Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་བོད་མིས་སྙན་ཞུ་ཕུལ་བ།

Posted on 2012-11-172012-11-17 By ཁ་བརྡ་ 14 Comments on མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་བོད་མིས་སྙན་ཞུ་ཕུལ་བ།

གནས་ཚུལ་མཁོ་གཏོང་བ། འཇིགས་བྲལ་བསྟན་འཛིན།

སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ལས་ཁང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་གི་ལག་ཏུ་བདེ་སྡུག་སྙན་ཞུ་དངོས་སུ་འབུལ་ཐུབ་པ་བྱུང་བ་དང་། རྒྱལ་ཚོགས་ལས་ཁང་དུ་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་མཆོག་དངོས་སུ་ཐུག་འཕྲད་ཀྱིས་བོད་མི་བཞིས་ཕུལ་བའི་སྙན་ཞུ་ལ་གསན་བཞེས་དང་བཀའ་ལན་གནང་ཡིན་པའི་ཞལ་བཞེས་གནང་ཡོད་པ་རེད། དེ་ཡང་ཟླ་འདིའི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་འགོ་བཙུགས་ཏེ་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་སྒོ་འགྲམ་དུ་བོད་མི་མཁར་ནང་འཕགས་པ་དང་། ཐར་ཤུལ་བསོད་གྲགས། སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཅས་བོད་མི་སྒེར་བ་བཞིས་བོད་ནང་གི་བོད་མི་ཚོའི་ཞུ་འབོད་ལ་བདག་སྤྲོད་མ་གནང་ཚེ། ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་སྦར་དགོས་པ་ཆགས་ཉེན་ཡོད་པའི་སྙན་ཞུ་ཕུལ་ཏེ་ཉིན་གསུམ་པའི་ཉིན་གྱི་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་དང་། ཉིན་འདིར་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལས་བྱེད་སུམ་བརྒྱ་ལྔ་བཅུ་ལྷག་གི་ལག་ཏུ་བདེ་སྡུག་སྙན་ཞུ་ཕུལ་ཡོད་པ་དང་། སྒོ་ཆེན་ནས་པུས་བཙུགས་ཀྱིས་སྙན་ཞུ་འགྲེམས་སྤེལ་སྐབས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་ལས་ཁང་དུ་ཕེབས་པ་གདོང་ཐུག་བྱུང་སྟེ་པུས་བཙུགས་དང་ངུ་འབོད་ཀྱི་ལམ་ནས་བོད་ནང་གི་བོད་མི་ཚོར་རོགས་སྐྱོར་ཡོང་བའི་ཞུ་བ་དང་། ཁོང་གི་ཕྱག་ཏུ་སྙན་ཞུ་འགྲེམས་སྤེལ་བྱེད་བཞིན་པ་དངོས་སུ་ཕུལ་ཐུབ་པ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས། ཁྱེད་ཚོས་རང་གི་ལུས་ཕུང་ལ་བདག་གཅེས་བྱེད་རོགས། ངས་ལས་བྱེད་བཏང་ནས་ཁྱེད་ཚོའི་བདེ་སྡུག་ཉན་གྱི་ཡིན་ཞེས་ཞལ་བཞེས་གནང་བ་ལྟར། རྒྱལ་ཚོགས་ལས་ཁང་དུ་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་ June RAY Chief Civil Society of the High commissioner for Human Rights མཆོག་དངོས་སུ་ཐུག་འཕྲད་ཀྱིས་བོད་མི་བཞིས་ཕུལ་བའི་སྙན་ཞུ་ལ་གསན་བཞེས་དང་བཀའ་ལན་གནང་གི་ཡིན་པའི་ཞལ་བཞེས་གནང་ཡོད་པ་རེད། དེ་སྐབས་འདས་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་བོད་ཕྱི་ནང་གི་བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་ཀྱི་འགྲོ་གྲོན་བཏང་ནས་རེ་བ་བྱས་ཀྱང་བདག་སྤྲོད་བྱེད་ཀྱི་མི་འདུག ད་དུང་མུ་མཐུད་འདི་ལྟར་གནང་ཚེ་ང་ཚོ་བོད་ཕྱི་ནང་གི་གཞོན་སྐྱེས་ཡོངས་ཀྱི་ལག་ཏུ་ལྷགས་ཡོད་པ་དེ་རང་གི་ལུས་པོ་འདི་ཡོད་པ་དེ་ཐུགས་ལ་འཇོག་དགོས་པ་དང་། རྒྱ་མི་ལ་མེ་མདའ་དང་། དཔལ་འབྱོར་ཡོད་ཀྱང་རུང་། བོད་མི་ལ་དེ་འདྲ་མེད་ཀྱང་རུང་གང་ལྟར་འགྲོ་བ་མི་གཅིག་མཚུངས་ཡིན་པ་བརྗེད་མི་རུང་བ་དང་། གཞི་རྩ་སྙན་ཞུའི་ནང་གསལ་ལྟར་རྒྱལ་ཚོགས་ནས་བོད་དོན་གྲོས་ཆོད་གླེང་སློང་ལག་བསྟར་དང་། བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་གྲོས་མོལ་བྱེད་པའི་ལྡིང་ཆ་བསྐྲུན་དགོས་པ་དང་། རྒྱལ་ཚོགས་ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་དང་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཟེར་བ་ཙམ་མིན་པར་སྐུ་ཚབ་དངོས་བསྐྱོད་ཀྱིས་བོད་ནང་གི་བདེ་སྡུག་ལ་བདག་སྤྲོད་དགོས་པ་འདི་དག་ཞུ་བཞིན་ཡོད་ཅེས་ཞུས་པ་མ་ཟད། མ་ཟད་སྔ་ལོ་བོད་མི་མཁར་ནང་འཕགས་པ་དང་། སེར་ཤུལ་ཨོ་རྒྱན་གཉིས་ནས་སུད་སི་ཛུ་རིག་གྲོང་ཁྱེར་ནས་ཇི་ནི་ཝ་གྲོང་ཁྱེར་གྱི་རྒྱལ་ཚོགས་ལས་ཁང་བར་གོམས་བགྲོད་ཀྱིས་བོད་མིའི་བདེ་སྡུག་སྙན་ཞུ་ཕུལ་བ་དེ་ལ་ཡ་ལན་མེད་པ་སོགས་དྲངས་ཏེ་རྒྱལ་ཚོགས་ནས་ཉམ་ཆུང་གི་བདེ་སྡུག་ལ་བདག་སྤྲོད་གནང་གི་མེད་པར་བློ་ཕམ་ཡོད་ཚུལ་ཞུས་པར་དགོངས་དྭངས་ཞུས་ཡོད་པ་དང་། ང་ཚོས་བསམ་བློ་གཟབ་ནན་བཏང་སྟེ་སྙན་ཞུ་འདི་ཕུལ་བ་ཡིན་པས་དགོངས་བཞེས་གནང་རོགས་ཅེས་ཞུས་ཏེ་སྙན་ཞུ་ཕུལ་ཡོད་འདུག
ཉིན་འདིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་རྒྱབ་ཀྱི་མཚོ་ངོགས་ལམ་ཆེན་ཐོག་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་། དེ་གར་ལས་བྱེད་པ་ཕལ་ཆེར་འགྲོ་འོང་བྱེད་ཀྱི་མེད་སྟབས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལས་བྱེད་འགྲོ་འོང་གི་སྒོ་ཉེན་དུ་པུས་བཙུགས་ལས་འགུལ་སྤེལ་སྟབས། ལས་བྱེད་འགྲོ་འོང་གི་སྒོ་ཆེན་དུ་པུས་བཙུགས་ལས་འགུལ་སྤེལ་ཆོག་མིན་གྱི་རྙོག་གླེང་བྱུང་བ་དང་། ལས་འགུལ་བ་མཁར་ནང་འཕགས་པས་ཉེན་རྟོག་པས་རྐང་པ་ལ་འཇུས་ནས་ངུ་བཞིན་ཞུ་བ་ཕུལ་ཡོད་འདུག མཐའ་མ་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་དང་། ཇི་ནི་ཝ་ཉེན་རྟོག་རུ་ཁག་ཐུན་མོང་གྲོས་བསྡུར་གྱིས་ལས་འགུལ་སྤེལ་ཆོག་ཙམ་བྱུང་སོང་ལ། ཉིན་འདིར་རྒྱལ་ཚོགས་ཀྱི་མེ་གསོད་སྒྲ་སྒྲིག་དང་། ཉེན་རྟོག་མོ་ཀྲ་མང་པོ་ཡར་མར་འགྲོ་བསྐྱོད་དང་། བོད་མི་ལས་འགུལ་བ་བཞིའི་ལས་ཕུང་དང་ཅ་དངོས་བསྔོག་བཤེར་བྱས་ཡོད་འདུག དེ་སྔོན་ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་རིང་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བར་པུས་བཙུགས་ལས་འགུལ་སྤེལ་ཡོད་པ་དང་། དེ་རིང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་སྒོ་ཆེན་མདུན་པུས་བཙུགས་ལས་འགུལ་སྤེལ་ཡོད་འདུག

འཇིགས་བྲལ་བསྟན་འཛིན་གྱིས་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནས།
འབྲེལ་ལམ་ཞུ་ཡུལ། ༠༠༤༡༧༦༤༤༠༧༨༥༩

གསར་འགྱུར།

Post navigation

Previous Post: ༢༠༠༦ལོའི་དཔའ་མོ་ཏིང་འཛིན་སྒྲོལ་མ།
Next Post: ཞི་བའི་གོམ་བགྲོད།

Comments (14) on “མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་བོད་མིས་སྙན་ཞུ་ཕུལ་བ།”

  1. གནམ says:
    2012-11-17 at 1:52 am

    ཞེ་འི་ངར་གི། ལམ་ག་རེ་ན་ག་རེ་ཡོད་ན་ལེན་རྐྱང་དང་འགྲོ་རྐྱང་བྱོས། ཐུགས་རྒྱ་ཆེ་བའི་ཐབས་ཇུས་ལ་བསྔགས་བརྗོད་ཡོད།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-11-17 at 1:58 am

    ལས་འགུལ་ཅིག་སྤེལ་ན་སྒྲུབ་འབྲས་ད་ལྟ་རང་མེད་ན་ཡང་། སྒྲུབ་འབྲས་ཅིག་ངེས་པར་འོང་དགོས་པས་ཁྱབ་པས། ལས་འགུལ་པ་མི་བཞི་པོ་ལ་གཟིགས་དང་། གཞིས་བྱེས་བོད་རིགས་ཚོ།

  3. འབུམ་ཤུལ། says:
    2012-11-17 at 3:42 am

    གོང་གསལ་ང་ཚོ་སྐད་ཆ་ཤོད་བཞིན་པའི་མི་དེ་ནི་རྒྱལ་ཚོགས་ཀྱིས་བཏང་བའི་ང་ཚོ་ཡར་ནང་ལ་བསུ་མཁན་ལས་བྱེད་ཅིག་རེད། འགན་འཛིན་ནེེ་ཝི་པེ་ལེ་ལས་ཁང་དུ་ཕེབས་སྐབས་སྒོ་ཆེན་ནས་པུས་མོ་བཙུགས་ཏེ་སྙན་ཞུ་འབུལ་བཞིན་པ་དེ་རེད། ང་ཚོས་མོ་རང་ལ་མི་གཞན་ཞིག་བརྒྱུད་ནས་སྙན་ཞུ་ཕུལ་མེད།

  4. འབུམ་ཤུལ། says:
    2012-11-17 at 3:46 am

    ང་ཚོས་ལས་ཁུངས་སྒོ་འགྲམ་ནས་རྒྱལ་ཚོགས་ཀྱི་འགན་འཛིན་ལ་པུས་མོ་བཙུགས་ཏེ་སྙན་ཞུ་དངོས་སུ་མོ་རང་ཕུལ་རྗེས། ང་ཚོ་ལས་ཁུངས་སུ་སྐད་གཏོང་བར་ཡོང་མཁན་གྱི་ཁོང་གི་ཞབས་ཞུ་བ་ཞིག་གི་དཔར་རེད།

  5. བོད་ལ་ཞེན། says:
    2012-11-17 at 4:40 am

    ཡག་པོ་བྱུང་འདུག ཐུགས་རྗེ་ཆེ།

  6. གཟི་གླིང་རྒྱལ་སྲས། says:
    2012-11-17 at 5:50 am

    ཨ་མའི་བུ། དེ་འདྲའི་ཞི་བའི་ལས་འགུལ་དེ་ཚེ་སྲོག་གི་འགྲོ་གྲོན་མེད་ཅིང་ཁ་ཐུག་ཡིན་པས་ཐབས་ཇུས་དེ་ཡག་ཤོས་སུ་མཐོང་སོང་། རྣམ་པ་བཞི་ལ་ཐུགས་རྗེ་ཆེ།

  7. རིགས་ཞེན་དཀར་པོ། says:
    2012-11-17 at 8:15 am

    ངའི་སྤུན་ཟླ་རྣམ་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། བོད་ནང་གི་དཔའ་བོ་དཔའ་མོ་དག་གི་དཔུང་རོགས་སུ་ཕེབ་པར་བཀའ་དྲིན་ཆེ། སྙིང་ཐག་པ་ནས་ཐུགས་རྗེ་ཆེ།

  8. རེབ་སྐྱིད་མཚོ says:
    2012-11-17 at 9:29 am

    ཕོ་རྒོད་བཞི་པོས་བྱེད་རྗེས་ཡག་པོ་བཞག་ཐུབ་པའི་སྨོན་འདུན་མཐའ་གཅིག་ཏུ་ཞུ།

  9. ཨ་རིག་དགེ་མཐོང་གིས། says:
    2012-11-17 at 12:15 pm

    ཆོས་གྲོགས་ཚོས་ངོ་མ་འཇོན་འདུག་པས་སེམས་གཏིང་ནས་དགའ་བསུ་ཞུ། སོ་སོའི་ནས་ལས་འགུལ་སྤེལ་བ་འདི་རླབས་ཆེན་རེད། ད་ཐེངས་ལམ་འགྲོ་བརྒྱུག་འདུག ཁོམ་དུས་ཤིག་ལ་འཇིགས་བྲལ་ལགས་ཀྱིས་འབྲེལ་བ་གནོངས་དང་ཁ་བརྡ་འགའ་རེ་ཡོད།

  10. མདའ་བ་ཚང་། ལྷ་མོ། says:
    2012-11-17 at 1:00 pm

    རྣམ་པ་བཞི་ལ་ཐུགས་རྗེ་ཆེ་ཞུ། ལས་འགུལ་འདི་རིགས་ནི་ཐབས་ལམ་ཡག་པོ་ཞིག་རེད།

  11. ངོ་ལུག says:
    2012-11-17 at 2:28 pm

    ཧ་ཅང་དགའ་སོང་། ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ། བོད་པ་ཚང་མས་རང་མི་རིགས་འདིའི་ཆེད་དུ་གང་ནུས་ཅི་ནུས་བྱེད། ང་ཚོ་ཡར་ཡར་འགྲོ་དུས།
    ཁ་བ་མར་མར་བབས་བྱུང་།
    ཁ་བ་བབས་པས་ཡག་བྱུང་།
    ཁ་ཤུལ་ཉི་མ་དྲོ་བྱུང་།
    བོད་དོན་བདེན་མཐའ་སེལ་ཐུབ་པ་དང་རང་དབང་ལོངས་སུ་སྤྱོད་ཆོག་པའི་རྫོགས་ལྡན་དུས་དེ་ཇེ་ཉེ་ནས་ཇེ་ཉེ་ཡིན་པར་ཤོག

  12. གངས་ཅན་མ་ says:
    2012-11-17 at 5:41 pm

    རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གི་ཕྱག་ཏུ་བོད་མིའི་བདེ་སྡུག་སྙན་ཞུ་དངོས་སུ་འབུལ་ཐུབ་པར་གུས་མོས་རྙིང་གཏིང་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་ ཁྱེད་རྣམ་པས་བོད་ནང་གི་བོད་མི་ཚོའི་ཆེད་དུ་བློ་སེམས་གཅིག་སྒྲིལ་གྱིས་འབད་བརྩོན་གནང་བར་རྗེས་སུ་ཡིད་རང་ཡོད་

  13. བོད་འཁྱར་ says:
    2012-11-18 at 3:56 am

    བོད་མི་རིགས་ཀྱི་བདེན་དོན་ཆེད་ལས་འགུལ་ཆེ་ཆུང་ག་འདྲ་ཞིག་སྤེལ་རུང་རྗེས་སུ་ཡི་རང་ཞུའོ།། ཁྱེད་རྣམ་པའི་ཞུ་འབོད་ཀྱིས་ནུས་པ་ཐོན་པར་ཤོག།

  14. དོམ་ཁྲ says:
    2012-11-18 at 5:40 am

    ངོ་མ་བཟང་གི ཁྱེད་རྣམས་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ལས་འགུལ་འདི་འདྲ་གང་མང་ཞིག་ས་ཕྱོགས་གང་སར་བྱུང་སོང་བ་ཡིན་ན་དངོས་གནས་གྲུབ་འབྲེལ་བཟང་པོ་ཞིག་ཡོང་ཁོ་ཐག་ཡིན་འདུག ཁྱེད་རྣམས་པའི་ཐབས་ལམ་དེ་ངོ་མ་བཟང་གི་ནུས་པ་ཐོན་འདུག ད་དུང་ལན་གསལ་པོ་ཞིག་ལ་རེ་བ་ཞིག་མཛད་ཐུབ་ན་ཅི་འདྲ་བཟང་གི་ཁ་དགེ་བཀྲ་ཤིས་ངོ་མ་དགའ་གི་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme