Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པས་རང་ལུས་མེར་བསྲེགས་བཏང་མཇུག་གི་གནས་ཚུལ་ཕྱོགས་བསྒྲིགས། ༼པར༽

Posted on 2012-11-102012-11-10 By ཁ་བརྡ་ 5 Comments on རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པས་རང་ལུས་མེར་བསྲེགས་བཏང་མཇུག་གི་གནས་ཚུལ་ཕྱོགས་བསྒྲིགས། ༼པར༽

གནས་ཚུལ་མཁོ་གཏོང་བཿ བསོད་ནམས།

ཕྱི་ཟླ་༡༡པའི་ཚེས་༨ཉིན་རེབ་གོང་མདོ་བ་ལྡོང་ངེ་སྡེ་བའི་ཕ་གཅོད་པ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་བུ་སྐལ་བཟང་སྦྱིན་པ་ལགས་ཀྱི་ཁྱིམ་དུ་ཡུལ་ཕྱོགས་གང་ས་ནས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཆེད་མི་མང་གང་མང་ཕེབས་དང་ཕེབས་བཞིན་འདུག་ལ། དེ་ཡང་བོད་ནང་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཉིན་འདི་གར་རེབ་གོང་མདོ་བ་ཞང་ཐོག་ཏུ་མདོ་བ་སྡོང་ངེ་སྡེ་བའི་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་མཆོག་ལ་ནང་མི་ནས་འདས་མཆོད་རྒྱ་ཆེན་པོ་སྒྲུབ་བཞིན་འདུག་ལ། ཞོར་དུ་བོད་ཁམས་སྤྱི་དང་ལྷག་པར་རེབ་གོང་དང་བླ་བྲང་ཕྱོགས་ནས་མྱ་ངན་ཞུ་བ་དང་གདུང་སེམས་མཉམ་བསྐྱེད་ཆེད་ཕེབས་པའི་མི་མང་ལ་རྣམས་ལ་སྣེ་ལེན་ཞུ་བཞིན་འདུག
གནས་ཚུལ་ཞིབ་ཕྲ་ཤེས་པ་ལྟར་ན། ཁ་སང་ནས་ཉིན་རེར་མི་བརྒྱ་ཕྲག་མང་པོ་སླེབས་བཞིན་འདུག་ལ།  མྱ་ངན་ལ་ཕེབས་མི་དགེ་འདུན་པ་རྣམས་ཀྱིས་དམ་པ་ཁོང་གི་གདུང་མདུན་དུ་བསྔོ་སྨོན་དང་རྒྱལ་བའི་ཞབས་བརྟན་གསུངས་འདོན་དང་། ཁྱིམ་པ་རྣམས་ནས་ཡིག་དྲུག་དང་སྨོན་ལམ་བཏབས་རྗེས་རང་རང་སོ་སོའི་ཡུལ་ཏུ་ཕར་འགྲོ་ཚུར་འོང་གི་མགྲོན་པོ་མང་བས་དམ་པ་ཁོང་གི་ཁྱིམ་ནི་རྒྱ་གཞུང་གི་འབྲོག་པ་གྲོང་སྡེ་ཅན་དུ་བསྒྱུར་བའི་ཁང་མིག་ཆུང་ངུ་ཞིག་ལས་མེད་པ་པ་དེ་ས་ཕྱོགས་སོ་སོའི་མྱ་ངན་ཞུ་མཁན་རྣམས་ལ་སྣེ་ལེན་ཞུ་སར་ཆུང་དྲགས་སྟབས་སྣེ་ལེན་ཐད་དཀའ་ངལ་ཀྱང་འཕྲད་ཀྱི་ཡོད་འདུག

ཁོང་གིས་ཤུལ་དུ་བཞག་པའི་ཁ་ཆེམས་ཡི་གེར། མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། ཞེས་འཁོད་ཡོད་འདུག

དེ་རིང་གནས་ཚུལ་གཞན་ཞིག་ལ་ཐུན་རིན་རྫོང་གི་ལས་བྱེད་མི་སྣ་མཐོ་གྲས་དང་དབང་ཆ་ཆེ་ཤོས་ ༼ཞན་ཨེའུ་ཧྲུ་ཅི༽ མིང་ལ་ཅང་ཧྲུའུ་ཁྲིན་ཟེར་བ་ཁོང་། བདུན་ཕྲག་སྔོན་མ་ནས་པེ་ཅིང་དུ་ཚོགས་འདུ་ལ་ཕྱིན་འདུག་ཀྱང་། རེབ་གོང་དུ་གནས་ཚུལ་ཛ་དྲག་ཆེ་སྟབས་ཚོགས་འདུ་ཡི་བར་མཚམས་ནས་ཕྱིར་རེབ་གོང་དུ་ལོག་ཡོང་བཞིན་འདུག་ཟེར། ཁོང་རེབ་གོང་རྫོང་གི་དབང་ཆ་ཆེ་ཤེས་ཡིན་པ་མ་ཟད། ཁོང་རེབ་གོང་དུ་ལས་ཀ་བྱེད་པར་སླེབས་པ་ནས་བཟུང་། རེབ་གོང་རོང་བོ་དགོན་པའི་ནང་ཡོང་༸ གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པ་སོགས་དམ་དྲག་བྱས་མྱོང་ཡོད་ལ། ཁོང་དེ་སྔོན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་གི་རྫོང་ཨུ་ཧྲུའི་ཅི་ལ་བསྡད་སྐབས། ས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱས་མྱོང་ཡོད་པའི་ཧ་ཅང་གི་གདུག་རྩུབ་ཆེ་བའི་མི་ངན་ཞིག་ཡིན་འདུག

 

 

གཤམ་གྱི་པར་འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་༼ཐུན་རིན་༽རྫོང་གི་དམར་ཕྱོགས་དྲུང་ཆེ་༼Jiang Shucheng༽ ཅང་ཧྲུའུ་ཁྲིན་ཟེར་བ་དེ་རེད།

གསར་འགྱུར།

Post navigation

Previous Post: དཔའ་མོ་རྟ་མགྲིན་འཚོའི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་ཁོང་གི་ཨ་ཕ་དང་ཁ་བརྡ་བྱས་པ། ༼པར༽
Next Post: མགོ་ལོག་ཏུ་དྲག་རྡུང་ལས་འགུལ།

Comments (5) on “རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པས་རང་ལུས་མེར་བསྲེགས་བཏང་མཇུག་གི་གནས་ཚུལ་ཕྱོགས་བསྒྲིགས། ༼པར༽”

  1. རིན་ཆེན says:
    2012-11-10 at 11:13 am

    རེབ་གོང་རིག་འབྱུང་གི་འདས་གསོན་གཉིས་ལ་སྙིང་ནས་གུས་འདུད་ཞུ།

  2. སྦྲ་དཔལ་ལྡན། says:
    2012-11-10 at 11:20 am

    གོང་གི་རྒྱ་འདྲེ་ལ་ཏང་གི་ཚོགས་ཆེན་ཐོག་ནས་ཅིག་རག་མེད་པར་མར་སླེབས་འདུག་གམ ཤི་རེ་ཀོ ཁོ་ལ་སྙིང་རྗེ་མོ་ཞིག་དགོས་ས་རེད

  3. ངོ་ལུག says:
    2012-11-10 at 3:50 pm

    གྲུ་འཛིན་མགོན་དེས་ཐུགས་རྗེས་གཟིགས།

  4. རླངས སྔགས says:
    2012-11-10 at 6:16 pm

    མཐོ་རིས་ཡོན་ཏན་བདུན་ལྡན་ལེགས་ཐོབ་ཞིང་།།
    སྐྱེ་མ་ཐག་ཏུ་ཆོས་དང་བཤེས་ཕྲད་ནས།།
    ཚུལ་བཞིན་སྒྲུབ་པའི་རང་དབང་ཡོངས་ཐོབ་ཏེ།།
    བོད་ཁམས་བདེ་བའི་དཔལ་དུ་འཆར་བར་ཤོག།
    ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ

  5. སྟག་སྨྱོན། says:
    2012-11-11 at 4:58 pm

    དཔོན་ངན་དེ་ཚོ་ལྐོག་གསོད་གཏོང་དགོས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme