Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ཚོ་འདི་ལྟར་འགྲོ་མི་རུང་།

Posted on 2012-11-112012-11-11 By ཁ་བརྡ་ 25 Comments on ང་ཚོ་འདི་ལྟར་འགྲོ་མི་རུང་།

གངས་རིའི་ཉི་མས་བསྒྱུར། དཔལ་ལྡན་རྒྱལ་གྱིས་བརྩམས།(Duke University)

ཟླ་བ་ཁ་ཤས་ཀྱི་སྔོན་ནས། ངས་རྒྱུན་ལྡན་རང་ཉིད་གཉིད་དུ་མ་སོང་གོང་སང་ཉིན་བོད་ནང་དུ་འཇིགས་སྣང་ཆེ་བའི་རང་ལུས་མེར་སྲེག་གི་གནས་ཚུལ་ཡང་བསྐྱར་མི་ཡོང་བའི་སྨོན་ལམ་རྒྱབ་ཀྱི་ཡོད། ངའི་སྨོན་འདུན་ནི་ལན་གང་ཡང་མེད་པ་ཞིག་ཆགས་སོང་། དེ་རིང་སླར་ཡང་ངའི་ཕ་ཡུལ་རྔ་བ་སི་ཁྲོན་དུ་ན་གཞོན་གྲྭ་བ་ཞིག་གིས་རང་ལུས་མཆོད་མེར་ཕུལ་འདུག དེ་སྔོན་མེར་སྲེག་གཏོང་མཁན་ནི་འགྲམ་གཞུང་རང་སྲིད་རང་སྐྱོང་གི་མངའ་འོག་ཏུ་ཡིན་པར་བདུན་ཕྲག་གཅིག་ཙམ་འགོར་གྱི་འདུག བོད་ནང་གི་བོད་མི་ཚོས་རང་ཉིད་སྐུ་ལུས་མེ་ལྕེའི་ཚུལ་འབར་ཏེ་ཐོན་ཡོང་བ་ནི། སྒེར་འཛིན་སྲིད་གཞུང་གི་བཙན་གནོན་འོག་སྡུག་བསྔལ་ཅི་ཙམ་ཡོད་པར་གསལ་སྟོན་བྱེད་ཀྱི་ཡོད་པ་རེད། འདི་ནི་ང་ཚོ་རང་དབང་ལུང་པར་ཡོད་པའི་མི་རྣམས་ཀྱིས་བརྗོད་མི་ཐུབ་པ་སྟེ་ཁོང་ཚོའི་རང་དབང་སླར་གསོ་དང་དེའི་ཕྱིར་དུ་འབད་འབུངས་བྱེད་དགོས། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར། ཕྱི་རྒྱལ་ཁག་གི་བོད་མི་ཚོས་རྒྱལ་སྤྱིའི་སྟེང་རྔམ་སྟོན་ཁྲོམ་སྐོར་བྱེད་ཀྱིན་པ་ནི་ཅུང་ཙམ་ཞིག་རེད། ཟླ་བ་ཁ་ཤས་ཀྱི་སྔོན་བོད་མི་གསུམ་གྱིས་དངོས་སུ་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཕྱི་རོལ་དུ་ཟས་བཅད་ངོ་རྒོལ་གནང་སྟེ། (ཚེས་༢༧ཉིན་མི་གཅིག་བཙན་གྱིས་སྨན་ཁང་དུ་འཁྲིད་NYPD) མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཉག་ཕྲ་བའི་བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་བབ་འདི་ལ་ལན་ཞིག་སྤྲད་པའི་རྣམ་པ་བསྟན་ཡང་། གཞོན་ནུ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་གི་གཞུང་ཞབས་གཉིས་ལ་འཕྲིན་ཡིག་སྤྲད་པ་ཙམ་གྱིས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་རྒྱལ་ཁ་ཐོབ་སོང་བའི་ཁུལ་གྱིས་ལས་མཚམས་བཞག་པ་རེད། དོན་དངོས་སུ་སྙན་ཞུ་དེའི་ནང་གནད་དོན་ཅི་ཞིག་བཀོད་ཡོད་མེད་མི་མང་སུ་གང་གིས་ཤེས་ཀྱི་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཁས་ལེན་བྱས་ཏེ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ནའང་། བྱེད་སྟངས་དེར་ངས་རེ་བ་ཆེན་པོ་བཅོལ་མེད། ཁོང་ཚོའི་འཁྲབ་སྟོན་གྱི་རྣམ་པ་ཞིག་སྟོན་དགོས་པ་ནི་ཟས་བཅད་ངོ་རྒལ་བྱེད་མཁན་དག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་གྲོངས་ན་ངོ་ཚ་ཆེན་པོ་ཞིག་ཉོ་སྲིད་པ་སྐྱོབ་ཕྱིར་ཁོ་ན་རེད།

དང་པོ་ཁྱབ་རྒྱ་ཆེ་བའི་གསར་ཤོག་Guardianདང་Time ནང་རང་ལུས་མེར་སྲེག་གི་གནས་ཚུལ་བཀོད་འདུག་པ་མཐོང་སྐབས། བོད་ནང་བཙན་གནོན་བྱེད་ཀྱིན་པར་རྒྱལ་སྤྱིའི་ཚོགས་པ་ཁག་ལས་སྐད་ཆ་བཤད་པ་དང་སྲིད་གཞུང་མང་པོས་དོ་སྣང་ཆེན་པོས་རེ་བ་བཅངས་པས། ངས་རང་ཉིད་ལ་སེམས་གསོ་བཏང་སྟེ་མ་མཐའ་ཡང་ང་ཚོ་ལ་དོ་སྣང་བྱེད་མཁན་རེ་འདུག་བསམ། ཡིན་ནའང་། རེ་བ་འདི་ནི་འཇིགས་སྣང་དང་དངངས་སྐྲག་ཅན་ཞིག་ཏུ་གྱུར་འདུག རང་ལུས་མེར་སྲེག་བཏང་མཁན་ལྔ་བཅུ་ང་གཅིག་བྱུང་རྗེས་སུམ་ཅུ་སོ་བཞིའི་གནས་སྟངས་ཛ་དྲག་ངང་ལྷག་རུང་རང་དབང་ལུང་པ་ན་ཡོད་པའི་འཛམ་གླིང་དབུ་ཁྲིད་ཚོས་འབོད་སྒྲ་ཐོས་མ་སོང་བའི་ཁུལ་དུ་གནས། སྤྱི་ཟླ་གཉིས་པའི་ནང་ནོལ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨོ་བྷ་མ་རྒྱ་ནག་གི་མ་འོངས་སྲིད་འཛིན་དུ་བདམས་ཐོན་ནང་དུ་ཡོད་པ་ཞིན་ཅིན་ཕེན་ལ་ཐུག སྐབས་ཁོང་གིས་བོད་ནང་རང་ལུས་མེར་སྲེག་གི་ངོ་རྒོལ་ཚབས་ཆེ་རུ་འགྲོ་གིན་པའི་གནད་དོན་མ་གླེང་བར་སྣང་མེད་བཞག་སྟེ། ཁོ་བོས་གཏམ་གླེང་བྱས་པ་སྟེ་རྗེས་ཕྱོགས་ཨ་རི་དང་རྒྱ་ནག་གི་ཚོང་འབྲེལ་ཆ་སྙོམས་ཡོང་བར་རྒྱ་ནག་ལ་འགན་ཆེན་པོ་ཡོད་པར་བཤད། ཁོང་དེ་སྔོན་༧གོང་ས་མཆོག་དང་མཇལ་བ་དེ་ངོ་བོ་གཞན་ཞིག་ལས་ང་ཚོ་བོད་མི་ཚོས་ཁོང་ལ་རེ་བ་བཅོལ་རྒྱུ་མེད་དེ། ང་ཚོ་གནས་སྟངས་སྐྱོ་བོ་ཞིག་ཏུ་ཡོད་དུས་རེ་བ་བྱེད་དགོས་ས་ཞིག་ཆགས་ཡོད་པ་རེད།

ཀྲོའུ་ནིས་ཞིའི་Tunisian གཞུང་ལམ་སྟེང་གི་ཤིང་ཏོག་བཙོང་མཁན་ན་གཞོན་མཱོ་ཧམཊ་བྷོ་ནཱ་ཛེ་ཛེ་ (Mohamed Bouazizi)ལགས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་དེས། ཅི་བྱ་གཏོལ་མེད་ངང་ལྷག་པའི་ཨ་རབ་(Arab)མི་མང་ས་ཡས་ཁོང་ཁྲོ་དང་ཞེ་སྡང་གྲོང་སྡེ་གཞུང་ལ་སྟོན་པ་མཚོན་པས། ལས་འགུལ་འདི་མེར་འཚིགས་ཀྱིན་(Tunisia) གཙོས་ལི་བྷི་ཡ་(Libya)དང་ཨེ་ཇེབ་(Egypt)བྱས་ཏེ། ད་ལྟ་Syriaནང་བྱུང་ཡོད་པ་རེད། ཡིན་ནའང་། དེ་ལྟར་རྒྱ་ནག་དམར་པོའི་གཞུང་ལ་འགྱུར་ལྡོག་ཡོང་མི་ཐུབ་པའི་རྒྱུ་མཚན་དང་པོ་སྟེ། སྤྱིར་ན་རྒྱ་ནག་མི་འགའ་ཤས་ལས་མང་ཕྱོགས་ཀྱི་སེམས་རྒྱུད་རྒྱ་ནག་གི་དྲིལ་བསྒྲགས་ཀྱིས་བཀབ་ཏེ་ཡོད། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཁྲིན་ཆོན་གོ་ལགས་ཀྱིས་བརྗོད་པ་ལྟར་“ལྐོག་གཤོམ་ཁ་བྲལ་རང་ལུགས་ལ་ཁ་གཏད་གཅོག་དགོས།” དེ་ལྟར་བོད་ནང་གི་སྐུ་ལུས་མེར་བསྲེག་སྟེ་ཁུ་སིམ་སྣང་མེད་དུ་བཞག་པ་“ཀུན་སྤྱོད་ཉམས་ཆགས་”ཀྱི་རྟགས་ཤིག་མིན་ན། རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེར་དུ་བུ་མོ་ལོ་གཉིས་ཅན་ཞིག་ལམ་འགྲོ་བ་བཅོ་བརྒྱད་ཀྱི་མདུན་དུ་མོ་ཊྲིས་ཐེངས་གཉིས་བསྟུར་མར་བརྫིས་པར། མི་དམངས་ཀྱི་བཟང་སྤྱོད་ཉམས་འདུག་ཅེས་བསམ་ཚུལ་ཐོན་པ་ནི་ཧང་སང་དགོས་པ་ཞིག་ཅིས་ཀྱང་མ་ཡིན། གཉིས་པ་སྟེ། རྒྱ་ནག་གི་དཔལ་འབྱོར་རྐྱེན་པས་སྲིད་འཛིན་སུ་གང་ལ་ཡང་དམིགས་བསལ་རྒྱ་ནག་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གིན་པར་སྐད་ཆ་བཤད་ཕོད་མཁན་མེད། དུས་འདིར་ཆབ་སྲིད་ཀྱི་ཁེ་དབང་དང་ཁེ་ཕན་ཞིག་མ་ཡོད་ཚེ་བོད་ཀྱི་གནད་དོན་དང་བོད་མི་ཚོ་ནི་གར་བཞག་གནང་གི་ཡོད་པ་རེད།

ཞིས་ཅིན་ཕིན་གྱི་གཟིགས་སྐོར་སྐབས་ལྡི་ལི་གསར་པའི་སྤྲེལ་ལད་བྱེད་སྟངས་དེས་ག་རེ་སྟོན་གྱི་འདུག་ཟེར་ན། མང་གཙོའི་རིན་ཐང་དེ་སྐྱོབ་པར་དངོས་ནས་དཔའ་ཞུམ་པའི་གནས་སྟངས་ཤིག་རེད། འདི་ལས་གསལ་བོ་ཤེས་སོང་བ་ནི། སྟོབས་འབྱོར་ཆེ་བའི་རྒྱ་ནག་དང་ལྷན་དུ་འབྲེལ་བ་དངོས་སུ་བྱུང་དུས། རྒྱ་གར་ཡིན་ནའང་། མང་གཙོའི་གཞི་བརྟེན་དང་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩ་བློས་བཏང་གི་ཡོད། འདིི་ལས་ང་ཚོ་གཞིས་བྱེས་བོད་མི་ཚོ་གཉིད་ལས་སད་དགོས་པ་སྟེ། འཇིག་རྟེན་འདི་ན་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ལས་དཔལ་འབྱོར་དང་སོ་སོའི་ཁེ་དབང་ཡན་ལས་གལ་ཆེ་བ་ཞིག་ཡོད་པ་མ་ཡིན། ད་ནི་མེ་ལྕེའི་ཚུལ་གྱི་ངོ་རྒོལ་རྣམ་པ་འདི་མཚམས་བཞག་དགོས་པའི་དུས་ཚོད་ངེས་ཅན་ཞིག་ཏུ་སླེབས་འདུག ང་ཚོ་བོད་མི་ཚོར་སྙིང་རྗེ་བྱེད་མཁན་གྱི་མི་མང་པོ་ཡོད་པར་སེམས་ཀྱང་། ཁོང་ཚོའི་སྐད་འབོད་རྒྱབ་ལ་འཛམ་གླིང་སྲིད་འཛིན་སུ་གང་ལངས་ཐུབ་ཀྱི་མེད།

འཕྲུལ་སྣང་འདི་དངོས་གནས་རེད། ང་ཚོས་དཔའ་བོ་མང་པོ་ཞིག་གི་རྣམ་ཤེས་མ་ཤོར་བ་བྱེད་ཐུབ་དགོས། མགོ་རྙོག་ཅན་གྱིས་༧གོང་ས་མཆོག་གི་ཆབ་སྲིད་སྐོར་ཏེ། དཔེ་ཁ་གསལ་ཞིག་རེད། རྒྱུ་མཚན་ནི་ཁོང་གི་སྐད་ཆ་གང་འདྲ་ཞིག་བཤད་ནའང་ཚོགས་པ་སོ་སོའི་ལངས་ཕྱོགས་ཀྱི་འདོད་མོས་ལྟར་འགྲེལ་བརྗོད་གནང་གི་ཡོད། འདིས་ཁོང་ཆབ་སྲིད་་ལས་རྒན་ཡོལ་ཞུས་ཟིན་ནའང་ཁ་གཡར་ས་དང་ཁུངས་ལུང་མེད་པར་སྐྱོན་འཛུགས་བྱེད་སའི་བརྗོད་གཞི་ཁོ་ན་ཆགས་འགྲོ་ཡི། སྐད་ཆ་གང་འདྲ་ཞིག་བཤད་ནའང་སྙིང་རྗེ་དང་སྤྱང་གྲུང་གང་ཡང་མེད་པར་ཆབ་སྲིད་བཟོ་བཞག་གི་ཡོད། གང་ལྟར། གལ་སྲིད་བོད་ནང་གི་བོད་མི་ཚོས་མུ་མཐུད་དུ་བྱེད་སྒོ་དེ་འགྲིག་པར་བརྩིས་ཏེ་ཁུ་སུམ་མེར་བསྐྱོད་ཚེ། ངས་བསམ་པར་བཙན་བྱོལ་བོད་གཞུང་ངོས་ནས་ཁོང་ཚོ་ལྷིང་འཇགས་སུ་བཞག་དགོས་པའི་དུས་ཚོད་ངེས་ཅན་ཞིག་རེད། མྱ་ངན་ཞུ་བ་དང་སེམས་སྐྱོ་བའི་རང་ལུས་མེར་སྲེག་གི་བརྒྱུད་རིམ་ཁྲོད། “གདུང་སེམས་མཉམ་བསྐྱེད་”ཕྱིར་རྣམ་པ་ཡག་ཤོས་དེ་རེད།

བོད་མི་ཚོས་སྐུ་ལུས་མེར་སྲེག་གི་རྣམ་པར་བརྒྱུད་དགོས་པ་ནི། གདུག་རྩུབ་དང་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པའི་རྒྱ་ནག་གི་བྱེད་སྟངས་དང་འཛམ་གླིང་མང་གཙོར་གཟེངས་སུ་ཐོན་པའི་རྒྱལ་ཁབ་ཕལ་མོ་ཆེར་ཡ་ལན་མེད་པར་སྣང་མེད་གཏོང་བ་དང་། སྲིད་འཛིན་དང་སྤྱི་འཐུས་ཚོས་ཁ་ཡག་ངོ་དགའ་ཙམ་ལས་དོན་དངོས་སུ་འགྱུར་བ་གང་ཡང་མེད་པས་ཡིན། འདི་ལ་བཙན་བྱོལ་བོད་གཞུང་“ཆབ་སྲིད་ཡངས་དག་”ལས་གྲོལ་ཐུབ་པ་དང་བོད་མི་ཚོར་སྐུ་ལུས་མེར་སྲེག་གི་བྱ་འགུལ་འདི་མ་སྤེལ་ཞེས་བཤད་ཐུབ་པའི་བློ་ཁོག་དགོས་ཀྱི་འདུག སྒུག་སྡོད་པའི་དུས་ཚོད་ཡོད་པ་མ་རེད། དྲན་པར་བྱོས། བོད་ནང་གི་ན་གཞོན་སྙིང་སྟོབས་ཅན་གཅིག་གི་ཚེ་སྲོག་གི་རྣམ་ཤེས་ཏེ། སྐར་ཆ་ཁ་ཤས་ཀྱི་ནང་དབུ་འཁྲིད་དང་བཀའ་སློབ་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱ་ནག་གིས་རྡོག་རོལ་བཏང་བར་དྲན་གསོ་ནན་མོ་བྱས་པ་ལས་ཁོང་ཚོའི་ཚེ་སྲོག་ལས་རླབས་ཆེན་བ་ནི་ཡོད་པར་མ་མཆིས།
མཆན། མ་ཡིག་ལ་ལྟ་འདོད་ཡོད་ཚེ་ཕ་ཡུལ་དང་མི་རབས་གསར་བའི་དྲ་རྒྱ་བརྒྱུད་ནས་གཟིགས་རོགས།

འགྱུར་རྩོམ།

Post navigation

Previous Post: ཉ་ལུག་མི་གསུམ་གྱི་སྐྱོ་གླུ
Next Post: མ་བཅོས་ཡིད་ཀྱི་རང་སྒྲ།

Comments (25) on “ང་ཚོ་འདི་ལྟར་འགྲོ་མི་རུང་།”

  1. སྟག་སྨྱོན། says:
    2012-11-11 at 7:30 pm

    བློ་བཟང་སེང་གེས་ལོ་གཅིག་རིང་ཕྱི་ལོགས་སུ་རྒྱུགས་རྒྱུགས་ནས་ཉམས་མྱོང་ཡག་་པོ་བསགས་ཡོད་མདོག་ཁ་བོ་རེད། ཕྱི་ལོགས་ལ་རེ་བ་ཁྱེར་ནས་ག་ཚོད་རྒྱུགས་ནའང་ཚུར་ལག་སྟོང་རེ་སྟོང་ངང་ཡོང་དགོས་པ་ཚོར་ཡོད་རྒྱུ་རེད། དེའི་ཕྱིར་ད་ནི་ལས་ཁུངས་ནང་བསྡད་ནས་བོད་ལ་ཕན་པའི་ལས་ཀ་ཞིག་བྱེད་དགོས་ཚོད་རེད། ངས་བསམ་པར་བོད་གཞུང་གི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་འབྲེལ་ལམ་ཡག་པོ་བྱས་ན། ང་ཚོར་བསམ་ཡུལ་འདས་པའི་སྟོབས་ཤུགས་རྙེད་མི་སྲིད་པ་མ་རེད། ངའི་འཕྲུལ་སྣང་ཡིན་སྲིད། གང་ལྟར་གཙོ་བོ་སྲིད་གཞུང་ཁག་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་ལས་བསམ་གྱི་མེད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་སེམས་ཁུར་བྱེད་ལོངས་ཡོད་པ་མ་རེད། ཨ་རི་དང་ཡོ་རོབ་བཅས་ལ་དེང་སྐབས་དཔལ་འབྱོར་གྱི་གནད་དོན་དེ་ཚོར་རྣོ་ཆགས་ཡོད་པ་རེད། དེ་ཡང་དཔའ་འབྱོར་ཉམས་ཆགས་ཟེར་ན། ངའི་བསམ་ཚུལ་ལ་ཨ་རི་དང་ཡོ་རོབ་ནང་བཟོ་གྲྭ་མང་པོ་སྒོ་བརྒྱབ་པ་དང་། སྤྱི་ཚོགས་ཐོག་ལས་མེད་ཀྱི་གྲངས་འཕར་བཞིན་པ་དེ་དཔལ་འབྱོར་ཉམས་ཆགས་ཀྱི་ནང་དོན་གཙོ་དེ་ཆགས་ཡོད་པ་འདྲ། དེའི་ཕྱིར་བཀའ་ཁྲིས་ཡིག་དབྱིག་ཡིག་གཙོའི་རྩོམ་པ་པོ་དང་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ། དཔལ་འབྱོར་ཆེད་མཁས་མི་སྣ་བཅུ་གྲངས་ཤིག་གིས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་ལ་ཞིབ་འཇུག་ཁང་ཞིག་ཟུར་འཛུགས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཆགས་འདུག ངས་རྨོངས་ཚོད་ལ་དམིགས་བསལ་དཔལ་འབྱོར་ཉམས་ཆགས་ཀྱི་རྩ་བ་རྒྱ་ནག་དང་། ནུབ་ཕྱོགས་ཀྱི་དཔོན་རིགས་དང་ཕྱུག་བདག་ཚོས་བཟོ་གི་མེད་འགྲོ་བསམ་གི། ཕྱུག་བདག་དང་དཔོན་པོ་ཚོས་ཁེ་ཕན་ལྡབ་འགྱུར་ཐོབ་ཆེད་བཟོ་གྲྭ་མང་པོ་རྒྱ་ནག་ལ་སྤོར་ནས། ཚོང་ཟོང་རྣམས་གོང་ཁེ་བོའི་ཐོག་ནས་མིག་ལ་མཛེས་མདོག་ཁ་བོ་ཕོན་ཆེན་པོ་བཟོས་ཏེ། ཕྱིར་ཡོ་རོབ་དང་ཨ་རི་རའི་ཁྲོམ་རར་གོང་ཆེན་པོ་བྱས་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་རེད། ཚོང་གི་ལམ་ལུགས་འདི་ནུབ་ཕྱོགས་ཁུལ་བཟོ་གྲྭ་མང་པོ་སྒོ་བརྒྱབ་ནས་ལས་མེད་མང་དུ་འགྲོ་བའི་རྒྱུ་མཚན་ཨང་དང་པོ་ཆགས་ཀི་མེད་འགྲོ་བསམ། ངའི་མཐོང་སྣང་འདི་བདེན་པ་ཡིན་ན། ང་ཚོས་ནུ་་ཕྱོགས་རྒྱལ་ཁབ་ཁག་སྲིད་གཞུང་དང་ཚོང་དཔོན་ཕྱུག་བདག་ཚོའི་བློ་འགུལ་ཐུབ་ཀི་མ་རེད། འདི་ལྟར་བསམ་ཡོང་དུས་བཤད་རྒྱུ་མང་དྲགཅས་ནས་མདོ་དོན་ལྡོག་ལྡོག་དེ་བཤད་མ་ཤེས་པ་ཆགས་ཡོང་གི་འདུག བྱས་ཙང་ལྡོག་ལྡོག་བཤད་ན། རྒྱ་ནག་དང་ཨ་རི། ཡོ་རོབ་གསུམ་གྱི་ད་ལྟའི་གཅིག་ལ་གཅིག་རྟེན་ཅན་གྱི་དཔལ་འབྱོར་གྱི་འབྲེལ་བ་འདི་ཕྱོགས་གཉིས་ཀའི་མི་མང་ལ་ཁེ་འབྲེལ་བ་མེད་པར། རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལམ་ལུགས་འདི་ཤུགས་ཆེ་བ་དཔོན་རིགས་དང་ཚོང་དཔོན་དང་ཕྱུག་བདག་ཚོར་ཁེ་ཕན་ཡོད་པ་ལས། ཡོ་རོབ་དང་ཨ་རིའི་མང་པོ་ལས་མེད་ཆགས་བྱེད་ཀྱི་ལམ་ལུགས་ཤིག་མིན་འགྲོ་བསམ། སྣང་ཚུལ་བདེན་པ་ཡིན། ང་ཚོས་དེ་ལ་ཞིབ་འཇུག་བྱས་ནུབ་ཕྱོགས་མི་མང་ལ་རང་ཉིད་ལས་མེད་ཆགས་དོན་དང་། རིམ་བཞིན་ལས་མེད་ཆགས་སྲིད་པའི་རྒྱུ་མཚན་མིག་སྟོན་ཐུབ་ན་ང་ཚོར་ཁེ་ཕན་ཡོད་པ་འདྲ། ནུབ་ཕྱོགས་ཀྱི་མི་མང་ལ་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་གཙོ་བོ་ག་བ་ཐུག་ཡོད་མེད་དང་། སུ་ཞིག་གི་ཁེ་ཕན་ནུབ་ཕྱོགས་ཁུལ་དཔལ་འབྱོར་ཉམས་ཆགས་ཡོང་གི་ཡོད་པ་ཞིབ་ཕྲའི་ལམ་ནས་ངོ་སྤྲོད་དང་དྲན་གསོ་བྱེད་ཐུབ་ན་ནུས་པ་ཞིག་ཐོན་ས་རེད་དྲན་གི། ངས་མི་སྒེར་ཁ་ཤས་ལ་ངག་ཐོག་་ནས་འདི་འདྲ་བཤད་དེ་ཚོད་ལྟ་བྱས་པ་ཡིན་པས་ཁོ་ཚོའི་བསམ་བློ་འགྱུར་བ་འགྲོ་གི་རེད། དཔེར་ན། Don’t buy Chinese goods to save your job and our freedom. ང་ནི་རྒྱལ་སྤྱི་ཚོང་དང་སྲིད་དོན་ཆེད་མཁས་མིན་པས་ཏག་ཏག་བཤད་ཁག་པོ་རེད།
    བོད་དོན་ཁོར་ཡུག་འབྲེལ་བ་ཆགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་འབྲེལ་ཆགས་ཡོད་པ་རེད། འཛམ་གླིང་གི་བདེ་ཞི་བདེ་འབྲེལ་བ་ཆགས་ཡོད་པ། འོན་ཀྱང་དཔལ་འབྱོར་བོད་དོན་འབྲེལ་ཆགས་ཡོད་པ་མ་རེད། འགག་རྩ་འདི་ནས་ང་ཚོ་ཕམ་ཡོད་པ་རེད། བཀའ་ཤག་གིས་བོད་དོན་རྒྱལ་སྤྱིའི་ཚོང་ལས་དཔལ་འབྱོར་བ་ཡོད་པ་ཞིག་བཟོ་ཐུབ་ཆེད། རྒྱལ་སྤྱི་ཚོང་་འབྲེལ་དང་དཔའ་འབྱོར་འགྲོ་ལུགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ལག་ཆེན་པོ་རེད། དམིགས་ཡོ་རོབ་དང་ཨ་རའི་ནང་མི་མང་ལས་མེད་མང་པོ་ཆགས་པའི་རྒྱུ་རྐྱེན་བཙལ་རྒྱུ་ཁེ་ཕན་ཡོད་པ་ཞིག་ཏུ་མཐོང་གི་འདུག

  2. སྟག་སྨྱོན། says:
    2012-11-11 at 7:44 pm

    བློ་བཟང་སེང་གེས་ལོ་གཅིག་རིང་ཕྱི་ལོགས་སུ་རྒྱུགས་རྒྱུགས་ནས་ཉམས་མྱོང་ཡག་་པོ་བསགས་ཡོད་མདོག་ཁ་བོ་རེད། ཕྱི་ལོགས་ལ་རེ་བ་ཁྱེར་ནས་ག་ཚོད་རྒྱུགས་ནའང་ཚུར་ལག་སྟོང་རེ་སྟོང་ངང་ཡོང་དགོས་པ་ཚོར་ཡོད་རྒྱུ་རེད། དེའི་ཕྱིར་ད་ནི་ལས་ཁུངས་ནང་བསྡད་ནས་བོད་ལ་ཕན་པའི་ལས་ཀ་ཞིག་བྱེད་དགོས་ཚོད་རེད། ངས་བསམ་པར་བོད་གཞུང་གི་དབུ་ཁྲིད་ཚོས་རྒྱལ་སྤྱིའི་འབྲེལ་ལམ་ཡག་པོ་ཤེས་ན། ང་ཚོར་བསམ་ཡུལ་འདས་པའི་སྟོབས་ཤུགས་རྙེད་མི་སྲིད་པ་མ་རེད། ངའི་འཕྲུལ་སྣང་ཡིན་སྲིད། གང་ལྟར་སྲིད་གཞུང་ཁག་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ན་ལས་བསམ་གྱི་མེད་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ལ་སེམས་ཁུར་བྱེད་ལོངས་ཡོད་པ་མ་རེད། ཨ་རི་དང་ཡོ་རོབ་བཅས་ལ་དེང་སྐབས་དཔལ་འབྱོར་གྱི་གནད་དོན་དེ་ཚོར་བ་རྣོ་བོ་ཆགས་ཡོད་པ་རེད། དེ་ཡང་དཔའ་འབྱོར་ཉམས་ཆགས་ཟེར་ན། ངའི་བསམ་ཚུལ་ལ་ཨ་རི་དང་ཡོ་རོབ་ནང་བཟོ་གྲྭ་མང་པོ་སྒོ་བརྒྱབ་པ་དང་། སྤྱི་ཚོགས་ཐོག་ལས་མེད་ཀྱི་གྲངས་འཕར་བཞིན་པ་དེ་དཔལ་འབྱོར་ཉམས་ཆགས་ཀྱི་ནང་དོན་གཙོ་བོ་ཆགས་ཡོད་པ་འདྲ། དེའི་ཕྱིར་བཀའ་ཁྲིས་ཨིན་ཡིག་གཙོའི་རྩོམ་པ་པོ་དང་དེང་རབས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ། དཔལ་འབྱོར་ཆེད་མཁས་མི་སྣ་བཅུ་གྲངས་ཤིག་གིས་གྲུབ་པའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་ཞིབ་འཇུག་ཁང་ཞིག་ཟུར་འཛུགས་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཆགས་འདུག ངའི་རྨོངས་ཚོད་ལ་དམིགས་བསལ་དཔལ་འབྱོར་ཉམས་ཆགས་ཀྱི་རྩ་བ་རྒྱ་ནག་དང་། ནུབ་ཕྱོགས་ཀྱི་དཔོན་རིགས་དང་ཕྱུག་བདག་ཚོས་བཟོ་གི་མེད་འགྲོ་བསམ་གི། ཕྱུག་བདག་དང་དཔོན་པོ་ཚོས་ཁེ་ཕན་ལྡབ་འགྱུར་ཐོབ་ཆེད་བཟོ་གྲྭ་མང་པོ་རྒྱ་ནག་ལ་སྤོར་ནས། ཚོང་ཟོང་རྣམས་གོང་ཁེ་བོའི་ཐོག་ནས་མིག་ལ་མཛེས་མདོག་ཁ་བོ་ཕོན་ཆེན་པོ་བཟོས་ཏེ། ཕྱིར་ཡོ་རོབ་དང་ཨ་རི་རའི་ཁྲོམ་རར་གོང་ཆེན་པོ་བྱས་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་རེད། ཚོང་གི་ལམ་ལུགས་འདི་ནུབ་ཕྱོགས་ཁུལ་དུ་བཟོ་གྲྭ་མང་པོ་སྒོ་བརྒྱབ་ནས་ལས་མེད་མང་དུ་འགྲོ་བའི་རྒྱུ་མཚན་ཨང་དང་པོ་ཆགས་ཀི་མེད་འགྲོ་བསམ། ངའི་མཐོང་སྣང་འདི་བདེན་པ་ཡིན་ན། ང་ཚོས་ནུབ་ཕྱོགས་ཀྱི་སྲིད་གཞུང་དང་ཚོང་དཔོན་ཕྱུག་བདག་ཚོའི་བློ་འགུལ་ཐུབ་ཀི་མ་རེད། འདི་ལྟར་བསམ་ཡོང་དུས་བཤད་རྒྱུ་མང་དྲགས་ནས་མདོ་དོན་ལྡོག་ལྡོག་དེ་བཤད་མ་ཤེས་པ་ཆགས་ཡོང་གི་འདུག བྱས་ཙང་ལྡོག་ལྡོག་བཤད་ན། རྒྱ་ནག་དང་ཨ་རི། ཡོ་རོབ་གསུམ་གྱི་ད་ལྟའི་གཅིག་ལ་གཅིག་རྟེན་ཅན་གྱི་དཔལ་འབྱོར་གྱི་འབྲེལ་བ་འདི་ཕྱོགས་གཉིས་ཀའི་མི་མང་གི་ཁེ་ཕན་ལ་འབྲེལ་བ་མེད་པར། རྒྱལ་སྤྱིའི་ཚོང་འབྲེལ་གྱི་ལམ་ལུགས་འདི་ཤུགས་ཆེ་བ་དཔོན་རིགས་དང་ཚོང་དཔོན་དང་ཕྱུག་བདག་ཚོར་ཁེ་ཕན་ཡོད་པ་ལས། ཡོ་རོབ་དང་ཨ་རིའི་མི་མང་ལས་མེད་ཆགས་བྱེད་རྒྱུ་ཆགས་མེད་འགྲོ་བསམ་གི། སྣང་ཚུལ་འདི་བདེན་པ་ཡིན་ན། ང་ཚོས་དེ་ལ་ཞིབ་འཇུག་བྱས་ནུབ་ཕྱོགས་མི་མང་ལ་རང་ཉིད་ལས་མེད་ཆགས་དོན་དང་། རིམ་བཞིན་ལས་མེད་ཆགས་སྲིད་པའི་རྒྱུ་མཚན་མིག་སྟོན་ཐུབ་ན་ང་ཚོར་ཁེ་ཕན་ཡོད་པ་འདྲ། ནུབ་ཕྱོགས་ཀྱི་མི་མང་ལ་དཔལ་འབྱོར་ཉམས་ཆགས་ཀྱི་འབྱུང་རྩ་གཙོ་བོ་ག་བ་ཐུག་ཡོད་མེད་དང་། སུ་ཞིག་གི་ཁེ་ཕན་ཆེད་ནུབ་ཕྱོགས་ཁུལ་དུ་དཔལ་འབྱོར་ཉམས་ཆགས་ཡོང་གི་ཡོད་པ་ཞིབ་ཕྲའི་ལམ་ནས་ངོ་སྤྲོད་དང་དྲན་གསོ་བྱེད་ཐུབ་ན་ནུས་པ་ཞིག་ཐོན་ས་རེད་དྲན་གི། ངས་མི་སྒེར་ཁ་ཤས་ལ་ངག་ཐོག་་ནས་འདི་འདྲ་བཤད་དེ་ཚོད་ལྟ་བྱས་པ་ཡིན་པས་ཁོ་ཚོའི་བསམ་བློ་འགྱུར་བ་འགྲོ་གི་འདུག། དཔེར་ན། Don’t buy Chinese goods to save your job and our freedom. ང་ནི་རྒྱལ་སྤྱིའི་ཚོང་དང་སྲིད་དོན་ཆེད་མཁས་མིན་པས་ཏག་ཏག་བཤད་ཁག་པོ་རེད།
    བོད་དོན་ཁོར་ཡུག་འབྲེལ་བ་ཆགས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་ཆགས་ཡོད་པ་རེད། འཛམ་གླིང་གི་བདེ་ཞི་བདེ་འབྲེལ་བ་ཆགས་ཡོད་པ། འོན་ཀྱང་དཔལ་འབྱོར་དང་བོད་དོན་འབྲེལ་ཆགས་ཡོད་པ་མ་རེད། འགག་རྩ་འདི་ནས་ང་ཚོ་ཕམ་ཡོད་པ་རེད། བཀའ་ཤག་གིས་བོད་དོན་རྒྱལ་སྤྱིའི་ཚོང་ལས་དཔལ་འབྱོར་བ་ཡོད་པ་ཞིག་བཟོ་ཐུབདགོས་ཀྱི་འདུག རྒྱལ་སྤྱིའི་ཚོང་་འབྲེལ་དང་དཔའ་འབྱོར་འགྲོ་ལུགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ལག་ཆེན་པོ་རེད། དམིགས་ཡོ་རོབ་དང་ཨ་རའི་ནང་མི་མང་ལས་མེད་མང་པོ་ཆགས་པའི་རྒྱུ་རྐྱེན་བཙལ་ཐུབ་ན། མི་མང་ང་ཚོ་དང་སྐྱིད་སྡུག་མཉམ་མྱོང་ཆགས་སྲིད་པ་རེད། དེ་ནི་རེ་བ་ཆེན་པོ་རེད

  3. སྟག་སྨྱོན། says:
    2012-11-11 at 7:49 pm

    བཀའ་ཤག་གིས་བོད་དོན་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་ལ་འབྲེལ་བ་ཡོད་པ་ཞིག་བཟོ་ཐུབ་དགོས་ཀྱི་འདུག

  4. གཡུ་བྲག་པ says:
    2012-11-11 at 9:43 pm

    ད་ནི་ངས་རེ་བ་གཞན་ཞིག་ལ་རྒྱག་གི་ཡོད། དེ་ནི་དྲག་སྤྱོད་པའི་ལམ་ལ་ཞུགས་ཡ་དེ་རེད། རྒྱུ་མཚན་གང་རེད་ཟེར། ང་ཚོའི་མི་ལོ་ལྔ་བཅུ་ལྷག་འཚེ་མེད་ཞི་བའི་སྒོ་ནས་འཐབ་རྩོད་གནང་བ་རེད། ཡིན་ན་ཡང་རྒྱལ་སྤྱིའི་སྟེང་གི་སྲིད་གཞུང་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་བྱེད་མཁན་ཡིན་ཟེར་མཁན་ཚོས། དོན་དམ་གྱིས་ང་ཚོར་རྒྱབ་སྐྱོར་གང་ཡང་བྱས་མེད། ད་ང་ཚོའི་དམར་པོ་ཁྲག་གི་འཁོར་ལོ་སྐོར་ནས། རང་ཐག་རང་གཅོད་དགོས་འཐབ་རྩོད་གནང་དགོས་རེད། རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་ང་ཚོར་སྐྱོན་བརྗོད་བྱེད་པའི་དབང་ཆ་ཅི་ཡང་ཡོད་པ་མ་རེད། རྒྱུ་མཚན་ང་ཚོའི་འཚེ་མེད་འཐབ་རྩོད་འདི་ལ་ཁོང་ཚོས་བཟང་ཕྱོགས་ཀྱིས་བདག་པོ་མ་རྒྱབ་པས་རེད།

  5. གངས་སྦལ། says:
    2012-11-11 at 11:07 pm

    དེ་རིང་སླར་ཡང་ངའི་ཕ་ཡུལ་རྔ་བ་སི་ཁྲོན་དུ་ན་གཞོན་གྲྭ་བ་ཞིག་གིས་ཞེས་པའི་སྐད་ཆ་བཤད་སྟངས་འདི་སུ་ཡི་ལུགས་རེད། བོད་སྐད་ཀྱི་འགྲོ་སྟངས་མ་རེད།
    རྩོམ་པ་པོའམ། བཤད་འདོད་པ་དེ་སི་ཁྲོན་རྔ་བ་རུ་ན་གཞོན་ཞིག་གིས་ཟེར་བསམ་པ་འདྲ་ཡང་། སྐད་ཆ་འདི་རིགས་བཤད་སྐབས་ངེས་པར་དུ་ཡིག་འབྲུ་ཁ་ཤས་སྣོན་པ་བྱས་ཏེ་བཤད་དགོས་པ་གལ་ཆེན་པོ་རེད། རྒྱ་གཞུང་གིས་སི་ཁྲོན་གྱི་ཁོངས་སུ་བཅད་བགོས་བྱས་པའི་རྔ་བ་རུ་ཞེས་པ་ལྟ་བུའི་གསལ་བཤད་ཅིག་ཡོད་ན་མ་གཏོགས།
    སི་ཁྲོན་ནི་རྒྱའི་ཞིང་ཆེན་ཞིག་ཡིན་པ་དང་། རྔ་བ་ནི་བོད་ཀྱི་ས་ཁུལ་ཞིག་ཡིན་པས་གཅིག་ཁོངས་གཅིག་ལ་གཏོགས་པའི་གནས་ལུགས་ཀྱི་སྐད་ཆ་གང་ཡང་བཤད་རྒྱུ་མེད་པ་མ་བརྗེད་པ་གྱིས།
    དེ་མིན་རྩོམ་གྱི་མགོ་མཇུག་ཚང་མར་བརྗོད་བྱ་དང་འབྲེལ་མེད་པའི་སྐད་ཆ་དང་། སྔ་ཕྱི་འགལ་བར་སོང་བའི་སྐད་ཆ། ཚིག་གི་སྦྱོར་ལུགས་འཆོལ་བའི་སྐལ་ཆ་སོགས་མང་ཡང་རྩོམ་པ་པོ་དང་སྒྱུར་པ་པོ་གང་གི་སྐྱོན་ཡིན་མིན་བཤད་ཚོད་དཀའ་བར་སྙམ།

  6. ཇ་མ་ says:
    2012-11-11 at 11:47 pm

    གཡུ་བྲག་པ་ལགས་ང་རང་ཁྱེད་ཀྱི་རྗེས་སུ་ཡོད་ལགས།

  7. dekyi gyal says:
    2012-11-12 at 12:55 am

    གངས་སྤལ་ཟེར་བ་འདི།
    ཀཏིའི་བྱེས་པ་གྲ་ཚངས་ཀི བསེ་རོང་ཀླད་དམར་རེད།
    ཁཽས་སྔོན་མ་མང་པོ་དཀྲུགས་པ་རེད་ལ།
    ད་སྐབས་རྒྱ་གཞུང་གི་རྒྱུགས་ཁྱི་བྱས་ནས་ཕྱིར་རྡ་སར་ཐོན་ཡོད་པ་རེད།
    ཁོ་ནི་རྒྱ་གཞུང་གི་གསང་ཉུལ་བ་ཞིག་རེད་འདུག
    ཁཽའི་སྐོར་སྔོན་ཞིག་ལ་ཁ་བརྡ་ནང་ལ་ཐོན་པ་རེད་ལ།
    དེང་སངས་ཁོའི་སྐོར་ཉམས་ཞིབ་བྱེད་མཁན་མང་པོ་འདུག ༔

  8. ཚེ་བསམ་ says:
    2012-11-12 at 1:07 am

    བོད་ནང།
    བོད་ནང་བོད་མིའི་བདེ་སྡུག་དྲན་ཙ་ན།
    སྒེར་དོན་བཞག་ནས་སྤྱི་དོན་སྒྲུབ་ན་བསམ།
    རྒྱལ་ཚོགས་མདུན་དུ་རང་ལུས་བསྲེག་ན་བསམ།
    སྔོན་གཤེགས་དཔའ་བོའི་ཞབས་རྗེས་སྙེག་ན་བསམ།
    ཁ་ཡོད་ལག་ཡོད་ལས་འགུལ་སྤེལ་ན་བསམ།
    མི་ཚེ་འཐབ་རྩོད་འོག་ཏུ་བསྐྱལ་ན་བསམ།
    བཙན་བྱོལ།
    བཙན་བྱོལ་བོད་མའི་ངོ་ལ་བལྟས་ཙ་ན།
    དཔལ་འབྱོར་བསགས་ནས་ཁང་པ་བརྒྱབ་ན་བསམ།
    ཁྱིམ་ཚང་བཟུང་ནས་བུ་ཕྲུག་བསྐྱངས་ན་བསམ།
    བུ་ལོན་གཡར་ནས་ཕྱི་རྒྱལ་ཕྱིན་ན་བསམ།
    སྐྱག་རྫུན་བཤད་ནས་མི་སེར་ཆགས་ན་བསམ།
    དངུལ་ལོར་སྔོན་པོས་བདེ་སྐྱིད་བསྐྲུན་ན་བསམ།
    ཁ་ནས་བོད་དོན་གླེང་ནས་བསྡད་ན་བསམ།
    དོན་ལ་རང་དོན་འབའ་ཞིག་སྒྲུབ་ན་བསམ།

  9. རེབ་ཐོག་མདའ says:
    2012-11-12 at 1:44 am

    བོད་ནང་ལོག་ནས་དཔའ་བོ་དཔའ་མོ་ཚོས་མེ་བསྲེགས་བཏང་་་་་སློབ་ཕྲུག་ཚོ་བསྡེབས་ལངས་བྱས་པ་ཡིན་ཡང་་་བཙན་བྱོལ་ནང་དུ་རང་དོན་ཁོ་ནར་མགོ་འཁོར་བ་ནས། བོད་པའི་མདུན་ལམ་གི་ཆེད་དུ་སྨོན་ལམ་རེ་བརྒྱབ་ནས་སྡོད་དང་བོད་པའི་བདེན་མཐའ་དེ་སྨོན་ལམ་བརྒྱབ་ནས་སེལ་ཡོངས་གི་རེད

  10. གཡུ་བྲག་པ says:
    2012-11-12 at 2:04 am

    ངས་སྐད་ཆ་འདི་ལྟར་བཤད་ན་འོས་ཤིང་འཚམས་པ་ཞིག་མིན་པ་ཤེས་གི ཡིན་ན་ཡང་ང་ཚོ་ལ་དོན་དམ་གྱི་རྒྱབ་སྐྱོར་ཅི་ཡང་མི་རེག་པ་འདིས་ང་ཚོ་ཞི་བ་ཡིན་ཡ་མང་དྲག་པས་སྐྱོན་རེད། ངས་རྒྱུན་རིང་པོར་རྒྱལ་སྤྱིའི་གསར་འགྱུར་གྲགས་ཅནcnn དངbbcསོགས་ལ་དོ་སྣང་བྱས་པ་ཡིན། ས་ཆ་ག་གེ་མོ་སོགས་ནས་འབམ་དང་དྲག་སྤྱོད་ཀྱི་ལས་འགུལ་འདྲ་བྱུང་ན་གསར་འགྱུར་སྣ་ཚོགས་ནང་ཚ་ཚ་འུར་འུར་གྱིས་སྟོན་ཡ་དང་དཔྱད་གླེང་སྤེལ་ནས་ཁྱབ་སྒྲག་བྱེད་ཀྱིན་འདུག ཅིའི་ང་ཚོའི་ལས་འགུལ་དེ་འདྲའི་ནུས་མེད་ཅིག་དང་དཔའ་བོ་དཔའ་མོ་བདུན་ཅུ་ལྷག་གི་འཚེ་སྲོག་ལ་དེ་འདྲའི་རིན་ཐང་མེད་སོང་བ་རེད། བསམ་བློ་འདི་ལྟར་བཏང་ན་ད་བཟོད་འཚེ་མེད་ཞི་བའི་འཐབ་རྩོད་འདི་འཇིག་རྟེན་སྟེང་ན་རིན་ཐང་ཞེ་དྲག་མེད་པ་མཚོན་ཐུབ། མདོར་ན་འཇིག་རྟེན་འདིའི་སྟེང་གི་ཨ་རི་དག་ཡུ་རོབ་སོགས་གཙོས་པའི་རྒྱལ་ཁབ་ཚང་མ་དྲངས་བདེན་རྡོག་བརྫུས་གཏོང་མཁན་རྐྱང་རྐྱང་རེད། བོད་མི་རིགས་འགྲོ་བ་མི་ཡི་གྲལ་དུ་མ་རྩིས་ན་ང་ཚོས་བརྩི་དགོས་ཡ་ག་རེ་ཡོད་དམ།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-11-12 at 2:29 am

    བོད་སྡོད་ཡིན་ན་ཞི་བའི་སྡེབ་ལངས་བྱས་ན་བསམ། །
    འོནད་ཀྱང་འདུ་འཛོམས་བྱ་སའི་བོད་མིར་ས་ཆ་མེད། །

    ཕྱི་སྡོད་ཡིན་ན་མེ་མདའ་འབར་རྫས་བསགས་ན་བསམ། །
    བསམས་ཀྱང་མི་འབོར་འབར་རྫས་དཔལ་འབྱོར་སྡང་ཡ་མེད། །

    བོད་མི་ཡིན་ཕྱིན་དབུས་མ་རང་བཙན་ད་ལྟ་ཡོད་ན་བསམ། །
    རྒྱ་གཞུང་དམར་པོས་བཙན་གནོན་བསམ་ངན་དྭངས་ཡ་མེད། །

  12. གཡུ་བྲག་པ says:
    2012-11-12 at 3:18 am

    བོད་ཀྱི་ས་ཐོག་ན་ཡོད་པའི་རྒྱ་མི་མི་སེར་གང་བྱུང་ལྐོག་ནས་གསོད་དགོས་རེད། དེ་ལྟར་བྱས་ན་ད་བཟོད་རྒྱ་དཔོན་ཚོ་དངངས་སྐྲག་སྐྱེས་སྲིད། མ་ཟད་རྒྱ་མི་བོད་ཡུལ་ལ་གཞིས་སྤོ་བ་ཤུགས་ཆུང་རུ་འགྲོ་གི་རེད། བོད་པ་ཚོ་ནང་ཁུལ་ལ་ལམ་སེང་གྲི་བཟུང་ནས་ཕན་ཚུན་དམར་གསོད་གཏོང་རེས་བྱས་ན་གང་བདྲ་ངན་པ་འདུག འདི་ནི་ང་ཚོའི་གདམ་ཁ་ཆེས་མཐའ་མ་དེ་རེད་འདོད། འཇིག་རྟེན་འདིར་ང་ཚོས་དྲག་སྤྱོད་མ་བྱས་ཀྱང་རྒྱ་ནག་གིས་གང་སར་དྲག་སྤྱོད་པ་ཡིན་པར་སྒྲོག་གིན་འདུག ཡང་ཁ་ཅིག་གིས་ང་ཚོ་དྲག་པོའི་ལམ་ལ་ཞུགས་ནརྒྱལ་སྤྱིའི་སྟེང་ནས་ང་ཚོར་རྒྱབམིསྐྱོར་མི་རེག་བསམ་པ་ནི་སྟོང་བསམ་རེད། ད་ལྟ་བར་དུ་དོན་ལྡན་གྱིས་རྒྱབ་སྐྱོར་སུས་བྱས་མྱོང་ངམ།

  13. མེ་ཏོག་དཀར་པོ says:
    2012-11-12 at 3:33 am

    གཡུ་བྲག་ལགས། ང་ཚོའི་དྲག་པོའི་འཐབ་རྩོད་མི་འཇོན་པ་དང་གཅིག
    མང་ཉུང་གི་ཁྱད་པར་གནམ་ས་ལྟར་ཤོར་བ་དང་གཉིས། ཟུང་ཁྲག་དྲོན་མོའི་རྒྱུན་གྱིས་བོད་དམར་པོར་ཆགས་ཉེན་དང་གསུམ། ད་བར་དུ་དཀའ་ལས་རྒྱབ་པ་ཡོངས་རྫོགས་ཆུད་ཟོས་སུ་འགྲོ་བ་དང་བཞི། རྒྱ་མི་ཁ་ཤས་བསད་པའི་ཉེས་པས་རྒྱལ་སྤྱིའི་ནང་བོད་མི་དྲག་སྤྱོད་པར་ངོས་འཛིན་ནས་བྱ་ཐབས་སྤྱོད་ཐབས་དཀའ་ངལ་ནང་ལྷུང་ངེས་པ་དང་དྲུག
    འོ་དེ་སོགས་སྐྱོན་མང་བས་དྲག་སྤྱོད་དངོས་སུ་ལྟ་ཅི་མོལ་ཡང་མི་རུང་བར་འདོད།

  14. མེ་ཏོག་དཀར་པོ says:
    2012-11-12 at 3:55 am

    ཚེ་བསམ་ལགས། བསམ་སྟངས་གཉིས་ཡག་པོ་བྲིས་བཞག ད་ཁྱེད་གང་གི་ཁོངས་སུ་གཏོགས། ཕལ་ཆེར་དང་པོ་དེ་ཡིན་གྱི་རེད། ཁྱེད་ལ་སེམས་ཤུགས་ནི་འདུག བཀག་མཁན་ནི་སུ་ཡང་མིན་འདུག སང་གནང་ཞིག་ལ་ཚེ་བསམ་བོད་དོན་ཐོགས་རང་ལུས་མེར་སྲེག་བཏང་སོང་ཞེས་པ་ཞིག་གོ་རུ་བཅུག་རོགས། ཨ་བུ་དགའ་དགའ།

  15. རེབ་ཐོག་མདའ says:
    2012-11-12 at 4:50 am

    སྡེབས་ལངས་བྱས་ན་གཅིག་བྱས་ན་ཁྱུ་རྒན་དེ་བ་ཚང་གཡོ་འགུལ་ཞིག་ཐེབས་ཟེར། འོན་ཀྱང་གོང་དུ་བཤད་པའི་དྲག་སྤྱོད་དང་འཚེ་བ་བྱས་པ་ཡིན་ན་བོད་མི་བདུན་ཅུ་ཕར་ལ་བཞག་བོད་མི་ཡོད་ཚད་སྡེབས་གསོད་བཤད་མི་སྲིད་པ་མ་རེད། གོང་ས་མཆོག་གི་འཚེ་མེད་ཞི་བ་འདེམས་དགོས་པའི་རྒྱུ་མཚན་དྲག་པོ་བྱས་རྒྱུ་མ་ཤེས་པ་མ་རེད། ང་ཚོ་མི་རིགས་འདི་དང་རིགས་གཞུང་འདི་ས་སྒང་འདིའི་སྟེང་ནས་རྒྱུན་རིང་པོ་ཞིག་འཚོ་དགོས་པས། འཚེ་བའི་ལས་གཞི་གཅིག་ཀྱང་མ་རྩོམ་ན་ལེགས།
    རྒྱལ་སྤྱིའི་སྟེངས་ལ་གྲགས་འགུལ་དང་གཡོ་འགུལ་བཟོ་མཁན་དེ་ང་ཚོ་ཕྱི་ལོག་གི་མྱི་ཚོ་ཡིན་པ་ལས་ནང་ལོག་བོད་མི་ཚོས་ཁོང་ཚོ་ག་རེ་འཇོན་པ་ཚང་མ་བཅས་དང་བཅས་བཞིན་འདུག། ང་ཚོ་རང་དབང་ལོངས་པ་ནང་གི་མི་འདི་ཚོ་ལ་དངོས་གནས་ངོ་ཚ་ཞིག་ཞེ་སྨོན་པ་ཞིག་ཡོད་ས་མ་རེད། ཨ་ཕ་ཤི་ན་དགོད་དེ་འདུག་པའི་མི་གཞི་རྩ་བ་ནས་མེད་པ་རྐྱང་རྐྱང་རེད། དངོས་གནས་ཁྲེལ་དང་ངོ་ཚ་ཡོད་ན་ད་ལྟ་དངོས་གནས་ཅིག་བྱས་ན་བཟང་གི་སྙམ

  16. རིག་པའི་བུ says:
    2012-11-12 at 5:00 am

    རྔ་བ་སི་ཁྲོན་མ་རེད། བོད་ཀྱི་རྔ་བ་བ་རེད། མིང་ཡང་ཡག་པོ་མི་ཤེས་བས་རྩོམ་ཡིག་འབྲི་བ་ནི་དགིང་བྲོ་ཞིག་རེད།

  17. གཡུ་བྲག་པ says:
    2012-11-12 at 5:14 am

    ངས་བསམ་ཚུལ་འདི་ཡག་པོ་ཞིག་མིན་པ་ཤེས་ཡོད། ཡིན་ན་ཡང་མཚམས་ལ་རེ་སེམས་པ་འདི་ཧ་ཅང་སྡུག་གི་འདུག འཇིག་རྟེན་འདིའི་སྟེང་ང་ཚོ་ཁེར་རྐྱང་ཡིན་པའི་ཚོར་སྣང་ཤུགས་ཆེན་པོ་སླེབས་ཡ་འདུག ད་འཚེ་མེད་ཞི་བ་འདི་ནུས་མེད་ཅིག་རེད་བསམ་གྱིན་འདུག ག་རེ་བྱུང་ན་བྱུང་ཕན་ཚུན་གཉིས་མེད་བཟོས་ན་ཧང་སང་ཡ་ག་རེ་ཡོད་རེད་དྲན་གི འདི་ངའི་སེམས་ཚོར་ངོ་མ་དེ་ཡིན། ད་དུང་ང་འདྲ་བ་མེད་མི་སྲིད་པ་མ་རེད།

  18. རིག་པའི་བུ says:
    2012-11-12 at 5:29 am

    རེ་བ་རང་ལ་བཅོལ་དགོས་བ་ལས་གཞན་ལ་བཅོལ་ཡ་མེད། གཞན་ལ་བཅོལ་ན་རང་དབང་མ་དགོས་རང་ཁ་ཡང་གསོ་མི་ཐུབ། དཔལ་ལྡན་རྒྱལ་གྱི་རྩ་བའི་བསམ་བློ་ནོར་འདུག ད་ལྟ་མཚམས་བཞག་པ་ཡིན་ན་ད་བར་མེ་རྒོལ་ཕུལ་བའི་དཔའ་པོའིབདུན་བཅུའི་རེ་བ་འཕྲོད་བརླགས་སུ་བཏང་ཞིང་ཁོང་ཚོས་འབད་འབུང་གི་དཀའ་སྤྱད་ཀུན་ཀྱང་ཆུ་རུ་གཡུག་པ་རེད། དེ་ནི་སེམས་རྒྱ་ཅན་ཞིག་གི་ལྟ་སྟངས་མ་རེད། དྲ་ལི་བྷན་པ་དཔེ་ལྟོས་ནས་དྲག་རྒོད་བྱེད་རྒྱུ་དེ་རེད། དྲ་ལི་བྷན་གྱི་མི་འབུམ་ལྔ་ཡིས་ནེ་གྲོའི་རྒྱལ་ཁབ་ཉེར་གྲངས་ལ་ཁ་གཏད་བཅག་སྟེ་ད་ལྟ་འབྲོ་བཞིན་པའི་དུས་ལ་སླེབས་པ་མ་ཟད། ད་ལྟ་ཨ་རིའི་མི་མང་ཀུན་གྱིས་རྗེས་མ་ཨ་རི་ལ་ཨེ་རག་དང་དྲ་ལི་བྷན་ལྟ་བུ་དམག་འཐབ་མི་བྱེད་ཟེར་ཞིང་ཡོང་འདོད་མེད་ཅེས་འུ་ཐུག་གི་གནས་སུ་གྱུར་བ་བཞིན་བོད་མི་ས་ཡ་དྲུག་འབར་རྫས་ས་ཡ་དྲུག་ཏུ་གྱུར་ན་རྒྱ་ནག་འུ་ཐུག་ཐབས་ཟད་དུ་བཏང་ཐུབ། དེ་དུས་རྒྱལ་ཁབ་གཞན་གྱིས་རྒྱ་ནག་དང་ལྷན་དུ་ཚོང་ལས་གཉེར་བ་འགོག་རྐྱེན་དུ་གྱུར་བས་རང་གི་ཁེ་ཕན་ཆེད་བོད་དོན་ལ་ཁ་ཡ་མི་བྱེད་རང་བྱེད་རེད།

  19. མེ་ཏོག་དཀར་པོ says:
    2012-11-12 at 5:34 am

    November 12: In confirmed reports and photos coming out of Tibet, another Tibetan has set himself on fire today in an apparent protest against China’s continued occupation of Tibet.

  20. རིག་པའི་བུ says:
    2012-11-12 at 5:36 am

    མེ་ཏོག་དཀར་པོ་གླན་བཤད་བྱ་ཀྱི་འདུག ཞི་བའི་ལས་དོན་ནི་མང་ཉུང་ལ་རྟེན་པ་ལས་དྲག་ལས་མང་ཉུང་གི་ཁྱད་པར་མེད། གལ་སྲིད་མང་བའི་དབང་དུ་བཏང་ཡང་བོད་ས་ནས་རྒྱ་ལས་བོད་མི་མང་། མི་གཅིག་གིས་མི་སྟོང་ཕྲག་དུ་མ་གསོད་ཐུབ་ལ་མི་གཅིག་ཁང་པ་བརྒྱ་ཕྲག་དུ་མ་གཏོར་ཐུབ། འོན་ཀྱང་མི་གཅིག་གིས་དེ་དག་བཟོ་མི་ཐུབ་ཡིན།

  21. རིག་པའི་བུ says:
    2012-11-12 at 5:37 am

    མི་གཅིག་གིས་དེ་དག་བཟོ་མི་ཐུབ་པ་ལྟ་བུ་ཡིན།

  22. རེབ་སྐྱིད་མཚོ says:
    2012-11-12 at 1:05 pm

    མཆན་མཁན་ཕལ་ཆེར་གྱིས་བཤད་ཚུལ་ལ་ཡིད་རང་དགོས་པ་རང་རེད། མི་རེ་མེད་ལ་རེ་
    བཅའ་བ་ལས་ལྷ་ལག་མེད་ལ་གསོལ་བ་བཏབས་ན་དགའ་ཡི་རེད།
    རང་དོན་རང་གིས་གང་འཇོན་འཇོན་ཞིག་བསྒྲུབ་ན་ལེགས་གཞན་གྱི་
    སྙིང་རྗེ་ཁོ་ན་ལ་རེ་བ་བཅའ་ས་ཤིག་དཀའ་ཁག་རང་རེད།

  23. རེབ་སྐྱིད་མཚོ says:
    2012-11-12 at 1:10 pm

    བྷོམ་་་བྷོམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  24. པདྨ་འཕྲིན་ལས་། says:
    2012-11-12 at 6:30 pm

    རེད་ཡ། ངོ་མ་བཤད་ན་ང་ཚོས་ཅི་ཞིག་བྱེད། འདས་བའི་ཟླ་ངོ་ཁ་ཤས་རིང་སྲིད་སྐྱོང་མཆོག་ཕྱི་རྒྱལ་ཁབ་ཁག་ཁ་ཤས་ནང་རང་བོད་ནང་གི་རང་བསྲེགས་གི་ཆེད་དུ་འགྲོ་ཉོང་མོད་འོན་ཀྱང་ད་ལྟའི་ཆར་མཐོས་རྒྱུ་རིག་རྒྱུ་གཅིག་ཀྱང་མེད་ནོ་ཅི་ཞིག་ཡིན་ནམ། ཉིན་འགའི་སྔོན་ཐེངས་གཅིག་མཐོང་ཉོང་མོད་དེ་ནི་རྷ་སའི་གཙུག་ལག་ཁང་དུ་མཆོད་འབུལ་སྐབས་རེད། གྲངས་པོ་བཤད་ན་ངའི་འདི་ལྟར་བསམ་གྱི་འདུག་སྲིད་སྐྱོང་མཆོག་གཙོས་བའི་མི་སྐྱ་ཚོས་མཆོད་འབུལ་བྱེད་པ་ལས་ཕྱི་ལ་འཐོན་ནས་མི་མང་གི་འགོ་འཁྲིད་དེ་ལས་འགལ་སྤེལ་ན་བཟང་བསམས། ངའི་ཚེ་གྲང་དག་དག་ཞིག་དྲན་གྱིན་མི་འདུག་མོད། སྲིད་སྐྱོང་མཆོག་ནས་ངའི་གོང་ས་མཆོག་བོད་ལ་ཕེབས་དུ་འཇུག་གི་ཡིན་བྱེས་གསུངས་བཤད་གནང་ཡོད་མོད། ངོ་ནས་གྲངས་ནས་གོང་ས་མཆོག་བོད་དུ་ཕེབས་རྒྱུ་འདོད་པ་ཡོད་ན་སྲིད་སྐྱོང་མཆོག་ནང་དུ་འཛུལ་ནས་བསྡད་ཡ་དུས་ཚོད་མ་རེད་བསམས། ད་ལྟའི་བར་བོད་མི་བདུན་བཅུ་དོན་གཉིས་ཀྱིས་རང་བསྲེགས་གནང་པ་རེད། དེ་དག་ཚང་མའི་ཁ་གཅིག་གྲགས་གི་གོང་ས་མཆོག་བོད་དུ་ཕེབས་དགོས་བྱེས་དགོས་འདོན་ཐོན་ཡོད་པ་རེད། བོད་ནང་གི་དཔའ་པོ་དཔའ་མོ་དེ་དག་གི་དགོས་འདོད་སྲིད་སྐྱོང་མཆོག་གི་གོ་ཡོད་གྱི་རེད་། གོ་བཞིན་དུ་ཁུ་སིམ་མེར་བསྡད་པ་ནི་ཅི་འདྲའི་སེམས་ངོར་མི་ཤོང་པ་ཞིག་རེད།

  25. རྟེན་འབྱུང་། says:
    2012-11-22 at 5:59 am

    རེབ་སྐྱིད་མཚོ་ཟེར་བ་འདི་ག་དུས་ཡིན་ཡང་སྙིང་རྗེ་ཆེ་མཆོག་གིས་རང་སྲོག་བློས་གཏོང་གི་ལས་འགུལ་ཐོག་སྐྱོན་བརྗོད་བྱེད་ཀྱི་འདུག། ངས་མོ་རང་བུད་མེད་ཅིག་ཡིན་པར་བརྟེན་སེམས་ཀྱིས་མ་བཟོད་པའམ་སེམས་ཆུང་དྲགས་ནས་སྐད་ཆ་དེ་དག་ཤོར་ཐལ་བྱུང་བ་རེད་བསམ་པ་ཡིན། འོན་ཀྱང་དེ་རིང་གི་མཆན་གྱི་ནང་དྲག་གཅོད་སྤེལ་དགོ་ཟེར་མཁན་ལ་རྒྱབ་སྐྱོར་བྱས་པའི་སྟེང་། ད་དུང་་སྦོམ་་སྦོམ་་བྲིས་ཡོད་པ་མཐོང་ནས་ང་ཧ་ལས་སོང་། མོ་ཕྱོགས་ལྷུང་ཅན་ཞིག་ཡིན་པ་ཐག་གྱིས་ཆོད་པ་ཞིག་རེད་བསམ། གལ་ཏེ་ང་ཚོ་དྲག་གཅོད་སྤེལ་བ་ཡིན་ན་རང་གི་མགོ་ལ་རང་གིས་སྟ་རེས་བརྒྱབ་པ་དང་གཅིག་མཚུངས་རེད། རྒྱ་མི་ལ་དགོ་ཡ་ངོ་མ་དེ་རེད། སྤུན་ཟླའི་ཚེ་སྲོག་གི་གྲངས་ཀ་ཡང་བློ་ཡི་ཡུལ་ལས་འདས་ཀྱི་རེད། དྲག་གཅོད་སྤེལ་བའི་ཉིན་མོ་དེ་ནས་ང་ཚོ་ངོ་མ་ཕམ་ཚར་བ་རེད། སྐད་ཆ་འདི་རྒྱ་བོད་གཉིས་ཀྱི་ནགས་སྟངས་ལ་གཞིག་ནས་བཤད་པ་ཡིན། དེར་བརྟེན་དྲག་གཅོད་ཀྱི་སྐོར་ལ་སེམས་ནས་མ་བསམ་ཁ་ནས་ཀྱང་མ་བཤད་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme