Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙོན་འོག་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།

Posted on 2012-11-122012-11-12 By ཁ་བརྡ་ 18 Comments on བཙོན་འོག་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།

སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོ།

༄༅།། བཀུར་འོས་སེར་སྐྱ་མི་དམངས་ཡོངས་ཀྱི་སྙན་ལམ་དུ།
ཆེད་གསོལ། འདི་ཟླའི་ཚེས་༡༥རེས་གཟའ་ཕུར་བའི་ཉིན་རྒྱལ་སྤྱིའི་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་བྱེད་པའི་དུས་དྲན་ཐེངས་༣༡པའི་ཉིན་མོ་འཁེལ་ཡོད་སྟབས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་དེའི་ཉིན་དུས་དྲན་སྲུང་བརྩི་དང་འབྲེལ་ནས་༼སྨྲ་བརྗོད་རང་དབང་དང་བཙོན་འོག་གི་རྩོམ་པ་པོ་༽ཞེས་པའི་བརྗོད་གཞིའི་སྟེང་མེག་གྷན་བོད་ཁྱིམ་ཉིན་མོའི་སློབ་གྲྭ་རུ་ཉིན་རྒྱབ་ཆུ་ཚོད་༤ཐོག་བགྲོ་གླེང་གོ་སྒྲིག་ཞུ་བཞིན་ཡོད་པས་རྒྱ་ཆེའི་མི་དམངས་རྣམས་ངེས་ཕེབས་ཡོང་བའི་གསལ་བརྡ་རུ།

• བརྗོད་གཞི་དང་པོ། ༼བཙོན་འོག་གི་རྩོམ་པ་པོ་ཚོར་རྒྱལ་སྤྱིའི་ཁྲིམས་ཀྱི་འགན་ལེན་ག་འདྲ་ཡོད་དམ།༽ བགྲོ་གླེང་གསུང་བཤད་གནང་མཁན་སྤེན་པ་ཚེ་རིང་ལགས། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ།

• བརྗོད་གཞི་གཉིས་པ། ༼རྒྱ་ནག་གི་རྩ་ཁྲིམས་དང་རྒྱའི་བཙོན་འོག་ཏུ་ཚུད་པའི་སོག་པོ་དང་། ཡུ་གུར། རྒྱ་རིགས་བཅས་ཀྱི་རྩོམ་པ་པོའི་སྐོར།༽ བགྲོ་གླེང་གསུང་བཤད་གནང་མཁན་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། བོད་མི་དམངས་སྤྱི་འཐུས་ལས་ཐོག

• བརྗོད་གཞི་གསུམ་པ། ༼རྒྱའི་བཙོན་འོག་ཏུ་ཚུད་པའི་བོད་རིགས་རྩོམ་པ་པོའི་གནས་བབ་སྐོར།༽ བགྲོ་གླེང་གསུང་བཤད་གནང་མཁན་སྤྲོ་ཚིགས་ཆོས་གྲགས་ལགས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་དང་བོད་རིག་པ་ཉམས་ཞིབ་པ།

• བགྲོ་གླེང་གཙོ་སྐྱོང་བ། གཡུ་སྒང་འོད་ཟེར། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འཛིན་སྐྱོང་དྲུང་ཆེ།

དུས་ཚོད། ཕྱི་ལོ་༢༠༡༢ལོའི་ཟླ་༡༡ཚེས་༡༥། གཟའ་ཕུར་བུ། ཕྱི་དྲོའི་ཆུ་ཚོད་༤ཐོག
ས་གནས། རྡ་ས་མེག་གྷན་བོད་ཁྱིམ་ཉིན་མོའི་སློབ་གྲྭའི་ཚོགས་ཁང་།

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཡིག་ཚང་ནས།
གསར་འགོད་པ་རྡོ་རྗེ་ཚེ་རིང་གིས་མཁོ་སྤྲོད་བྱས།

གསལ་བསྒྲགས།

Post navigation

Previous Post: ལས་འདིར་གཟིགས་པའི་དུས་རེད།
Next Post: ང་ཚོ་སད་རན་འདུག

Comments (18) on “བཙོན་འོག་ཚུད་པའི་རྩོམ་པ་པོའི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང།”

  1. མེ་ཏོག་ལྷ་མཛེས། says:
    2012-11-12 at 10:49 am

    ཁ་ཚ་དགོས་གཏུགས་ཀྱི་བགྲོ་གླེང་ཞིག་རེད། རྩོམ་པ་པོའི་མཐུན་ཚོགས་འཕག་ཚག་བརྒྱབ་པ་ཡག་པོ་རེད།

  2. བཙན་པོ། says:
    2012-11-12 at 12:11 pm

    རང་གིས་རང་ལ་བོད་རིག་པ་ཉམས་ཞིབ་པ་ཟེར་བ་འདི་གད་མོ་སློང་སྤྱད་རེད། སྤྲོ་ཚིགས་ཆོས་གྲགས་ཀིརྟི་གྲྭ་ཚང་གི་གྲྭ་ལོག་ཅིག་དང་རྩོམ་ཡིག་ཐ་ཐོར་འབྲི་མཁན་ཅིག་ཡིན་པ་བདེན་ཡང། བོད་རིག་པ་ཉམས་ཞིབ་པ་ཡིན་པའི་དཔང་རྟགས་གང་ཡང་མེད་སྟབས། མིང་འདི་འདོགས་རྒྱུ་རྦད་དེ་སྔ་སོང། གཉིས་ནས་རང་གི་ལག་ལ་དབང་ཡོད་དུས་རང་གིས་རང་ལ་མིང་འདི་ལྟར་འདོགས་པ་ནི་ངོ་ཚ་མེད་པའི་རྟགས་ཤིག་ཀྱང་མངོན་པ་རེད་འདོད།།

  3. ཨ་རིག་དགེ་མཐོང་གིས། says:
    2012-11-12 at 12:40 pm

    སྤྲོ་ཚིགས་ཆོས་གྲགས་ཀྱི་དཔེ་དེབ་དག་ལ་ལྟོས་དང་གཟིགས་དང་། ཉམས་ཞིབ་པ་ཞིག་ཡིན་མིན་གསལ་བར་ཤེས་སླ། དེར་མ་ཟད་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ལྡན་མི་སྣ་གཙོས་སྙུག་ཐོགས་པ་ཡོངས་ལ་དཔྱད་རྩོམ་འགྲན་བསྡུར་གྱི་གོ་སྐབས་ཐེངས་མང་སྤྲད་སྐབས་བྱ་དགའ་ཨང་དང་པོ་ཐོབ་པའི་རྩོམ་ཡིག་ལ་ལྟོས་དང་དེ་ནས་ཁྱེད་ལ་གསལ་བོར་ཤེས། དེར་མཉམ་ཞུགས་གནང་མཁན་བོད་ཀྱི་རྩོམ་པ་པོ་ག་ཚོད་ཅིག་འདུག གཞན་གྱི་ཅི་བྱས་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལྟར་མ་འགྲོ། དཔྱད་པ་སྔོན་དུ་བཏང་། དེའི་རྗེས་ལག་འགུལ་རྒྱུ་གལ་ཆེ། ཀིརྟི་གྲྭ་ཚང་ནས་གྲྭ་བ་ལོག་སོང་ན་ལྐོག་པ་ཆགས་འགྲོ་ཨེ་རེད། སྣང་བ་མི་འགྲོ་བ་མཐོང་བ་ཙམ་གྱིས་ཕྲག་དོག་གི་མདའ་མོ་ཞིག་ཡིན་པ་ཤེས་པའི་རིགས་ལ་མ་འབད་རོགས་ཞུ། བཙན་པོ་ལགས།

  4. མདའ་ཆབ་བྲག says:
    2012-11-12 at 6:27 pm

    གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཟེར་བ་བཞིན་ལས་དོན་དངོས་ལ་ལྟ་རོགས་འཚལ། ལས་འགུལ་འདི་རིགས་གང་ཟག་སྒེར་བའི་དོན་དག་ཅིག་མིན། ཕན་འདོགས་མི་ནུས་ན་ཡང་གནོད་མི་སྐྱེལ་རྒྱུ་འདི་བོད་མི་ཞིག་གི་དམ་བཅའ་ཡིན་འོས།

  5. བློ་བཟང་རྒྱ་མཚོ། says:
    2012-11-12 at 8:30 pm

    བཙན་པོ་ལགས། གསལ་བསྒྲགས་འདི་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་ངོས་ནས་སྤེལ་པ་ལས་སྤྲོ་ཚིགས་ཆོས་གྲགས་སྒེར་ངོས་ནས་སྤེལ་བ་དེ་འདྲ་མ་རེད། གོང་དུ་ཨ་རིག་དགེ་མཐོང་ལགས་ཀྱི་གསུངས་པ་བཞིན་སྤྲོ་ཚིགས་ཆོས་གྲགས་བོད་རིག་པ་ཉམས་ཞིབ་པ་གང་འདྲ་ཞིག་ཡིན་མིན་ཁོང་གིས་བྲིས་པའི་དཔྱད་རྩོམ་ཁག་རྡ་ས་དཔེར་མཛོད་ཁང་ནས་དཔར་སྐྲུན་བྱས་ཡོད་པ་དེར་ལྟོས་དང་དེ་ནས་ཧ་གོ་གི་རེད། མི་ཞིག་སྤྱི་ཚོགས་ནང་འབུར་དུ་ཐོན་ཡོང་དུས་འབུར་འཇོམས་བྱེད་ཨེ་ཐུབ་ལྟ་བ་འདི་བོད་མིའི་ཞན་ཆ་གཙོ་བོ་ཞིག་རེད། ཤེས་ཡོན་ཅན་གྱི་མི་སྣ་འདི་དག་ལ་ང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་རེད། སྤྲོ་ཚིགས་ཆོས་གྲགས་ད་དུང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དྲུང་ཆེ་དང་ཚིག་མཛོད་རྩོམ་སྒྲིག་པ་རེད།

  6. བློ་བཟང་རྒྱ་མཚོ། says:
    2012-11-12 at 8:35 pm

    འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ལའང་གསལ་བསྒྲགས་དེའི་ཐོག་ཏུ་རྒྱ་ནག་སྐོར་གྱི་ཉམས་ཞིབ་པ་ཞེས་བྲིས་འདུག། དེ་ལྟར་མི་སོ་སོའི་ཁྱད་ཆོས་ངོ་སྤྲོད་བྱས་ན་ཡག་པོ་རེད། ནུས་པ་ཐོན་པར་ཕན་ཐོགས་ཡོད་པ་རེད་དྲན།

  7. བཀྲ་ཤིས་སྒྲོལ་མ། says:
    2012-11-13 at 12:44 am

    བཀྲ་ཤིས་བདེ་ལེགས།

  8. བཀྲ་ཤིས་སྒྲོལ་མ། says:
    2012-11-13 at 12:45 am

    རྩོམ་པ་པོའི་མཐུན་ཚོགས་ངོས་ནས་ཁ་ཚ་དགོས་གཏུགས་དང་གལ་ཆེའི་ལས་འགུལ་འདི་ལྟ་བུ་སྤེལ་བར་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།

  9. གཞོན་ནུ་ཟླ་མེད། says:
    2012-11-13 at 12:53 am

    ལས་འགུལ་འདི་འདྲ་སྤེལ་ཕེན་ཟེར་ནས་བཏགས་པ་དོན་ཡོད་རེད། དེ་མིན་ཚོགས་པ་འདི་ཕྱི་རྒྱལ་ལ་འགྲོ་སའི་ཐེམ་སྐས་ལྟ་བུར་ཞིག་ལ་བེད་སྤྱོད་བཏང་ན། དོན་ཆུང་རེད།

  10. ཨ་རིག་དགེ་མཐོང་གིས། says:
    2012-11-13 at 3:45 am

    བཀྲ་ཤིས་སྒྲོལ་མ་ཟེར་བ་འདི་སྔོན་མ་ཞིག་ལ་གྲོངས་ཟིན་པ་ཞིག་ཡོད་པ་དེ་ཡིན་ནམ། གོང་དུ་བརྗོད་གཞི་དང་འབྲེལ་བའི་བསམ་འཆར་གང་མང་བཏོན་པ་ལེགས།

  11. བཀྲ་ཤིས་སྒྲོལ་མ། says:
    2012-11-13 at 3:50 am

    དང་པོ། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་གསར་བ་རྣམས་ལ་འཚམས་འདྲའི་བཀྲ་ཤིས་བདེ་ལེགས་ཞུ།

    གཉིས་པ། ཕྱི་སྡོད་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་སྒེར་གལ་ཆེ་ཤོས་ཤིག་དང་། བོད་མི་རིགས་རིག་གཞུང་དང་བཅས་པའི་ཁ་སྟབས་དང་གནས་སྟངས་འདི་འདྲའི་ཐད་ནུས་པ་རླབས་ཆེན་འདོན་ཐུབ་པའི་སྨྱུག་ཚོགས་ཤིག་ཆགས་ཡོད་ཀྱང་། དེ་སྔོན་ཚོགས་པའི་མིང་གནས་དང་འཚམས་པའི་ལས་དོན་ཞིག་འཁྱོང་ཡོད་མེད་གང་ལྟར་ཀྱང་། མ་འོངས་པར་རྒྱུན་ལས་གསར་བ་ཚོས་ངོས་ནས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཆེ་ལ། ད་ལྟའི་རྒྱུན་ལས་གསར་བ་ཚོར་བལྟས་ན་མིང་དོན་མཚུངས་པའི་རྩོམ་པ་པོའི་མཐུན་ཚོགས་ཤིག་བཟོ་རྒྱུའི་ཡིད་ཆེས་ཀྱང་འདུག
    གསུམ་པ། མཐུན་ཚོགས་ཀྱི་ངོས་ནས་ལས་འགུལ་འདི་ལྟ་བུ་སྤེལ་རྒྱུ་གལ་ཆེན་པོ་རེད་ལ། ལྷག་པར་དུ་རྒྱལ་སྤྱིའི་རང་བཞིན་གྱི་དུས་དྲན་འདི་ལྟ་བུ་བོད་དང་འབྲེལ་བའི་སྒོ་ནས་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
    བཞི་པ། དེ་བཞིན་བཙན་བྱོལ་ནང་གི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚང་མའི་ངོས་ནས་མཐུན་ཚོགས་འདིར་རྒྱབ་སྐྱོར་དང་། མཐུན་ཚོགས་འདི་བཞིན་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཡན་ལག་ཚད་ལྡན་ཞིག་ཏུ་འགྱུར་རྒྱུར་ངེས་པར་སྤྱི་སྒེར་ཚང་མའི་མཐུན་སྦྱོར་གནང་དགོས།
    ལྔ་བ། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་བཞིན་རྒྱལ་སྤྱིའི་པེན་རྩམ་པ་པོའི་མཐུན་ཚོགས་ཚད་ལྡན་ཞིག་ཏུ་སྨོན་འདུན་ཞུ། རྗེས་ཕྱོགས་བསམ་ཚུལ་མང་ཙམ་འདོན་རྒྱུའི་འབད་རྩོལ་བྱེད་ཀི་ཡིན།

  12. བཀྲ་ཤིས་དོན་འགྲུབ། says:
    2012-11-13 at 4:18 am

    ལས་འགུལ་འདི་ནི་ངོ་མ་ཡི་རང་ཞུ་དགོས་པ་ཞིག་རེད། དེ་བས་ངའི་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། འོན་ཀྱང་བཙན་པོ་ལགས་ཀྱིས་གསུངས་པ་ལྟར། བཙན་བྱོལ་སྤྱི་ཚོགས་ནང་མི་སྒེར་སོ་སོས་མིང་རྫིག་པོ་གང་འདོད་འདོད་དུ་བཏགས་ནས། ཤེས་ཡོན་པ་དང་སྙན་ངག་པ་སོགས་སྐྱབས་བྱོལ་བའི་གཞིས་ཆགས་ཆུང་ཆུང་འདི་ཚོས་མི་ཐེག་པའི་ཚད་དུ་འདུག དོན་གྱིས་སྙན་ངག་པ་དང་ཤེས་ཡོན་པ་རྩོམ་པ་པོ་ཞེས་པའི་མིང་ཚིག་རླབས་པོ་ཆེ་འདི་དག་ལ་དམའ་ཕབ་པ་ཙམ་རེད། ཁྱོད་རང་སྙན་ངག་པ་དང་ཉམས་ཞིབ་པ་ཡིན་མིན་དེ་སྤྱི་ཚོགས་ཀྱིས་ཐག་གཅད་ཡོང་གི་རེད་པས་བྲེལ་བ་གནང་དགོས་དོན་མེད་སྙམ།

  13. ཀླུ་སྨྱོན། says:
    2012-11-13 at 4:49 am

    རང་རིགས་ཀྱིས་རང་རིགས་འབུར་འཇོམ་བྱེད་པར་རྒྱབ་སྐྱོར་ཡོད། དེ་ལྟར་མ་བྱས་ན་མི་རིགས་འདིའི་ཁ་ཐུར་དུ་ཇི་ལྟར་འགྲོ

  14. ཕུག་རོན། says:
    2012-11-13 at 5:03 am

    བརྗོད་གཞི་གཉིས་པ་དང་གསུམ་པ་ལོཊ་སུ་དབྱེ་དགོས་དོན་མི་འདུག མི་གཅིག་གིས་བཤད་ན་ཏག་ཏག་འགྲིག་གི་རེད་བསམ་གྱི་འདུག བོད་དང་མི་རིཊ་གཞན་པ་གཉིས་བསྡུར་ནས་བཤད་ན། བཤད་མཁན་ལའང་བདེ་བོ་ཡོང་གི་རེད། འདི་སྒེར་གྱི་བསམ་ཚུལ་ཙམ་ཡིན།

  15. དགེ་བསམ says:
    2012-11-13 at 8:08 am

    དྲ་གྲོགས་ཁ་ཤས་ཀྱི་ལམ་སང་ཁ་བཙགས་འབིགས་བཙགས་བྱེད་པ་
    གོམ་ལོབ་ཏུ་སོང་ཡོད་པ་འདྲ།

  16. ངོ་ལུག says:
    2012-11-13 at 7:53 pm

    ཀླུ་སྨྱོན་པའི་གཏམ་ལ་རྒྱབ་སྐྱོར་ཡོད།

  17. གཡུ་འོད། says:
    2012-11-14 at 12:29 am

    བཙོན་དུ་ཚུད་པའི་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་དང་འབྲེལ་ནས་བཀུར་འོས་དྲ་གྲོགས་རྣམ་པས་རང་རེའི་རྩོམ་པ་པོ་དང་། གསར་འགོད་པ། གཞས་པ། སྒྱུ་རྩལ་བ་སོགས་གང་ཤེས་ཀྱི་སྐུ་པར་དང་མཉམ་ངོ་སྤྲོད་གནང་ཐུབ་ན། རིམ་པས་རྒྱལ་སྤྱིའི་པེན་གྱི་ཁྱབ་ཁོངས་བཙོན་འོག་གི་རྩོམ་པ་པོའི་སྡེ་ཚན་WiPCལ་ངོ་སྤྲོད་བྱེད་ཐུབ།

  18. འཇམ་རྡོ says:
    2012-11-14 at 9:26 am

    བཙོན་འོག་ཏུ་ཚུད་པ་གཅིག་པོ་མིན་པར་བཙན་འོག་ཏུ་ཚུད་པ་ཆ་ཚང་ལ་ལ་རྒྱ་མཉམ་འཛིན་བྱས་ཡོད། སེང་རྡོ་དང་ཚེ་རིང་དོན་གྲུབ། སྒྲེན་པོ། ཐེ་རང་སོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme