Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བུ་མོ་ཆུང་ཆུང་།

Posted on 2012-11-152012-11-15 By ཁ་བརྡ་ 9 Comments on བུ་མོ་ཆུང་ཆུང་།

དོལ་སྨྱོན།
—བསྟན་འཛིན་དཔལ་འཛོམས་ལ་ཕུལ་བ།

ཁྱོད་ཀྱི་ལུས་པོ་ཆུང་བས་ཡིན་ནམ། ཁྱོད་ཀྱི་ལོ་ཚད་ཆུང་བས་ཡིན། ཡང་ན། ཁྱོད་ཀྱི་གཤིས་ཀའི་རྐྱེན་པས་ཡིན། གང་ལྟར། ངས་ཁྱོད་ལ་བུ་མོ་ཆུང་ཆུང་ཞེས་འབོད་སྙིང་འདོད། དེ་ཡང་ཡིན་ཏེ། ལྷད་མ་ཞུགས་པའི་ཁྱོད་ཀྱི་སྤྱོད་པ་དག་གིས། ཁྱོད་ཆུང་ཆུང་ཡིན་པ་མཚོན་ལ། གཡའ་མ་འདྲེས་པའི་ཁྱོད་ཀྱི་སེམས་ཁམས་གཙང་མ་དེ་ཡིས། དེ་བས་ཀྱང་ཁྱོད་ཆུང་ཆུང་ཡིན་པ་མཚོན་ཐུབ།འབུར་དུ་ཐོན་པའི་ཁྱོད་ཀྱི་མིག་ཟུང་ལས་གསལ་བོར་མཐོང་ཐུབ་པ་ནི། ཤན་མ་ཞུགས་པའི་ཁྱོད་ཀྱི་སེམས་ཁམས་གཙང་མ་དེ་ཡིན་ལ། དྲི་མས་དག་པའི་ཁྱོད་ཀྱི་སྤྱོད་པ་ལས་ངེས་གཏན་རྙེད་ཐུབ་པ་ནི། སྐྱོན་གྱིས་སྟོང་བའི་ཁྱོད་ཀྱི་གཤིས་སྤྱོད་གཙང་མ་དེ་ཡིན། ཆེས་ཆུང་ཆུང་ཡིན་པའི་ཁྱོད། གསར་སྐྱེས་པདྨ་ལྟ་བུའི་ཁྱོད། ནམ་ཡང་ཆུང་ཆུང་ཡིན་པར་སྨོན། ནམ་ཡང་དྭངས་གཙང་ཡིན་པར་སྨོན། ཚེ་གང་ལ་འགྱུར་བ་མེད་པར། དུས་བཞི་ལ་གཡོ་བ་མེད་པར།
བུ་མོ་ཆུང་ཆུང་། ཆེས་ཆུང་ཆུང་ཡིན་པའི་ཁྱོད་ཀྱི་ཡོད་ཚད་གཅིག་ཏུ་བསྒྲིལ་ནས། ཆེས་ཆེན་པོར་གྱུར་པའི་མི་རིགས་དང་རིག་གཞུང་གི་དོན་སྙིང་ལ་ལྷོད་ཀྱིས་ཞུགས་དང་། ནམ་ཞིག་ཆེས་ཆུང་ཆུང་ཡིན་པའི་ཁྱོད་ཀྱི་ཡོད་ཚད། འགྲན་དུ་མེད་པའི་ཆེས་ཆེན་པོ་ཞིག་ཏུ་འགྱུར་སྲིད་ལ། འགྲན་དུ་མེད་པའི་ཆེས་ཆེན་པོ་དེ་ཡིས། མི་རིགས་དང་རིག་གཞུང་ལ་བླ་ན་མེད་པའི་ཞབས་ཞུ་ཆེན་པོ་ཞིག་ཐོན་སྲིད། སེམས་ལ་ཞོགས་དང་བུ་མོ་ཆུང་ཆུང་། དེ་དུས་ཆེན་པོ་ཆེན་པོ་ཡིན་པའི་མི་བུ་དག་གིས། ཆུང་ཆུང་ཆུང་ཆུང་ཡིན་པའི་ཁྱོད་ལ་ཡིད་སྨོན་ཤོར་ཞིང་བསྟོད་གླུ་འཐེན་སྲིད། དེ་དུས་ཁྱོད་ཀྱི་ཕྱི་ལོགས་དག་ཆུང་ཆུང་ཡིན་རུང་། ཁྱོད་ཀྱི་ནང་ལོགས་ཡོད་ཚད་ཆེན་པོ་ཡིན་པས། གཟུགས་ཆུང་ནའང་གསེར་གྱི་ཐིག་གུ་ཞེས་པའི་གནའ་གཏམ་དེ་ཁྱོད་ལ་འོས་ཤིང་འཚམས།
བུ་མོ་ཆུང་ཆུང་། གྲོགས་པོ་ཞིག་གི་འདང་བརྩེའི་སྟེང་ནས་སམ། ཡང་ན། སེམས་ཁམས་གཙང་མ་ཞིག་གི་ངོས་ནས་བཤད་ན། སློབ་སྦྱོང་ནི་བསམ་གཞིག་དང་གོ་རྟོགས་ཀྱི་ལག་རྟེན་ཡིན་ལ། བསམ་གཞིག་དང་གོ་རྟོགས་ཀྱི་ལག་རྟེན་མེད་པའི་མི་ཚེ་ནི། ནམ་ཡང་ལ་ཁའི་དར་ལྕོག་གི་ཟླ་བོ་ལས་རྟག་བརྟན་ཐེར་ཟུག་གི་རང་གཤིས་སམ། འོད་སྟོང་ལྡན་པའི་རྒྱུ་སྐར་ཞིག་ཏུ་འགྱུར་མི་སྲིད་པའི་ཕྱིར་ན། ཁྱོད་ཀྱིས་ནམ་ཡང་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་གི་དོན་
སྙིང་ལ་བསམ་གཞིག་ལྷོད་མི་ཉན།
བུ་མོ་ཆུང་ཆུང་། དབེན་གསུམ་གྱི་མཚན་ཉིད་ཚང་བའི་མཐོ་སློབ་འདི་ནི་མཛེས་ཤིང་སྡུག བརྟན་མཁས་ཀྱི་ཡོན་ཏན་ལྡན་པའི་དགེ་རྒན་དག་ནི་བྱམས་ཤིང་བརྩེ། མཐུན་སྒྲིལ་གྱི་ལག་ཟུང་དམ་པའི་སློབ་བུ་རྣམས་ནི་མཛའ་ཞིང་འཛུམ། རིག་གཞུང་གི་འོད་རླབས་འཕྱུར་བའི་གནས་འདི་ནས། མི་རིགས་ཀྱི་ལ་རྒྱ་མཆེད་པའི་གནས་འདི་ནས། ཡོད་ཚད་ལ་འོད་སྟོང་འཕྲོ་བའི་གནས་འདི་ནས། གནས་འདི་ནས། ཁྱོད་ཀྱི་ཡོད་ཚད་གཅིག་ཏུ་བསྡུས་ཤིང་སྤུངས་ནས། ཚེ་གང་ལ་འདང་ངེས་པའི་རྒྱགས་ཕྱེ་དག་ངེས་པར་སྒྲུབ་དགོས་ལ། མི་རིགས་ཤིག་གི་རྒྱུད་འཛིན་དང་རིག་གཞུང་ཞིག་གི་ཆེད་ལས་སུ་ངེས་པར་འགྱུར་དགོས།
བུ་མོ་ཆུང་ཆུང་། མི་ཚེ་ནི་གོ་སྐབས་ཤིག་ཡིན་ལ། གོ་སྐབས་ནི་ཡང་ཡང་རེག་དཀའ་བས། འོད་སྟོང་འབུམ་གྱིས་གཏམས་པའི་གོ་སྐབས་བཟང་པོ་འདི་འཕྱུག་མི་ཉན། གཏན་ནས་འཕྱུག་མི་ཉན།
བུ་མོ་ཆུང་ཆུང་། ཆེས་མཐའ་མཇུག་གི་ཚུལ་དུ་ཚིག་གསུམ་བཤད་ན། ཆེས་ཆུང་ཆུང་ཡིན་པའི་ཁྱོད་ཀྱི་ཡོད་ཚད་དོན་སྙིང་འབུམ་གྱིས་ཕྱུག་པའི་ཆེས་ཆེན་པོ་ཆེན་པོ་ཞིག་ཏུ་འགྱུར་བར་སྨོན། གཞན་ཡང་། ཁྱོད་ཀྱི་སེམས་ཁམས་ཆེན་པོ་ཡིན་པར་སྨོན། ཁྱོད་ཀྱི་ལྟ་བ་ཆེན་པོ་ཡིན་པར་སྨོན། ཁྱོད་ཀྱི་དམིགས་ཡུལ་ཆེན་པོ་ཡིན་པར་སྨོན། ཁྱོད་ཀྱི་མི་ཚེ་ཆེན་པོ་ཡིན་པར་སྨོན། མདོར་ན། ཁྱོད་ཀྱི་ཡོད་ཚད་ནས་ཡོད་ཚད་ཆེན་པོ་ཡིན་པར་སྨོན།

འཕྲིན་ཡིག

Post navigation

Previous Post: ཀྲུང་གོའི་ཕྱོགས་གང་སར་པའོ་ཤིས་ལེ་ཡོད།
Next Post: སྲིད་སྐྱོང་མཆོག་ལ་བཅར་འདྲི་བྱོས།

Comments (9) on “བུ་མོ་ཆུང་ཆུང་།”

  1. མེ་ཏོག་དཀར་པོ says:
    2012-11-15 at 4:46 am

    མཚམས་གཅོད་སྒྲོལ་མས་མིག་ལོག་ལྟ་གི་འདུག་ཏ།

  2. མེ་ཏོག་དཀར་པོ says:
    2012-11-15 at 8:48 am

    ངུ་གིན་ངུ་གིན། མིག་ཆུ་ཕྱི་གིན་ཕྱི་གིན། འདུག་ལོངས་མེད་པར་ང་ལ་འདི་ལྟར་ལབ། ད་ང་ཁྱེད་མ་གཏོགས་བློ་ཡིད་གཏད་ས་སུ་ཡང་མེད་ཁོས་ནི་ང་བསླུས་སོང་ཟེར། ངས་ཀྱང་ཅི་དྲན་མེད་པར་སྒོ་ཧར་གྱིས་ཕྱེ་སྟེ་གཡག་རྒོད་ཤོར་བ་ལྟ་བུར་འོང་དོན་ཅི་ཡིན། ལྗོ་ལ་ནང་གོས་རྫས་དང་རྒྱུད་བཞིའི་དེབ་རྙིང་ཟད་དུ་སོང་བ་ཞིག་ཁྱེར་འདུག་པས་ཁྱོད་སྨན་པ་ཞིག་གམ་སྨན་སྦྱོང་མཁན་ཞིག་ཡིན་འདུག་པས་སུ་ཡིན་བརྗོད་ལན་སྤྲད་རྒྱུ་ཕར་བཞག ངུ་བཞིན་ང་ལ་འཐམ། ང་ནི་བསམ་ཞིག་གི་ཀློང་དུ་འཐིམ། འདི་སུ། སྤུན་མཆེད་ཡིན་ནམ། འོ་འོ་མིན་ཏེ་ངེད་ལ་འཁྱུད་དེ་ཁྱོད་ལ་མ་གཏོགས་བློ་བཅོལ་མེད་ཟེར་མ་སོང་ངམ། ད་སུ་སུ། ཤེས་མ་སོང་། ཡིན་ནའང་སྙིང་རྗེ་ནས་མ་བཟོད། མཚན་མོའི་ཆུ་ཚོད་ ༡༡ ཏག་ཏག་རེད། ཁ་སང་འོད་འཆང་མའི་ཆེད་རྩིབས་ཤ་ཉོས་པ་དེ་ནས་བཏུབ་སྟེ་ཐུག་པ་ཞིག་བཟོས། སིང་ཆང་དེར་དྲོད་བཏགས་ཏེ་མར་གསར་མཐེ་བོང་ཙམ་པ་གཉིས་བཅུག
    མོས་ཀྱང་ཞིམ་ཐག་གེར་འཐུང་། ཁེ་རུ་མ་ང་ལ་ཉལ་ཁྲི་གཅིག་ལས་གང་ཡོང་། དེ་རང་མལ་བཏིང་སྟེ་ཉལ་འགོ་ཚུགས། ངེད་གཉིས་ཀ་ཅུང་བློ་ལྷོད་པ་བབ་པས་མོས་གོས་ཕུད་བཞིན་པར་ག་ལེར་བལྟས་པས། མི་ཆེ་མི་ཆུང་བའི་གཟུགས། མཆུ་ཏོ་ཐུག་པོ། མཛུབ་མོ་སྦོམ་ཙམ་པ། ལག་པ་གཡོབ་སྟངས། བཅས་ག་ལེར་མཐོང་རིམ་བཞིན་བློ་བུར་དུ། ཝེ། ཁྱོད་མཚམས་གཅོད་སྒྲོལ་མ་མ་ཡིན་ནམ་བརྗོད་པར་མོས་མིག་ཧུར་རེར། ཁྱོད་ཀྱིས་ཇི་འདྲ་བྱས་ནས་ཤེས་སོང་ཟེར། འོ་ད་གིན་དོལ་སྨྱོན་པས་ཁ་པར་སླེབས་སོང་ཟེར་རྫུང་ལྷང་ཞིག་བཏབ་པར་ཅང་མ་ཟེར། དེ་ནས་ངེས་གཉིས་ག་ལེར་མལ་ནང་འཛུལ་ཏེ་ཅི་བགྲོས་མི་བགྲོས་མ་བས། མོ་ན་རེ། སྤྱིར་ཁོ་པས་ང་མེད་ན་འཇིག་རྟེན་འདི་སྟོང་པ་རེད་ཟེར་བ་ལྟ་བུ་ང་ལ་བརྩེ་མདོག་ཞེ་པུ་བྱས་སོང་མོད། དེ་རྗེས་ངེད་གཉིས་འཛའ་གྲོགས་ཆགས་པས་དུས་ཚོད་ཐོབ་ཚད་ལ་སྐྱིད་པོ་གཏོང་དགོས་ཟེར་འདུག་བཅུག་གི་མིན་འདུག སྐབས་རེ་རོ་རྩ་གསོ་བའི་སྨན་སྦྱིན་ཏེ་སྐྱིད་པོ་གཏོང་གི་འདུག
    ངས་ཀྱང་ཟླ་མཚན་གྱི་དུས་ལས་གཞན་ཁོའི་འདོད་པ་ལྟར་ཁས་ལེན་པ་ཡིན། ཡིན་ནའང་ཁ་སང་ཞིག་རྨོར་ཏོ་ལོ་ལྔ་བཅུ་ཅན་འོད་འཆང་མ་ཟེར་བ་ཞིག་ཚད་ཚད་བྱས་སོང་། རྨོར་ཏོ་དེ་མེ་ཏོག་དཀར་པོ་ཟེར་བའི་པོ་ལགས་ཞིག་གིས་འཕྲོག་སོང་བས། ད་ནི་བུ་མོ་ཆུ་ཆུང་བསྟན་འཛིན་དཔལ་འཛོམས་ཟེར་བ་དེར་ཚད་ཚད་བྱེད་གི་འདུག ཁོ་ལ་ངོམས་རྒྱུ་རྩ་བ་ནས་མིན་འདུག་ཟེར། ང་ནི་ཚ་བེར་ཆགས་མོད། ཨ་ལེ་མེ་དཀར་ཟེར་བའི་རྒད་པོ་དེ་མེད་ན་ཁོའི་རྨོར་ཏོ་ཞིག་མཉམ་དུ་སྡོད་རྩིས་བྱེད་འདུག་ག་ཞེས་སྐད་ཆ་ཅ་ལེ་ཅོ་ལེ་འདྲ་བཤད་དེ་དགའ་བར་རོལ་ཏོ།།
    ནོར་བ་ཡོད་ན་རང་གིས་བཅོས་ཤིག དབུགས་ཐེངས་གཅིག་ལ་བྲིས་སོ།།

  3. རེབ་སྐྱིད་མཚོ says:
    2012-11-15 at 12:24 pm

    དོལ་སྨྱོན་གྱི་སྙིང་སྡུག་ཕྲ་རྡུལ་གྱི་ཆ་དང་བཅས་པའི་བུ་མོ་ཆུང་ཆུང་དེ་ཉིད་ནི་ཆུང་དྲགས་པས་
    ང་ཚོའི་སྒབ་འོག་ནས་མགོ་སྒུར་ཙམ་མི་དགོས་པར་ཕར་ཚུར་རྒྱུགས་ཆོག་ཆོག་དང།ཡང་ན་ཆེ་
    དྲགས་པའི་རྒྱབ་ལོགས་ནས་ལྕེག་ཞགས་དམར་མོ་གཡུག་ཐེངས་རེར་སྒབ་འདབ་ཡོད་ཚད་རླུང་
    བུས་འཁྱེར་བཞིན་ང་ཚོ་བཟི་ཁ་གཏེར་བའི་སྣང་ཚུལ་ཞིག་སྦྱིན་པ་ཡིན་ནམ།གང་ལྟར་བསྟོད་ན་
    བསྟོད་མ་ཤེས་ལ་སྨད་ན་སྨད་མི་ཤེས་པའི་མྱོང་ཚོར་འདི་བུ་མོ་ཆུང་ཆུང་ཁྱོད་ཀྱིས་སྦྱིན་པ་ནི་
    དཔང་རྟགས་དང་ཁག་ཆགས་ཟུ་དཔོན་གང་ཡང་མི་དགོས་ལ།ད་དུང་ཁྱོད་ཀྱིས་མི་རིགས་ཀྱི་
    ལ་རྒྱ་དེ་ནི་ང་ཚོས་ཨ་བཅོལ་ཡང་བཅོལ་བྱེད་ས་ཞིག་ཏུ་འགྱུར་ཞིང།ལ་རྒྱའི་མཇུག་འབྲས་དེ་ཉིད་
    ཀྱང་ང་ཚོས་མི་རིང་བར་བསྟོད་གླུ་འཐེན་འདོད་པ་དོལ་སྨྱོན་གཙོས་པའི་མི་བུ་རྣམས་སྐོམ་པ་ཆུ་
    འདོད་ལྟར་ངོམ་ཐག་ཆོད་ཅིག་འཐུང་ངེས་པ་ནི་སུས་ཀྱང་བཤད་མ་དགོས།མ་ཚད་ཆུང་ཆུང་མ་
    ཁྱེད་ཉིད་ཆེན་པོ་ཆགས་པའི་རེ་བ་ཡང་བློ་ངན་སྒྱུ་མའི་ཆོ་འཕྲུལ་ཙམ་མིན་པར་རྣམ་དག་མུག་
    སེམས་སྙོམ་པོས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་ངེས་ཤིང།ཆུང་ཆུང་མའི་ནང་ཁོག་ཆེན་པོའི་སླད་
    མེད་ཀྱི་རིགས་ཞེན་ལ་རྒྱ་ལ་མི་རིགས་གཞན་གྱི་ཤན་ཞུགས་དྭོགས་དང་ལྷོད་གཡེང་འགྲོ་མི་ཡོང་
    ངམ་སྙམ་པའི་དྭོགས་སྐྲག་ཞིག་ང་ཚོའི་རྒྱུད་ལ་ངང་གིས་ཤར་ཀྱང་མི་ཡོང་བའི་སྨོན་ལམ་གསོག་
    བཞིན་པའི་འདོན་སྒྲ།ཆུང་ཆུང་མའི་རྣ་ལམ་དངོས་སུ་ཐོས་པའི་རེ་བ་ཡང་དེ་བས་ཆེ།བསམ་ཞིག་
    གནང་དགོས་པ་ནི་ཆུང་ཆུང་མའི་འོས་འགན་ཡིན་ཕྱིར་ཁྱོད་ཀྱིས་མདང་དགོང་མེ་ཏོག་
    དཀར་པོར་བཤད་པའི་གཏམ་རྒྱུད་དེ་དག་དེ་རིང་ཞོགས་པ་ནས་ཡང་ནས་སྐྱར་དུ་དྲན་གསོ་
    བྱ་དགོས་ཤིང་དེ་དག་ཡོད་ཚད་ཆུང་ཆུང་མ་ཆེན་པོར་འགྱུར་ཏེ།བསམ་ཞིག་དང་གོ་རྟོགས་
    ལག་རྟེན་བྱས་ཏེ་ཡོད་ཚད་ཀྱི་མིག་ངོར་ལ་ཁའི་དར་ལྕོག་གཡོ་བའི་ཉམས་དང་མཚུངས་པ་
    ཞིག་བྱ་དགོས་པའི་རེ་བ་འདོན་བཞིན་ཡོད་ན།ཁྱེད་ཀྱིས་ཀྱང་དགོང་གཅིག་ཏུ་མེ་ཏོག་དཀར་
    པོར་སྤྲད་པའི་བརྩེ་མདངས་ཇི་བཞིན་ང་ཚོར་ཡང་རེག་ཚོར་རྩུབ་ཤིང་སྐམ་པོའི་ཡང་རྩེར་
    ཆགས་ཐིགས་ཀྱི་མེ་སྟག་ཙམ་རེག་འདོད་ཤིན་ཏུ་ཆེ། ད་དུང་ཁྱེད་ཀྱི་སློབ་སྦྱོང་གི་ཡོ་ཆས་
    རྒྱུད་བཞི་རྙིང་པ་དེ་ཉིད་ཀྱི་བཟོ་ལ་ལན་གཅིག་ལྟས་དུས་ཟུར་ཁ་ཡོད་ཚད་ཟད་རྫོགས་ཀྱི་
    རྣམ་པས་ཁེངས་པས་དོལ་སྨྱོན་གྱི་སེམས་ལ་ཆུང་ཆུང་མ་ཁྱེད་ནི་སློབ་སྦྱོང་ལག་རྟེན་མྱོང་བའི་
    མཁས་མ་ཕུལ་ཕྱིན་ཞིག་ཡིན་པའི་མྱོང་ཚོར་སྔར་བྱུང་མ་མྱོང་བའི་འདུ་ཤེས་གསར་པ་ཞིག་
    རང་བཞིན་གྱིས་སྐྱེས་སུ་བཅུག་ཡོད་ལ།ད་དུང་དབེན་གསུམ་གྱི་མཚན་ཉིད་ཚང་བའི་ཆུང་
    ཆུང་མའི་མཐོ་སློབ་དེ་རུ་མི་རིགས་དང་རིག་གཞུང་གི་ཆེད་དུ་ཚེ་གང་གི་རྒྱགས་ཕྱེ་འདང་
    ངེས་པ་ཞིག་བསྒྲུབ་རྒྱུ་ནི་ང་ཚོ་མགོ་ནག་པ་ཀུན་གྱི་ཐ་མའི་རེ་ངན་དེ་ཡིན།

  4. དོལ་སྨྱོན། says:
    2012-11-16 at 12:58 am

    རྣམ་པ་གཉིས་ནས་གླེང་བརྗོད་རིང་མོ་རེ་བྲིས་པར་དགའ་བསུ་ཞུ།

  5. མེ་ཏོག་དཀར་པོ says:
    2012-11-16 at 1:07 am

    ཁྱེད་ཀྱིས་དགའ་བསུ་ཡོད་རུང་མེད་རུང་། འོད་འཆང་མ་མ་ཎི་བསོག་སྒྲུབ་ཏུ་སོང་ནས་སང་ཉིན་ཚུར་འོང་རྒྱུ་རེད་པས། མཚམས་གཅོད་རྩིས་ལེན་གྲོགས།

  6. དོལ་སྨྱོན། says:
    2012-11-16 at 1:22 am

    འོད་འཆང་རྒན་མོ་གང་དུ་ཕྱིན་རུང་།།
    འོད་འཆང་རྒན་མོས་གང་ཞིག་བྱས་རུང་།།
    འོད་འཆང་རྒན་མོས་ཅི་ཞིག་ཟེར་རུང་།།
    སྨྱོན་པ་ང་དང་འབྲེལ་བ་མེད།།

    མ་ནི་འདྲེན་ནའང་འདྲེན་དུ་ཆུགས།།
    སྐོར་བ་བྱེད་ནའང་བྱེད་དུ་ཆུགས།།
    ཉི་མར་ལྡེ་ནའང་ལྡེ་རུ་ཆུགས།།
    ཅི་ཞིག་བྱེད་ནའང་བྱེད་དུ་ཆུགས།།

    མཚམས་གཅོད་སྒྲོལ་མ་ང་ཡི་སྙིང་།།
    ང་དང་སྙིང་ལ་འདུ་བྲལ་མེད།།
    མཚམས་གཅོད་སྒྲོལ་མ་ང་ཡི་སྲོག།
    ང་དང་སྲོག་ལ་ཐ་དད་མེད།།

    མེ་དཀར་རྨི་ལམ་རྨིས་ནའང་རྨིས།།
    མེ་དཀར་སྟོང་བསམ་བཅང་ནའང་ཆོངས།།
    དབུགས་ཀྱི་རྒྱུ་བ་མ་འགག་བར།།
    ང་དང་མཚམས་གཅོད་ངོ་བོ་གཅིག།

  7. མེ་ཏོག་དཀར་པོ says:
    2012-11-16 at 8:25 am

    མཚམས་གཅོད་མོ་རང་ང་སར་སླེབས་པ་རེད་མ་གཏོགས། ངས་སྐད་གཏོང་རྒྱུ་མ་བྱུང་ཏ། ད་རྒད་པོ་ང་ཤི་རན་ཁར་འོད་འཆང་མ་དང་མཚམས་གཅོད་ཀ་ལ་ཞབས་ཕྱི་ཞུ་ཐུབ་ས་མ་རེད། འོད་འཆང་མ་ཁྱོད་སར་གཏོང་ཡོང་། རིན་ཆེན རིལ་བུ་སྤྲོད་ཨ།

  8. དོལ་སྨྱོན། says:
    2012-11-16 at 9:08 am

    འོད་འཆང་རྒན་མོ་ང་ལ་དགོས་དོན་མེད།།
    མཚམས་གཅོད་སྒྲོལ་མ་བྱུང་ན་དེ་ཀས་འགྲིགས།།
    མཚམས་གཅོད་སྒྲོལ་མར་སྒོ་གསུམ་མཆོད་པ་ལས།།
    འོད་འཆང་རྒན་མོར་ཞབས་ཕྱི་ཞུ་ཁོམས་མེད།།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-11-16 at 11:04 am

    ངའི་རེ་བ་དང་།
    དོལ་སྨྱོན་མེད་པའི་ས་ཕྱོགས་སར། །
    མཚམས་གཅོད་སྒྲོལ་མ་ཕྲད་ན་ཨང་། །
    མེ་དཀར་མེད་སའི་ཁག་བུག་ཏུ། །
    འོད་འཆང་རྒན་མོ་ཡིན་ན་ཡང་འགྲིགས། །
    ཁ་བརྡའི་ཁ་རྩེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme