པ་ཞིག་ཏུ་བསྒྱུར་ཐུབ་ན་རབ་རེད། དེ་མིན་རང་སྐྱོང་ཟེར་བ་དང་། རང་བཙན་ཟེར་བ་ནི་རྨི་ལམ་ལས་མ་འདས་སོ། །བོད་ལ་རང་དབང་དང་། རང་སྐྱོང་དགོས་ན་ཤར་ཏུར་ཁི་སི་ཊན་དང་།
    ནང་སོག་སོགས་མི་རིགས་འདྲ་མིན་མང་པོ་རེད། དེ་དག་ཚང་མས་སྐད་རྒྱག་ངེས་རེད། བོད་གཞི་བྱེས་གཉིས་ནས་སྐད་ཇི་ལྟར་རྒྱག་ཀྱང་རྒྱ་ནག་གཞུང་མི་འཇིགས་ཏེ། རང་ཁེ་གཞན་ཕམ་གྱི་ལྟ་བ་མཐུག་པོ་ཡོད་པའི་ཆབ་སྲིད་པ་ཡིན་པའི་ཕྱིར་དང་། དཔལ་འབྱོར། ཆབ་སྲིད། དམག་སྲིད་གསུམ་སུ་དང་གང་ལ་ཡང་ལྟོས་མི་དགོས་པའི་རང་རྐྱ་ཕེར་བའི་ཕྱིར་རོ། །བོད་པ་ཚོས་བདེན་པའི་མེ་ལྕེ་དེས་འཇིག་རྟེན་འདི་འཚིགས་སོང་རུང་། རྒྱ་ནག་གིས་ཕྱིར་ནུར་ཐེངས་གཅིག་བྱས་སོང་ན། ངས་མི་ཚེ་གཅིག་ལ་གོན་པ་རྩ་བ་ནས་མི་གོན་པར་གཅེར་བུར་འགྲོ་ངེས་སོ། །དེ་ཕྱིར་བོད་པ་དག་གིས་རེ་བ་ཉག་གཅིག་དགོས་པ་དེ་རིག་གཞུང་སྲུང་སྐྱོབ་བྱ་རྒྱ་དེ་རེད། དེ་ལས་གཞན་པའི་ལམ་ཁ་མེད་པ་ནི་མཐོང་ཆོས་མངོན་གྱུར་རེད།

  14. མེ་ཏོག་དཀར་པོ། says:
    2012-11-17 at 11:50 am

    འཛམ་གླིང་ཁྲིམས་ལྡན་རྒྱལ་ཁབ་ལ་གཅེར་བུ་རྒྱུ་ས་ག་ལ་ཡོད། རྒྱ་ལ་ཡོད་ན། ཁྱོད་ལ་བོད་ཞེན་ཏོག་ཙམ་ཡོད་ན་ང་ཡང་སྐྱེ་བ་གསུམ་རིང་གཅེར་བུར་སྡོད་གི་ཡིན།
    ད་ཁྱོད་གཟབ་གཟབ་བྱོས་མ་གཏོགས། རྒྱ་མིན་བོད་མིན་པི་ཤ་ཙི་ཟེར་མཁན་དེ་ཆགས་གྲབ་འདུག་ཏ།

  15. ལུང་རྟོགས། says:
    2012-11-17 at 12:06 pm

    ཨོ་ཉིའི་རང་མདོགས་རྗེན་པར་བསྟན་སོང་། སྔ་མོ་ནས་ཨོ་ཉི་ཞེས་པ་འདི་རྒྱ་ནག་གི་རྒྱུག་ཁྱི་ཞིག་ཡིན་པ་གོ་མྱོང་ཡང་ཉེ་ཆར་བར་དུ་ཡིད་ཆེས་བྱེད་ཀྱི་མེད། ཡིན་ན་ཡང་ཁ་སང་དེ་རིང་གི་རྩོམ་ཡིག་འདི་ཚོས་ཨོ་ཉི་སུ་ཡིན་པ་གསལ་བཤད་བྱེད་ཡོང་གི་འདུག བོད་པ་ཚོ་མི་འདི་ཚོ་ལ་ནམ་ཡང་དོག་ཟོན་གྱིས།

  16. དགེ་བསམ says:
    2012-11-17 at 12:23 pm

    ངོ་ནས་ཚེ་རབས་ནས་ཚེ་རབས་ཏུ་འདི་འདྲ་བའི་མི་ཞིག་གི་མ་སྐྱེས་པར་ཤོག
    ་

  17. ཨོ་རྒྱན་ཉི་མ། says:
    2012-11-17 at 12:39 pm

    རྒྱ་ཟེར་དུས་དུད་འགྲོ་འདྲ་བོ་དང་། བོད་ཟེར་དུས་ལྷ་འདྲ་བོ་མཐོང་བ་ནི་ཁྱོད་རང་གླེན་ལྐུགས་ཡིན་པའི་རྟགས་རེད།

  18. ཐབས་ཇུས་ཅན says:
    2012-11-17 at 2:01 pm

    རེད་ལགས།
    བོད་པའི་སློབ་གྲྭ་ཁག་ཏུ་བོད་ཡུག་སྦྱོང་བར་འབད་བརྩོན་བྱ་རྒྱུ་གལ།
    བོད་ཆོལ་ཁ་གསུམ་ན་སློབ་གྲྭ་གང་ཡོད་པ་ཚང་མའི་ནང་། སྐད་ཡིག་རྒྱ་ཡིག་དང་དེ་ལས་གཞན་སློབ་ཚན་ཚང་མ་བོད་ཡིག་ནང་འཁྲིད་དགོས་པའི་འབོད་ཚིག་བསྒྲག་རྒྱུ་གལ།
    བོད་ནང་མེ་མཆོད་ཕུལ་མཁན་ཚོའི་མངོན་འདོད་ཡང་དེ་ལྟར་རེད་བསམ།
    བོད་ཡིག་ནི་ང་ཚོའི་སྲོག་རྩ་ཡིན།
    བོད་ཡིག་མེན་ན་ང་ཚོའང་འཛམ་གླིང་འདིའི་སྒང་ནས་མེད་པ་ཡིན།

  19. ཨོ་རྒྱན་ཉི་མ། says:
    2012-11-17 at 2:15 pm

    ངས་ཧ་ཅང་ཡ་ང་བའི་གཡང་ས་འདི་ནས་སྨྲེ་སྔགས་གྱེར་བཞིན། འདི་ཕྱིའི་ལམ་ཆེན་ལ་རྒྱང་བལྟ་ཡིས་ཅེར་དུས ཤི་གསོན་གཉིས་ཀྱི་བར་དོ་མཚམས་ནས། འདས་གསོན་གྱི་བྱས་རྗེས་ལ་བསམ་གཞིག་རེ་བྱེད་དུས། ངོ་མ་ལས་ཀྱི་འཆི་བ་དང་། མཚོན་གྱི་འོག་ཏུ་འཆི་བ། ལྕེབས་ཏེ་ཤི་བ། རང་སྲོག་བཅད་དེ་འཆི་བ་དང་། ལ་ལ་སྐྱེས་ཤིང་ལ་ལ་ཤི། སྐྱེས་ཤི་གཉིས་ཀྱི་བར་ལག་ན། ངོ་མ་འབྲལ་མི་ཕོད་བཞིན་དུ་འབྲལ། འགྲོ་མི་འདོད་བཞིན་དུ་ཕྱིན་། སྤྱིར་འཁོར་བ་ནི་སྡུག་བསྔལ་གསུམ་གྱི་གཟེབ་ཀྱི་སྲིན་པོའི་ཚང་དང་། མེ་མ་མུར་འོབ། སྤུ་གྲིའི་ཐང་ལས་ཀྱང་དབལ་ཚ་ཞིང་། གཅན་གདུག་པའི་ཁ་ལས་ཀྱང་རྣོ་བའི་སོ་ཕྲག་ན་ཤི་མ་གསོན་དུ་ལུས་པ་ང་ཚོས། ད་དུང་འཐབ་རྩོད་ཀྱིས་རང་གི་གོ་གནས་དང་། མིའི་དཔལ་ཡོན་རྩོད། མེད་པ་འཐོབ་ཀྱི་རེ་བ་དང་། ཡོད་པ་ཤོར་གྱི་དོགས་པ་གཉིས་ནི་དུས་ནམ་ཡང་སེམས་པའི་གཏིང་རུམ་དུ་ཟུམ། ངོ་མ་ལྟོས་དང་། ཁྱེད་ཅག་གིས་ཅིའི་ཕྱིར་དུ་འཐབ་རྩོད་བྱེད། མིའི་མི་ཚེ་ནི་རླུང་གསེབ་ཀྱི་མར་མེ་ལས་ཀྱང་བར་ཆད་མང་བ་དང་། དཔྱིད་ཀའི་ཉི་མ་ལས་ཀྱང་འགྱུར་ལྡོག་མང་ཞིང་། བྱེ་ཐང་གི་མིག་སྒྱུ་བཞིན་གཏད་སོ་མེད་པ། ངོ་མ་བསམ་བློ་ཐོངས་དང་། ནམ་འཆི་བའི་ཚེ་ན་དཔལ་དང་འབྱོར་བ་ཡོད་ཀྱང་འཁྱེར་དབང་མེད། ཐོབ་དང་གོ་ས་ཡོད་ཀྱང་ངོམ་ས་རེད། ཡོད་ཚད་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་འགྲོ་བའི་ཉིན་དེར། རང་གིས་གཅེས་པར་བཟུང་བའི་ལུས་འདི་ཡང་འདོར་ཏེ་འགྲོ་བའི་ཉིན། སྙིང་ལས་ལྷག་པའི་གཉེན་དང་། ཕུ་ནུ་ཡོད་ཚད་བཞགས་ཏེ་ཆས་པའི་ཉིན། ཁྱོད་ལ་རང་དབང་རང་བཙན་གྱིས་ཕན་ཐོགས་མེད་ལ། མཚན་དང་སྙན་གྲགས་ཀྱིས་སྐྱོབ་མི་ནུས། དེ་དུས་བསྐྱབ་ངེས་པ་ནི་བསླུ་མེད་དགེ་བའི་དངོས་པོ་ཆེ་ཆུང་དང་། ཡང་ལྕི། ཚེ་འདི་དང་ཚེ་རབས་གཞན་དུ་བསགས་པའི་རྣམ་དཀར་གྱི་བྱ་བ་དག་ཡིན་ལ། སྐབས་དེ་དུས་དཀར་ནག་གི་ལས་སྒྲིབ་དག་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ངེས་ན། ཁྱེད་ཀྱིས་རང་བཙན་ཆེད་དུ་འཐབ་རྩོད་ཀྱིས་ལས་བསགས་བཞག་པ་འདི་དག་གིས་ཁྱོད་སྐྱོབ་ནུས་སམ། དེ་ཉིད་དགེ་བ་ཡིན་ནམ། ངས་ནི་དེ་དག་དགེ་བ་ཡིན་པར་ཁས་ལེན་མི་ནུས་སོ། །

  20. རིག་པའི་བུ says:
    2012-11-17 at 3:07 pm

    གང་ལྟར་ཨོ་ཉི་ཡིས་སེམས་ཆུང་གི་སྐད་ཆ་བཤད་འདུག སྡུག་ས་ནས་དེ་ལྟར་བསམ་བློ་བཏང་ཐུབ་ན་ལེགས།

  21. རིག་པའི་བུ says:
    2012-11-17 at 3:10 pm

    གང་ལྟར་བོད་པ་བརྒྱ་ཆ་དགུ་ཡིས་རྒྱ་ནག་འོག་ནས་རང་དབང་ངམ་རང་བཙན་ཐོབ་པ་ཡིད་ཆེས་མེད་ན་ཁག་པོ་རེད། ང་ཚོས་ལས་འགན་ནི་བོད་པ་རྣམས་ལ་ཡིད་ཆས་སྤྲོད་རྒྱུ་དེ་གནད་དུ་མཐོང་།

  22. ཁ་བའི་རྡུལ་བརྩེགས། says:
    2012-11-17 at 5:39 pm

    རྒྱ་ནག་གིས་ཨོ་རྒྱན་ཉི་མ་ལ་བོད་མཚང་ཕྱི་ལ་བསྒྲོགས་པའི་བྱ་དགའ་ཞིག་ཐུབ་རན་འདུག ཡིན་ནའང་ཁོང་གིས་བོད་དང་རྒྱ་ནག་གཉིས་དྲ་འབྲེལ་བྱེད་སྟངས་ནོར་ནས་ཁ་བརྡ་ནང་བཀོད་འདུག་པས། གོ་སྐབས་བཟང་པོ་དེ་ཤོར་ཟིན། ཨ་ཁ་ཨ་ཁ་་་་་་་་་་་་་་་་་

  23. ཐབས་ཇུས་ཅན says:
    2012-11-17 at 6:41 pm

    ཨོ་རྒྱན་ཉི་མ་ཟེར་བ་འདི་གོ་བ་མེད་པའི་མི་གླང་རྒན་ཞིག་ཡིན་པ་ཐག་གིས་ཆོད།
    གླེན་པ་ལུག་འདྲ་བ་ཟེར་ན་ཁྱེད་རང་ལྟ་བུ་རེད།

  24. ངོ་ལུག says:
    2012-11-17 at 7:26 pm

    ཤིས་ཅིང་ཕིང་གཙོས་པའི་འགོ་ཁྲིད་གསར་པ་རྣམས་ཀྱིས་རྒྱ་ནག་ལམ་བུ་ག་འདྲ་ཞིག་ལ་འཁྲིད་སྲིད་དམ་ཞེས་པའི་རྒྱ་རྩོམ་ནང་བོད་ཀྱི་སྐོར་ལ་སྐད་ཆ་འདི་འདྲ་ཞིག་འདུག
    མི་འགྱངས་པར་རྒྱ་ནག་ལ་འགྱུར་བ་གང་ཞིག་འགྲོ་སྲིད་པའི་ཐད་ནས་གྲངས་ཉུང་མི་རིགས་དང་ལྷགས་དོན་བོད་ལ་འཛིན་པའི་སྲིད་ཇུས་སྐོར་ལ། མིག་སྔར་བོད་ལ་རང་ལུས་མེ་སྲེག་གི་དྲག་ཆར་རླུང་བུ་གཅིག་མཇུག་གཉིས་མཐུད་དུ་འཚུབ་བཞིན་པ་དང་། སྲིད་དབང་མཁྲེགས་འཛིན་ཚོས་ལོ་མང་རིང་དྲག་སྣོན་ཁོ་ན་བྱེད་པའི་སྲིད་ཇུས་ཀྱི་ལམ་བུ་དེ་ད་ལྟ་སྣེ་མོ་ལ་ཐུགས་ཡོད། གལ་སྲིད་ཤིས་ཅིང་ཕིང་གིས་ཕ་ཤིས་ཁྲོན་ཡོན་གྱི་སེམས་སྟོབས་འཛིན་ཐུབ་པ་དང་། ཧུ་ཡོ་པང་གི་ལམ་དུ་འགྲོ་ཐུབ་པ། བོད་པས་བོད་ཡུལ་སྐྱོང་བའི་ཏ་ལའི་བླ་མའི་དབུ་མའི་ལམ་དེ་དམིགས་ཡུལ་དུ་བཟུང་བ་ཡིན་ན་བོད་ཀྱི་མ་འོངས་ལ་རེ་བ་ཡོད་པ་རེད། གལ་སྲིད་ཏ་ལའི་བླ་མ་སྐུ་འཚོ་བཞུགས་རིང་བོད་དོན་འདིར་ཐག་གཅོད་ཡག་པོ་ཞིག་མ་བྱུང་ན་མ་འོངས་པར་བོད་འདི་རང་བཙན་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུར་ཕལ་ཆེར་འགོག་ཐབས་མེད་པའི་ཚད་ལ་སླེབས་ཚར་བ་རེད། མགོ་མཁྲེགས་ཚོས་ཉེ་བའི་ལོ་ཤས་ནང་སྲིད་ཇུས་དམ་པོ་བྱེད་པའི་རྒྱབ་ཏུ་དཔོན་རིགས་ཚོའི་བར་གྱི་ཁེ་ཕན་འཕྲོག་རེས་གབ་ཡོད་པ་ལས་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་རྩ་བ་ནས་མ་རེད། བོད་ལ་ད་ལྟ་ཡོད་པའི་སྲིད་ཇུས་འདི་རྒྱུན་བཅངས་ནས་བསྡད་ན། གཏེར་ཁ་བསྔོགས་པ་དང་གློག་ཁང་གཉེར་མཁན་གྱི་ཁྱིམ་རྒྱུད་ཚོར་ཕན་ཐོགས་ཡོད་པ་རེད། དེ་བཞིན་བོད་ལ་གསར་དུ་ཐོན་ཡོད་པའི་འབྱོར་ལྡན་སྐུ་དྲག་གསར་པ་ཁག་ཅིག་ནི་དབུ་མའི་ལམ་ལ་དགག་པ་རྒྱག་མཁན་རེད། ཤིས་ཅིང་ཕིང་གཙོས་པའི་འགོ་ཁྲིད་གསར་པ་ཚོས་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་བསྒྱུར་བཅོས་ལ་གདོང་ལེན་བྱེད་ཕོད་ན་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་ཡང་གདོང་ལེན་བྱེད་ཕོད་ངེས་རེད། བོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཁེ་ཕན་གཉེར་མཁན་གྱི་ཁྱིམ་རྒྱུད་དེ་ཚོས་བོད་ཀྱི་སྲིད་ཇུས་ཀྱི་ཁ་ལོ་བསྒྱུར་བའི་དཀའ་ངལ་དེ་སེལ་དགོས་ཅེས་བཤད་འདུག སྟག་རོང་སྟག་ཚ་ངོ་ལུག་གིས་བསྒྱུར།
    འགྲོ་བ་མི་ཟེར་བ་ལ་ཅི་དགོས་ཟེར་ན། སེམས་ཁམས་རིག་པ་སྨྲ་བ་ཞིག་གིས་གལ་ཆེ་ཆུང་དང་མི་ལ་བདེ་བ་སྤྲོད་ཆེ་ཆུང་ནས་རིམ་པ་ལྔ་ལ་དབྱེ་ཡོད་སྐད། དེ་ལྔ་པོའི་ནང་ནས་ཚད་དམའ་ཤོས་སམ་སྐས་རིམ་དང་པོ་ལྟ་བུ་དེ་ནི་ཟས་སྐོམ་མཁྲེགས་བདེ་སོགས་སེམས་ཅན་ཕལ་ཆེ་བས་ཐུན་མོང་དུ་བསྟེན་དགོས་པ་དེ་དག་ཡིན་སྐད། གཞན་གྱི་བརྩི་མཐོང་དང་ལ་རྒྱ་སོགས་ནང་སེམས་ཀྱི་དགོས་མཁོ་དེ་དག་འགྲོ་བ་མིའི་དགོས་མཁོ་ཚད་མཐོ་ཤོས་དང་བདེ་བ་ཐོབ་ཆེ་ཤོས་དེ་དག་ཡིན་སྐད། རིག་པ་དེ་ནས་ངོ་སྤྲོད་ཐུབ་པ་ཞིག་ནི་ད་ལྟ་རྒྱ་ནག་གཞུང་གིས་བོད་པ་རྣམས་ལ་དུད་འགྲོ་ཙམ་ལ་བརྩི་བ་ལས་མིའི་ཐོབ་ཐང་མི་སྤྲོད་པ་འདི་ནི་རང་སྲེག་གི་རྒྱུ་ཆགས་ཡོད་པ་གསལ་པོ་རེད། བོད་པ་རྣམས་ཀྱི་ཁྲོད་དུ་ཟས་སྐོམ་མཁྲེགས་བདེ་ཙམ་གྱིས་བློ་ཡིད་འཚིམ་ནས་སྡོད་མཁན་ཉུང་ཉུང་ཡིན་མོད་རེ་གཅིག་རེ་གཉིས་ཡོད་པ་ནི་མི་བུ་རེ་འགས་ངོ་སྤྲོད་ཀྱི་མི་འདུག་གམ

  25. ལེགས་བཤད། says:
    2012-11-17 at 9:49 pm

    གཞན་གྱི་ཚེ་སྲོག་ལ་ཏིལ་ཙམ་ཡང་མི་གནོད་པར་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་རང་སྲེག་བློས་གཏོང་ཆེན་པོ་བྱེད་པ་ལ་བསྔགས་བརྗོད་ཞུ་འོས་པ་ལས་སྨད་འོས་པ་ཞིག་གང་ནས་ཡིན་མོད། གལ་ཏེ་དེ་ལ་གྲུབ་འབྲས་མི་འདུག་བསམ་ནས་འུ་ཐུག་གིས་འཚེ་བའི་ལས་སུ་ཞུགས་པ་ཡིན་ན་དེ་ལ་རིན་ཐང་ཅི་ཡང་མེད་ལ་རྒྱབ་སྐྱོར་བྱེད་མཁན་དེ་བས་ཡོད་པ་མ་རེད། རང་སྲེག་བློས་གཏོང་གི་གནས་ཚུལ་རེ་རེ་བཞིན་ཐོས་འོང་དུས་དགའ་འོས་པ་ཞིག་ཡིན་ནམ་སྐྱོ་འོས་པ་ཞིག་ཡིན་བཤད་ཚོད་མི་ཐུབ་པ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྣམ་པས་གདོང་དམར་བོད་པ་ཚང་གིས་མིག་ཆུས་སྐྱེལ་མ་བྱེད་བཞིན་པའི་རང་སྲེག་བློས་གཏོང་ཆེན་པོ་དེར་ངེས་བར་ཞིབ་འཇུག་དང་དགོངས་པ་ཡག་པོ་བཞེས་དགོས་པ་གལ་ཆེན་པོ་རེད།

  26. མེ་ཏོག་དཀར་པོ says:
    2012-11-17 at 10:43 pm

    ད་དུང་འཐབ་རྩོད་ཀྱིས་རང་གི་གོ་གནས་དང་། མིའི་དཔལ་ཡོན་རྩོད། མེད་པ་འཐོབ་ཀྱི་རེ་བ་དང་། ཡོད་པ་ཤོར་གྱི་དོགས་པ་གཉིས་ནི་དུས་ནམ་ཡང་སེམས་པའི་གཏིང་རུམ་དུ་ཟུམ། ངོ་མ་ལྟོས་དང་། ཁྱེད་ཀྱིས་ཅིའི་ཕྱིར་དུ་འཐབ་རྩོད་བྱེད། མིའི་མི་ཚེ་ནི་རླུང་གསེབ་ཀྱི་མར་མེ་ལས་ཀྱང་བར་ཆད་མང་བ་དང་། དཔྱིད་ཀའི་ཉི་མ་ལས་ཀྱང་འགྱུར་ལྡོག་མང་ཞིང་། བྱེ་ཐང་གི་མིག་སྒྱུ་བཞིན་གཏད་སོ་མེད་པ། ངོ་མ་བསམ་བློ་ཐོངས་དང་། ནམ་འཆི་བའི་ཚེ་ན་དཔལ་དང་འབྱོར་བ་ཡོད་ཀྱང་འཁྱེར་དབང་མེད། ཐོབ་དང་གོ་ས་ཡོད་ཀྱང་ངོམ་ས་རེད། ཡོད་ཚད་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་འགྲོ་བའི་ཉིན་དེར། རང་གིས་གཅེས་པར་བཟུང་བའི་ལུས་འདི་ཡང་འདོར་ཏེ་འགྲོ་བའི་ཉིན། སྙིང་ལས་ལྷག་པའི་གཉེན་དང་། ཕུ་ནུ་ཡོད་ཚད་བཞགས་ཏེ་ཆས་པའི་ཉིན། ཁྱོད་ལ་ཕུང་གསུམ་པ་ལས་རང་དབང་ཐོབ་པ་གྱིས་ཕན་ཐོགས་མེད་ལ། མཚན་དང་སྙན་གྲགས་ཀྱིས་སྐྱོབ་མི་ནུས། དེ་དུས་བསྐྱབ་ངེས་པ་ནི་བསླུ་མེད་དགེ་བའི་དངོས་པོ་ཆེ་ཆུང་དང་། ཡང་ལྕི། ཚེ་འདི་དང་ཚེ་རབས་གཞན་དུ་བསགས་པའི་རྣམ་དཀར་གྱི་བྱ་བ་དག་ཡིན་ལ། སྐབས་དེ་དུས་དཀར་ནག་གི་ལས་སྒྲིབ་དག་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ངེས་ན། ཁྱེད་ཀྱིས་ཕུང་གསུམ་པའི་ཆེད། སྤྱིའི་མཆེད། རིང་བའི་མཆེད། ནང་འདྲེས་པའི་མཆེད་ལ་ཕ་གཅིག་པ། མ་གཅིག་པ། གཉིས་ག་གཅིག་པ། རྒན་གཞོན། ན་མཉམ་བཅས་རྡོ་རྗེ་ཐེག་པའི་སྐབས་ནས་བཤད་པའི་སྤུན་མཆེད་དེ་དག་ལ་སྙིང་ནས་སྨོད། ཡ་ག་སྒྲོགས། ཐུགས་དཀྲུག དབྱེན་བཅོས་པ་སོགས་འཐབ་རྩོད་ཀྱིས་ལས་བསགས་བཞག་པ་འདི་དག་གིས་ཁྱོད་སྐྱོབ་ནུས་སམ། དེ་ཉིད་དགེ་བ་ཡིན་ནམ། ངས་ནི་དེ་དག་དགེ་བ་ཡིན་པར་ཁས་ལེན་མི་ནུས་སོ།། ཞེས་གདམས་སོ།།

    བོད་པ་ཚོས་འཐབ་རྩོད་མིག་སྔར་ས་ཡ་དྲུག་ཆེས་རེད་མོད། ཕུགས་ནས་ཨ་ཤེ་ཡའི་གླིང་ནང་། འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱ་དཀར་ནག་གཉིས་ལ་དཔལ་འབྱོར་དང་བདེ་འཇགས་ཆེད་ཁེ་ཕན་དཔེ་མེད་ཡོད། དེ་ཚོ་དགེ་བ་མིན་དགེ་བ་ཟེར་བ་དེ་ག་འདྲ་ཞིག་དགོས་སམ།།
    ཁྱོད་ཀྱི་འཐབ་རྩོད་ནི་རང་གིས་རབ་བྱུང་སྡོམ་པ་སྲུང་མ་ཐུབ་པའི་སྡུག་ཡུས་དང་། རང་དང་འདྲ་མཉམ་མམ་རང་ལས་ཅུང་ཞན་པ་དག་འཐོབ་དང་གོ་ས་ཅན་དུ་གྱུར་བ་ཕྲག་དོགས་ཀྱིས་ན་ཟུག་གཏོང་བ། རང་ཉིད་ལ་དེ་ལྟར་ཐོབ་རེ་བྲལ་བས་འཇིགས་བསྐུལ་རིང་ལུགས་པ་ལྟར་རང་མེད་གཞན་མེད་དུ་བྱ་རྒྱུའི་སེམས་ནག་གི་བྱ་འགུལ་དེ་དགེ་བར་སུས་ཁས་ལེན་ཐུབ།
    ཁ་སང་ཞིག་ལ་དེའི་ཆེད་སྲོག་ཀྱང་གཏོང་ཐུབ་ལ། དམྱལ་བར་ཡང་འགྲོ་རུང་འགྱོད་པ་མེད་པའི་ཁ་ཕོ་སྒྲོགས་མོད། དེས་ན་བོད་པ་བདུན་ལྷག་གིས་སྲོག་བཏང་བ་དག་ཀྱང་ཤི་དམྱལ་བར་འགྲོ་ཡང་འགྱོད་པ་མེད་ཟེར་ནས་དམར་ལྷབ་ལྷབ་ཀྱི་མེ་ལྕེའི་ནང་འབར་བ་རེད་པས་ཁྱོད་བོད་ལུས་རྒྱ་སེམས་ཅན་གྱིས་དེའི་སྐོར་སེམས་ཁྲལ་མ་བྱས་པར་གཡས་གཡོན་གྱི་དད་ལྡན་ཉམས་ཆུང་ཚོའི་དཀོར་བགམ་ནས་སྡོད་ཅིག

  27. ལེགས་བཤད། says:
    2012-11-17 at 11:47 pm

    རྗེ་གུང་ཐང་བས།
    རི་ལུང་བ་གསེར་གྱིས་གང་ན་ཡང་།།
    རང་འཆི་དུས་རྡུལ་ཙམ་ཁྱེར་ས་མེད།།
    གཟུངས་ཡིག་དྲུག་ཚར་གཅིག་བཏོན་ན་ཡང་།།
    དེ་འཇིག་རྟེན་ཕྱི་མའི་ལམ་རྒྱགས་ཡིན།།
    ཞེས་གསུངས་པ་ལྟར་རང་སེམས་ལ་དགེ་བའི་དངོས་པོ་ཞིག་ཡོད་ན་རང་ལ་ཕན་འདོགས་བྱེད་ངོ་མ་དེ་དེ་རེད། དགེ་སྡིག་གི་ལས་ནི་རང་དང་གྲིབ་མ་བཞིན་འགྲོགས་ནས་བདེ་སྡུག་བསྐྲུན་པ་དང་སྐྱེ་འཆི་བྱེད་པ་རེད། དགེ་བ་ལས་བདེ་བ་དང་སྡིག་པ་ལས་སྡུག་བསྔལ་འབྱུང་བ་རེད། སྲེད་ལེན་གྱིས་གསོས་བཏབ་ནས་རང་རྒྱུད་ལ་ལས་ཀྱི་བག་ཆགས་མཐའ་མེད་པ་ཞིག་འཇོག་གི་ཡོད་པ་དང་ནམ་ཞིག་འཚོགས་ཤིང་དུས་ལ་བབས་པ་ན་འབྲས་བུ་འཕྲལ་དུ་སྨིན་པ་རེད། འཕགས་པའི་གང་ཟག་ལ་ཡང་ལས་ཀྱི་རྣམ་སྨིན་མྱོང་རྒྱུ་ཡོད་ན་རང་ཅག་ཐ་མལ་བ་ལས་མ་འཕགས་པ་ཞིག་ལ་ལྟ་ཅི་སྨོས། འཁོར་བ་ན་རང་དབང་མེད་པར་ལུས་ཡང་ཡང་འདོར་བའི་ཉེས་པ་དེ་ཡང་ལས་ཀྱི་དབང་གིས་ཡིན་ཡིན་པ་རེད། ཡིན་ཡང་འཛམ་བུ་གླིང་བའི་ཚེ་ལ་ངེས་བ་མེད་པ་དང་འཆི་རྐྱེན་མང་བ་དང་གསོན་རྐྱེན་ཉུང་བ། དུས་མ་ཡིན་པའི་འཆི་བ་སོགས་མི་འདོད་པ་ཐོག་ཏུ་འབབ་པ་དང་འདོད་པ་བཙལ་ན་མི་བརྙེད་པ་ནི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་རྟགས་མཚན་རེད། སྤྱིར་ན་ལས་དགེ་སྡིག་ཟེར་བ་ཀུན་སློང་གི་ཁྱད་པར་དང་འབྲེལ་བའི་བྱ་བའམ་ཀུན་སྤྱོད་ཡག་ཉེས་དེ་རེད། དམ་པ་རེ་ཞིག་རྒུད་གྱུར་ཀྱང་ཡར་ངོའི་ཟླ་བ་ལྟར་རེ་ཞིག་མུན་དོང་དུ་གནས་དགོས་ཀྱང་བློ་དཀར་ན་མཐའ་དཀར་བ་ཞིག་འོང་བ་ཆོས་ཉིད་ཡིན་པ་ལྟར་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་ལུས་སྲོག་གཏོང་དགོས་བྱུང་ཡང་ལས་ཤིག་བྱས་པ་ལ་འབྲས་བུ་ཞིག་ལོས་ཡོད། ལས་དགེ་སྡིག་གི་འཕེལ་འགྲིབ་ཇི་བཞིན་གཙོ་བོ་སེམས་ལ་རག་ལས་པ་དང་དེ་ཡང་བསམ་པ་བཟང་པོ་ཞིག་གིས་ལས་གང་འདྲ་ཞིག་བྱས་རུང་ནམ་ཞིག་ལ་འབྲས་བུ་བཟང་པོ་ཞིག་སྨིན་ངེས་པ་ཡིན། ཚན་རིག་པ་གྲགས་ཅན་ཨ་ཡེན་སི་ཊན་གྱིས་ཀྱང་ཞི་བདེ་ནི་སྟོབས་ཤུགས་ཀྱིས་བསྐྲུན་མི་ཐུབ་པ་དང་ཤེས་རྟོགས་ཀྱིས་བསྐྲུན་ཐུབ་ཅེས་བཤད་ཡོད་པ་རེད། གལ་ཏེ་ཞི་བདེ་ནི་དབང་ཡོད་དང་དམག་ཤུགས་ཀྱིས་བསྐྲུན་ཐུབ་པ་ཡིན་ན་སྟོབས་ཤུགས་ཀྱིས་བསྐྲུན་མི་ཐུབ་པའི་རྒྱུ་མཚན་ཅི་ཡོད། ད་དུང་ཁོང་གིས་འགྲོ་བ་མི་རྣམས་གཅིག་པ་ཡིན་པའི་ལྟ་ཚུལ་འདི་བཟུང་ནས་དབང་ཆ་ལོག་པར་བེད་སྤྱོད་པ་ལ་དགག་པ་བརྒྱབ་ཡོད་པ་རེད། འཚེ་མེད་ཞི་བ་དང་དྲང་བདེན་དང་གནས་ལུགས་ནི་སྲོག་ལྟར་གཅེས་ཤིང་འགྲོ་བ་མི་རྣམས་བདེ་སྐྱིད་གསོན་གནས་ཀྱི་གྲུབ་ཆ་གལ་ཆེ་ཞིག་ཡིན་པ་མ་ཧ་གྷན་དྷི་རྗེས་གསུངས་ཡོད་པ་རེད།

  28. སྤོབས་པ་མཐའ་ཡས། says:
    2012-11-18 at 12:25 am

    ཨོ་རྒྱན་ཉི་མ་ལགས། ཝ་རྔ་མ་ཤ་ལེ་འབྲོ་བ་ལས། སྟག་འཛུམ་དྲུག་ཉི་ལེ་ཤི་ན་དགའ། ཟེར་བའི་གཏམ་དཔེ་དེ་གོ་མྱོང་ངམ།

  29. ཀརྡོ་གཉེར་ཕྱག་པ་ says:
    2012-11-18 at 1:05 am

    ཨོ་ཉི་ལགས་ཀྱིས་རང་ཉིད་ཕུང་གསུམ་པ་གསར་པ་ཅིག་སྟོན་པ་འདྲ་པོ་མི་འདུག་གམ། ངས་ཁོང་གི་གསུང་བྲིས་རྣམས་གོ་དཀའ་སེ་འདུག་པས། ཨོ་ཉིས་ད་དུང་གསལ་ཙམ་བྲིས་ན་ཤེས་ཐུབ་སྙམ་ནས་སྒུག་བསྡད་ཡོད་དོ། ལགས།

  30. གེ་སར་ནས་ says:
    2012-11-18 at 1:40 am

    ད་ལྟའི་ཆ་ལ་རྒྱ་བོད་གཉིས་ནང་ཆ་རྒྱུས་ཡོད་པའི་མི་ཞིག་གི་བསམ་ཞིབས་ཞིག་བྱས་ན་ཨོ་ཉི་གི་གསུང་དེ་རྣམས་ཚང་མ་དོན་དག་གལ་ཆེན་དང་བོད་ཀྱིས་སྲིད་དོན་པ་ཚང་མས་བསམས་ཞིབས་བྱས་འོས་པ་ཞིག་རེད།

  31. ཨོ་རྒྱན་ཉི་མ། says:
    2012-11-18 at 2:11 am

    ངས་སྐད་ཆ་འདི་དག་རྒྱ་བོད་གཉིས་ཆར་ལ་ཕན་པ་ཞིག་བྱུང་ན་བསམ་ནས་བཤད་པ་ཡིན། གོང་ས་མཆོག་གིས་གསུང་ལ་མ་ཉན་ང་འདྲ་བོ་ཞིག་ཁ་ལ་ཉན་པ་སྲིད་ཀྱི་མ་རེད་དེ། ང་རང་གི་བསམ་ཚུལ་བཤད་ཡོད། ངའི་སེམས་ལ་རྒྱ་བོད་གཉིས་ཀ་རིན་ཐང་ཆེ་ཆུང་འདྲ་བ་ལས། རྒྱ་ཞེས་རྡུག་ཆག་ཅིག་དང་། བོད་ཅེས་བཟང་པོ་ཞེས་གང་ཡང་མཐོང་གི་མི་འདུག གཉིས་ཀ་ལ་བཟང་ངན་བར་གསུམ་ཡོད་ངེས་སོ། །

  32. ཨོ་རྒྱན་ཉི་མ། says:
    2012-11-18 at 3:03 am

    ཁྱེད་ཅག་གི་བོད་རང་བཙན་ཟེར་བ་མཚན་དཀྱིལ་གྱི་རྨི་ལམ་རེད། དེ་བས་རྒྱ་ནག་གཞུང་ལ་རེ་བསྐུལ་གྱིས་རིག་གཞུང་སྐད་ཡིག་སློབ་གྲྭར་གཟུག་རོགས་ཞེས་བསྐུལ་མ་ཐོངས།

  33. བོད་འཁྱར་ says:
    2012-11-18 at 3:42 am

    མེ་ཏོག་དཀར་པོ་ནས་ཨོ་ཉི་ལ་གཏམ་ལན་རྣོན་པོ་ཞིག་རྒྱབ་མི་འདུག་པས་ དེ་ལ་ལན་ཞིག་ཐོབ་དང་ཨོ་ཉི་ལགས་་ ཤིན་ཏུ་བདེན་པའི་གཏམ་ཡིན་ཡང་།། ཡུལ་དང་དུས་ལ་མ་བསྟུན་ན།། གཞན་གྱི་རྣ་བར་མི་འཇེབ་པས།། རན་པར་སྨྲ་བར་མཆོག་ཏུ་མཛེས།། ཞེས་པ་ཅིའི་མ་བདེན་་་་་་་་་་་་་་་་་་་་་་

  34. གནམ says:
    2012-11-18 at 6:08 am

    ཨ་རོ། ཨོ་ཉི། ཉི་མ་གནམ་ཤར་ལ་དེ་འདྲའི་ལོང་གཏམ་དང་ལོང་ཁྲིད་ཞིག་བྲིས་ནས་འདུག་དགོས་དོན་ག་རེ་ཡིན་ནམ། རྒྱ་མི་ལ་ང་རྒྱལ་དབང་གྲགས་ཅི་ཙམ་ཆེ་ན་ཡང་། ལོ་རྒྱུས་རྣོག་སུབ་གཏོང་ཐུབ་གི་མ་རེད་ལོ།
    རྒྱལ་ཁབ་ཞིག་གི་བདག་དབང་དང་རང་དབང་། མི་སྒེར་ཞིག་གི་རང་དབང་དང་བདེ་སྐྱིད། སོགས་ཀྱི་དབྱེ་བ་ཙམ་མ་ཤེས་བར་སྟོང་གཏམ་གྱིས་ཉི་མ་འཁྱོལ་བ་ནི་མྱི་བདག་གཉིས་ཀིའི་གྱོང་རེད། དབེན་པའི་གནས་ཞིག་ནས་ཁ་ཙུམ་ནས་ཐུགས་ལྷོད་ནས་བཞུགས་ན་དགེ་བ་ཡོང་ང་། བྱོལ་སོང་དུད་འགྲོ་ཞིག་ཡིན་ན་ཡང་རང་གི་རྩྭ་ཁ་རྩྭ་ཆུ་འཚོལ་ཤེས་བ་རེད།
    ཐོབ་ཐང་རྩོད་མི་རྩོད་ལ་སེམས་ཁུར་མེད་ན། སྤྲད་མི་སྤྲད་ལ་སེམས་ཁུར་ཞུ་དགོས་པ་མ་རེད་ལོ།

  35. གཟུར་གནས་བློ་ལྡན་། says:
    2012-11-18 at 6:34 am

    སྤྲུལ་ཨོ་ཉི་འདི་བོད་སྤྲུལ་ནང་མི་འདྲའི་འདྲའི་གོ་རྟོགས་ཡོད་མཁན་ཞིག་རེད་། ཁོང་རྒོལ་མཁན་འདི་ཚོ་དགེ་ལུགས་པ་རྐྱང་མིན་ན་།

  36. གཟུར་གནས་བློ་ལྡན་། says:
    2012-11-18 at 6:34 am

    སྤྲུལ་ཨོ་ཉི་འདི་བོད་སྤྲུལ་ནང་མི་འདྲའི་འདྲའི་གོ་རྟོགས་ཡོད་མཁན་ཞིག་རེད་། ཁོང་རྒོལ་མཁན་འདི་ཚོ་དགེ་ལུགས་པ་རྐྱང་མིན་ན་།

  37. གཟུར་གནས་བློ་ལྡན་། says:
    2012-11-18 at 6:34 am

    སྤྲུལ་ཨོ་ཉི་འདི་བོད་སྤྲུལ་ནང་མི་འདྲའི་འདྲའི་གོ་རྟོགས་ཡོད་མཁན་ཞིག་རེད་། ཁོང་རྒོལ་མཁན་འདི་ཚོ་དགེ་ལུགས་པ་རྐྱང་མིན་ན་།

  38. གཟུར་གནས་བློ་ལྡན་། says:
    2012-11-18 at 6:34 am

    སྤྲུལ་ཨོ་ཉི་འདི་བོད་སྤྲུལ་ནང་མི་འདྲའི་འདྲའི་གོ་རྟོགས་ཡོད་མཁན་ཞིག་རེད་། ཁོང་རྒོལ་མཁན་འདི་ཚོ་དགེ་ལུགས་པ་རྐྱང་མིན་ན་།

  39. ཨོ་རྒྱན་ཉི་མ། says:
    2012-11-18 at 8:25 am

    ཁྱེད་ཅག་གིས་བཤད་ཚད་བདེན་པ་ཡིན་ན། ངས་འདི་ནས་འདྲ་མིན་བྲིས་པ་བྲིས་པ་ཙམ་གྱིས་གནོད་འགྲོ་བ་གང་ཡང་ཡོད་རྒྱུ་མ་རེད། ད་དུང་བྲིས་ན་ཕན་ཐོགས་ཡོད་ངེས་རེད། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་གཞོན་སྐྱེས་མང་པོ་ཞིག་གིས་བོད་ནང་ཆོས་དད་རང་དབང་དང་། གྲྭ་བཙུན་རྩ་བ་ནས་མེད་པ་འདྲ་བོ་ཞིག་བསམ་བློ་བཏང་། དེ་འདྲའི་བསམ་བློ་འཁོར་མཁན་ནུབ་ཕྱོགས་པའི་མི་རིགས་ནང་དུ་ཡང་མང་པོ་རེད། འདི་དག་ཚང་མ་བདེན་པ་མ་རེད། བསམ་བློ་གཏོང་དགོས་ངེས་ཤིག་རེད། བདེན་པའི་རྒྱབ་རྟེན་བདེན་པས་བྱེད་དགོས་པ་ལས། བདེན་རྒྱབ་རྫུན་འགེབས་བྱས་ན་ཕན་ཐོགས་ཡོད་ཁག་པོ་རེད། ངས་བཤད་ཚད་བདེན་པ་ཡིན་མིན་བསམ་བློ་ཐོངས། མདེལ་ཁ་ནང་ལ་སྐོར་ཞེས་པ་དེ་ལ་གོ་བ་བླངས་ཐུབ་མ་སོང་། ཕྱི་སྐོར་ནང་སྐོར་གང་ལྟར་ཡང་སུ་ལ་ཕོག་ན་དེ་ལ་ཡིན།

  40. རིག་པའི་བུ says:
    2012-11-18 at 8:37 am

    ཆོས་ལུགས་ཀྱི་དབྱེ་བ་མེད་ཅིང་ཚང་མ་བོད་པ་རེད། ཆོས་ལུགས་ཀྱིས་བོད་འཇིག་པ་ནི་གཟུར་གནས་ཀྱི་རྣམ་དོག་ལྟ་བུ་རེད།་བོད་པ་དང་པོ། ཆོས་ལུགས་ནི་གད་སྙིགས་རེད། ཕྱི་གླིང་བའི་རེད།

  41. གཟུར་གནས་བློ་ལྡན་། says:
    2012-11-18 at 8:58 am

    གཏམ་གོ་བ་མེད་པའི་གླང་རྒན་ལ། རྗེ་རྒྱལ་པོའི་བཀའ་བས་བེར་ཀ་བཙན་། དགེ་ལུགས་པ་ཚོ་ལ་ལབ་ན་ཉན་མདོག་ཁ་པོ་མ་རེད། མི་ཤི་བ་ལ་ཁྱི་ཤི་བ་ཙམ་བརྩི་གི་མ་རེད་ཅེས་ཐོས་མྱོང་ཡོད་།

  42. མེ་ཏོག་དཀར་པོ says:
    2012-11-18 at 9:37 am

    ཨོ་རྒྱན་ཉི་མ། ཁྱོད་དང་ཁྱོད་འདྲ་བ་ཁ་ཤས་ཤིག་ཕུད་གཞན་བོད་པ་ཚོས་བོད་པས་གང་ནོར་བ་དང་གང་མ་ནོར་བ་ཤེས་གི་ཡོད། ང་ཚོ་ལ་དགོས་པ་ནི་བདེ་བ་ཡིན། དཔེར་ན་རྒྱ་མི་བཞིན། ང་ཚོའི་བདེ་བ་དེ་གང་འདྲ་ཞིག་ཡིན་མིན་ཁྱོད་ལྟ་བུ་ཞིག་གིས་ཚད་རྒྱབ་ནས་འདི་དགོས་པ་རེད། འདི་ཐོབ་གི་མ་རེད། འདི་ཙམ་མོ། །དེ་མིན་རྨི་ལམ་རེད། ཟེར་བ་ལྟ་བུ་བཤད་དབང་མེད། ང་ཚོའི་འདོད་པ་ནི་བོད་བོད་པར་བདག་དགོས། དེ་ལ་ང་ཚོ་ཁག་གཅིག་གིས་རང་དབང་རང་བཙན་གཙང་མ་དགོས་པར་འདོད་ཅིང་དེའི་རྒྱུ་མཚན་དུ་ ༡༩༥༩ སྔོན་དུ་བོད་རང་དབང་རང་བཙན་གཙང་མ་ཡིན་པ་ལོ་རྒྱུས་ཀྱི་ཁུངས་སྐྱེལ་གི་ཡོད། དེ་ལྟའི་ལྟ་གྲུབ་འཛིན་མཁན་གཙོ་བོ་ནིབོད་ཀྱི་གཞོན་ནུ་ལྷན་ཚོགས་རེད། དེའི་ལྟ་གྲུབ་ལ་ཞུགས་མཁན་མང་པོ་ཡོད། གཉིས་པ་དེ་༧གོང་ས་མཆོག་གི་དགོངས་གཞི་སྟེ། འདས་པའི་ལོ་རྒྱུས་ནང་བོད་རང་བཙན་ཡིན་པ་ལོ་རྒྱུས་ཡིན་སྟབས་དེ་མ་རེད་འདོད་མི་ནུས། ཡིན་ནའང་ད་ཆ་རྒྱ་བོད་གཉིས་སྨན་གྱི་ལམ་དབུ་མ་སྟེ། སྤྱི་ཡོངས་ཀྱི་བོད་རྒྱ་འོག་ཏུ་སྡོད་རྒྱུ་དང་། དེ་ཡང་ཕྱི་སྲིད་དང་མཐའ་སྲུང་གི་སྐོར་རྒྱ་གཞུང་གིས་བྱེད་རྒྱུ་དང་། ཆོས་རིག་གཞུང་་སོགས་བོད་སར་བོད་རང་གིས་བྱ་འཐུས་ཀྱི་ལྟ་གྲུབ་དང་། འདི་འདྲའི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁྱོན་ཡང་མེས་དབོན་སྐབས་རྒྱ་ནག་དཀྱིལ་བར་བོད་པས་བཟུང་བའི་ལོ་རྒྱུས་གཞི་ལ་བཞག་པའི་རྒྱ་ཁྱོན་ཡང་མིན་ལ། ད་ལྟ་རྒྱས་བཤད་པའི་དབུས་གཙང་གཅིག་པུར་བོད་དུ་རྩིས་པ་གཉིས་ཀ་མིན་པར་མདོ་དབུས་ཁམས་གསུམ་གྱི་སའི་ཁྱོན་འདི་ཡིན། དེ་རྗེས་འབྲང་ལ་བོད་པ་མང་ཆེ་བ་ཡོད། དེ་གཉིས་ཀ་བོད་ཀྱི་ཆེད། བོད་དོན་ཡིན་པས་རྩིས་བཀུར་བྱ་འོས་ཡིན། 
    བོད་ནང་རྒྱ་མིས་མི་འབོར་མང་དུ་འགྲོ་གི་ཡོད་པ་སྨོས་མེད་རེད། དེ་འདྲའི་ངང་རྒྱུན་རིང་སོང་ན་བོད་སྐད། བོད་ཟས། བོད་མི། བོད་ཆས། བོད་ཆོས། བོད་སེམས་སོགས་ག་ལེར་་བརླག་འགྲོ་རྒྱུ་རེད། དེ་ཚོ་ཉམས་ན་སྐྱོན་ག་རེ་ཡོད་རེད་དམ་ཟེར་དྲི་བ་གཏོང་ན་ང་ལ་ལན་མེད། དེ་བཞིན་བོད་དོན་དེ་རང་བཙན་རང་སྐྱོང་གང་རུང་ཐོག་ཐག་ཆོད་ན་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་གི་འཇིགས་པ་ཆུང་དུ་འགྲོ་གི་རེད་པས་དེས་འཛམ་གླིང་གི་མི་འབོར་མང་ཤོས་ཅན་གྱི་རྒྱལ་ཁབ་གཉིས་ཀྱི་འགྲོ་བ་སེམས་ཅན་མང་པོའི་སེམས་ནང་གི་དངངས་ཚབས་དང་འཇིགས་སྣང་ཉུང་དུ་འགྲོ་ནས་སེམས་སྐྱིད་པོ་ཆགས་གི་རེད། དེ་འདྲའི་རྒྱུ་མཚན་ལས་བོད་ཕྱི་ནང་གི་བོད་པ་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་དེ་རྩོད་གི་ཡོད་རེད། དེ་སོ་སོའི་རང་དབང་རྩོད་པ་རེད། སོ་སོའི་བདེ་སྐྱིད་རྩོད་པ་རེད། དེ་རྩོད་ཆོག་གི་མ་རེད། ཆོ་ཡོད་མ་རེད། གྲུབ་འབྲས་ཐོན་གི་མ་རེད་ཟེར་གཡག་བསད་པའི་སྟེང་ན་རྔ་མ་འཕྱར་མཁན་ཁྱོད་ཀྱིས་ད་ནས་བཟུང་ང་ཚོ་བོད་པ་ཚང་ལ་བརྙས་བཅོས་གཏོང་མཚམས་འཇོག་རོགས།
    དེ་ཡང་རྒྱ་གར་སོགས་བོད་ཕྱི་ལོག་ཏུ་སྐྱེས་པའི་བོད་པ་ཚོས་བོད་ནང་གི་གནས་སྟངས་ལ་ནོར་བ་ཅན་གྱི་བསམ་ཚུལ་ཏོག་ཙམ་མེད་པ་མིན་མོད། འདི་འདྲའི་སྐོར་བསླབ་སྟོན་གོ་བསྐོན་བྱ་འོས་ཡིན། ཡིན་ནའང་ཞི་མིས་ཙི་ཙི་ཟ་བ་ལ། ཟ་ལུགས་མི་འདྲ་བཅོ་བརྒྱད། ཅེས་པ་ལྟར་དུས་དང་སྐབས་དེ་འདྲ་ལ་བཤད་འོས་པ་ལས་ད་ལྟ་ཛ་དྲག་གི་གནས་སྟངས་འདི་འདྲ་ལ་བོད་པའི་ནོར་ཚད་སྤུངས་ནས་ར་སྤྲོད་གཏོང་བ་ནི་དུས་དང་སྐབས་ལོག་པ་སྟེ། མདོར་ན་རྟེན་འབྲེལ་ལོག་པ་རེད། 

  43. ཨོ་རྒྱན་ཉི་མ། says:
    2012-11-18 at 9:38 am

    ཆོས་ལུགས་ཡོད་ཚད་གད་སྙིགས་ཡིན་ན། འཇིག་རྟེན་འདིར་གད་ཡོད་ཚད་གད་སྙིགས་རེད། ལེགས་པའི་ཡོན་ཏན་ཡོད་ཚད་གད་སྙིགས་རེད། བོད་ཀྱི་རིག་གཞུང་ཡང་གད་སྙིགས་མ་ཡིན་ནམ། ཁྱེད་ཅག་གིས་ཅིའི་ཕྱིར་དུ་རྙོག་དྲ་བཟོ་བཞིན་ཡོད། གང་གི་ཆེད་དུ་འབད་བཞིན་པ་ཡིན།

  44. མེ་ཏོག་དཀར་པོ says:
    2012-11-18 at 9:48 am

    ཆོས་ལུགས་རང་ལྡོག་ནས་གད་སྙིགས་མིན་ཀྱང་ལྟོས་ས་ལྟོས་འཇོག་སྟེ་བོད་ལ་ལྟོས་ན་དགེ་ལུགས་པའི་ཆོས་འདི་མ་མཐར་གད་སྙིགས་མ་རེད། ཨོ་རྒྱན་ཉི་མའི་ཆོས་དེ་རྒྱ་མི་ལ་མ་མཐར་གད་སྙིགས་མ་རེད།

  45. ཞུས་ཆེན་པ། says:
    2012-11-18 at 2:21 pm

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་ལགས་ངས་ཁྱོད་ལ་དྲི་བ་ཞིག་འདྲི། གོང་གི་ཀྲུང་གོའི་མགོ་གཙོ་རྣམས་ལ་ཕུལ་བའི་ཞུ་ཡིག་དེ་དངོས་གནས་ཁྱོད་རང་གིས་ཀྲུང་གོའི་མགོ་གཙོ་རྣམས་ལ་ཕུལ་བ་ཡིན་ན་བོད་མི་རིགས་ཀྱི་ཚབ་མཚོན་བྱས་ནས་བྲིས་པ་ཡིན་ནམ། ཡང་ན་རང་ཉིད་ཁོ་ནའི་ངོ་ཚབ་བྱས་ཏེ་ཕུལ་བ་ཡིན། རང་ཉིད་ཁོ་ནའི་ངོ་ཚབ་བྱས་ཏེ་ཕུལ་བ་ཡིན་ན་བསམ་འཆར་ཅི་ཡང་མེད། ཁྱོད་རང་རྒྱ་ཀོན་ཁྲན་ན་དགའ་ནས་རྒྱའི་མི་སེར་བཟོ་ན་བསམ་འཆར་མེད་རང་གི་རང་འདོད་རེད། དེ་མིན་བོད་མི་རིགས་ཀྱི་ཚབ་མཚོན་ཞུ་ཡིག་ཡིན་ཟེར་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རྒྱུ་མཚན་ཅི་ཡིན་ཟེར་ན་ཁྱོད་ཀྱི་ཞུ་ཡིག་དེའི་ནང་དག་ཆ་ནོར་བ་མང་བ་དང་། ཚིག་སྦྱོར་མི་ལེགས་པ། ནང་དོན་གྱི་ཆ་ནས་ཉ་ཉོག་མཉམ་བསྲེས་སོགས་ཀློག་ན་ངོ་ཚ་ཞིང་བསམ་ན་སེམས་སྐྱོ་བ། ཞིབ་ཏུ་བསམ་ན་སྙིང་ལངས་པའི་མི་རིགས་ཀྱི་ཞབས་འདྲེན་པའི་ཞུ་ཡིག་དེ་འདྲ་བྲིས་པར་ཧ་ཅང་བློ་ཕམ་དང་ངོ་རྒོལ་ཡོད། ཁྱོད་འདྲ་བ་ཁ་ཤས་མ་གཏོགས་བོད་མི་ཚང་མ་མགོ་འདོགས་རང་ལུགས་ལ་དགའ་བ་མ་རེད།

  46. ཨོ་རྒྱན་ཉི་མ། says:
    2012-11-18 at 2:41 pm

    ཞུས་ཆེན་པས་ཞུ་དག་གནང་རོགས།

  47. ཅོག་རོང་གི་མྱི། says:
    2012-11-18 at 4:11 pm

    ད་ལྟ་ཨ་མདོ་བྲག་དཀར་སྤྲེལ་རྫོང་གི་བླ་སྤྲུལ་རོང་བོ་ལྷ་རྒྱལ་དཔལ་ཟེར་བ་དེས་རྒྱ་ནག་གི་གུང་ཁྲན་ཏང་དང་མའོ་ཙད་དུང་ལ་སྟོན་པ་བཅོམ་ལྡན་འདས་ནང་བཞིན་སྐྱབས་སུ་མཆིས་ཞིང་བསྟོད་པ་བྱེད་བཞིན་ཡོད། བོད་ཡུལ་གྱི་བླ་སྤྲུལ་རེ་འགའ་ལ་ཕུགས་ཀྱི་བདེན་རྫུན་ལེགས་ཉེས་འབྱེད་པའི་མིག་ལྡོང་བ་དེ་ཡང་རྒྱབ་ལྗོངས་དང་རྒྱུ་རྐྱེན་ཞིག་ཡོད་ས་རེད། གང་ལྟར་སྔ་དྲོར་མགོ་ལ་རྭ་བཙུགས་ནས་ཤྭ་ཡི་གྲལ་དུ་འགྲོ་བ་དང་ཕྱི་དྲོར་རྐུབ་ལ་རྩམ་སྐྱ་བསྐུས་ནས་དགོ་ཡི་གྲལ་དུ་འགྲོ་བ་དག་ལ་འཐབ་རྩོད་ཀྱི་སློབ་གསོ་ཞིག་གཏོང་རན་རེད། 

  48. ཁ་བའི་རྡུལ་བརྩེགས། says:
    2012-11-18 at 4:40 pm

    ཨོ་ཉི་ཡིས་ཡིག་རྙོགས་མང་པོ་འབྲི་ཁུལ་བྱས་པ་དེ་ནི། སེང་རྡོར་དང་ཞོགས་དུང་། མེ་ལྕེ་དང་མདའ་སྨྱུག་འགྲན་རྩོད་བྱེད་ཁུལ་རེད་དེ། མི་ལོ་སྟོང་ཕྲག་སློབ་ལ་སྦྱོར་ཀྱང་ད་དུང་ཁོང་རྣམས་པའི་རྐང་མཐིལ་དྲི་མ་རྣ་ཁར་ཡང་ཁ་མི་སྲིད། ཡིན་ནའང་རང་ཉིད་རང་གིས་སེམས་ཤུགས་སྤར་ནས་བྲིས་པ་དེ་བཀྲ་ཤིས་བདེ་ལེགས་ཡོད། ཨོ་ཉི་ཡི་ཞུས་ཡིག་དེ་ནི་བྱ་དགའ་བཟང་མོ་ཞིག་རེ་ཡོད་པ་འདྲ། ཡང་ན་རྒྱ་མི་མང་པོ་ཁོང་གི་སློབ་མ་ཡོང་བའི་རེ་བསྐུལ་བྱས་པ་འདྲ། རས་ལ་ཕྱི་ནང་དབྱེ་བ་ཡོད་ཀི མི་ལ་མེད་པ་ཅི་ཞིག་ཕོང་པ་ཡིན་ནམ། ཨོ་ཉི་ལགས།

  49. ཞུས་ཆེན་པ། says:
    2012-11-18 at 5:49 pm

    ཨོ་རྒྱན་སྤྲུལ་སྐུ་ལགས་ཁྱོད་ཀྱིས་རང་བཙན་དང་རང་དབང་གི་སྐད་ཆ་བཤད་ཀྱིན་མེད་ན་བོད་ཀྱི་དཀའ་སྡུག་གནས་བབ་ལ་ཇུས་གཏོགས་མ་བྱས་རོགས། ཁྱོད་རང་ལ་རང་དབང་དང་རང་བཙན་མི་དགོས་ན་རྒྱ་ཀོན་ཁྲན་འོག་ལ་རྒྱུགས་ཤིག་སུས་ཀྱང་འགོག་གི་མ་རེད། རྒྱ་ཀོན་ཁྲན་ན་དགོས་པ་ཁྱོད་རང་འདྲ་བོ་རེད། ཁྱོད་རང་ལ་དངོས་གནས་རྒྱ་ཀོན་ཁྲན་ཏང་གི་སློབ་གསོ་ཐེབས་འདུག་ངོ་མ་ཡ་མཚར་རེད་རང་ཡུལ་བཙན་འོག་ན་ཡོད་པའི་བོད་མི་ཚོར་རྒྱའི་སློབ་གསོས་བསླུ་མ་ཐུབ་པར་ཕྱིའི་རང་དབང་ལུང་བ་ན་ཡོད་པའི་ཁྱོད་འདྲ་བོ་ཇི་ལྟར་རྒྱའི་སློབ་གསོ་ཐེབས་ནས་རྒྱ་དགའ་མ་ཆགས་པ་རེད། ཁྱོད་རང་ཆོས་ལ་དགའ་བའི་ཆོས་པ་ཞིག་ཡིན་ཟེར། ཁྱོད་རང་ཆོས་ལ་དགའ་བའི་ཆོས་པ་ཞིག་ཡིན་ན་ཁུ་སིམ་མེར་ཆོས་སྒྲུབ་པ་སྡོད་མོད་བྱིས་པའི་ལབ་རྡོལ་དང་སྨྱོན་པའི་སྨྱོ་གཏམ་ལྟ་བུའི་སྐད་ཆ་མགོ་རྔ་མི་མཚུངས་པ་དེ་འདྲ་མ་བཤད་རོགས། །

  50. ལེགས་བཤད། says:
    2012-11-18 at 8:57 pm

    ཞུས་ཆེན་པ། ཨོ་ཉིས་བོད་མིའི་ངོ་ཚབ་བྱས་ནས་སྙན་ཞུ་ཕུལ་བ་མིན་ནོ་བལྟས་ན་ཤེས་གི །རྒྱ་དཔོན་ལ་དགེ་བ་བཅུའི་སྙན་ཞུ་ཞིག་ཕུལ་ཐུབ་ན་བཟང་གི་མོད། དེའི་ནང་ན་གནད་དོན་གང་ཡང་མེད་ག །ངས་བལྟས་ན་ཨོ་ཉི་ལ་རྒོལ་མཁན་དེ་དག་ཆོས་ལུགས་པ་དང་ཆབ་སྲིད་པ་གང་ཡང་རེད་མི་འདུག །བསམ་ཚུལ་བཤད་པའི་རང་དབང་སུ་ལའང་ཡོད་པ་རེད། བསམ་ཚུལ་ལྷུག་པོར་ཤོད། དོན་མེད་ཀྱི་ཁ་བརྡུང་མ་གཏོང་རོགས།

  51. མེ་ཏོག་དཀར་པོ says:
    2012-11-18 at 9:39 pm

    ལེགས་བཤད་ཀྱིས་སྒམ་ཚུགས་བཟུང་སྟེ་ཁ་བརྡུང་མ་གཏོང་ཟེར། ངས་ཀྱང་དེ་འདྲ་རང་བསམ་མོད། ཁོས་བྲིས་པ་དག་ལ་ལྟོས་དང་། ཆ་ཚང་མ་འགྲིག་པ་བཤད་པ་རེད་མི་འདོད་ཀྱང་། ཕལ་ཆེར་བོད་པར་སྙིང་ཚིམ་བདར་བ་དང་། ཁྱོད་ཚོས་རང་བཙན་རྨི་ལམ་རེད་ཟེར་བ་ལྟ་བུ་གཞི་མེད་བསྙོན འཛུག འདས་པོ་དེ་ཚོར་དཔའ་བོ་དཔའ་མོ་ཟེར་བས་རྒྱུ་མཚན་གྱིས་བོད་དུ་སླར་ཡང་མེ་འགུལ་འབྱུང་རྒྱུ་ཡིན་པ་ལྟ་བུ་བཤད་གི་འདུག འདས་པོ་དེ་ཚོར་དཔའ་བོ་དཔའ་མོ་མ་འབོད་ན་ཅི་འབོད། ཟུར་གནས། ཚངས་དབྱངས། ཨོ་ཉི། ཕུར་ཚེ་རིང་ཟེར་བའི་བོད་གངས་ཅན་པ་ཁོང་ཚོ་ལྟ་བུར་བྱིས་པ། བསམ་མེད། བསྐུལ་སློང་འོག་ཤི་བ་རེད་ཟེར་གཏན་ནས་བརྗོད་མི་ཐུབ།

  52. ཨུ༌རྒྱན༌རིག༌འཛིན། says:
    2012-11-18 at 11:41 pm

    ཁྱེད་རང་ཚོད་མ་བཟུང་ན་ད་བདེ་སྲུང་མི་སྣས་འཇུ་བཟུང་བྱེད་ཉེས་འདུག་ད་། རྒྱ་གར་བདེ་བསྲུང་དང་
    བོད་གཞུང་བདེ་བསྲུངས་འཛོན་སྐྱོང་དྲུང་ཆེ་ཡེ་ཤིས་ཆོས་གྲགས་དང་། དངོས་གྲུབ་རྡོ་རྗེ། ས་གནས་དྲུང་ཆེ་
    ཀརྨ་རིན་ཆེན་སོགས་ཀྱི་ཁྱོད་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཚོད་འདུག་། ཚོད་མ་བཟུང་ན་ཉིན་མ་གཅིག་ལ་
    ཧ་གོ་ཡོང། སྤྲུལ་མིང་རྒྱ་དགའ་པ་། ངས་དེ་ཁྱོད་ལ་སྔོན་ཆ་ཡིན་། ཡིད་ལ་ཟུང།

  53. མེ་ཏོག་དཀར་པོ says:
    2012-11-19 at 12:22 am

    ཨུ་རྒྱན་རིག་འཛིན། དོན་མེད་འུར་མ་རྒྱག་དང་། རྒྱ་ལ་དགའ་ན་རྒྱ་གར་རྩ་ཁྲིམས་དང་འགལ་གི་ཡོད་མ་རེད། འདི་འདྲའི་འཇིགས་བསྐུལ་དང་འུར་སྒྲོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་བཞིན་ཨོ་ཉི་འདིས། སེར་སྐྱ་ཁ་ཤས་ཀྱིས་བོད་དོན་བྱས་ཚད་དགེ་བ་དང་། རྒྱ་མིས་བྱས་ཚད་སྡིག་པར་རྩིས་མཁན་འདུག་ཟེར་བ་དེ་ཡང་ངོས་ལེན་ཡོད། དེ་འདྲ་འུར་མ་རྒྱག་ཨེ་གོ

    དེ་བས་ཨོ་རྒྱན་ཉི་མ་ཁྱོད་ཐུགས་ལྷོད་ལྷོད་ངང་གཞིས་བྱེས་གཉིས་བར་དཀྲུག་ཤིང་རྒྱོབས། དགེ་རྙིང་བར་དཀྲུག་ཤིང་རྒྱོབས། རང་གི་ཆོས་བརྒྱུད་བར་དཀྲུག་ཤིང་རྒྱོབས། ༼ རང་ཚུགས་ཤོར། མི་སེམས་དཀྲུག༽ ནས་༧འཇིགས་མེད་ཕུན་ཚོགས་ཀྱི་དགོངས་པ། ཤཱཀྱ་ཐུབ་པའི་དགོངས་པ་ལ་གནས་ཡོད་མདོག་བྱས་ནས་སྡོད་ཅིག

  54. ཨུ༌རྒྱན༌རིག༌འཛིན། says:
    2012-11-19 at 1:11 am

    རྒྱ་དགའ་བ་ཞིག་ཡིན་ན་དེས་གོང་ས་མཆོག་དང་བོད་གཞུང་གནོད་སྐྱོན་བྱེད་སྲིད། རྒྱ་གར་རྩ་ཁྲིམས་
    ནང་དུ་ལོ་ ༥༠་རིང་བཙན་བྱོལ་བོད་མིས་བདེ་འཇགས་དང་རྒྱ་ནག་གི་གསང་ཉུལ་བས་གནོད་སྐྱོན་ལ་
    འགན་ལེན་བྱས་ཡོད། སྔོན་ཀརྨ་ཟེར་བ་ཞིག་གིས་གང་སྐྱིད་སྤྱི་ཐབ་ཏུ་བུ་མོ་ཆུང་ཆུང་ཞིག་བསད་ནས་
    དེས་རོ་རྒྱ་གར་གྲོང་གསེབ་ལ་གཡུགས་ཅིང། མཐར་གསང་ཉུལ་བ་དེ་འཛིན་ནས་སྐད་ཆ་འདྲི་སྐབས་
    རྒྱ་ནག་གི་བོད་དང་རྒྱ་གར་གཞིས་བྱིས་གཉིས་བར་དབྱེན་སྦྱོར་དང་། བོད་རང་བཙན་གྱི་
    སེམས་ཤུགས་ཉམས་རྒུད་དུ་གཏོང་དགོས་པའི་ལས་འགན་ཡོད་ཚུལ་བཤད་ཡོད། དེ་ནས་བཟུང་
    ཆབ་སྲིད་དང་འབྲེལ་བའི་སྤྱི་ཚོགས་ནང་དབྱེན་སྦྱོར་དང་དཀྲུག་ཤིང་བྱེད་མཁན་བྱུང་ན་
    འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་རྒ་གར་དབུས་གཞུང་ནས་ཕབས་ཡོད། ཨོ་རྒྱན་ཉི་མས་
    བོད་རང་དབང་དང་རང་བཙན་གང་ཡིན་གྱི་ནུས་པ་ཉམས་རྒུད་དུ་གཏོང་བའི་ཀྲོག་གཏམ་
    སྤེལ་བ་རྒྱ་གར་བདེ་འཇག་འགན་ལེན་རྩ་ཁྲིམས་ལ་འགལ་ཡོད།

  55. ཨུ༌རྒྱན༌རིག༌འཛིན། says:
    2012-11-19 at 1:13 am

    རྒྱ་དགའ་བ་ཞིག་ཡིན་ན་དེས་གོང་ས་མཆོག་དང་བོད་གཞུང་གནོད་སྐྱོན་བྱེད་སྲིད། རྒྱ་གར་རྩ་ཁྲིམས་
    ནང་དུ་ལོ་ ༥༠་རིང་བཙན་བྱོལ་བོད་མིས་བདེ་འཇགས་དང་རྒྱ་ནག་གི་གསང་ཉུལ་བས་གནོད་སྐྱོན་ལ་
    འགན་ལེན་བྱས་ཡོད། སྔོན་ཀརྨ་ཟེར་བ་ཞིག་གིས་གང་སྐྱིད་སྤྱི་ཐབ་ཏུ་བུ་མོ་ཆུང་ཆུང་ཞིག་བསད་ནས་
    དེས་རོ་རྒྱ་གར་གྲོང་གསེབ་ལ་གཡུགས་ཅིང། མཐར་གསང་ཉུལ་བ་དེ་འཛིན་ནས་སྐད་ཆ་འདྲི་སྐབས་
    རྒྱ་ནག་གི་བོད་དང་རྒྱ་གར་གཞིས་བྱིས་གཉིས་བར་དབྱེན་སྦྱོར་དང་། བོད་རང་བཙན་གྱི་
    སེམས་ཤུགས་ཉམས་རྒུད་དུ་གཏོང་དགོས་པའི་ལས་འགན་ཡོད་ཚུལ་བཤད་ཡོད། དེ་ནས་བཟུང་
    ཆབ་སྲིད་དང་འབྲེལ་བའི་སྤྱི་ཚོགས་ནང་དབྱེན་སྦྱོར་དང་དཀྲུག་ཤིང་བྱེད་མཁན་བྱུང་ན་
    འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་གར་དབུས་གཞུང་ནས་ཕབས་ཡོད། ཨོ་རྒྱན་ཉི་མས་
    བོད་རང་དབང་དང་རང་བཙན་གང་ཡིན་གྱི་ནུས་པ་ཉམས་རྒུད་དུ་གཏོང་བའི་ཀྲོག་གཏམ་
    སྤེལ་བ་རྒྱ་གར་བདེ་འཇག་འགན་ལེན་རྩ་ཁྲིམས་ལ་འགལ་ཡོད།

  56. ཨུ༌རྒྱན༌རིག༌འཛིན། says:
    2012-11-19 at 1:30 am

    སྔོན་རྒྱ་ནག་གི་གསང་ཉུལ་བ་མང་བཞིན་དག་པ་ཞིག་སླེབས་ཡོད། འོངས་ཀྱང་ནུས་པ་དེ་ཙམ་
    ཐོན་མེད། ད་སྐབས་བདེ་ར་སྡུམ་དང་ ཅ་སྡིས་རྒ་ སྡ་ས་བཅས་ལ་ཟླ་བ་༥་༦་ཡར་སྔོན་ནས་
    རྒྱ་ནག་གི་གསང་ཉུལ་པའི་བྱ་འགུལ་ལ་རྒྱ་གར་གསང་བ་ལས་ཁུང་ནས་ཉམས་ཞིབ་བྱེད་
    དང་བྱེད་བཞིན་ཡོད། དེས་ནང་བླ་མ་དང་གྲ་བཙུན་ཡང་ཡོད་པ་འདྲ་། ཨོ་ཉིས་བྱ་བྱེད་
    ལ་ལྟས་ན་ལས་འགན་ཞིག་ཡོད་ཐག་ཆོད་རེད།

  57. ཨུ༌རྒྱན༌རིག༌འཛིན། says:
    2012-11-19 at 1:47 am

    སྔོན་ཨོ་ཉིས་ བོན་པོ་དང་བན་དེ་གཉིས་བར་ལ་དཀྲུག་ཤིང་གང་མང་ཞིག་དང། དེ་ནས་རྙིང་
    མ་ནང་ཁུལ་ལ་དཀྲུག་ཤིང་། དེ་ནས་དགེ་ལུགས་དང་རྙིང་མ་བར་ལ་དཀྲུག་ཤིང། ད་སྐབས་
    བོད་རང་དབང་དང་རང་བཙན་རྩོད་ལེན་བྱེད་མཁན་ཚང་མ་ནོར་འཁྲུལ་ཅན་ཡིན་པ་དང།
    དེ་ཚོས་བྱ་ངན་གྱི་བོད་ནང་དཀའ་ངལ་འཕྲད་ཡོད་ཚུལ་། དེ་མིན་ན་བོད་ནང་རང་དབང་
    ཆ་ཚང་ཡོད་ཚུལ་བཤད་བཞིན་འདུག། ངས་ལྟས་ན་ཨོ་ཉི་ལ་ལས་འགན་དམིགས་བསལ་བ་
    ཞིག་ཡོད་ཐག་ཆོད་རེད་འདུག། དྲ་གྲོགས་ཚོས་ལྟས་ན་དེ་འདྲ་ཨེ་རེད་ཨ།

  58. མེ་ཏོག་དཀར་པོ says:
    2012-11-19 at 1:48 am

    ཨུ་རིག་གིས་བཤད་པ་སྤྱིར་བཏང་རེད། གསང་ཉུལ་བ་ཟེར་མཁན་དེ་དང་དབྱེན་སྦྱོར་དཀྲུག་ཤི་རྒྱག་མཁན་གཞི་མཐུན་སྲིད་པ་བཀག་མི་ཐུབ་ཙམ་ལས་གཞན་གཉིས་ཡིན་མི་སྲིད། གསང་ཞེས་པས་གསང་བ། གབ། སྦས། མིན་མདོག ཡིན་མདོག དེ་འདྲ་དགོས་རེད། དེས་ན་ཨོ་ཉི་འདི་གསང་ཉུལ་དང་། ཕོག་ཟ་དེ་འདྲ་མ་རེད་ཅེས། བརྒྱ་ཆ་ ༡༠༠ ཁས་ལེན་ཐུབ་པ་འདུག ཡིན་ནའང་དབྱེན་སྦྱོར། དཀྲུག་ཤིང་། མདའ་དཀྲུག་ཕུང་དཀྲུག་ཡིན་པ་ནི་ཁོས་བྲིས་པ་དེ་ཚོ་ལ་ལྟོས་དང་རྩོམ་དེ་ཚོས་ཁ་གྲགས་འོང་གིན་འདུག་གོ།
    ཨུ་རིན་ཁྱོད་བོད་པ་ཡིན་པ། རྒྱ་གར་ལ་སྡོད་པ་བཅས་ཀྱི་བསམ་ཤེས་གང་ཡག་འདུག་པར་ཐུགས་རྗེ་ཆེ།

  59. ཀརྡོ་གཉེར་ཕྱག་པ་ says:
    2012-11-19 at 2:09 am

    ་་་་་ ཨོ་ཉིས་བྱ་བྱེད་ལ་ལྟས་ན་ལས་འགན་ཞིག་ཡོད་ཐག་ཆོད་རེད།་་་་་ཟེར།

  60. ཁ་བའི་རྡུལ་བརྩེགས། says:
    2012-11-19 at 2:35 am

    ཨོ་ཉི་ཡིས་དགག་བྱ་གཙོ་བོ་ནི། བོད་རང་བཙན། རང་སྲིད་རང་སྐྱོང་། དགེ་ལུགས་ཡར་འཕེལ། རྙིང་མའི་ཁྲི་འཛིན། སེང་རྡོར། ཞོགས་དུང་། མེ་ལྕེ། མདའ་སྨྱུག ཐེ་རུང་། སོགས་ན་གཞོན་ཤེས་ཡོན་པ་སོགས་ཚུད། ཨོ་ཉིས་བླངས་བྱ་གཙོ་བོ། རྒྱ་ནག་ཅི་ཟེར་རྣ་བ་གཏད་རྒྱུ། གཞིས་ལུས་དཔའ་བོ་དཔའ་མོར་སྐྱོན་བརྗོད་བྱེད་རྒྱུ། ཁོས་ཅི་བཤད་ཡིད་ཆེས་འཛིན་རྒྱུ། བོན་ལ་ངན་སེམས་སྐྱོང་རྒྱུ། རྒྱ་ནག་ལྷ་རུ་བཀུར་རྒྱུ། བོད་པ་དམྱལ་འོག་ལུས་རྒྱུ་བཅས་ཁོང་གིས་དགེ་སེམས་ཆོད་པ་ཡིན།

  61. ཕ་རྒོད། says:
    2012-11-19 at 9:20 am

    མི་འདི་བོད་པ་ཚང་མད་དོ་སྣང་བྱེད་དགོས།
    http://www.ogyenling.com/Home.aspx
    དྲ་འདིར་གཟིགས་དང་ཤེས།

  62. very good says:
    2012-11-19 at 12:30 pm

    བདེན་གཏམ་ལ་ཡིད་ཆེས་ཡོད། འོན་ཀྱང་ཁྱོད་ཀྱིས་རྩོམ་ནང་གི་གནད་དོན་མང་ཆེ་བར་རྒྱབ་སྐྱོར་ཡོད།འོན་ཀྱང་ཁྱོད་ལ་མཐོང་རྒྱ་དང་ཐོས་རྒྱ་ཆུང་འདུག ཁྱོད་རྙིང་མའི་བླ་རྒན་ཞིག་ཡིན་ཚོད་འདུག འཇིག་རྟེན་མི་རྟག་ཡིན་ན་རྒྱབ་ཁབ་དང་སྲིད་གཞུང་དེའང་མི་རྟག་པ་ཡིན་པ་བརྗོད་མི་དགོས་པ་ཞིག་རེད། འཛམ་གླིང་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་བ་འགྲོ་བཞིན་ཡོད། དེ་ལ་ཕྱི་ཡི་རྒྱུ་རྐྱེན་དང་ནང་གི་རྒྱུ་རྐྱེན་གཉིས་ཡོད། ཕྱི་ཡི་རྒྱུ་རྐྱེན་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་དང་ལྷག་པར་དུ་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་ཀྱིས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་དགོས་པ་ཞིག་རེད། རྒྱ་གུང་ཁྲན་གྱི་བོད་དོན་དེ་ཨ་རིས་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཟོས་པ་ཞིག་རེད་ཅེས་བརྗོད་ཀྱི་ཡོད་པ་དེས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ནི་ཧ་ཅང་གི་གལ་ཆེན་པོ་ཡིན་པ་གསལ་པོ་རེད། ནང་གི་རྒྱ་རྐྱེན་ནི་བོད་མིའི་སེམས་ཤུགས་དེ་མུ་མཐུད་དེ་རྒྱུན་གནས་ཐུབ་མིན་ལ་རག་ལས་ཡོད། གལ་སྲིད་བོད་ཕྱི་ནང་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་ཆད་ན་ཁྱོད་ཀྱིས་བཤད་པ་ལྟར་བོད་རང་བཙན་དང་རང་སྐྱོང་འཐོབ་རྒྱུ་ཉིན་མོའི་གཉིད་ལམ་རང་རེད། མདོར་ན་བོད་དོན་ནི་བོད་མི་རིགས་ཀྱིས་རྒྱ་མི་རིགས་ཀྱི་དབང་བསྒྱུར་འོག་འདུག་སྡོད་མེད་པ་དེ་ཡིན།།

  63. very good says:
    2012-11-19 at 12:48 pm

    སྤྱི་ལོའི་དུས་རབས་བཅུ་བདུན་པའིན་ནང་སྟོབས་ཆེན་གྱི་སོག་པོའི་རྒྱལ་པོ་ཇིང་གིར་རྒྱལ་པོས་འཛམ་གླིང་གི་གསུམ་ཆ་གཉིས་དབང་བསྒྱུར་བ་དང་འཛམ་གླིང་དམག་ཆེན་གཉིས་པ་ནང་འཇར་མན་གྱི་ཧེ་ཏྲེ་ལིས་འཛམ་གླིང་དབང་བསྒྱུར་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་ཅིང་། དབྱིན་ཇིས་ཀྱང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་
    དབང་འོག་ཏུ་བསྡུས་ཡོད་། ད་ཆ་དེ་ཚོ་ཚང་མ་མིང་གི་ལྷག་མ་ཙམ་དུ་ཟད་ཡོད་ཅིང་། སྦར་མའི་དམག་གིས་དབང་
    བསྒྱུར་བའི་སྲིད་གཞུང་སྡུག་རྩུབ་ཅན་དེ་ཡང་ད་ཆ་དམངས་གཙོ་དང་རང་དབང་གི་ཕྱོགས་སུ་གོམ་པ་སྤོ་བཞིན་
    པ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་འདས་པའི་ལོ་རྒྱུས་ལ་བསྐྱར་ཞིབ་བྱས་ན་ད་ལྟའི་སྟོབས་ཆེན་གྱི་རྒྱ་
    ནག་གཞུང་དེ་ཡང་ཉིན་ཞིག་རང་དབང་དང་དམངས་གཙོའི་ཕྱོགས་ས་གོམ་པ་མི་སྤོ་རང་སྤོ་ཆགས་རྒྱ་ཉག་ཅིག་
    རེད།། དེར་བརྟེན་ཁྱོད་ཀྱིས་རྒྱ་ནག་གཞུང་དེ་རྟག་བརྟན་འགྱུར་མེད་ཅིག་ཏུ་ངོས་འཛིན་བྱས་པ་དེ་ནང་པའི་ལྟ་གྲུབ་ལྟ་བ་བརྟེན་བྱུང་དང་རྒྱབ་འགལ་དུ་སོང་ཡོད་དོ།།

  64. བྲག་སྨྱོན། says:
    2012-11-19 at 1:14 pm

    ཨོ་ཉི་འདི་སྨྱོ་ཡིན་ས་རེད། སྤྲུལ་སྐུ་ངོ་མ་ཡིན་པའི་འབྲས་རྟགས་བསྟན་སོང་། སྐུ་ཐོག་གོང་མ་འི་ཞབས་འདྲེན་་རང་རེད་ཤག ཁོང་གི་དག་པའི་ཞིང་ནས་སྙིང་རྗེའི་སྤྱན་ཆབ་བསིལ་གྱི་ཡོད་རྒྱུ་རེད། ད་ལྟ་ང་ཚོ་དམར་པོའི་སྡུག་སྤྱོད་གྱི་འོག་ཏུ་ས་ཡ་དྲུག་པོས་དམྱལ་བ་མི་ཡུལ་དུ་མྱོང་བཞིན་པ་དང་། རང་དབང་དང་ཞི་བདེ་ཆོས་དང་རིག་གཞུང་སོགས་ཀྱི་ཆེད་དུ་ཞི་བའི་འཐབ་རྩོད་རང་ལུས་བློས་བཏང་གཏོང་བཞིན་པར་རང་ཉིད་བོད་པའི་ཤ་རྩ་དང་ཁྲག་རྒྱུད་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཕར་ཞོག སྤྲུལ་མིང་རྫུན་མ་ཞིག་ཡོད་པའི་ཆ་ནས་བསྔོ་བ་དང་སྨོན་ལམ་བྱེད་རྒྱུ་ཕར་ཞོག ཐ་ན་རང་གི་སྤྲུལ་རྫུན་གྱི་མིང་དེས་དད་ལྡན་རྣམས་ལ་མགོ་སྐོར་གཏོང་གི་ཡོད་པ་སོགས་མ་དྲན་པར་། ང་ཚོ་བོད་མི་ས་ཡ་དྲུག་པོའི་རྨ་ཐོག་ཏུ་ཚ་བཏབ་པ་འདི་ཧ་ཅང་གོ་རྫབ་ཆེན་རེད། ཁོ་ལ་རྒྱ་མིས་ལྐོག་བརྔན་རག་གི་གཏན་ཁེལ། ཨ་ཀོང་སྤྲུལ་སྐུས་ཁོ་ལ་དངུང་མ་སྤྲད་པ་ཡིན་ན། ཡང་སྐྱེ་དམན་ཡུག་ས་མ་དེར་འགྲོ་སོང་ཆེ་དྲག་ནས་རྒྱ་དང་ངན་པ་ལག་འབྲེལ་བྱེད་དགོས་བྱུང་བ་ཡིན་ན། མི་འདི་ལ་དོག་བཟོན་ངེས་པར་དུ་དགོས། རྩད་གཅོད་ཡག་པོ་བྱས་ཏེ་ཁོ་རང་གི་དགོན་པ་དང་ཨ་ཀོང་སྤྲུ་སྐུ་སོགས་ཁོ་དང་འབྲེལ་ཡོད་ཚང་མར་གནས་ཚུལ་གསལ་བཤད་བྱེད་དགོས། ཁོས་ནང་མི་ཚོར་འབྲེལ་བ་བྱེད་དགོས། མི་ངན་རང་སར་བཞག་ན་བོད་ཚང་ཕུང་རེད། རག་རྡི་དང་པདྨ་ཕྲིན་ལས་སོགས་ཨོ་ཙམ་རེད། ཐོབ་དང་གོ་ས་རག་གི་ཡོད་རེད། བོད་པ་ཚང་མས་དོ་སྣང་གནང་རོགས། ངོ་ཚ་མེད་པ་རང་རེད།

  65. very good says:
    2012-11-19 at 1:17 pm

    སྤྱི་ལོའི་དུས་རབས་བཅུ་བདུན་པའིན་ནང་སྟོབས་ཆེན་གྱི་སོག་པོ་ཇིང་གིར་རྒྱལ་པོས་འཛམ་གླིང་གི་གསུམ་ཆ་གཉིས་དབང་བསྒྱུར་བ་དང་འཛམ་གླིང་དམག་ཆེན་གཉིས་པ་ནང་འཇར་མན་གྱི་ཧེ་ཏྲེ་ལིས་འཛམ་གླིང་དབང་བསྒྱུར་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་ཅིང་། དབྱིན་ཇིས་ཀྱང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོ་ཞིག་
    དབང་འོག་ཏུ་བསྡུས་ཡོད་། ད་ཆ་དེ་ཚོ་ཚང་མ་མིང་གི་ལྷག་མ་ཙམ་དུ་ཟད་ཡོད་ཅིང་། སྦར་མའི་དམག་གིས་དབང་
    བསྒྱུར་བའི་སྲིད་གཞུང་སྡུག་རྩུབ་ཅན་དེ་ཡང་ད་ཆ་དམངས་གཙོ་དང་རང་དབང་གི་ཕྱོགས་སུ་གོམ་པ་སྤོ་བཞིན་
    པ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་འདས་པའི་ལོ་རྒྱུས་ལ་བསྐྱར་ཞིབ་བྱས་ན་ད་ལྟའི་སྟོབས་ཆེན་གྱི་རྒྱ་
    ནག་གཞུང་དེ་ཡང་ཉིན་ཞིག་རང་དབང་དང་དམངས་གཙོའི་ཕྱོགས་སུ་གོམ་པ་མི་སྤོ་རང་སྤོ་ཆགས་རྒྱུ་་ཉག་ཅིག་
    རེད།། དེར་བརྟེན་ཁྱོད་ཀྱིས་རྒྱ་ནག་གཞུང་དེ་རྟག་བརྟན་འགྱུར་མེད་ཅིག་ཏུ་ངོས་འཛིན་བྱས་པ་དེ་ནང་པའི་ལྟ་གྲུབ་ལྟ་བ་བརྟེན་བྱུང་དང་རྒྱབ་འགལ་དུ་སོང་ཡོད་དོ།།

  66. very good says:
    2012-11-19 at 1:31 pm

    ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།

  67. གཟུར་གནས་བློ་ལྡན་། says:
    2012-11-19 at 8:09 pm

    ཁྱེད་ཚོས་དེ་འདྲ་ལབ་མི་རུང་། ཨོ་ཉི་བོད་རིགས་ཤི་འགྲོ་མཁན་ཚོ་ལ་ཤ་ཚ་ནས་ལབ་འདུག་། ཁྱོད་ཚོས་ཆབ་སྲིད་ཙམ་ལས་ཚེ་སྲོག་གི་རིན་ཐང་མི་ཤེས་ངོ་མ་རེད་།

  68. མེ་ཏོག་དཀར་པོ says:
    2012-11-19 at 10:08 pm

    ཨོ་ཉིས་འདས་པོ་དེ་ཚོར་ཤ་ཚ་ཡོད་མེད་གང་ཤེས་ལྐོག་འགྱུར་རེད། ཡིན་ཤག་ཤག་དེ་འདས་པོ་དེ་ཚོ་བསམ་བློ་གཏོང་མ་ཤེས་མཁན་གྱི་གྲས་ལ་བཞག་འདུག དོན་མེད་ཚེ་སྲོག་འཕྲོ་བརླག་གཏོང་མཁན་གྲས་ལ་བཞག་འདུག བོད་དོན་བདེན་མཐའ་སེལ་རྒྱུ་མེད་པ་ལ་ཡོད་པར་ལྟ་མཁན་གྲས་ལ་བཞག་འདུག
    གསོན་པོ་རྣམས་སྙིང་རྗེ་མེད་མཁན་གྲས་ལ་བཞག་འདུག བྱེས་པ་རྣམས་ནི་ཐ་ཤལ་ཨང་ཀི་དང་པོའི་གྲས་སུ་བཞག་འདུག དགེ་ལུགས་ལ་ནི་ཆོས་ཀྱི་སེམས་མ་དུལ་ནས་བོད་ནང་དུ་མེར་སྲེག་ལས་འགུལ་བསྐུལ་པ་པོ་ཡིན་པ་ངོས་འཛིན་འདུག
    རྙིང་མ་ས་སྐྱ་བཀའ་བརྒྱུད་ནི་ཆོས་མེད་སྲིད་མེད་ཅང་མེད་ཅི་མེད་ཀྱི་གྲས་ལ་བཞག་འདུག ད་འཛམ་གླིང་ན་ཡག་ཤོས་བླ་རུང་སྒར་རེད་ཟེར། དེའི་སྟོན་པ་༧འཇིགས་མེད་ཕུན་ཚོགས་རེད་ཟེར། དེ་ཁོའི་བླ་མ་རེད་ཟེར། བླ་མའི་༧ཞལ་ཆེམས་གཙོ་བོ་ནི། ༼རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག ༽ ཅེས་པ་དེ་རེད་ཟེར། ཡིན་ནའང་ཁོས་མི་སེམས་དཀྲུག་ཅི་ཐུབ་བྱེད་གི་འདུག ད་དུང་སུ་ལ་ཕོག་ན་འང་ཕོག་ཅེས་ངར་ངར་གྱིས། སུལའང་མཐོང་ཆུང་གིས། ངོ་ཚ་ཁྲེལ་མེད་ཀྱིས། ཡ་ཡུད་ལང་ཤོར་གྱིས་བཤད་གི་འདུག
    དེ་འདྲ་ལ་རྗེས་སུ་ཡི་རང་བྱེད་ག་ལ་འོས།

  69. ཤར་ཕྱོགས་ཀྱི་ཉི་མ། says:
    2012-11-20 at 5:10 pm

    ༥༣༽ མེ་ཏོག་དཀར་པོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༩ གི་ཆུ་ཚོད་ ༠ སྐར་མ་ ༢༢
    ཨུ་རྒྱན་རིག་འཛིན། དོན་མེད་འུར་མ་རྒྱག་དང་། རྒྱ་ལ་དགའ་ན་རྒྱ་གར་རྩ་ཁྲིམས་དང་འགལ་གི་ཡོད་མ་རེད། འདི་འདྲའི་འཇིགས་བསྐུལ་དང་འུར་སྒྲོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་བཞིན་ཨོ་ཉི་འདིས། སེར་སྐྱ་ཁ་ཤས་ཀྱིས་བོད་དོན་བྱས་ཚད་དགེ་བ་དང་། རྒྱ་མིས་བྱས་ཚད་སྡིག་པར་རྩིས་མཁན་འདུག་ཟེར་བ་དེ་ཡང་ངོས་ལེན་ཡོད། དེ་འདྲ་འུར་མ་རྒྱག་ཨེ་གོ

    དེ་བས་ཨོ་རྒྱན་ཉི་མ་ཁྱོད་ཐུགས་ལྷོད་ལྷོད་ངང་གཞིས་བྱེས་གཉིས་བར་དཀྲུག་ཤིང་རྒྱོབས། དགེ་རྙིང་བར་དཀྲུག་ཤིང་རྒྱོབས། རང་གི་ཆོས་བརྒྱུད་བར་དཀྲུག་ཤིང་རྒྱོབས། ༼ རང་ཚུགས་ཤོར། མི་སེམས་དཀྲུག༽ ནས་༧འཇིགས་མེད་ཕུན་ཚོགས་ཀྱི་དགོངས་པ། ཤཱཀྱ་ཐུབ་པའི་དགོངས་པ་ལ་གནས་ཡོད་མདོག་བྱས་ནས་སྡོད་ཅིག ༼ འདི་དངོས་གནས་རེད་འདུག ༽

  70. ཨུ༌རྒྱན༌རིག༌འཛིན། says:
    2012-11-20 at 8:14 pm

    ཆབ་སྲིད་ཀྱི་འགྲོས་རྟ་རྔའི་ཉག་མ་ཙམ་ཡང་ཧ་མི་གོ་མཁན་འདི་དང་འདི་ལྟར་བུ་མང་དྲག་ནས་
    བོད་རང་བཙན་ཤོར་སོང་བ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme