Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱོས།

Posted on 2012-11-152012-11-15 By ཁ་བརྡ་ 25 Comments on སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱོས།

ནམ་མཁའ།

ལོ་འདི་གའི་རིང་ལ་གཞིས་ལུས་སྤུན་ཟླ་ཚོས་ཡོད་ཚད་བློས་བཏང་གིས་འཐབ་རྩོད་བྱས་མོད། འོན་ཀྱང་ཡུལ་གྱར་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོས་ཚིག་གཅིག་བསྐྱར་ཟློས་སྟོང་ཕྲག་བྱེད་པ་ལས། ནུས་པ་ཞིག་ཐོན་པའི་བསམ་བློ་གསར་བ་ཞིག་གཏོང་ཐུབ་མ་སོང་། འདི་ནི་རང་དབང་ལུང་པ་ནས་གཞན་གྱི་སྒྲིག་འཛུགས་ཞིག་ལ་བསྟུན་དགོས་པའི་རྐྱེན་ཡིན་ནམ། ཡང་ན་ལམ་ཁ་གཅིག་ལ་བསམ་བློ་ཡང་གཅིག་ཁོ་ན་གཏོང་དགོས་པའི་རྐྱེན་རེད། ང་རང་གིས་བསམ་ཚུལ་ལ་བསམ་བློའི་ནུས་ཤུགས་ཀྱིས་མ་འདང་བའི་སྐྱོན་ཆ་རེད་སྙམ། དཔེར་བཞག་ན་གདན་ས་ཁག་གི་ཆོས་གྲྭའི་ལྡིང་ཁང་ནས་རིག་པ་སྨྲ་བ་ཚོས་བརྗོད་གཞི་ཞིག་ལ་ཆོས་གྲོགས་ཚོས་རིག་པ་སྣ་བརྒྱས་རྩོད་པའི་ལམ་ནས་དྲི་བ་དང་དྲིས་ལན་མང་པོ་བྱས་མཐར་བརྗོད་བྱའམ་རྩོད་གཞི་དེའི་དོགས་པ་གསལ་དུ་འགྲོ་གི་ཡོད། དེ་བཞིན་རྡ་སའི་རི་སྒང་གི་གསར་འགོད་པ་ཚོས་ཐད་གར་སྲིད་སྐྱོང་མཆོག་ལ་བཅར་འདྲི་མང་པོ་བྱས་ཚེ། ཁོས་བསམ་བློ་ཡང་འགུལ་སྐྱོད་ཀྱི་ནུས་ཤུགས་དང་དྲན་པའི་བློ་སྒོ་ཕྱོགས་མང་པོ་ཞིག་ནས་འབྱེད་སྲིད། དེ་ནི་གཙོ་བོ་གསར་འགོད་པའི་དྲི་བ་ཚ་བོ་གཏོང་ཐུབ་མིན་ལ་ཡང་རག་ལས་ཡོད། སྤྱིར་བཏང་འཛམ་གླིང་གི་སྲིད་དབང་འཛིན་པའི་གཞུང་དང་མི་དམངས་བར་གྱི་འབྲེལ་མཐུད་པ་དང་། མི་དམངས་ཀྱི་བསམ་ཚུལ་དང་སྲིད་འཛིན་གྱི་བསམ་ཚུལ་བརྗེ་ལེན་བྱེད་མཁན་གཙོ་བོ་གསར་འགོད་པ་རེད།
ང་ཚོ་བཙན་བྱོལ་བོད་མིའི་གསར་འགོད་པ་ཚོས་སྲིད་སྐྱོང་མཆོག་དང་ཚོགས་གཙོ་སོགས་སུ་ཐད་གར་བཅར་འདྲི་བྱེད་པ་ལ་བཀག་རྒྱ་ནི་ཡོད་མི་སྲིད། འོན་ཀྱང་གནད་དོན་གང་ཞིག་ལ་འཛེམས་དགོས་མིན་མི་ཤེས་ཀྱང་། ནམ་ཡང་དབང་འཛིན་པ་ཚོས་ཚོགས་ཐོག་ཞིག་ནས་གཏམ་བཤད་ལ་སྒུག་ཏེ་གང་གསུངས་པ་བརྒྱུད་འགོད་བྱེད་པ་ལས། ཁོང་ཚོས་ཐད་གར་བཅར་འདྲི་བྱས་ཏེ་གསར་ལམ་ཁག་ཏུ་བཀོད་པ་ཞིག་ཕྲན་གྱིས་མཐོང་མ་སོང་། དེ་ཙམ་གྱིས་ཆབ་སྲིད་དབང་འཛིན་པ་དང་མི་དམངས་བར་གྱི་བསམ་ཚུལ་ཕན་ཚུན་ཤེས་རྟོགས་བྱེད་མི་ཐུབ་ལ། ཆབ་སྲིད་ཀྱི་བསམ་བློའི་ནུས་ཤུགས་ཀྱང་འབུར་དུ་ཐོན་མི་ཐུབ། དེས་རྐྱེན་ཁ་སང་དེ་རིང་བོད་མི་བདུན་བཅུ་ལྷག་གིས་ཡོད་ཚད་བློས་བཏང་བྱས་ཏེ་རང་དབང་འཐབ་རྩོད་བྱས་ཀྱང་། དེ་དང་མཐུན་པའི་ནུས་པ་གཅིག་ཀྱང་ཐོན་ཐུབ་མེད་པའི་རྒྱུ་མཚན་ཡང་། ལམ་ཁ་གཅིག་གི་སྟེང་ལ་བསམ་བློ་སྣེ་གཅིག་ཁོ་ན་ལས་བརྒལ་མ་ཐུབ་པའི་རྟགས་རེད་སྙམ། རང་དབང་གསར་ཁང་གི་བོད་ཀྱི་དུས་བབ་དང་། བང་ཆེན་གཉིས་ཀྱིས་བཀའ་སྤྱིའི་མི་སྣ་ཚོར་ཐད་གར་བཅར་འདྲི་བྱས་ཏེ་མི་དམངས་ཀྱི་བསམ་ཚུལ་དག་ཁོང་ཚོའི་རྣ་ལམ་དུ་དྲིལ་བུ་བཞིན་དུ་དཀྲོལ་དགོས། ཁོང་ཚོའི་དགོངས་པ་ཚོམས་ཀྱི་རེད་བསམ་ནས་ག་དུས་ཡིན་ཡང་བག་མ་འཁུམས་རོགས།
ཁྱེད་ཅག་ལ་གསར་འགོད་ཀྱི་རང་དབང་ཡོད་ལ། གསར་འགོད་ཀྱི་འགན་ཡང་ཁུར་དགོས། གསར་འགོད་ཀྱི་འགན་ནི་གནས་ཚུལ་ཁོ་ན་བརྒྱུད་འགོད་བྱེད་པ་དེ་མ་རེད། གཞུང་དམངས་བར་གྱི་བསམ་ཚུལ་ལ་འབྲེལ་མཐུད་བྱེད་ཐུབ་དགོས། ནུབ་ཕྱོགས་ལུང་པ་ཨ་རི་དང་ཡོ་རུབ་སོགས་ཀྱི་སྲིད་འཛིན་སུ་ཡིན་ཡང་དུས་ཡུན་རྫོགས་བར་དུ། གསར་འགོད་པའི་ཁ་ནས་སྲིད་འཛིན་དག་གི་རྣ་ལམ་དུ་ཚིག་སྙན་མོ་ཞིག་ནམ་ཡང་ཐོས་མྱོང་མེད་ཅེས་ཕྲན་ལྟ་བུ་ཞིག་གིས་ཀྱང་ཁ་ཚོན་བཅད་ནས་བཤད་ཐུབ། སྲིད་འཛིན་ཆ་ཚང་སྣུམ་བཙིར་བ་བཞིན་བཙིར་མཁན་གཙོ་བོ་གསར་འགོད་པ་ཚོ་ཡིན། གསར་འགོད་པ་ཚོས་སྲང་ལམ་ནས་མི་དམངས་ལ་སྲིད་འཛིན་གྱི་ཕྱག་ལས་གནང་སྟངས་ལ་འདོད་པ་ཁེངས་ཡོད་མེད་སོགས་དྲི་བ་དྲིས། དེ་ནས་སྲིད་འཛིན་ལ་ཐད་གར་བཅར་འདྲི་བྱས་ཏེ་མི་དམངས་ཀྱི་བསམ་ཚུལ་གང་ཞིག་ཡོད་པ་དང་། ཁོ་རང་ལ་ནོར་འཁྲུལ་གང་ཞིག་ཡོད་པ་ཤེས་རྟོགས་བྱེད་ཀྱི་ཡོད། ང་ཚོས་ད་རུང་ཡང་སྐུ་ངོ་ཚོའི་ཐུགས་སྤྲོ་དཀྲོགས་པར་དོགས་ནས་ཆབ་མདོ་ཤོར་བའི་གནས་ཚུལ་བཀའ་ཤག་ལ་ཡར་ཞུ་བྱེད་མ་ཐུབ་པ་བཞིན་ལུས་ཚེ། ཡར་རྒྱས་ཕར་བཞག་༧གོང་ས་མཆོག་གིས་རྩིས་སྤྲོད་གནང་བའི་བོད་མིའི་སྒྲིག་འཛུགས་སྤར་བཀང་བོ་ཡང་སྲ་བརྟན་དུ་གནས་ཐུབ་མིན་རེད། བཀའ་སྤྱིའི་ལས་སྣེ་སུ་འདྲ་ཞིག་ཁོང་ཁྲོ་ལངས་ཀྱང་ཐད་གར་བཅར་འདྲི་རེ་བྱས་ཏེ་ཐབས་ལམ་གསར་བ་རེ་ཡོད་མེད་ཕུད་འདེད་བྱེད་དགོས། ཕུད་འདེད་བྱེད་ཐུབ་མིན་དེ་བོད་ཀྱི་གསར་འགོད་པ་ཚོ་ལ་རག་ལས་ཡོད།
ངས་བསམ་ཚུལ་འདི་འབྲི་བཞིན་ཡིད་ལ་སྔོན་མ་༢༠༠༡ཡས་མས་ཙམ་ཞིག་ལ། རྡ་ས་དེ་གར་གསར་ཤོག་ཆུང་ངུ་ཞིག་ལ་༼མཐོ་སྒང་གི་རྒྱབ་མདུན༽ཟེར་བ་ཞིག་འདོན་ཐེངས་ཁ་ཤས་ཞིག་བཀླགས་མྱོང་ཡོད་པས་དེ་ཡིད་ལ་དྲན་སོང་། དེའི་ནང་བཀའ་སྤྱིའི་ལས་སྣེ་དག་ལ་བཅར་འདྲི་ཚ་བོ་རེ་བྱས་ཏེ་ཁོང་ཚོ་རྟབ་རྟབ་པོར་བཟོས་ཡོད། ཁ་སང་དེ་རིང་གསར་ཤོག་དེ་ཡོད་ན་ཅི་མ་རུང་སྙམ་ནས་དྲན་པའི་གདུང་བ་ཡང་ཧ་ཅང་ལྕི། ཡིན་ཡང་བྱ་ཐབས་ཅི་ཞིག་ཡོད། གསར་ཤོག་དེ་ནི་སྔོན་མ་ཞིག་ནས་ཚེ་ལས་འདས་ཟིན་པས་ཡང་སྲིད་ཞིག་འཁྲུངས་དཀའ་བར་གདའ། སྔོན་མའི་དུས་བབ་གསར་འགོད་པ་ཚོས་བཀའ་སྤྱི་སོགས་ལ་བཅར་འདྲི་མང་པོ་བྱེད་ཀྱི་ཡོད། སྐབས་རེ་ཁོང་ཚོ་ཁྲིམས་ཁང་ལ་ཡང་གཏུགས་བཤེར་བྱས་ཏེ་རྒྱལ་ཕམ་གང་མང་བྱུང་ཡོད། ཡིན་ཡང་རྒྱལ་ཕམ་གྱི་གནད་དོན་མ་ཡིན་པར་བཀའ་སྤྱིའི་ལས་སྣེ་ཚོར་ཕུད་འདེད་བྱས་ཡོད། དེང་སང་དུས་བབ་གསར་འགོད་པ་ཚོར་དཔའ་ཞུམ་སྟེ་བག་འཁུམས་འདུག གལ་སྲིད་གསར་འགོད་པ་ཚོས་བཀའ་སྤྱིའི་ལས་སྣེ་ཚོར་ཕུད་འདེད་བྱས་མ་ཐུབ་ཚེ་། གསར་འགོད་པའི་མཚན་ཉིད་ཆ་ཚང་བ་ཞིག་ཚང་མེད། ཨ་རིའི་རླུང་འཕྲིན་ཁང་གིས་སྐབས་རེ་ཚོགས་གཙོ་ལ་བཅར་འདྲི་རེ་ཟུང་བྱེད་ཀྱི་འདུག་མོད། བཅར་འདྲི་བྱེད་མཁན་ཁོ་རང་གི་བསམ་བློ་ལ་རྣོ་ངར་མི་ལྡན་པས་དྲི་བ་རྣོ་ངར་ལྡན་པ་ཞིག་ནམ་ཡང་ཐོས་མ་སོང་།
ད་ནི་ངའི་སེམས་ཀྱི་རེ་བ་ཆེ་ཤོས་དེ་བོད་ཀྱི་གསར་ཁང་གཉིས་སྟེ། ༼བོད་ཀྱི་དུས་བབ་དང་། བོད་ཀྱི་བང་ཆེན་༽གཉིས་ཚད་ལྡན་གསར་ཁང་ཞིག་ཏུ་ངོས་འཛིན་ཡོད་པས་ཁྱེད་ཅག་གིས་བོད་མི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོར་ཕོག་ཐུག་འགྲོ་མིན་ལ་མ་བལྟས་བར་བོད་མི་བདུན་ཅུའི་ཚེ་སྲོག་ཤོར་ཀྱང་། རྒྱལ་སྤྱིའི་སྟེང་ནུས་པ་ཞིག་གང་ནས་ཐོན། ཐ་ན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་སྟོང་ཆ་མ་ཡིན་ཙམ་ལས་སླེབས་མ་ཐུབ་པའི་རྒྱུ་མཚན་དང་། འཐབ་རྩོད་ཀྱི་ཁ་ཕྱོགས་གསར་བའི་བསམ་བློ་ཡོད་མེད་སོགས་ཀྱིས་ཕུད་འདེད་དང་མཐའ་འདེད་བྱེད་ཐབས་ལ་འབད་དགོས། དེ་མིན་དུས་རྒྱུན་མགོ་བོ་སྒུར་སྒུར་དང་ཐལ་མོ་སྦྱར་རྐྱང་བྱས་ན་ཚིག་གཅིག་སྟེང་ནས་ལོ་ལྔ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ། ང་ཚོ་ཆ་ཚང་གིས་ཤེས་སྲིད་ལ་བཀའ་སྤྱིས་རྒྱ་གཞུང་ལ་གསུངས་བའི་ཚིག་འདི་དག་རེད། རང་ལུས་མེར་སྲེག་གི་འགན་ཆ་ཚང་རྒྱ་གཞུང་ལ་ཡོད། ངེས་པར་དུ་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་དང་བོད་མི་ཚོར་རང་དབང་གི་ཐོབ་ཐང་སྤྲོད་དགོས་ཟེར་བའི་ཚིག་འདི་རེད།
ཚིག་འདི་ཙམ་བཀའ་སྤྱི་མ་ཡིན་པའི་ཕྲན་ལྟ་བུ་བླུན་པོ་ཞིག་གིས་ཀྱང་བཤད་ཤེས་ལ། འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་ཚོ་ཡོངས་ཀྱི་ཚོང་རྟེན་གྱི་ཚིག་ཞིག་ཡིན། གུང་ཁྲན་ཏང་ལ་གནས་ལུགས་བཤད་ནས་འགྲོ་ས་མེད་པ་ད་རུང་ཡང་ཤེས་ཀྱི་མེད་པ་འདི་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་བསམ་བློ་ཧ་ཅང་སྐྱོ་བའི་རྟགས་རེད། གང་ལྟར་གོང་གི་གསར་ཁང་གཉིས་ཀྱིས་ཐབས་ལམ་གསར་བ་ཞིག་གིས་བཀའ་སྤྱིའི་ལས་སྣེ་སོགས་སུ་བཅར་འདྲི་རེ་རྒྱུན་ཏུ་བྱས་ཏེ་གསར་ལམ་ཁག་ཏུ་འགོད་ཐབས་དང་། དེ་ནས་མི་དམངས་ཀྱིས་ཁོང་ཚོའི་བསམ་ཚུལ་ལ་བགྲོ་གླེང་བྱེད་ཐུབ་པའི་རེ་བ་ཡང་ཧ་ཅང་ཆེ།
༡༤/༡༡/༢༠༡༢ལ་བྲིས།

སྣ་ཚོགས།

Post navigation

Previous Post: བུ་མོ་ཆུང་ཆུང་།
Next Post: དེ་རིང་ཚེས་ ༡༥ ཉིན་རེབ་གོང་ནས་རང་ལུས་མེར་བསྲེགས་གནས་ཚུལ།

Comments (25) on “སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱོས།”

  1. འདྲེ་རྐང་ཐོ། says:
    2012-11-15 at 1:02 am

    གནམ་མཁའི་སྙིང་ཁོང་རུས་པའི་སྟེང་ནས་འོང་བའི་སྐད་ཆ་འདིར་ཉན་མཁན་ཞིག་གིས་ཉན་་་་ལག་བསྟར་གནང་མཁན་ཞིག་གིས་གནང་ཐུབ་ན་ཅི་མ་རུང་ཨང་།

  2. གནམ says:
    2012-11-15 at 2:43 am

    རྡོ་གཡའ་མ་བཙགས་ན་གཡིས་ཟིག་དང་མར་ཆུར་ར་བཙགས་ན་གསེར་ཟིག་མེད་ནོ་མ་ཤེས་ནེ། བཙན་བྱོལ་བ་ནི་བཙན་བྱོལ་བ་རང་རེད། ག་དུས་ཡིན་ཡང་བཙན་པོ་ལ་བྱོལ་ནས་འགྲོ་བ་ལས་ཅང་མེད་པ་རེད། དེའི་ནང་ན་ཁྱོད་དང་ང་ཚང་མ་ཚུད་ཡོད་པ་རེད། ཡིན་ན་ཡང་། སེམས་བསམ་པས་བོད་དོན་ལ་ཅིག་བྱེད་འདོད་ཡོད་ན། ས་གནས་དང་རང་དབང་སོགས་ཕྱོགས་གང་ཅིའི་ཐད་ནས་ཡོ་རོབ་དགའ་བ་རེད། ཨ་མའི་བུ་ཁྱོད་ཅིག་གསལ།

  3. འཇམ་གཅེས says:
    2012-11-15 at 3:22 am

    ནམ་མཁའ་ཡིན་ན་འདྲ་་་་་་ས་གཞི་ཡིན་ན་འདྲ་་་་་་་་་་་་་རྩོམ་ཡིག་སྤེལ་སྐབས་ཡིག་གེ་འདྲི་ཤེས་པ་ཙམ་གྱི་འགྲིག་གི་ཡོད་པས་ཁེངས་དྲེག་ཞིག་ཁྱོད་ལ་ལྡན་ཡོད་པར་གོང་གསལ་ཡིག་ཉོག་དེ་ནས་གསལ་པོར་ཤེས་སོང་། ཉིན་ཤེས་སྔོན་ཨ་རི་རླུང་འཁྲིན་དང་། ནོར་ཝེལ་རླུང་འཁྲིན་གིས་གསར་འགོད་པ་དག་གིས་སྲིད་སྐྱོང་མཆོག་ལ་དྲི་བ་ཞུས་ཡོད་པ་མ་ཟད་བརྒྱུད་ལམ་དེ་གཉིང་ཀའི་ངོས་ནས་གློག་བརྙན་ནང་སྟོན་འདུག་པར་ཡང་མ་མཐོང་བ་འདྲ། ད་དུང་གོང་གི་ཡིག་ཉོག་དེའི་ནང་དུ་སྲིད་སྐྱོང་ལ་ཁག་འདྲ་དཀྲིས་ཁུལ་བྱས་འདུག་རུང་དོན་དངོས་ནི་ས་ནས་རྡོ་ཞིག་ཡར་བླང་ཏེ་སོ་སོས་མགོ་ལ་བཞུས་པ་དང་གཅིག་མཚུངས་སུ་འདུག་པས་མང་པོ་བཤད་མི་འདོད། མང་གཙོས་གཞུང་ཞིག་ཡིན་ཕྱིན་ཁྱོད་ཀྱིས་བྲིས་པའི་ཡིག་ཉོག་དེས་ནང་དོན་ཆ་ཚང་མི་སྒེར་སོ་སོའི་ངོས་ནས་སྒྲུབ་ཆོག་གི་ཡོད་པར་ཤེས་པར་བྱས་ནས་སོ་སོའི་གོམ་གང་མདུན་དུ་སྤོས་དང་། །

  4. འཇམ་གཅེས says:
    2012-11-15 at 5:04 am

    ཡིག་གེ་འབྲི་ཤེས་ཙམ་ཞེས་དང་་་་ཉིན་ཤས་་་་་བཅོས་དགོས་ཡོད་་་་་་་་་་་་

  5. འཇམ་གཅེས says:
    2012-11-15 at 5:19 am

    མི་ཚོས་ང་ལ་ང་ཚོར་ག་དུས་དམངས་གཙོ་རག་ཐུབ་ཀྱི་རེད་དམ། ཞེས་འདྲི་ཡི་འདུག ངས་རྒྱུན་དུ་ཁོ་ཚོར་༼ཁྱོད་རང་གིས་སོ་སོར་དྲིས་དང། སོ་སོའི་སྒེར་གྱིས་དམངས་གཙོའི་ཆེད་དུ་ག་རེ་བྱས་ཡོད་མེད་དྲི་བ་བཀོད་དང། དེའང་སོ་སོར་ལན་འདེབས་བྱས་པ་རེད། གལ་ཏེ་ཁྱོད་ཀྱིས་དམགས་གཙོའི་ཆེད་དུ་་བྱ་བ་གང་ཡང་མ་སྒྲུབ་པར་ཁྱོད་ལ་དྲི་བ་དེ་བཀཽད་པའི་ཐོབ་ཐང་མེད། ལྕམ་ཨང་སང་སུ་ཅིས་ཡིས་གསུངས་འདིར་ཡང་ཡང་སློབ་སྦྱོངས་བྱོས་ཤིག །

  6. ཨ་རིག་དགེ་མཐོང་གིས། says:
    2012-11-15 at 7:30 am

    ནམ་མཁའི་གསར་འགོད་པར་བཅོལ་བའི་རེ་བ་ཆེ་གི གསར་འགོད་པ་ཚོས་སྟོང་ཟད་དུ་མི་གཏོང་རྒྱུའི་རེ་སྐུལ་ཅིག་ངས་ཀྱང་རྒྱབ་རྩ་ལྟ་བུ་བྱས་ཏེ་ཞུ།

  7. བློ་བཟང་ says:
    2012-11-15 at 7:56 am

    གུས་པས་མཆན་འབྲི་ཆོག་པའི་བཀའ་ཁྲོལ་ཡོང་བ་ཞུ།

  8. བློ་བཟང says:
    2012-11-15 at 8:01 am

    ནམ་མཁས་བཅོལ་བའི་རེ་བ་འདི་ཁྱོད་གསར་འགོད་པ་ཚོས་འབད་བརྩོན་ཡོང་རྒྱུ་གུས་པའི་རེ་བ་དང་ཕྲན་ཡང་དེ་བཞིན་ནོ།

  9. Dorba says:
    2012-11-15 at 8:11 am

    ཆང་གིས་བཟི་སོང་བ་ཨེ་རེད། བསམ་ཚུགས་ནས་ཅིག་བྲིས་ན་མི་འགྲིག་གམ།

  10. ལོག་སྨྲ་ཚར་གཅོད། says:
    2012-11-15 at 8:34 am

    སྲིད་སྐྱོང་འདི་སྒྲིག་འཛུགས་འདིས་ལོ་འཁོར་མར་གཞུང་གི་ལས་ཁུངས་རྣམས་སྒོ་རྒྱབ་ནས་དགོན་པར་ཕྱིན་ནས་སྨོན་ལམ་ཀྱང་ཀྱང་འཚོགས་རྒྱུ་ལས་མི་མང་གི་སྣེ་འཁྲིད་དེ་ལས་དོན་ཕན་ལྡན་པ་ཞིག་སྤེལ་མྱོང་མེད་སྤེལ་རྩིས་ཀྱང་མེད་པས་ཆབ་སྲིད་ཀྱི་སྒྲིག་འཛུགས་ཤིག་དང་གཏན་ནས་མི་འདྲ་བ་རི་ཁྲོད་པ་ཞིག་དང་ཤིན་ཏུ་མཚུངས།

  11. lhamotsering says:
    2012-11-15 at 9:37 am

    འཛམ་གླིང་གིས་ཤེས་གསལ་ལྟར།གསར་འགོད་པ་ནི་གཞུང་དམངས་བར་གྱི་འབྲེལ་མཐུད་པ་དང་།གཞུང་གི་དགོངས་དོན་མི་དམངས་ཀྱི་མདུན་ངོ་སྤྲོད་བྱེད་མཁན་ཞིག་ཡིན་པ་ཤེས་སྲིད།དེ་བཞིན་གོང་གི་བསམ་ཚུལ་དེ་ཡང་གནས་ལུགས་དང་རྒྱུ་མཚན་ཡང་དག་ཞིག་ལྡན་པས་ང་ཚོས་གསར་འགོད་པ་ཚོས་ཀྱང་བཀའ་སྤྱི་རྣམས་ལ།བོད་གཞི་ལུས་མི་དམངས་ཀྱིས་བྱིས་པ་ལོ༡༥ཅན་ནས་སྙིང་སྟོབས་ཀྱིས་འབར་ན་ཡང་།ང་ཚོས་མར་མེ་ཁྲོམ་སྐོར་དང་སྨོན་ལམ་ཁོ་ནའི་ལས་འགུལ་གྱིས་ཡིད་ཚིམས་ནས་བསྡད་རྒྱུ་ཡིན་ནམ་ཅེས་དྲི་བ་གཏོང་དགོས་བ་ཕྱིས་དྲགས་མེད་ན་སྔ་མི་འདུག་སྙམ།

  12. རིན་ཆེན says:
    2012-11-15 at 9:48 am

    ང་རང་གི་ངོས་ནས་གོང་གི་བསམ་ཚུལ་དེ་ལ་རྒྱབ་སྐྱོར་གཙང་མ་ཡོད། ཡང་དྲ་འབུ་མགོ་འཐོམ་ཞིག་གིས་ཕྲག་དོག་གམ་རྨོངས་བཤད་འགའ་བྱས་འདུག དེ་ལ་ཚིག་གཅིག་ཞུ་རྒྱུ་ཡིན།ཨང་སན་སུའུ་སྐྱིད་ཀྱི་གཏམ་ལུང་དྲངས་ཏེ་དགག་སྒྲུབ་འདྲ་བྱས་འདུག་མོད།་ཁོ་རང་གིས་རང་གི་མགོ་ལ་ལག་གཉིས་ཀྱིས་རྡོ་རྒན་ཞིག་བཟུང་སྟེ་རང་ལ་གཞུས་འདུག་པས་ཕལ་ཆེར་དྲན་པ་ཐོར་ཡོད་སྲིད། གལ་སྲིད་དྲན་པ་ཐོར་མེད་ན་བོང་བུའི་རྣ་ལམ་ལམ་དུ་གསེར་ཞིག་བླུགས་འདོད།དེ་ནི་དཔེར་ན་ཁྱེད་ཀྱིས་ཟླ་བ་གཅིག་ལ་ཟས་ཐེངས་གཅིག་ཟས་འགྲིག་གམ།དེ་འགྲིག་ན་བཅར་འདྲི་ཐེངས་གཅིག་གིས་ཡིད་ཚིམས་ནས་བསྡད་ན་ཆོག གསར་འགོད་གཞུང་དམངས་བར་གྱི་ཟམ་པ་ལྟ་བུ་རེད།ཤིན་ཏུ་ནས་གལ་ཆེ།

  13. ཁ་བ་འཚོ says:
    2012-11-15 at 10:55 am

    དུས་བབ་རྩོམ་སྒྲིག་པ་རབ་གསལ་དང་ལྷག་བསམ་སྐབས་གསར་འགོད་ཀྱི་ཉམས་མྱོང་མེད་ན་ཡང་།རྣམ་དཔྱོད་ཀྱི་རྐྱེན་གྱིས་ཆབ་སྲིད་པ་མཐོ་རིམ་པ་རྣམས་ལ་བཅར་འདྲི་མང་པོ་བྱས་སོང་བས་གསར་ཤོག་འཁྲིགས་པོ་ཡོད་ལ་ཆ་ཚང་གིས་མཐོང་སྣང་ཡང་སྤྲད་ཀྱི་ཡོད། སྐུ་ཞབས་ལུང་རིག་ནས་བཟུང་ཅུང་ཉམས་མས་སུ་འགྲོ་འགོ་བརྩམས་སོང་།རྒྱུ་མཚན་ནི་ཆབ་སྲིད་པ་མཐོ་རིམ་གནས་ལ་མ་སྙེགས་པར་མིང་སྐམ་རྗེས་འབྲངས་པ་ཀླུ་མཁར་བྱམས་ལྟ་བུ་ལ་བཅར་འདྲི་རྐྱང་བྱས་སོང་བས་ནུས་པ་སྔོན་མ་བཞིན་ཐོན་ཐུབ་མ་སོང་སྙམ། ཁ་སང་དེ་རིང་རྦད་དེ་བཅར་འདྲི་ཞིག་གང་ན་ཡོད།གསར་འགྱུར་ཡང་རྗེས་ལུས་རྐྱང་ཐེབས་འདུག་པས་རིག་པ་སྒྲིམས་ནས་གོང་གི་རེ་བ་དེ་དག་ཆུད་ཟོས་སུ་མི་འགྲོ་བའི་རེ་བ་ཕྲན་གྱིས་ཀྱང་ཞུ་རྒྱུ་ཡིན།

  14. ཕྱག་འཚལ། says:
    2012-11-15 at 11:02 am

    སྲིད་སྐྱོང་ལགས། ་་་་་་་་་་་་་་་་་་་་་་
    སྔོན་མ་སྲིད་སྐྱོང་འགྲན་རྩོད་ཆེན་མོར་ཞལ་བདེ་ལ་བྱེད་ཕོད་པ་ཞིག་རེད།
    ཟམ་གདོང་བླ་མས་འགན་འཁུར་སྐབས་ཕྱི་ལོ་༢༠༠༨ལོར་ཕྱི་ལ་ཁྱབ་བསྒྲགས་བྱེད་ལུགས་ལ་ཞན་ཆ་ཡོད་ལུགས་བཤད་སོང།་་་་་་་་་་་་ ད་ཆ་ཁྱེད་རང་ལ་ཆབ་སྲིད་ཀྱི་སྐུ་དབང་ལྡན་ཡོད་པས་ག་རེ་གནང་སོང་བ་རེད། བོད་ནང་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་སྐབས་ཁྱེད་རང་་་་་་་་་་ད་ཆ་རི་ཁྲོད་ཀྱི་སྒོམ་ཆེན་ཆགས་པ་རེད་པས།
    དེ་ནི་སྲིད་སྐྱོང་མཆོག་ལ་ཟུར་ཟ་བྱས་པ་མིན། ཁོ་བོ་བོད་མིའི་གདུང་ཞེན་ཆེ་བས་ཚིག་འགའ་ཐལ་སོང། དགོངས་དག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  15. ཐབས་ཇུས་ཅན says:
    2012-11-15 at 12:05 pm

    ནམ་མཁས་བསམ་ཚུལ་ཡག་པོ་གསུངས་འདུག
    བོད་པས་གསར་འགོད་པ་ཚོས་དྲི་བ་འདྲ་མིན་གྱི་ལམ་ནས་གཞུང་དམངས་གཉིས་ཀྱི་བར་ལ་ཟམ་པ་ལྟ་བུའི་འགན་འཁུར་དགོས་ལ། ད་དུང་དྲི་བའི་རྣོ་ངར་ཆེ་རུ་གཏོང་དགོས་པའི་རེ་བ་ཞུ་བཞིན་ཡོད།
    བོད་པའི་དུས་བབ་ནི་ ( NEW YORK TIMES ) གཉིས་པ་ཞིག་ཏུ་འགྱུར་རྒྱུར་རེ་བ་ཡོད།
    དུས་བབ་གསར་འགོད་པ་རྣམ་པར་རྗེས་སུ་ཡི་རང་ཡོད།

  16. ཁ་བ་འཚོ says:
    2012-11-15 at 12:25 pm

    སྲིད་སྐྱོང་ལགས།
    བོད་ནས་བྱིས་པ་དམར་རྗེན་ཞིག་གི་ཨ་མ་འབར་དུས།
    ཁྱེད་ཀྱི་ཡིད་ལ་ཅི་ཞིག་དྲན་སོང་།
    ཁྱེད་ཀྱི་ཡིད་ལ་དྲན་པ་ནི་གཙུག་ལག་ཁང་ནས་མཆོད་འབུལ་དྲན་ཡོད་དམ།
    རྒན་པོ་ལོ་བརྒྱད་བཅུ་ཅན་གྱི་ལག་རྟེན་བུ་ཆུང་འབར་དུས།
    ཁྱེད་ཀྱི་ཡིད་ལ་ཅི་ཞིག་དྲན་སོང་།
    ཁྱེད་ཀྱི་ཡིད་ལ་ད་རུང་ཡང་བསྔོ་སྨོན་གསུངས་རྒྱུ་དྲན་ནམ།
    བྱིས་པ་ལོ་༡༥ཅན་ཞིག་འབར་དུས།
    ཁྱེད་ཀྱི་ཡིད་ལ་ད་རུང་ཕྲེང་བ་འཛིན་ཡ་དྲན་སོང་ངམ།
    ཡང་ན་མར་མེ་ཁྲོམ་སྐོར་དྲན་སོང་ངམ།
    འདི་ནི་ཆབ་སྲིད་ཀྱི་ལས་འགུལ་ཆེན་པོ་ཞིག་རེད་འདོད་ཡོད་དམ།
    ང་ཚོ་ཆ་ཚང་ལ་ལམ་སྟོན་ཞིག་གནང་རོགས།
    གསར་འགོད་པ་ཚོ།
    ཞལ་བཙུམ་ནས་མ་འདུག་རོགས།
    ལས་སྣེ་མཐོ་རིམ་ལ་དྲི་བ་རྣོ་ངར་རེ་འདྲི་ཨེ་ཐུབ་ལ་འབད་རོགས།
    ང་ཚོ་ལམ་སྟོན་གསར་བ་ཞིག་སྣེ་མོ་སྟོན་རོགས་ཅེས་དྲི་བ་དང་འབོད་སྐུལ་གནང་རོགས་ཞུ་བཞིན་ཡོད།

  17. འདྲེ་རྐང་ཐོ། says:
    2012-11-15 at 12:34 pm

    བཀའ་ཁྲི་གཙོས་པའི་མི་སྣ་མཐོ་གྲས་ཁག་ལ་་་་་དྲི་བ་འདི་དང་འདི་དྲིས་ཞེས་་་་དྲི་བ་ཡག་པོ་རེ་་་་འདིར་བཀོད་ན་་་་་གསལ་འགོག་པ་ཁོང་ཚོས་མཐོང་ངེས་རེད་་་་་་

  18. རིན་ཆེན says:
    2012-11-15 at 1:51 pm

    ཡག་པོ་བྲིས་ཤག་ཐུགས་རྗེ་ཆེ།

  19. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-15 at 3:43 pm

    སྲིད་སྐྱོང་མཆོག་Darjeeling གྱི་མི་རེད། Darjeeling གི་བོད་པ་དང་Nepali འདི་ཚོ་ཁ་བདེ་བོ། མང་ཆེ་བ་སློབ་སྦྱོང་ལེགས་ཙམ་ཡོད། དྲན་རྒྱུ་འབོལ་པོ། སེར་སྣ་ཚ་བོ། གཞས་དང་རོལ་ཆར་དགའ་བོ། མགོ་བསྐོར་གཏོང་མཁས་པོ། གཙང་དྲ་ཡག་པོ་སོགས་ལེགས་ཆ་དང་ཉེས་ཆ་གཉིས་ཀར་ཡོད། ཡིན་ནའང་ཁོང་ཚོར་བསོད་ནམས་དང་འཇོན་ཐང་ཡོད་མ་རེད། བྱས་ཙང་ང་ཚོའི་སྲིད་སྐྱོང་ཡང་དེ་འདྲ་ཡིན་སྲིད།

  20. གངས་ཅན་མ་ says:
    2012-11-16 at 8:46 am

    གངས་ཅན་མ་ང་ཡང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་གོང་ཞུས་ལྟར་འགན་འཁུར་ལེན་ཀྱང་གོང་རིམ་ནས་བཀའ་ལན་མ་གནང་བར་བྱ་ཐབས་བྲལ་

  21. ཕྱག་འཚལ། says:
    2012-11-16 at 11:05 am

    འདི་དྲི་བ་རང་ཡིན། གོང་དུ་བཀོད་ཚར་བ་ཡིན།

    སྲིད་སྐྱོང་ལགས། ་་་་་་་་་་་་་་་་་་་་་་
    སྔོན་མ་སྲིད་སྐྱོང་འགྲན་རྩོད་ཆེན་མོར་ཞལ་བདེ་ལ་བྱེད་ཕོད་པ་ཞིག་རེད།
    ཟམ་གདོང་བླ་མས་འགན་འཁུར་སྐབས་ཕྱི་ལོ་༢༠༠༨ལོར་ཕྱི་ལ་ཁྱབ་བསྒྲགས་བྱེད་ལུགས་ལ་ཞན་ཆ་ཡོད་ལུགས་བཤད་སོང།་་་་་་་་་་་་ ད་ཆ་ཁྱེད་རང་ལ་ཆབ་སྲིད་ཀྱི་སྐུ་དབང་ལྡན་ཡོད་པས་ག་རེ་གནང་སོང་བ་རེད། བོད་ནང་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་སྐབས་ཁྱེད་རང་་་་་་་་་་ད་ཆ་རི་ཁྲོད་ཀྱི་སྒོམ་ཆེན་ཆགས་པ་རེད་པས།
    དེ་ནི་སྲིད་སྐྱོང་མཆོག་ལ་ཟུར་ཟ་བྱས་པ་མིན། ཁོ་བོ་བོད་མིའི་གདུང་ཞེན་ཆེ་བས་ཚིག་འགའ་ཐལ་སོང། དགོངས་དག་་་་་་་་་་

  22. lhamotsering says:
    2012-11-16 at 12:15 pm

    ངའི་གྲོགས་པོ་སྐོར་ཞིག་གིས་ཀྱང་འདྲེ་རྐང་ཐོའི་གསུངས་ལ་གནས་ལུགས་འདུག་ཟེར།
    དེས་རྐྱེན་ངས་འདིར་དྲི་བ་ཞིག་འགོད་ཀི་ཡིན།

    སྲིད་སྐྱོང་ལགས།
    རྒྱལ་སྤྱིའི་ཁག་ནས་ནུས་པ་སྤུ་ཙམ་ཡང་མ་ཐོན་པའི་རྒྱུ་མཚན་ཅི་ཡིན་ནམ།
    བོད་མིའི་སྒྲིགས་འཛུགས་ཀྱིས་ཁྱབ་སྒྲགས་ཀྱི་ནུས་པས་མ་འདང་བ་ཡིན་ནམ།
    ཐ་ན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་ཐོན་ཐུབ་ཀྱི་མི་འདུག་པས་དེའི་རྒྱུ་མཚན་ཅི་ཡིན་ནམ།
    ཁྱེད་བཀའ་ཤག་གི་ངོས་ནས་འཐབ་རྩོད་ཀྱི་ཐབས་ལམ་གསར་བའི་ལམ་སྟོན་ཞིག་ཡོད་དམ།
    རྒྱ་ནག་གི་གཞུང་གསར་བ་ལ་གྲོས་མོལ་གྱི་རེ་བ་མུ་མཐུད་ནས་རྒྱག་རྒྱུ་ཡིན་ནམ།
    གལ་སྲིད་རེ་བ་བྱས་ན་གྲོས་མོལ་བསྐྱར་མཐུད་བྱེད་ཐུབ་བམ།

  23. རིན་ཆེན says:
    2012-11-16 at 2:29 pm

    གངས་ཅན་མ་ལགས།ཁྱེད་ལ་གོང་རིམ་ནས་བཀའ་འཕྲོད་མ་གནང་བའི་གནས་ཚུལ་རིམ་པ་མདོར་བསྡུས་ཞིག་རྩོམ་ཐུང་ཞིག་དྲ་ཐོག་ཕུད་ཐབས་བྱེད་རོགས་ཞུ།དེ་མིན་འདི་ཚོ་སྐྱག་ལངས་ཤོར་ཡོད།གསར་འགོད་ཀྱི་རང་དབང་འགོག་ན་དམངས་གཙོ་མཚན་ཉིད་ཚང་མེད། ངེས་བར་དུ་གནས་ཚུལ་འགོད་ཐབས་བྱེད་དགོས།དྲ་གྲོགས་ཚོ་ད་ང་ཚོས་མཐོང་བའི་གནས་ཚུལ་འདི་རེད།སྲིད་སྐྱོང་སོགས་འགོ་ཁྲིད་ཚོ་གཡོལ་ཐབས་ཁོ་ན་བྱེད་ཀྱི་འདུག་པས་ཆ་ཚང་གིས་བཙིར་ཐབས་བྱེད་དགོས།

  24. ལོག་སྨྲ་ཚར་གཅོད། says:
    2012-11-16 at 10:56 pm

    སྐུ་ངོ་སྲིད་སྐྱོང་ལགས། ཁྱེད་དང་ཁྱེད་ཀྱི་དབང་འོག་ཏུ་ཡོད་པའི་བོད་ཀྱི་སྲིད་ཞུ་ལས་བྱེད་རྣམས་ནི་ཆོས་ཀྱི་གོ་རྟོགས་སྤུ་ཙམ་ཡང་མེད་མཁན་ཁྱིམ་པའི་རྟེན་ཅན་ཤ་སྟག་གིས་ལས་ཁུངས་སྒོ་རྒྱབ་ནས་དགོན་པར་བསྔོ་སྨོན་འཚོགས་པ་ལས་བསྔོ་སྨོན་གསུང་རྒྱུ་གང་ཡོད་རྣམས་དགོན་སྡེ་ཁག་ལ་བཀའ་བཏང་ནས་ཁྱེད་ཚོས་ལས་ཁུངས་ནང་དུ་དེ་ལས་གཞན་པའི་ཆབ་སྲིད་ཀྱི་ལས་དོན་སྤེལ་རྒྱུར་ཤུགས་རྒྱག་དགོས། མི་མང་གི་སྣེ་འཁྲིད་དེ་གཞི་རྒྱ་ཆེ་བ་དང་རྒྱ་གཞུང་ལ་གཡོ་འགུལ་བྱེད་ཐུབ་པའི་ལས་འགུལ་ཞིག་སྤེལ་རྒྱུའི་འཆར་གཞི་ཞིག་ཡོད་དགོས།།

  25. ཕྱག་འཚལ། says:
    2012-11-17 at 12:01 pm

    ཁ་བདེ་ཕྱི་རྫིག་ནང་སྟོང། །
    དམིགས་ཐུང་བསམ་མེད་གཞོན་ནུ། །
    ལས་གཡོལ་ཟ་དགའ་ཕན་མེད། །
    རྩམ་གཟན་བོད་ཀྱི་གཞོན་ནུ། །
    གཞོན་ནུ་ཡུལ་གྱར་རྣམ་པ།་།
    མ་རེད་ཞུ་ས་མིན་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme