Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རེབ་གོང་གི་དེ་རིང་གནས་སྟངས་སྐོར།

Posted on 2012-11-092012-11-09 By ཁ་བརྡ་ No Comments on རེབ་གོང་གི་དེ་རིང་གནས་སྟངས་སྐོར།

གནས་ཚུལ་མཁོ་འདོན་པ། བསོད་ནམས།

དེ་རིང་ཕྱི་ཟླ་༡༡པའི་ཚེས་༩སྟེ་བོད་ནང་གི་ཞོགས་པ་ཆུ་ཚོད་༥པ་ཡས་མས་སུ་རེབ་གོང་སྟེ་རྨ་ལྷོ་ཁུལ་ཐོག་ཏུ་རེབ་གོང་ཐུན་རིན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་། ཐུན་རིན་རྫོང་བཅའ་སྡོད་སློབ་གྲྭ་། ཐུན་རིན་རྫོང་ཕྱི་ལུགས་གསོ་རིག་སློབ་གླིང་། རྨ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ། ལས་རིགས་སློབ་གྲྭ་དང་ལག་རྩལ་སློབ་གྲྭ་སོགས་མཉམ་རུབ་ཐོག མི་རིགས་འདྲ་མཉམ་་་་སྐད་ཡིག་རང་དབང་། ལྡོག་རྩ་གཅིག་སྒྲིལ། ཞེས་སྐད་འབོད་བརྒྱབ་འདུག་ལ། དེ་དང་དུས་མཚུངས་སུ། ཕྱི་ཚེས་ ༨ ཉིན་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་ལྟར། དཔའ་བོ་དམ་པ་ཁོང་གི་གདུང་ཐལ་ཡུལ་མི་དང་མདོ་བ་རོང་འབྲོག་གི་དགེ་འདུན་པ་དང་། སྡེ་དཔོན་དང་སྡེ་བ་གཅིག་པ་ཤ་ཉེ་རིང་བཅས་མི་དམངས་བརྒྱ་ཕྲག་བརྒལ་བ་ནས་གངས་རི་མ་སོགས་གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དང་མ་ནི་དབྱངས་སུ་གྱེར་བཞིན་རང་ཁྱིམ་དུ་གདན་འདྲེན་ཞུས་འདུག
དེ་རིང་སྐད་འབོད་རྒྱག་དགོས་པ་ནི་ཕྱི་ཟླ་༡༡་པའི་ཚེས་༧རེབ་གོང་མདོ་བ་ཞང་ནས་ཡིན་པ་དཔའ་མོ་རྟ་མགྲིན་འཚོ་ལ་གདུང་སེམས་མཉམ་སྐྱེད་དང་སྦྲགས། ཁོ་མོའི་དགོས་འདུན་འགྲུབ་ཆེད་སློབ་ཆུང་སློབ་མ་སོགས་ཀྱིས་སྐད་འབོད་དང་རྒྱ་མིའི་དར་ཆ་མར་ཕབ་སྟེ་བོད་ཀྱི་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སྤེལ་བ་རེད་འདུག་ལ། དེ་རིང་ཡང་རོང་བོ་གྲོང་ཁྱེར་གྱི་ལྟེ་གནས་སུ་ཡོད་པའི་སློབ་གྲྭ་ཁག་ནས་ངོ་རྒོལ་དགོས་དོན་དཔའ་བོ་རྟ་མགྲིན་འཚོ་དང་། ཕྱི་ཚེས་ ༨ ཉིན་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྦྱིན་པ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་པ་ལྟར། ཁོང་གི་ཁ་ཆེམས་ཡི་གེའི་ནང་ “མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན།” ཞེས་འཁོད་ཡོད་འདུག་པར་བརྟེན། དེར་དེ་རིང་བསྐྱར་དུ་རེབ་གོང་རོང་བོ་གྲོང་ཁྱེར་ལྟེ་བ་ནས་དཔའ་བོ་དཔའ་མོ་ཁོང་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དང་ཁོང་རྣམས་པའི་རེ་འདུན་དགོས་འདུན་འགྲུབ་ཆེད་ཡིན་ལ། ངོ་རྒོལ་འདིའི་འབྱུང་ཁུངས་ནི་ཕྱི་ལོ་༢༠༡༠ལོའི་ཟླ་འཇུག་ལ་མཚོ་སྔོན་ཞིང་ཆེན་གྱི་སྐད་ཡིག་བསླབ་གཞིར་བཅོས་བསྒྱུར་ཐད་ལ་སྲིད་ཇུས་གཏན་འབེབས་དང་བོད་རིགས་སློབ་གྲྭ་ཁག་གི་སློབ་གསོ་ལ་བཙན་དབང་གིས་བསྒྱུར་བཅོས་བཏང་བ་སོགས་ལས་བརྟེན་ནས་གོང་གི་སློབ་གྲྭ་ཁག་གི་སློབ་མས། སྐད་ཡིག་རང་དབང་དང་་་་མི་རིགས་འདྲ་མཉམ་ཞེས་སྐད་འབོད་བརྒྱབ་པ་དང་། ད་ལོ་ཕྱི་ཟླ་༣པའི་ཚེས་༡༤་ རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་རོང་བོ་དགོན་པའི་མདུན་ཐང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་བཏང་བ་དང་དུས་མཚུངས་སུ། ཕྱི་དྲོའི་ཆར། རེབ་གོང་རྫོང་མི་རིགས་སློབ་འབྲིང་དང་། དབྱི་ཧྥུ་སློབ་འབྲིང་གཉིས་ཀྱི་སློབ་མ་རྣམས་ཁྲོམ་གཞུང་དུ་ཐོན་ནས། ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་སྐད་བརྒྱབ་པ་དང་། གཞན། ཉིན་དེར་རེབ་གོང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པ། ལག་ཤེས་ལས་རིགས་སློབ་གྲྭ་བཅས་ཀྱི་སློབ་མ་ ༢༥༠༠ ཙམ་གྱིས། རྩེ་ཁོག་རྫོང་གི་ཁྲིམ་གཞུང་དུ་ཐོན་ཏེ། “སྐས་ཡིག་རང་དབང་། མི་རིགས་འདྲ་མཉམ། འཐབ་ར་གཏོར་དགོས” ཞེས་སྐད་འབོད་རྒྱག་བཞིན་རྫོང་མི་དམངས་སྲིད་གཞུང་དང་། རྫོང་ཉེན་རྟོག་ལས་ཁུངས། རྫོང་དྲག་ཆས་ལས་ཁུངས་བཅས་ཀྱི་སྒོ་ཁར་བསྐྱོད་དེ་སྐད་འབོད་བྱས་ཡོད་པ་དང་། དྲག་ཆས་ལས་ཁུངས་ཀྱི་སྒོ་ཁར་འཐབ་ར་ཞིག་བརྒྱབ་ཡོད་པ་དེ་ཡང་གཏོར་ཡོད་འདུག་པའི་གནས་ཚུལ་བྱུང་ཡོད་ལ།
ཕྱི་ཟླ་གསུམ་པའི་ནང་རེབ་གོང་སློབ་གྲྭ་ཁག་གིས་སྐད་འབོད་བརྒྱབ་པར་བརྟེན་རྒྱ་གཞུང་གིས་རེབ་གོང་ཐུན་རིན་རྫོང་བཅའ་སྡོད་སློབ་ཆུང་གི་སློབ་སྤྱི་པདྨ་ཚེ་བརྟན་དང་། དབྱི་ཧྤུ་སློབ་འབྲིང་གི་སློབ་སྤྱི་རྡོ་རྗེ་རྒྱལ། དགེ་འདུན་ཆོས་འཕེལ་སློབ་འབྲིང་གི་སློབ་སྦྱི། ཐུན་རིན་རྫོང་སློབ་གསོ་ཁང་གི་འགོ་ཁྲིད་ལྷ་འབུམ་མཁར་བཅས་ལས་གནས་ནས་ཕུད་ཡོད་པ་མ་ཟད། གཞན་ཡང་རྩེ་ཁོག་རྫོང་ཁོངས་ཀྱི་བོད་རིགས་སློབ་སྦྱི་ཁག་ཅིག་ཀྱང་གནས་དབྱུང་དང་གོ་གནས་ལས་མར་བབས་པའི་གནས་ཚུལ་ཐོན་ཡོད་ལ། རྒྱ་ནག་གི་སྲིད་ཇུས་དང་བྱ་སྦྱོད་ངན་པའི་རྒྱུ་རྐྱེན་མང་དག་གཅིག་ལ་བརྟེན་ནས་རེབ་གོང་སློབ་མས་ངོ་རྒོལ་རབ་དང་རིམ་པ་མང་པོ་སྤེལ་ཡོད་་པ་རེད།
དེ་རིང་སླར་ཡང་ངོརྒོལ་བྱས་པ་ལྟར་ན། རེབ་གོང་རྫོང་མི་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་ལྔ་དྲུག་ཅིག་མཉམ་འཛོམས་ཀྱིས། ༸གོང་ས་སྐྱབས་མགོན་མཆོག་གི་ཞབས་བརྟན་གསོལ་འདེབས་ གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག། ཅེས་པ་དབྱངས་འདོན་དང་། དེ་བཞིན་ མི་རིགས་འདྲ་མཉམ་བྱ་དགོས། རྡོག་རྩ་་གཅིག་སྒྲིལ། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། ཞེས་སྐད་འབོད་བྱས་ཡོད་པ་རེད། དེ་རིང་གྲྭ་བ་དང་མི་མང་ཤུགས་ཆེར་འཛོམས་འདུག དེ་རིང་ཡང་གཅིག་ཁྲི་ལྷག་འཛོམས་ཡོད་ཚོད་འདུག
ད་ལྟ་འབྲེལ་བ་བྱས་དོན་ལ་ཉིན་གུང་ཆུ་ཚོད་༡༢ཡོལ་ཙམ་ལ་སློབ་མ་རྣམས་ཀྱིས་དེ་རིང་སྐད་འབོད་བརྒྱབ་པ་ཙམ་ལས་རྒྱ་གཞུང་གི་ལས་ཁུངས་སོགས་ཀྱི་སྒོ་དང་སྒེའུ་ཁུང་བཅག་པ། དམག་མི་ལ་རྡོ་གཞུས་པ་སོགས་གནས་ཚུལགང་ཡང་བྱུང་མེད་པ་མ་ཟད། སློབ་མ་རྣམས་སློབ་གྲྭའི་་ནང་དུ་དགེ་རྒན་ཚོས་བཀག་འདུག་པ་དང་། ཉིན་གུང་རྒྱབ་ལ་སློབ་གྲྭ་ཁག་ལ་གུང་གསེང་བཏང་སྟེ་སློབ་མ་རྣམས་རང་ཁྱིམ་དུ་མངགས་འདུག
དེ་རིང་ངོ་རྒོོལ་གྱི་སྐབས་དེར། དམག་མི་དང་ཉེན་རྟོག་པ་ཕོན་ཆེན་པོ་ཞིག་སླེབས་འདུག་མོད། དམིགས་བསལ་ཉེས་རྡུང་གཏོང་བ་སོགས་ཀྱི་གནས་ཚུལ་མེད་བྱུང་མི་འདུག

གསར་འགྱུར།

Post navigation

Previous Post: རེབ་གོང་ནས་དེ་རིང་སློབ་མས་ངོ་རྒོལ་སྐབས་ཀྱི་པར།
Next Post: མཚོ་་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་ཚོས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ལས་འགུལ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme