Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞི་བའི་གོམ་བགྲོད།

Posted on 2012-11-172012-11-17 By ཁ་བརྡ་ 16 Comments on ཞི་བའི་གོམ་བགྲོད།

སྤྱི་ལོ་ ༢༠༡༢ ཟླ་བ་ ༡༡ ཚེས་ ༡༦ རེས་གཟའ་པ་སངས་ཉིན་གྱི་སྔ་དྲོ་ནོར་གླིང་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་དང་མི་མང་གིས། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ཞི་བའི་གོམ་བགྲོད་ཞིག་བྱས་ཡོད། དེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨་ ༣༠ སྟེང་ནོར་གླིང་བོད་རིཊ་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ནོར་གླིང་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་དང་འཆི་མེད་དགའ་ཚལ་གླིང་། བཙུན་དགོན་སྒྲོལ་མ་གླིང་བཅས་ཀྱི་དགེ་འདུན་པ་དང་བཙུན་མ། ནོར་གླིང་མཐོ་སློབ་ཀྱི་དགེ་སློབ། དེ་བཞིན་ནོར་གླིང་གནས་སྡོད་སེར་སྐྱ་མི་མང་བཅས་ཁྱོན་བོད་མི་ ༣༠༠ ཡས་མས་ཀྱིས། བོད་ནང་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྒྱབ་སྐྱོར་དང་སྐྱིད་སྡུག་མཉམ་མྱོང་། གདུང་སེམས་མཉམ་སྐྱེད་མཚོན་ཆེད་དང་། ཉེ་ལམ་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅོ་རྒྱད་པ་ཚོགས་ཏེ་གསར་དུ་བསྐོ་བཞག་བྱས་པའི་རྒྱ་ནག་གི་མགོ་ཁྲིད་གསར་པ་ཞི་ཅིན་ཕིན་གཙོས་པའི་མགོ་ཁྲིད་རྣམས་ལ་འདས་པའི་རྒྱ་ནག་གི་དཔོན་རིགས་ལྟར་མཁྲེགས་བཟུང་གིས་གནད་ལུགས་དང་རྒྱུ་མཚན་ལ་མ་ལྟོས་པར་རྡུང་རྡེག་དང་བཙན་གནོན་གྱི་དྲག་རྩུབ་ཁོ་ནས་མགོ་བོ་འབུར་འཇོམས་བྱེད་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་གིས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་རྐྱེན་དང་། བོད་མིའི་མངོན་འདོད་དངོས་གང་ཡིན་རྩད་ཞིབ་ཀྱིས་དེ་དག་ལ་ཡ་ལན་གནང་དགོས་རྒྱུ་མ་ཟད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མགྱོགས་ནས་མྱུར་དུ་གློད་གྲོལ་དང། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་མགོ་བོ་བཀྱག་སྟེ་འགྲོ་དགོས་ན་བོད་ཀྱི་དཀའ་རྙོག་དེ་སེལ་དགོས་པས། རྒྱ་ནག་གི་འགོ་ཁྲིད་གསར་པ་ཞིན་ཅིན་ཕིན་གྱིས་གོ་སྐབས་བཟང་པོ་དེ་དམ་འཛིན་གྱིས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་གང་མགྱོགས་འགོ་འཛུགས་ཀྱིས་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་དང་། དེ་བཞིན་རང་དབང་དང་མང་གཙོ། དྲང་བདེན་ལ་དགའ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་ཁབ་ཁག་དང། ཚོགས་སྡེ། མི་སྒེར་བཅས་ནས་བོད་ནང་དུ་འབྱུང་བཞིན་པའི་ཡ་ང་བའི་ཛ་དྲག་གི་གནས་སྟངས་ལ་ཞིབ་འཇུག་མཐིལ་ཕྱིན་གྱིས་དོན་དངོས་བོད་ནང་དུ་འཕྲད་བཞིན་པའི་དཀའ་ངལ་དེ་དག་མགྱོགས་ནས་མྱུར་དུ་སེལ་རྒྱུའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ནོར་གླིང་འཆི་མེད་དགའ་ཚལ་གླིང་དགོན་པ་ནས་མགོ་འཛུགས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་གཅེས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་ཐང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། རྒྱལ་གཅེས་དཔའ་བོའི་རྡོ་རིང་མདུན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གོམ་བགྲོད་པ་རྣམས་ལ་བོད་ཀྱི་གནས་སྟངས་དང་འཐབ་རྩོད་དང་འབྲེལ་བའི་སྐོར་ལ་བཀའ་སློབ་གསུང་གཤད་གནང་བ་དང་། ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཀྲིས་ལམ་བཟང་ལགས་ནས་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་གནང་ཡོད་པ་མ་ཟད། བཞུགས་སྒར་གཙུག་ལག་ཁང་དུ་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་གནང་ཡོད་པ་རེད།

ནོར་གླིང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ནས།

གསར་འགྱུར།

Post navigation

Previous Post: མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་བོད་མིས་སྙན་ཞུ་ཕུལ་བ།
Next Post: ཀྲུང་གོ་རྒྱལ་ཁབ་ཀྱི་འགོ་གཙོ་རྣམས་ལ་ཕུལ་བ། ༼ རྩོམ་ཡིག་ཁག་གཉིས།༽

Comments (16) on “ཞི་བའི་གོམ་བགྲོད།”

  1. ཨོ་རྒྱན་ཉི་མ། says:
    2012-11-17 at 2:44 am

    བོད་ནང་རྙོག་དྲ་དེ་ཚོ་ཚང་མ་དགེ་ལྡན་པ་ཚོ་འདུག་མ་ཐུབ་ནས་བྱས་པ་རེད། གལ་སྲིད་དགེ་ལྡན་པའི་བྱ་བྱེད་དག་ལ་གྲུབ་འབྲས་ཐོན་སོང་ན་རབ་རེད། མ་ཐོན་ན་ཚེ་འདི་ཕུང་། ཕྱི་མ་ཕུང་གཉིས་ཕུང་ངེས་སོ། །ཡིན་ན་དགེ་ལྡན་པ་མི་རིགས་ཀྱི་ལ་རྒྱ་མི་འདུག་ཟེར་བ་མིན། ལུས་ལ་གཟན་ཤམ་གྱོན་པ་ཙམ་རེད་མ་གཏོགས། དམག་མི་དང་གཅིག་པ་རེད། བོད་ཀྱི་དམག་མི་རེད། དེ་ཕྱིར་ངས་དུས་དང་རྣམ་པ་ཀུན་ཏུ་དགེ་ལྡན་པའི་ཤེ་ཡོན་དེ་རང་རྒྱུད་དང་རྒྱབ་འགལ་ཏུ་ཕྱིན་འདུག་ཅེས་བཤད་པ་ཡིན། མ་གཞི་ནས་དགེ་ལྡན་པ་འདྲ་བོ་ཞིག་མེད་ན་བཙན་བྱོལ་བོད་གཞུང་འཛུགས་ཐུབ་པ་ཁག་པོ་རེད། ཆོས་བརྒྱུད་གཞན་པའི་སྐྱ་སེར་ཚོས་འཇིག་རྟེན་ཉེར་སྤྱོད་རྒྱ་ཆེན་པོ་དང་། ཚག་ཚུད་པོ་བྱེད་ཐུབ་པ་ཁག་པོ་རེད། གང་ཡིན་ཟེར་ན་སྒོར་མོ་བཟོ་སྟངས་ལས། ཆབ་སྲིད་མི་ཤེས་པ་རེད། དེང་སང་དགེ་ལྡན་པའི་ཤུགས་རྐྱེན་ཐེབས་ཏེ། བཙན་བྱོལ་ནང་གི་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད་རྣམས་ཀྱི་བསྡུས་རྟགས་བློ་གསུམ་ལ་སྦྱངས་ཏེ། གྲུང་པོ་ཨེན་ཙམ་ཆགས་ཡོད་པའི་ཁུལ་རེད། བསྡུས་རྟགས་བློ་གསུམ་ལ་ཧུར་བརྩོན་གྱིས་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཤོར་སོང་ན་ཞབས་འདྲེན་རེད། དེ་ཕྱིར་ཆོས་པ་ཆོས་བཞིན་དང་། འཇིག་རྟེན་པས་འཇིག་རྟེན་ཡང་དག་པའི་ལྟ་བ་ལ་གནས་ཏེ། གཞིས་བྱེས་བདེ་ཐབས་ལ་བརྩོན་དགོས་པ་ལས། དཔའ་བོ་དཔའ་མོ་ཞེས་ཆོ་ལོ་རེ་ཕུལ་ཏེ། རང་ཉིད་ཀྱིས་སྐད་འབོད་རེ་དང་། ལག་པ་རེ་འཆར་བཞིན་སྐྱིད་ཉལ་རྒྱགས་བསྡད་ན་གཞིས་ལུས་བོད་མི་ཚོ་ཤ་ཚ། ཁོ་ཚོས་ནི་འདུན་པ་གཅིག་ལ་གཏད་པ་ལས། བསམ་བློ་མང་པོ་གཏོང་མི་ཐུབ་ཁོ་ཐག་རེད། རྒྱ་ནག་གཞུང་གིས་ཤི་བོའི་ཉེ་འབྲེལ་ཚོ་ལ་དྲག་གནོན་དང་། དཀའ་རྡུག་ག་ཚོད་སྤྲོད་བཞིན་པ་རེད། ཁྱེད་ཅག་བཙན་བྱོལ་ལ་ཡོད་པ་ཚོས་བསམ་བློ་ཐོངས། བསྲེག་དགོས་ན་ཁྱོད་ཚོ་ཚང་མ་མེ་བསྲེག་ཐོངས་ཤིག

  2. མེ་ཏོག་དཀར་པོ says:
    2012-11-17 at 4:01 am

    ཨོ་རྒྱན་ཉི་མ་ཁྱོད་རྙིང་མ་པའམ་དཀའ་བརྒྱུད་པ་གང་རུང་རེད་འདུག་པས། བཀའ་རྙིང་དང་དགེ་ལུགས་པའི་བར་རྙོགས་དྲ་བཟོ་རྩིས་མ་རེད་དམ། ཁྱོད་ཀྱིས་ཉིན་ཤས་ནང་བོད་ལ་བསམ་གནག་དང་དགེ་ལུགས་ལ་སེམས་གནག་གིས་བྲིས་པ་དག་བསྡུ་རུབ་བྱས་ཏེ། རྡ་སའི་ཁུལ་དང་། དགེ་ལུགས་པའི་དགོན་ཆེན། མན་ཇུ་ཊི་ལ་སོགས་སུ་གྱང་དུ་སྦྱར་གི་ཡིན། དེ་རྗེས་བོད་པ་ཚོས་དྲི་གཏོང་ན་དེ་དུས་ཉིད་ཀྱིས་ལན གནང་དགོས།

  3. རིན་ཆེན says:
    2012-11-17 at 4:18 am

    འ་འ་གོམས་བགྲོད་ཐག་རིང་པོ་ཞེ་དྲག་ཞིག་ལ་ཕྱིན་འདུག ཧ་ལས་པ་རེད།

  4. གངས་ཟླ says:
    2012-11-17 at 5:06 am

    ཨོ་རྒྱན་ཉི་མ་ཟེར་མཁན་དེས་ཅི་བཤད་ཀྱི་ཡོད་རེད་སྙིང་རྗེ་གྲ་ལོག་ཞིག་ཡིན་པ་ཐག་ཆོད།

  5. རེབ་སྐྱིད་མཚོ says:
    2012-11-17 at 9:33 am

    ཡག་པོ་འདུག་ངོ་མ་བོད་རིགས་སྤུན་ཟླ་རང་རེད།

  6. བསེ་རུ། says:
    2012-11-17 at 1:20 pm

    ཁ་ལ་སྒོ་ལྕགས་རྒྱོབས་ཟེར་ས་འགྲོ་གི་མ་རེད།

    ཡིན་ནའང་བོད་མིའི་ཚེ་སྲོག་འབར་ཐེངས་རེ་རེར་
    བཟང་ཕྱོགས་ཀྱི་སྐད་ཆའམ་བོད་སྤྱི་ལ་ཕན་པའི་བཀའ་མོལ་རེ་རེ་གནང་ན་ཡག་གི་རེད།
    མ་གཞི་ཁག་ཅིག་འདི་ན་འཚོ་གོས་གནས་མལ་ཆེད་སྐད་ཆ་འདྲ་མིན་ཤོད་དགོས་པ་དེ་འདྲ་ཡང་ཡོང་གི་ཡོད་པའི་དོགས་པ་འདུག དེ་ཚོ་ནི་ནམ་དུའང་ཡོང་ངེས་རེད། ལས་འབྲས་དང་བདེན་རྫུན་གྱི་རྒྱ་སྲང་ཞིག་གིས་ནམ་ཞིག་དཀར་ནག་སོ་སོར་འཇལ་ངེས་པས་དེ་ཙམ་བློ་ཕམ་ཡིད་ཆད་བྱེད་དགོས་དོན་མི་འདུག

    བོད་མི་ཚོ། ཤ་ཁྲག་རུས་གསུམ་བོད་ཡིན་ན། ནང་དམེའི་རྒྱུ་མ་སོགས། སྦྱོར་བ་མ་རྩོམས། སེམས་པ་རྣལ་དུ་ཕོབ་ཅིག

  7. ཨོ་རྒྱན་ཉི་མ། says:
    2012-11-17 at 2:27 pm

    ངས་ཧ་ཅང་ཡ་ང་བའི་གཡང་ས་འདི་ནས་སྨྲེ་སྔགས་གྱེར་བཞིན། འདི་ཕྱིའི་ལམ་ཆེན་ལ་རྒྱང་བལྟ་ཡིས་ཅེར་དུས ཤི་གསོན་གཉིས་ཀྱི་བར་དོ་མཚམས་ནས། འདས་གསོན་གྱི་བྱས་རྗེས་ལ་བསམ་གཞིག་རེ་བྱེད་དུས། ངོ་མ་ལས་ཀྱི་འཆི་བ་དང་། མཚོན་གྱི་འོག་ཏུ་འཆི་བ། ལྕེབས་ཏེ་ཤི་བ། རང་སྲོག་བཅད་དེ་འཆི་བ་དང་། ལ་ལ་སྐྱེས་ཤིང་ལ་ལ་ཤི། སྐྱེས་ཤི་གཉིས་ཀྱི་བར་ལག་ན། ངོ་མ་འབྲལ་མི་ཕོད་བཞིན་དུ་འབྲལ། འགྲོ་མི་འདོད་བཞིན་དུ་ཕྱིན་། སྤྱིར་འཁོར་བ་ནི་སྡུག་བསྔལ་གསུམ་གྱི་གཟེབ་ཀྱི་སྲིན་པོའི་ཚང་དང་། མེ་མ་མུར་འོབ། སྤུ་གྲིའི་ཐང་ལས་ཀྱང་དབལ་ཚ་ཞིང་། གཅན་གདུག་པའི་ཁ་ལས་ཀྱང་རྣོ་བའི་སོ་ཕྲག་ན་ཤི་མ་གསོན་དུ་ལུས་པ་ང་ཚོས། ད་དུང་འཐབ་རྩོད་ཀྱིས་རང་གི་གོ་གནས་དང་། མིའི་དཔལ་ཡོན་རྩོད། མེད་པ་འཐོབ་ཀྱི་རེ་བ་དང་། ཡོད་པ་ཤོར་གྱི་དོགས་པ་གཉིས་ནི་དུས་ནམ་ཡང་སེམས་པའི་གཏིང་རུམ་དུ་ཟུམ། ངོ་མ་ལྟོས་དང་། ཁྱེད་ཅག་གིས་ཅིའི་ཕྱིར་དུ་འཐབ་རྩོད་བྱེད། མིའི་མི་ཚེ་ནི་རླུང་གསེབ་ཀྱི་མར་མེ་ལས་ཀྱང་བར་ཆད་མང་བ་དང་། དཔྱིད་ཀའི་ཉི་མ་ལས་ཀྱང་འགྱུར་ལྡོག་མང་ཞིང་། བྱེ་ཐང་གི་མིག་སྒྱུ་བཞིན་གཏད་སོ་མེད་པ། ངོ་མ་བསམ་བློ་ཐོངས་དང་། ནམ་འཆི་བའི་ཚེ་ན་དཔལ་དང་འབྱོར་བ་ཡོད་ཀྱང་འཁྱེར་དབང་མེད། ཐོབ་དང་གོ་ས་ཡོད་ཀྱང་ངོམ་ས་རེད། ཡོད་ཚད་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་འགྲོ་བའི་ཉིན་དེར། རང་གིས་གཅེས་པར་བཟུང་བའི་ལུས་འདི་ཡང་འདོར་ཏེ་འགྲོ་བའི་ཉིན། སྙིང་ལས་ལྷག་པའི་གཉེན་དང་། ཕུ་ནུ་ཡོད་ཚད་བཞགས་ཏེ་ཆས་པའི་ཉིན། ཁྱོད་ལ་རང་དབང་རང་བཙན་གྱིས་ཕན་ཐོགས་མེད་ལ། མཚན་དང་སྙན་གྲགས་ཀྱིས་སྐྱོབ་མི་ནུས། དེ་དུས་བསྐྱབ་ངེས་པ་ནི་བསླུ་མེད་དགེ་བའི་དངོས་པོ་ཆེ་ཆུང་དང་། ཡང་ལྕི། ཚེ་འདི་དང་ཚེ་རབས་གཞན་དུ་བསགས་པའི་རྣམ་དཀར་གྱི་བྱ་བ་དག་ཡིན་ལ། སྐབས་དེ་དུས་དཀར་ནག་གི་ལས་སྒྲིབ་དག་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ངེས་ན། ཁྱེད་ཀྱིས་རང་བཙན་དང་། རང་དབང་གི་ཆེད་དུ་འཐབ་རྩོད་ཀྱིས་ལས་བསགས་བཞག་པ་འདི་དག་གིས་ཁྱོད་སྐྱོབ་ནུས་སམ། དེ་ཉིད་དགེ་བ་ཡིན་ནམ། ངས་ནི་དེ་དག་དགེ་བ་ཡིན་པར་ཁས་ལེན་མི་ནུས་སོ། །

  8. བདེན་སྐྱོང་ says:
    2012-11-17 at 8:12 pm

    ཨོ་རྒྱན་ཉི་མ་ཟེར་བ་དེར་ ཁྱོད་ཀྱི་འདོད་ཚུལ་ལྟར་ན་ཐེག་དམན་པ་ཐ་ཆད་ཞིག་ཡིན་པ་སྨོས་མེད་རེད་འདུག་ གང་ཡིན་ཟེར་ན་རང་ཉིད་ཁོ་ན་ཐར་བར་འདོད་པ་དེ་མ་གཏོགས་གཞན་གྱི་ཆེད་དུ་རང་ཉིད་བློས་གཏོང་གནང་མཁན་དག་ཁས་མི་ལེན་པས་ས྄ོ་ ངོ་མ་ཡ་རེ་ང་

  9. མེ་ཏོག་དཀར་པོ says:
    2012-11-18 at 12:45 am

    ཨོ་ཉི།
    ད་དུང་འཐབ་རྩོད་ཀྱིས་རང་གི་གོ་གནས་དང་། མིའི་དཔལ་ཡོན་རྩོད། མེད་པ་འཐོབ་ཀྱི་རེ་བ་དང་། ཡོད་པ་ཤོར་གྱི་དོགས་པ་གཉིས་ནི་དུས་ནམ་ཡང་སེམས་པའི་གཏིང་རུམ་དུ་ཟུམ། ངོ་མ་ལྟོས་དང་། ཁྱེད་ཀྱིས་ཅིའི་ཕྱིར་དུ་ཕུང་གསུམ་པ་ཞེས་འཐབ་རྩོད་བྱེད། མིའི་མི་ཚེ་ནི་རླུང་གསེབ་ཀྱི་མར་མེ་ལས་ཀྱང་བར་ཆད་མང་བ་དང་། དཔྱིད་ཀའི་ཉི་མ་ལས་ཀྱང་འགྱུར་ལྡོག་མང་ཞིང་། བྱེ་ཐང་གི་མིག་སྒྱུ་བཞིན་གཏད་སོ་མེད་པ། ངོ་མ་བསམ་བློ་ཐོངས་དང་། ནམ་འཆི་བའི་ཚེ་ན་དཔལ་དང་འབྱོར་བ་ཡོད་ཀྱང་འཁྱེར་དབང་མེད། ཐོབ་དང་གོ་ས་ཡོད་ཀྱང་ངོམ་ས་རེད། ཡོད་ཚད་ནས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་འགྲོ་བའི་ཉིན་དེར། རང་གིས་གཅེས་པར་བཟུང་བའི་ལུས་འདི་ཡང་འདོར་ཏེ་འགྲོ་བའི་ཉིན། སྙིང་ལས་ལྷག་པའི་གཉེན་དང་། ཕུ་ནུ་ཡོད་ཚད་བཞགས་ཏེ་ཆས་པའི་ཉིན། ཁྱོད་ལ་ཕུང་གསུམ་པ་ལས་རང་དབང་ཐོབ་པ་གྱིས་ཕན་ཐོགས་མེད་ལ། མཚན་དང་སྙན་གྲགས་ཀྱིས་སྐྱོབ་མི་ནུས། དེ་དུས་བསྐྱབ་ངེས་པ་ནི་བསླུ་མེད་དགེ་བའི་དངོས་པོ་ཆེ་ཆུང་དང་། ཡང་ལྕི། ཚེ་འདི་དང་ཚེ་རབས་གཞན་དུ་བསགས་པའི་རྣམ་དཀར་གྱི་བྱ་བ་དག་ཡིན་ལ། སྐབས་དེ་དུས་དཀར་ནག་གི་ལས་སྒྲིབ་དག་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ངེས་ན། ཁྱེད་ཀྱིས་ཕུང་གསུམ་པའི་ཆེད། སྤྱིའི་མཆེད། རིང་བའི་མཆེད། ནང་འདྲེས་པའི་མཆེད་ལ་ཕ་གཅིག་པ། མ་གཅིག་པ། གཉིས་ག་གཅིག་པ། རྒན་གཞོན། ན་མཉམ་བཅས་རྡོ་རྗེ་ཐེག་པའི་སྐབས་ནས་བཤད་པའི་སྤུན་མཆེད་དེ་དག་ལ་སྙིང་ནས་སྨོད། ཡ་ག་སྒྲོགས། ཐུགས་དཀྲུག དབྱེན་བཅོས་པ་སོགས་འཐབ་རྩོད་ཀྱིས་ལས་བསགས་བཞག་པ་འདི་དག་གིས་ཁྱོད་སྐྱོབ་ནུས་སམ། དེ་ཉིད་དགེ་བ་ཡིན་ནམ། ངས་ནི་དེ་དག་དགེ་བ་ཡིན་པར་ཁས་ལེན་མི་ནུས་སོ།། ཞེས་གདམས་སོ།།

    བོད་པ་ཚོས་འཐབ་རྩོད་བྱས་དང་བྱེད་བཞིན་བྱ་འགྱུར་ནི་་མིག་སྔར་ས་ཡ་དྲུག་ཆེད་རེད་མོད། ཕུགས་ནས་ཨ་ཤེ་ཡའི་གླིང་ནང་། འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱ་དཀར་ནག་གཉིས་ལ་དཔལ་འབྱོར་དང་བདེ་འཇགས་ཆེད་ཁེ་ཕན་དཔེ་མེད་ཡོད། དེ་ཚོ་དགེ་བ་མིན་ན་དགེ་བ་ཟེར་བ་དེ་ག་འདྲ་ཞིག་དགོས་སམ།།
    ཁྱོད་ཀྱི་འཐབ་རྩོད་ནི་རང་གིས་རབ་བྱུང་སྡོམ་པ་སྲུང་མ་ཐུབ་པའི་སྡུག་ཡུས་དང་། རང་དང་འདྲ་མཉམ་མམ་རང་ལས་ཅུང་ཞན་པ་དག་འཐོབ་དང་གོ་ས་ཅན་དུ་གྱུར་པར་་ཕྲག་དོགས་ཀྱིས་ན་ཟུག་གཏོང་བ། རང་ཉིད་ལ་དེ་ལྟར་ཐོབ་རེ་བྲལ་བས་འཇིགས་བསྐུལ་རིང་ལུགས་པ་ལྟར་རང་མེད་གཞན་མེད་དུ་བྱ་རྒྱུའི་སེམས་ནག་གི་བྱ་འགུལ་ཙམ་དུ་འདུག་པས་་དགེ་བར་སུས་ཁས་ལེན་ཐུབ། ཁ་སང་ཞིག་ལ་དེའི་ཆེད་སྲོག་ཀྱང་གཏོང་ཐུབ་ལ། དམྱལ་བར་འགྲོ་རུང་འགྱོད་པ་མེད་པའི་ཁ་ཕོ་སྒྲོགས་མོད། དེས་ན་བོད་པ་བརྒྱད་ཅུ་མ་ཟིན་ཙམ་གྱིས་་སྲོག་བཏང་བ་དག་ཀྱང་ཤི་དམྱལ་བར་འགྲོ་ཡང་འགྱོད་པ་མེད་ཟེར་ནས་དམར་ལྷབ་ལྷབ་ཀྱི་མེ་ལྕེའི་ནང་འབར་བ་རེད་པས་ཁྱོད་བོད་ལུས་རྒྱ་སེམས་ཅན་གྱིས་དེའི་སྐོར་སེམས་ཁྲལ་མ་བྱས་ཀྱང་རུང་གིས་དེ་ལས་རང་གི་གཡས་གཡོན་གྱི་དད་ལྡན་ཉམས་ཆུང་ཚོའི་དཀོར་བགམ་ནས་སྡོད་ལ་རང་སྒེར་ལ་མི་དགོས་དགུ་དགོས་བཅོ་བརྒྱད། གཞན་སྤྱི་ཚོགས་ལ་གང་ཡང་མི་དགོས་པའི་ཆོག་ཤེས་ཀྱི་ཆོས་འཁོར་བསྐོར་ནས་བཞུགས་ཤིག

  10. ཀརྡོ་གཉེར་ཕྱག་པ་ says:
    2012-11-18 at 1:00 am

    མེ་དཀར་ངར་བྱུང་ཁྱོད་བདེན་པ་འདུག

  11. མེ་ཏོག་དཀར་པོ says:
    2012-11-18 at 3:04 am

    ཨོ་ཉིས་ངས་གོང་དུ་ མཆན་བུ་ ༩ པ་ངེས་པར་དུ་ཀློག་རོགས་ཞུ།

  12. བོད་ཁམས་ཉི་མ། says:
    2012-11-18 at 5:15 am

    ཨོ་ཉིས་ཆབ་སྲིད་སྐོར་བཤད་པ་ལ་གོ་རྒྱུ་ཏན་ཏན་འདུག། བོད་རིགས་ལ་ཤ་ཚ་ཡོད་པའི་སྐད་ཆ་རེད་། ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་དན་རྟགས་རེད་། གཞན་ཚོས་གང་བཤད་ཚིག་སྐམ་པོ་ཙམ་རེད་། ཡིན་ན་བོད་པས་ཉན་ཤེས་གི་མ་རེད་། ལུང་བསྟན་ཞིག་ལས། ཕར་ལ་སྨྲས་ན་ཚུར་ལ་རྒོལ་ཞེས་པ་དེ་མིན་འགྲོ་།

  13. བོད་ཁམས་ཉི་མ། says:
    2012-11-18 at 5:15 am

    ཨོ་ཉིས་ཆབ་སྲིད་སྐོར་བཤད་པ་ལ་གོ་རྒྱུ་ཏན་ཏན་འདུག། བོད་རིགས་ལ་ཤ་ཚ་ཡོད་པའི་སྐད་ཆ་རེད་། ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་དན་རྟགས་རེད་། གཞན་ཚོས་གང་བཤད་ཚིག་སྐམ་པོ་ཙམ་རེད་། ཡིན་ན་བོད་པས་ཉན་ཤེས་གི་མ་རེད་། ལུང་བསྟན་ཞིག་ལས། ཕར་ལ་སྨྲས་ན་ཚུར་ལ་རྒོལ་ཞེས་པ་དེ་མིན་འགྲོ་།

  14. གཟུར་གནས་བློ་ལྡན་། says:
    2012-11-18 at 5:19 am

    Hi

  15. གཟུར་གནས་བློ་ལྡན་། says:
    2012-11-18 at 5:24 am

    ཨོ་རྒྱན་ཉི་མ་ལགས། ཁྱོད་ཀྱིས་ཆབ་སྲིད་སྐོར་མུ་མཐུད་རྩོམ་ཡིག་ཡིག་རེ་བྲི་ཐུབ་ན་ཡག་པོ་འདུག།

  16. རེབ་སྐྱིད་མཚོ says:
    2012-11-18 at 2:06 pm

    ཡག་པོ་འདུག་ངོ་མ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་ཀྱིས་སྒྲུབ་བདེ་ཤོས་ཀྱི་བྱ་བ་དེ་
    འདྲ་མ་གཏོགས་གཞན་མེ་རང་སྲེག་གཏང་ན་ནི་གཅིག་ཐོག་གཉིས་རྩེགས་རང་བྱས་ན་
    ཞེ་མེར་རོགས་ལས་གཞན་ཅི་ཡོད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme