རྔ་བ་ཀུན་བཟང་སྒྲོལ་མ།
དུས་རབས་གསར་བའི་སྤྱི་ཚོགས་ཟིང་ཆའི་ཁྲོད་དུ།།
ན་གཞོན་གསར་བའི་ཚེ་སྲོག་གཅིག་འབར་གཉིས་འབར།།
ཁ་བ་ཚང་གི་མི་འབོར་གཅིག་རྫོགས་གཉིས་རྫོགས།།
མི་རབས་གསར་བའི་མདུན་ལམ་མ་འབར་རོགས་ཤེས།།
སྙིང་སྟོབས་ལྡན་ན་རིགས་གནས་ཡོན་ཏན་སྤྱོངས་དང་།།
རང་དབང་ལེན་པར་འདོད་ན་བདེན་པའི་ལ་རྒྱ།།
རང་ཡུལ་སྐྱིད་པའི་ས་ཆུའི་སྤང་ཐང་ཉར་དགོས།།
མྱི་རབས་གསར་བའི་མ་འོངས་མདུན་ལམ་དྲན་དགོས།།
ལང་ཚོ་མེ་ཏོག་དར་བའི་ན་གཞོན་འབར་གི།
ཕྲུ་གུ་ཟླ་གཅིག་ཟིན་པའི་ཕ་མ་འབར་གི།།
མི་རིགས་ལ་རྒྱལ་ཆེན་ན་བོད་ལ་གནས་དགོས།།
སྐད་ཡིག་དགའ་ཞེན་ཡོད་ན་རང་ལུས་མ་འབར།།
དངོས་ཡོད་ལོ་རྒྱུས་བསམ་ན་མདུན་དུ་བསྐྱོད་ཅིག།
ཞི་བདེ་གཡང་ཁྱིམ་བསམ་ན་རང་ས་མ་དོར།།
ཁ་བས་བདེ་སྐྱིད་ཁྱེད་ཀྱི་རེ་སྒུག་ཡིན་པས།།
ཁ་བ་གངས་ཅན་གཡུག་ནས་ཁྱེད་ཅག་མ་འགྲོ།།
དུས་རབས་གསར་པའི་སྐྱ་རེངས་ཉི་གཞོན་འོག་ན།།
བློ་གསལ་རིགས་པའི་ན་གཞོན་བོད་རིགས་ཡོངས་ཀྱིས།།
མ་འོངས་སང་ཉིན་གསར་བའི་རང་བཙན་དོན་དུ།།
ཤེས་རིག་དཔའ་ངར་ཟུང་གི་སྙིང་ཁུ་དེ་ལེན་རོགས།།
གངས་ཅན་དཔའ་བོ་དཔའ་མོས་བདག་ལ་གསོན་དང་།།
བདེན་པའི་རང་དབང་འདོད་པའི་ང་ཚོ་ཚང་མས།།
བཟོད་མེད་ན་ཟུག་ཆེ་བའི་རང་དབང་དོན་དུ།།
མཐུན་སྒྲིལ་ལག་ཟུང་སྤྲེལ་ནས་མདུན་དུ་མཆོངས་ཤོག།
༢༠༡༢ ༡༡ ༧ དགོང་མོར་བྲིས།
རང་དབང་རིན་ཐང་རྟོག་པའི་གཞིས་ལུས་བོད་མིས།།
རང་དབང་དོན་དུ་རང་ལུས་མེ་མཆོད་ཕུལ་སོང་།།
ལྟོ་གོས་ཙམ་གྱིས་ཚིམས་པའི་བཙན་བྱོལ་བོད་མིས།།
འགན་མེད་ཆོ་མེད་སྐད་ཆས་དུས་ཚོད་བསྐྱལ་སོང་།།
འདི་ལྟ་བུའི་སྐད་ཆ་བསྒྲགས་ཕོད་པར་ལུག་གི་སྙིང་དགོས། མ་རེད་དམ།
རྔ་བ་ཀུན་སྒྲོན་ཟེར་མཁན་དེས་ག་རེ་བཤད་ཀྱི་ཡོད་རེད། ཁོང་རྣམས་པས་ཚེ་སྲོག་དང་མི་ལུས་ཀྱི་རིན་ཐང་མ་ཤེས་ནས་བློས་གཏོང་བ་ག་ལ་ཡིན། ཚེ་སྲོག་གི་རིན་ཐང་མི་ཤེས་མཁན་ངོ་མ་ང་དང་ཁྱོད་ལྟ་བུ་རེད། ཚེ་སྲོག་དེ་རང་ཉིད་གཅིག་པོའི་ལྟོ་གོས་སྒྲུབ་བྱེད་ལ་བེད་སྤྱད་མཁན་ང་ཚོ་རེད། ཁོང་དཔའ་བོ་དཔའ་མོ་རྣམས་པ་ང་ཚོ་ལས་ཀྱང་བརྡབ་བརྒྱ་ཕྲག་མང་པོས་ཚེ་སྲོག་གི་རིན་ཐང་ཧ་གོ་ནས་བོད་མི་རིགས་ཀྱི་ཆེད་དུ་གཏོང་བ་རེད། ད་ནས་བཟུང་ཁྱོད་དང་ཁྱོད་འདྲ་བ་རྣམས་ཀྱི་དཔའ་བོ་རྣམས་ལ་ཚེ་སྲོག་གི་རིན་ཐང་བཤད་པ་ནས་ཁོང་རྣམས་པ་ལ་མཐོང་ཆུང་མ་གཏོང་རོགས།
དེ་རིང་ཚིག་སྦྱོར་ལེགས་ཀྱང་བརྗོད་བྱའི་ཐད་ནས་ང་ཚོས་བོད་ནང་གི་གནས་སྟངས་མི་ཤེས་པས་དེ་ནི་བཟང་དང་ངན། མཚམས་ཞོགས་དང་མ་འཇོག་སོགས་ཀྱི་ཐ་ཚིག་སྒྲོག་པ་དང་རེ་སྐུལ་གཏོང་རྒྱུའི་ཆ་རྐྱེན་ང་ཚོ་ལ་ཡོད་ནི་མ་རེད། འདི་ནི་ཁྱེད་རང་གཅིག་པུ་ལ་ལབ་པ་མིན་པར། ཨ་ཀྱཱ་རིན་པོ་ཆེ་གཙོས་ཆེན་པོ་དང་ཆུང་ངུ་། འབྲང་ཡོངས་ལ་བརྡ་ཙམ་དུ་སྦྱར་བའོ།། གལ་སྲིད་དེ་འདྲ་འབོད་སྐུལ་ཞུ་དགོས་ཚེ་༧གོང་ས་མཆོག་གིས་སྔོན་ནས་བརྒྱུད་ལམ་ཁག་གིས་བཅར་འདྲི་སྐབས་གསུངས་ཟིན་ཡོད་ངེས། དེ་ལྟར་མི་གསུངས་པར་ངས་མི་ཤེས། རླབས་ཆེན་རེད། ཐུགས་བསམ་སྐྱོ་གི་གསུངས་པ་ལ་རྒྱུ་མཚན་དང་དགོས་པ་རླབས་ཆེན་ཡོད་ངེས་པས་ཚེ་དང་ལྡན་པ་དག་གིས་དཔྱད་པར་མཛོད། ཀུན་བཟང་སྒྲོལ་མ་ཚོགས་གཏམ་མ་ཡིན་པ་ཤེས་པར་གྱིས།
ཨ་རིགས་གིས་ཡག་པོ་བཤད་འདུག
རྔ་བ་ཀུན་བཟང་གིས་བཤད་བཞིན་པ་ ཚེ་རིང་རིན་ཐང་རེད་ བྱས་བྱང་མེ་སྲེག་མ་གཏོང་རོགས་ཟེར་པ་རེད།
དགོངས་དག ཚེ་སྲོག་ཡིན་པས་བཅོས་རོགས་ཞུ
དྲ་གྲོགས་བོད་ཞེན་ནས་བསམ་ཚུལ་དེ་ལ་ངས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ ཁྱོད་ཀྱིས་ཁོ་མོའི་རྩོམ་ཡིག་དེ་ཐེངས་ཤིག་བཀླགས་ཡོད་དམ ཁ་བྱང་གཅིག་པོ་བཀླགས་ཡིན། འུ་ཚོའི་སྤྱི་ཚོགས་ནང་དུ་ཁ་བྱང་གཅིག་པོ་མ་གཏོགས་མི་ཀློག་པར་མཆན་འདེབས་མཁན་ཧ་ཅང་མང་པས་ཁྱོད་ཀྱང་དེའི་གྲས་ཀྱི་གཅིག་ཡིན་ས་རེད། རྔ་བ་ཀུན་སྒྲོལ་གྱིས་བཤད་ན་ཚེ་སྲོག་རིན་ཐང་ཆེན་པོ་ཡིན་པས་མེ་སྲེག་མ་གཏོང་རོགས་ཞེས་འབོད་བསྐུལ་ཙམ་ཞུས་མི་འདུག་གམ། ཁོ་མོས་བཤད་ན། བོད་ལ་དུངས་དྲག་པས་ཁོ་ཚོའི་རང་ལུས་མེ་སྲེག་བཏོང་གི་ཡོད་པ་ཆེས་འཕངས་བས་མ་ཟད། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས་ན་རང་ལུས་མེ་སྲེག་གཅིག་པོ་ཙམ་མིན་པས་བོད་ཀྱི་སྐད་དང་ཡེ་གེ་སྦྱངས་པ་དང་། མཐུན་སྒྲིལ་ལག་འདང་སྤྲེལ་དགོས་རབ་གསུངས་མི་འདུག་གམ།
ཐོག་མར་དྲ་གྱོགས་ཡོངས་ཀྱིས་བསམ་ཚུལ་ལྷུག་པོར་བརྗོད་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་ནོར་འཁྲུལ་བཏོན་པར་དེ་བས་ཐུགས་རྗེ་ཆེ།
དྲ་གྲོགས་ལུང་རྟོགས་ལགས་སུ་ འབྲེལ་བརྗོད་ཞུ་རྒྱུ་ཞིག་ལ་ངས་བོད་ནང་གི་བོད་མི་དེ་ཚོས་རང་དབང་རྟོགས་མི་འདུག་ཟེར་གིན་མེད་མོད། རང་དབང་ནི་མི་ཞིག་གི་མི་ཚེའི་ནང་ཆེས་རིན་ཐང་ལྡན་པ་ཞིག་ཡིན་པ་གཅིག་མཚུངས་རེད་ལ་ མིའི་མི་ཚེ་ཟེར་ན རིན་ཐང་ཧ་ཅང་ཆེན་པོ་ཡིན་པས་ རིན་ཐང་ཆེན་པོ་དེ་བོད་མི་རིགས་ཀྱི་སླད་དུ་མ་གཏོང་དེ་བས་ཀྱང་ཟེར་གྱིན་མེད་ལ་བདག་གིས་བསམ་ཚུལ་ནི་ཁྱོད་ཀྱིས་རྟོགས་ངེས་མེད་ལ་ཁྱོད་ཀྱིས་བལྟས་ན་བདག་གི་རྩོམ་ཐུང་དེ་ཆོ་མེད་ལ་དགོངས་ཀྱི་ཡོད་ནདགོགས་དག་ཞུའོ།
དྲ་གྲོགས་ཨ་དམར་ལགས་སུ བདག་གི་བསམ་ཚུལ་ནི་མཐའ་གཅིག་ཏུ་བདེན་པ་དང་ཁྱེད་ཅག་གི་ལྟ་ཚུལ་ནོར་བ་མིན་ཡང་། ངས་བོད་ནང་གི་བོད་མི་དེ་ཚོས་རང་ལུས་མེ་སྲེག་མ་གཏོང་རོགས་ཞེས་འབོད་སྐུལ་ཙམ་ལས་རང་ལུས་མེ་རུ་བསྒྲོན་ན་ནོར་འདུག་དང་། རང་ལུས་མེ་རུ་མ་སྒྲོན་ན་ནོར་མི་འདུག་ཅེས་རྩ་བ་ནས་བཤད་མེད། བསམ་ཚུལ་ནི་བསམ་ཚུལ་རང་ཡིན་དུས་རང་ཉིད་ལ་བཤད་སའི་དབང་ཆ་ཞིག་གི་ཐོག་ནས་བཤད་ཁུལ་བྱས་པ་ཡིན་ལ་ ཁྱོད་ཀྱིས་གསུངས་ན་སྐད་ཆ་དེ་འདྲ་བཤད་ན་ ལུག་གི་སྙིང་དགོས་ཚུལ་བཤད་ལ ལུག་སྙིང་ནི་དཔེ་བཞག་པ་ནོར་འདུག་སྙམ། གང་ཡིན་ཟེར་ན་ ལུག་སྙིང་ནི་བློ་སྟོབས་ཅན་ཞིག་གི་སར་འཇོག་གི་མ་རེད། ལུག་སྙིང་ནི་བློ་ཁོག་ཆུང་ཆུང་གི་དོན་ཡིན་པ་ལས་བློ་སྟོབས་ཆེན་པོའི་གྲས་སུ་བགྲང་ཚུལ་མེད་དོ།
དྲ་གྲོགས་བོད་ཞེན་ལགས་སུ གོང་དུ་དྲ་གྲོགས་སྦྲ་དཔལ་ལྡན་ལགས་ཀྱི་ལན་སྟབས་བདེ་ཞིག་གསུངས་འདུག་པས་འདིར་དམིགས་བསལ་གྱི་ལན་ཞིག་མི་དགོས་པར་འཚལ།
དྲ་གྲོགས་ཨ་རིག་དགེ་མཐོང་ལགས་སུ ཁྱོད་ཀྱིས་བཤད་ན་བོད་ནང་གི་གནས་སྟངས་ཤེས་ཀྱི་མེད་ཚུལ་བརྗོད་འདུག་པས་དེ་ནི་ནོར་འཕྲུལ་དུ་སེམས། གང་ཞེ་ན། དེ་རིང་ཁ་སང་ནི་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཏུ་འགྱུར་བཞིན་ཡོད་པ་མ་ཟད། རང་རེའི་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་དགོས་སུ BBC དང་ CNNགཙོས་འཛམ་གླིང་ཡུལ་གྲུ་མང་བོའི་གསར་ལམ་ཁག་ཏུ་ཐོན་དང་ཐོན་བཞིན་པ་ སྐུ་ཉིད་ཀྱིས་ཤེས་བཞིན་དུ བོད་ནང་གི་གནས་སྟངས་མི་ཤེས་ཟེར་ན་རང་ཉིད་བོད་མི་ཞིག་གི་ངོས་ནས་བཤད་ན་ཤིན་ཏུ ངོ་ཚ་དགོས་པར་སྣང་། ཡང་གཅིག་བཤད་ན། ངས་རང་ལུས་མེ་སྲེག་གཏོང་པར་མཐའ་གཅིག་ཏུ་འཚམས་འཇོག་དགོས་པ་གང་དུའང་བཤད་མེད་པས་ཐུགས་ལ་འཛིན་རོགས་ཞེས་དང་བདག་ནི་གསར་རྩོམ་གྱི་ལས་དང་པོ་བ་ཞིག་ཡིན་པས་ཆ་ནས་བཤད་སྟངས་མ་འགྲིག་པ་དང་ནོར་འཁྲུལ་དུ་ངེས་ཡོད་ན་ཨ་རིག་དགེ་མཐོང་གཙོས་དྲ་གྲོགས་ཡོངས་ནས་ཐུགས་མངའ་ཡོད་པར་མཁྱེན། གོང་དུ་བདག་གིས་སྐད་ཆ་བཤད་སྟངས་དང་ལན་རྒྱགས་སྟངས་ལ་ནོར་འཁྲུལ་རེ་ཡོད་ན་ཁྱེད་ཅག་གི་བསམ་ཤེས་གནང་རོགས་ ངས་མེ་སྲེག་འཚམས་འཇོག་དགོས་ནམ་ཡང་ཟེར་མེད་ལ་མེ་སྲེག་གཅིག་པོ་མ་ཡིན་པས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ང་ཚོས་སྒྲུབ་འོས་པའི་ལས་ཀ་ཤིན་ཏུ་མང་། དཔེར་ན་ བོད་ནང་ནས་མེ་སྲེག་གཏོང་མཁན་མང་ཆེ་བ་གཞོན་སྐྱེས་ཡིན་ལ་ ཕལ་ཆེལ་ངོ་བཅུ་ལྔ་དང་བཅུ་དྲུག དེ་མིན་བཅོ་བརྒྱད་དང་ཉེར་གསུམ་ སོགས་མང་པས་དེ་དག་གིས་མི་ཚེ་ནི་རྒྱལ་ཁབ་ཅིག་གི་མ་འོངས་པའི་སོན་རྩ་ལྟ་བུ་ཆགས་ཡོད་པས་དཔེར་ན་ མི་རིགས་རང་ཉིད་དང་རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་ཐུབ་པར་གདོན་མི་ཟ་པས་བཤད་པར་ཡིན། ཡང་དེ་མིན་གཞན་དེ་ཚོའི་ཚེ་སྲོག་སོགས་རིན་ཐང་ཅན་མ་རེད་ནམ་ཡང་ཟེར་གྱི་མེད་པས་དྲ་གྲོགས་ཡོངས་ཀྱིས་ལྷུག་པོར་དཔྱད་རོགས་ཞུ་ཞུ་ཞུའོ།

རྔ་བ་ཀུན་བཟང་སྒྲོལ་མ་ལགས། ཁྱེད་ཉིད་རྔ་བ་ནས་ཡིན་པར་གུས་འདུད་ཡོད། ཁྱེད་ཀྱི་འབོད་སྐུལ་ལ་ཡང་བསམ་ཤེས་ཡོད། རྔ་བ་ནས་དཔའ་བོ་དཔའ་མོ་ཇི་ཙམ་གྱིས་མི་རིགས་འདིའི་ཆེད་དུ་ཚེ་སྲོག་བློས་བཏང་བྱས་པ་ས་ཡ་དྲུག་གི་སེམས་ལ་གསལ་པོ་ཆགས་དང་ཆགས་བཞིན་པ་རེད། ལྟ་བ་ནས་བཤད་ན། ཨ་རིག་དགེ་མཐོང་ལགས་ཀྱི་དགོངས་ཚུལ་དེ་དག་ལ་རྒྱབ་སྐྱོར་ཡོད། མཐོ་ཙམ་ནས་བལྟས་ན་རྒྱང་རིང་ཙམ་མཐོང་ཅེས་རྒྱ་ངན་དེ་ཚོས་ཟེར་བ་རེད། ལྷག་པར་དོན་ཆེན་ཐད་བོད་ནང་གི་སྐྱེས་བུ་ཤེས་རབས་དང་མྱོང་བ་ཅན་དེ་ཚོའི་དགོངས་ཚུལ་གསུངས་ཚུལ་ལ་དོ་སྣང་ཅུང་ཙམ་བྱས་ན་བློ་སྐྱེད་མང་ཙམ་ཡོང་བར་དྲན། བསམ་ཚུལ་ཙམ་དུ།
ཁྱོས་བལྟས་ན། མ་འབར་ཞུ་ཡ་འདི་ལས་སླ་བོ་ཞིག་རེད་འདོད་དེ་བྲིས་ཡོད་པ་འདྲ། དེ་འདྲ་ཞིག་ག་ལ་ཡིན། འདིའི་ནང་ན་འཐིམ་པའི་ཤི་བོ་ཚོའི་རྣམ་ཤེས། གསོན་པོ་ཚོའི་བདེ་སྡུག། མི་རིགས་ཀྱི་ལ་རྒྱ། ཚེ་སྲོག་གི་འཐབ་རྩོད།
ཁྱོས་ཁོང་ཅག་ཚང་མ་ཤེས་རིག་དང་དཔའ་ངར་ཟུང་གི་སྙིང་ཁུ་་མེད་པར་འགྲོ་སོང་བ་ག་འདྲ་ཞིག་བྱས་ནས་བཤད་ཀྱིན་ཡིན། དེ་འདྲ་མ་གསུང་། ཁོང་ཚོས་ཤེས་བའི་བོད་ཀྱི་བདེ་སྡུག་ནི་ཁོང་ཚོའི་ཚེ་སྲོག་ལས་ཀྱང་གལ་ཆེ་བའི་ཤེས་དཔའ་ཟུང་འབྲེལ་མིན་ན་གང་རེད། རྔ་བའི་རྗེས་ན་རྔ་བ་དང་བོད་པའི་རྗེས་ན་བོད་པ་དགོས་བའི་དུས་རེད།
ལམ་གང་ལ་བུད་ན་ཡང་འཇུག་འབྲས་འདི་ལས་མེད་པས། ཁྱོད་ཅག་ལ་རྒྱ་སྔུན་ནས་ཐར་ལམ་ཞིག་གི་འཐབ་རྩོད་ཡོད་ན་ཁ་གསལ་ནས་བཤོད་དང་། དེ་ནས་ལྟོས་ཆོག།
ཚེ་སྲོག་རིན་ཐང་ཆེན་པོ་རེད་མ་སྲེག་རོགས་ཟེར་བ་དང་དཔའ་བོ་ཚོ་ཚེ་སྲོག་གི་རིན་ཐང་ཤེས་ཀྱི་མི་འདུག་མེ་ལ་སྲེག་གི་འདུག་ཟེར་བ་གཉིས་དོན་གཅིག་རེད།
སླར་ཡང་སྲིང་ཆུང་ལྟ་བུའི་རྔ་བ་ཀུན་བཟང་སྒྲོལ་མ་ཚིག་འགའ་རེ་མ་བྲིས་ན་གོ་ནོར་ཐེབས་ཡོད་པ་འདྲ་བས་བསྐྱར་ཏུ་ཡོང་ཡིན། ངས་བོད་ནང་གི་གནས་སྟངས་ཤེས་ཀྱིན་ཡོད་ནི་མ་རེད་ཅེས་པ་བོད་ནང་གི་མེ་བསྲེགས་སྙིང་སྟོབས་མ་མཐོང་བ་དང་མ་ཐོས་པ་ག་ལ་ཡིན། ཉིད་ཀྱི་རྩོམ་དེའི་ཁ་བྱང་ལས་མ་འབར་རོགས་ཞེས་བཏགས་པ་དེས། བོད་ནང་གི་སྤུན་ཟླ་ཚོ་ལ་རེ་སྐུལ་ལམ་འབོད་སྐུལ་ཞུས་འདུག མེ་བསྲེག་གཏོང་དགོས་དང་མི་དགོས། བོད་ནང་གི་སྤུན་ཟླ་ཚོས་རང་གི་སྐབས་བབ་ཀྱི་གནས་སྟངས་ལ་གཞིག་ནས་སྤེལ་རྒྱུ་ཞིག་ལས་ང་ཚོས་བོད་ནང་གི་བདེ་སྡུག་དངོས་དེ་ཡུལ་གྱིས་བསྐལ་བས་རྟོགས་མི་ནུས། མདོར་ན། ངས་ཁྱེད་རང་གཅིག་བུ་ལ་བཤད་པར་མིན་པར་ཨ་ཀྱཱ་རིན་པོ་ཆེ་གཙོས་བླ་སྤྲུལ་ནུས་བ་རེ་དང་ལྷག་བསམ་རྣམ་པའི་བོད་མི་འགའ་རེའི་འབོད་སྐུལ། ད་དུང་དྲ་འབུ་ཁག་ཅིག་གིས་ཁ་ཁོག་མི་མཚུངས་པའི་བྱ་ལས་རོགས་ལ་གཞིགས་ནས་བོད་ནང་གི་སྤུན་ཟླ་ཚོའི་གནས་སྟངས་ལ་ང་ཚོས་རེ་སྐུལ་ཞུས་པ་དང་ཐབས་བཀོད་འཐེན་པ། འདི་དང་གན་བྱེད་དགོས་རེད་ཅེས་བཤད་རྒྱུའི་ཐོབ་ཐང་མེད་ཅེས་ཐ་ཚིག་འདི་སྒྲོག་པ་ཡིན།
ཀུན་དང་མཐུན་པའི་རྔ་བའི་ཀུན་བཟང་མ། །
ཀ་ཁའི་དབྱངས་ལ་འཐིམས་པའི་གངས་སྒྲོན་མ། །
གངས་རིའི་ལས་དབང་གླེང་བའི་ཀུན་མཁྱེན་མ། །
གང་ཞིག་དོན་ལ་འཇུག་སྐབས་དཔྱད་པར་མཛོད། །
ཨ་མདོ་རེབ་གོང་སོགས་ནས་མེ་འབར་དུས། །
ཨ་རིག་བདག་གི་སེམས་ཁམས་མ་བདེ་ཡང་། །
ཨ་རོགས་འདི་བྱོས་ཟེར་ནས་བཤད་མ་ནུས། །
ཨ་ཨ་མ་འབར་ཞུ་བའི་སྤོབས་པ་དབེན། །
མ་འབར་བའི་ཐབས་ཅི་ཡོད། རྒྱ་མིས་སྤར་བས་སོ།།
འབར་མ་དགོས་ན་ རྒྱ་རྒན་ལ་འབོད་སྐུལ་ཞུ་རྒྱུ་ལས་ ཁོ་ཚོར་འདམ་ཀ་གཞན་མེད་པས་ལན། དེ་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོའི་ལས་འགན་རེད་བསམ།
དྲྭ་གྲོགས་ཚོས(ཐ་ཚིགས་བསྒྲགས་པ་)དང་(རེ་འདུན་ཞུ་བ)་གཉིས་ཀྱི་དབྱེ་མཚམས་ཕྱེ་ཤེས་ན་ཡག་པོ་འདུག རྩོམ་ཡིག་འདིའི་ནང་དུ་(ཐ་ཚིགས་བསྒྲགས)་པར་བགྲང་རུང་བའི་སྐད་ཆ་གང་ཡང་མི་འདུག་པར་དེ་ལས་ལྡོག་སྟེ་སྤུན་ཟླ་རེ་རེར་བཅངས་པའི་བརྩེ་ཞེན་ཟབ་མོ་མཚོན་འདུག ཨ་རིག་ཚང་གིས་མ་རིག་པ་ནི་ཨེ་ཡིན། ཧ་ཧ་ཧ། སྐུ་རྩེད་ཡིན།
བོད་པ་ལ་མ་འབར་ཟེར་བའི་ཚབ་ལ་རྒྱ་རྒན་ལ་མ་སྤོར་ཟེར་ན་དྲག་འོང་།
རྔ་བ་ཀུན་བཟང་སྒྲོལ་མ་ལགས།
ཁྱེད་རང་ནས་མཆན་བུ་འདེབས་སྐབས་དངོས་མིང་xxx དང་སྨྱུག་མིང་རྔ་བ་ཀུན་བཟང་སྒྲོལ་མ་ཞེས་པ་གཉིས་ཀྱི་གཅིག་སྤྱོད་པར་འབོད་སྐུལ་ཞུ་ཡི་ཡོད། གང་ཡིན་ཟེར་ན། ཁ་བརྡས་སྨྱུག་མིང་གཅིག་ལས་བརྒལ་བ་སྤྱོད་མཁན་རིགས་ནས་ཐོག་མར་དྲ་དེབ་འདིར་མཆན་འདེབས་སྐབས་ཀྱི་སྨྱུག་མིང་ཁོ་ན་བེད་སྤྱོད་ཡོང་བར་དམིགས་ཏེ། མཆན་བུ་རིགས་གཅིག་དྲ་ངོས་སུ་འཆར་རྒྱུ་གཏན་འགོག་བྱེད་ཀྱིན་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha.gmail.com
གནའ་དུས་བཙན་པོའི་མདའ་དང་མདུང་གིས་སུམ་གཉིས་ས་ཆེན་དྲག་ཏུ་བསྒུལ། །
བར་སྐབས་ཤིག་ནས་མདའ་དང་མདུང་གིས་འཕྲུལ་གྱི་ངོ་ཡར་མ་ཡོང་ཞིང་། །
ད་ནི་དཔའ་བོ་མེ་ཡི་འཁོར་ལོས་ཤར་ཕྱོགས་ས་ཡི་སྣེ་མོ་ནས། །
ནུབ་ཕྱོགས་རྒྱ་མཚོའི་མཐའ་ཡི་བར་དུ་སྲེག་གི་དུས་རབས་སླེབས་པར་ཉིད། །
རྔ་བའི་ཟུར་མིང་ཅན་གྱི་མོ་ལྡང་འདིས། །
རང་རིགས་དཔའ་བོ་མེ་ལ་མ་འབར་རོགས། །
ཞེས་པའི་ཆོ་མེད་གཏམ་ལ་འདྲེ་ང་ཡང་། །
ངུ་མ་རྒོད་ཀྱི་ཤུགས་རིང་སྟུ་ལས་ཤོར། །
ཁ་བརྡ་རྩོམ་སྒྲིག་པ་ལྷན་རྒྱས་ལ་ཞུ་རྒྱུ། ད་བར་ཁོ་མོས་མཆན་འདེབས་ཀྱི་མིང་ཐོག་ནས་རྔ་བ་ཀུན་བཟང་སྒྲོལ་མ་ལས་གཞན་ཞིག་བཀོལ་སྤྱོད་བྱེད་ཀྱི་མེད། འོན་ཀྱང་། འཚམས་འཚམས་སུ ཀློག་འཕྲིན་ཁ་བྱང་གི་ཐོག་ནས་ ngawa_kunsang@yahoo.com དང་kunsang_dolma@yahoo.com གཉིས་ནས་ནོར་འཁྲུལ་རེ་བྱུང་པར་དགོངས་འགལ་མེད་པར་མཁྱེན།
བོད་ནང་གི་ད་བར་དུ་རང་ལུས་མེ་རུ་བསྒྲོན་པ་ནི་བོད་མི་ས་ཡ་དྲུག་པོའི་ཆེད་ཡིན་པར་ཀུན་གྱིས་ཤེས་དགོས། མ་འོངས་པའི་མདུན་ལམ་བོད་ཕྱི་ནང་གཉིས་ཀའི་ཆིག་སྒྲིལ་ཐོག་སྒྲུབས་དགོས། བོད་ནང་གི་རང་ལུས་མེ་བསྲེགས་གཏོང་མཁན་རྣམས་ཀྱི་ལས་འགུལ་དེ་འགྲིག་མི་འགྲིག་གི་སྐད་ཆ་བཤད་རྒྱའི་ཐོབ་ཐང་མི་སུ་ལ་ཡང་ཡོད་པ་མ་རེད། དེའི་རིགས་མ་བཤད་རོགས་ཞུ། སྒེར་རང་ཐོག་ནས་ནུས་པ་གང་ཡོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མ་འགལ་བའི་ཐོག་སྒེར་གྱིས་གདུང་སེམས་མཉམ་སྐྱེད་ཐད་ལམ་སྟོན་གསར་བ་གང་ཡོད་དྲ་ཐོག་ཏུ་སྤེལ་རྒྱུ་གལ་ཆེ།
རྔ་རྒྱལ་གྱིས་བཤད་པ་ངོ་མ་བདེན་པ་རེད། ང་ཚོས་མེ་ལ་སྲེག་ཅེས་སྐུལ་བའི་ཐོབ་ཐང་མེད་ལ། མ་སྲེག་རོགས་ཅེས་བཤད་པའི་དབང་ཆ་མེད། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སོ་སོས་གང་ནུས་བྱེད་རྒྱུ་ནི་ལོ་རྒྱུས་དང་ཤ་ཁྲག་གིས་སྤྲད་པའི་ལས་འགན་ཞིག་རེད།
དྲ་གྲོགས་ཚོའི་རྔ་བ་ཀུན་གྲོལ་གྱི་རྩོམ་ཐུང་དེའི་དོན་རྟོགས་མཁན་དང་མ་རྟོགས་མཁན་དང་
ཡང་ཟུར་ནས་རྟོགས་མ་རྟོགས་མཐོང་སྡད་མཁན་ཡང་དེའི་ཕྱེད་ཀ་རྟོགས་མཁན་སོགས་མང
་པོ་ཡོད་ཚོད་རེད་ཡིན་ཡང་ངས་ནི་སྐད་ཆ་དེ་ལྟ་བུ་ལ་ཡིད་རང་ཁོ་ན་ལས་གཞན་གང་ཡང་
མེད་ཀྱང་མེར་སྲེག་མཚམས་འཇོག་གི་གནད་ཁ་དེ་རྒྱ་མེར་དྲི་དགོས་ཞེས་མཚམས་འཇོག་
གླེང་ནས་སྐྱར་ཟློས་དང་ཡང་ཟློས་བྱས་སྡད་པ་ནི་འདི་བསམ་ཤེས་ཤིག་མ་ཡིན་པར་འདོད།