Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འཇིག་རྟེན་སྤྱིའི་དགྲ་བོ་ཚན་རིག་པ་དང་། ཚན་རིག་རེད།

Posted on 2012-11-082012-11-08 By ཁ་བརྡ་ 36 Comments on འཇིག་རྟེན་སྤྱིའི་དགྲ་བོ་ཚན་རིག་པ་དང་། ཚན་རིག་རེད།

ཨོ་རྒྱན་ཉི་མ།

ངོ་མ་ཉེན་རྟོག་པ་ཞིག་ཡོད་རྒྱུ་ན། དྲང་བདེན་སྲང་ལ་གཞལ་བའི་དཔོན་པོ་ཞིག་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སྐྱེ་འགྲོའི་གཏན་གྱི་འདུན་མ་ལ་ཐུགས་བསམ་བཞེས་མཁན་ཞིག་ཡོད་སྲིད་རྒྱུ་ན། ཚན་རིག་པ་དང་། ཚན་རིག་པའི་རིག་གཞུང་དང་བཅས་པ་བཙོན་ཁང་ནས་སླར་ལྡང་དུ་མེད་པར་ཚེ་བཙོན་དུ་བསྡུད་དགོས་ངེས་ཤིག་རེད། ཅིའི་ཕྱིར་ཞེ་ན། ཚན་རིག་པས་སྣོད་ཀྱི་འཇིག་རྟེན་གཏོར་བརླག་ཏུ་བཏང་བ་དང་། བཅུད་ཀྱི་སེམས་ཅན་ལ་སེམས་གཅོང་གི་རིམས་ནད་བསྐྱེད་པའི་བྱེད་པོ་ངོ་མ་ཞིག་ཡིན་པར་མ་ཟད། དེང་སང་སྔར་མེད་ཀྱི་རིམས་ནད་དང་། དུག་རླངས་ཀྱི་ན་ཚ་འདྲ་མིན་ཚང་མ་ཚན་རིག་པས་བྱས་པ་རེད། དུག་ནད་ལ་ལ་བསམ་བཞིན་དུ་བྱས་པ་དང་། ལ་ལ་ཞིག་རྫས་འགྱུར་གྱི་གཡོས་སྦྱོར་ཕྱིན་ཅི་ལོག་ཏུ་ཤོར་བ་ལ་བརྟེན་ནས་བྱུང་བ་ཞིག་རེད། དཔེར་ན་རྡུལ་ཕྲན་གྱི་གློག་གི་ནུས་པ་དེ་དེང་སང་འཛམ་གླིང་ཤར་ནུབ་ཀྱི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་ཏུ་བེད་སྤྱོད་གཏོང་བཞིན་པ་རེད། དེ་ཉིད་ས་འགུལ་དང་། ཆུ་ལོག རླུང་ཇག་སོགས་རྐྱེན་ངན་པ་ཞིག་དང་འགྲོགས་ཏེ་ཤོར་སོང་ན། ཟས་དང་། གོས། ཁང་ཁྱིམ་ཚང་མར་དུག་གིས་བགོས་འགྲོ་བའི་རླངས་དུག་ངར་མ་ཞིག་ཡིན་ཚོད་རེད། ད་དུང་རྡུལ་ཕྲན་གྱི་མཚོན་ཆ། མེ་སྒྱོགས་སོགས་མཐོང་བ་གཟུགས་ཅན་གྱི་གོ་མཚོན་དང་། མི་མཐོང་བ་གཟུགས་མེད་ཀྱི་གོ་མཚོན་མཐའ་དག་བསམ་ངན་སྦྱོར་རྩུབ་གཉིས་ཀྱིས་འཕུལ་བ་ཤ་སྟག་རེད།
གང་ལྟར་བསམ་ངན་གྱིས་འཕུལ་བའི་བྱ་བྱེད་ལས་གསུམ་མཐའ་དག་མཇུག་འབྲས་ངན་པ་ཞིག་དང་། སེམས་པ་རྣམ་དག་གིས་བཟོས་པའི་བཅའ་དངོས་གང་ཡིན་ཡང་མཇུག་འབྲས་བཟང་པོ་ཞིག་ཡོད་པ་དེ་ཆོས་ཉིད་ཅིག་རེད། དེ་ཕྱིར་ཚན་རིག་པས་བཟོས་པའི་དངོས་པོ་ཡོད་དོ་ཅོག་མགོ་བསྐོར་དང་། བསླུ་བྲིད། གསོད་སེམས། བརྡུང་སེམས་ཁོ་ནས་འཕུལ་བའི་བསམ་ངན་གྱི་འབྲས་བུ་ཡིན་པ་ལ། ངས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བཏུབ། དེང་སང་འགའ་ཞིག་གིས་ཚན་རིག་པའི་བྱས་རྗེས་ལ་ཧ་ལས་པ་དང་། ཧོན་འཐོར་མདོག་བྱེད་མཁན་མང་པོ་འདུག་སྟེ། རྨོངས་པ་ཁོ་བོར་མཚོན་ན་དེ་ཚོ་ལ་དམིགས་བསལ་སེམས་གང་ཡང་ཤོར་མ་མྱོང་། ཚན་རིག་པས་བསྐྲུན་པའི་གནམ་བྱ་དང་། གྲུ་གཟིངས། རླངས་འཁོར་སོགས་འདྲ་མིན་ཞིག་འདུག དེ་དག་ལ་ཞོན་ན་འཛམ་གླིང་ཤར་ནུབ་གཉིས་ཀར་ཆུ་ཚོད་ཉེར་བཞིའི་ཡུན་ལ་མི་བསླེབ་ས་ཞིག་ཕལ་ཆེར་མེད་པ་ལྟ་བུ་རེད། ཡིན་ན་ཡང་དེའི་མཇུག་འབྲས་ལ་བསམ་བློ་བཏང་། ཕུགས་ཀྱི་ཆགས་འཇིག་ལ་རྒྱང་ལྟ་ཞིག་གྱིས་དང་། ཚན་རིག་པ་དག་ནི་ངོ་མ་གདོན་གསོན་པོ་འཇིག་རྟེན་འདིར་སླེབས་པ་དང་གཅིག་མཚུངས་རེད། མ་འོངས་པའི་ལོ་ཉི་ཤུ་དང་སུམ་ཅུའི་རྗེས་སུ་ས་འོག་འབྱུང་པོས་གང་། ས་སྟེང་རླངས་འཁོར་དང་། མེ་འཁོར་གྱིས་གང་། ནམ་མཁའ་ལ་གནམ་གྲུ་དང་། འཕྲུལ་གཤོག་གིས་གང་། སྐབས་དེ་དུས་མི་ལ་བདེ་སྐྱིད་ཅིག་དང་། དུད་འགྲོ་ལ་རང་དབང་ཞིག ད་དུང་ཁོར་ཡུག་ལ་སྲུང་སྐྱོབ་ཅེས་པ་དེ་ཡིད་སྨོན་ཙམ་ཞིག་ལས་ཁག་པོ་རེད། དེང་སང་རྒྱལ་ཁབ་ཀྱི་དཔོན་པོ་དང་། ཕྱུག་བདག་ག་གེ་མོ་དང་། ཚོགས་པ་ཆེ་ཁག་གི་དབུ་ཁྲིད་ཚོའི་ནང་གི་མྱོང་བ་དག་ལ་རྒྱུས་ལོན་ཞིག་གྱིས་དང་། ད་དུང་ཚན་རིག་གིས་འཕུལ་བའི་བཟོ་གྲྭའི་བདག་པོ་དང་། ཐོན་སྐྱེད་ཡར་ཐོན་གྱི་འཆར་འགོད་པ་ཚོར་དྲི་བ་ཞིག་ཕྲིས་དང་། བདེ་སྐྱིད་ཞིག་དང་། སེམས་མགུ་བའི་དུས་ཤིག་མེད་པ་རྟོགས་ནུས།
ད་ཡིན་ན་བཟོ་ལས་འཆར་འགོད་པ་ཚོ་ཡང་ངོ་མ་ཐང་ཆད་ནས་བསྡད་འདུག ག་ཚོད་ཡར་རྒྱས་བཏང་ན་ཡང་མཐའ་མེད་པར་མ་ཟད། དེ་ཡང་དཔལ་འབྱོར་འགྲན་རྩོད་ཀྱི་ཁྲོད་ནས་སྔ་མ་ཡིན་ན་ལོ་ཤས་རྗེས་སུ་བཅའ་དངོས་གསར་པ་རེ་ལས་ཐོན་ཐུབ་ཀྱི་མེད་ཀྱང་། ད་ལྟ་ལོ་རེ་དང་། ཟླ་བ་རེཪ། ཞག་རེའི་ནང་དུ་ཚོན་མི་འདྲ་བ་དང་། རྒྱུ་ཆ་མི་འདྲ་བ། བཟོ་དབྱིབས་མི་འདྲ་བ་མང་པོ་ཞིག་གིས་འབངས་མི་སེར་ལ་འདོད་རྔམས་སྐྱེ་རུ་འཇུག་པ་དེ་སྨོས་མེད་ཐོག ག་ཚོད་ཡར་རྒྱས་གཏོང་དགོས་ན་དེ་ཙམ་གྱིས་འགྲོ་གྲོན་དེ་ཡང་། སྔོན་ལས་ཉིས་འགྱུར་གྱིས་ཆེ་འགྲོ་བའི་རྒྱུ་མཚན་ལ་བརྟེན་ནས་བཟོ་གྲྭའི་བདག་པོ་དང་། འཆར་འགོད་པ་ཚོ་ཡང་ཕལ་ཆེར་ཕྱིར་ནུར་བྱ་དགོས་པའི་དུས་ཚོད་ལ་སླེབ་བཞིན་པ་རེད། དེ་ཕྱིར་བསམ་བློ་ལེགས་པར་གཏོང་ཤེས་མཁན་རེ་ཡོད་ན། ཧི་མ་ལ་ཡའི་རི་ངོགས་སུ་ད་དུང་ཚན་རིག་གི་འབྲས་བུ་ཡོངས་སུ་སྨིན་མེད་ལ། སྲོལ་རྒྱུན་གྱི་རིག་གཞུང་གིས་ཕྱུག་པའི་ས་ཆ་རེད། དེ་ཕྱིར་དེང་རབས་ཀྱི་འཛུགས་སྐྲུན་ལ་ཐུར་དུ་མི་བལྟ་བར། སྔོན་བྱོན་གྱི་དཔལ་ཡོན་ལ་གྱེན་དུ་བལྟ་དགོས་པ་དང་། དཔེར་ན་ཆོས་ཀྱི་རྒྱལ་ཁབ་འབྲུག་ལ་དཔེ་བླངས་ཏེ། སྲོལ་རྒྱུན་ལ་སྲུང་སྐྱོབ་བྱ་དགོས་པ་དང་། ད་དུང་མ་འཐུས་པ་དང་། མ་འདང་ས་ཡོད་ན་བོད་རང་གི་རྣམ་དཔྱོད་ལ་བརྟེན་ནས་རང་སྒོ་བསྲུང་དགོས་ངེས་རེད། རང་རང་གི་ཡུལ་ལ་གཞིའི་བདག་དང་། ས་བཅུད་ཡུལ་རྟེན། གཏེར་དངོས། ཤིང་ནགས། གསེར་དངུལ་ཟངས་ལྕགས། རྡོའི་རིགས་འདྲ་མིན་མང་པོ་ཞིག་ཡོད་པ་རྣམས་སྲུང་སྐྱོབ་དང་། རང་གི་སྒོ་ཟོག་གནག་ཕྱུག ར་ལུག རྟ་ཁྱི་སོགས་ལ་བྱམས་སྐྱོང་གིས་འཚོ་གནས་བཟང་སར་བསྐྱལ་བ་དང་། རོང་པ་ཚོས་ཁང་ས་ཞིང་དང་། སྲོལ་རྒྱུན་གྱི་ལོ་ཏོག་འདེབས་སྟངས་དང་། ཡུར་མ་རྒྱག་པ་སོགས་ལ་བརྩོན་པ་ལས། ས་རྩོད་ཆུ་རྩོད་མི་རྒྱག་པར་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་ལ་བརྟེན་ནས་འཇིག་རྟེན་བདེ་ཞིང་ལོ་ལེགས་པའི་ཐབས་ལམ་དག་འདིང་དགོས་པ་རེད། མཐོ་སྒང་གི་ས་བཅུད་ཞེས་པ་ནི་རྩི་ཤིང་ནགས་ཚལ་དང། གཏེར་ཁའི་རིགས་རིན་པོ་ཆེ་དག་རེད། ཐེ་ཝན་སོགས་སུ་བོད་ནས་སླེབས་པའི་རྡོ་རེད་ཟེར་ནས་གོང་ཆེན་པོ་ཞེ་དྲག་བྱེད་ཀྱིན་འདུག མདོག་ལ་སྣ་ཚོགས་དང་། རི་མོ་ཡང་སྒྱུ་རྩལ་ལ་མཁས་པ་ཞིག་གིས་བྲིས་པ་ལྟར་ལས་རང་བྱུང་ཁམས་ཀྱི་བཀོད་པ་འདྲ་པོ་ཞིག་མི་འདུག དེ་ཕྱིར་བོད་པ་དང་། ཧི་མ་ལ་ཡའི་མི་ཚོས་རང་ལ་གསེར་དངུལ་ཟངས་ལྕགས་ཙམ་ཡོད་པ་ལས། རྡོའི་རིགས་མང་པོ་ཞིག་ཡོད་པ་ཕལ་ཆེར་ཤེས་ཀྱིན་མེད་པ་འདྲ། ད་དུང་མཐོ་སྒང་གི་ཆུ་ཕྲན་དག་གི་འགྲམ་ན་ཡོད་པའི་རྡོ་དཀྱུས་མ་དག་ཀྱང་རྒྱ་གྲོང་དུ་སླེབས་ཚར་དུས་གོང་ཆེན་པོ་རེད་འདུག་ལ། དེ་དག་ཉོ་མཁན་ཡང་འཚང་ཁ་རེད་འདུག དེ་ཕྱིར་ས་བཅུད་དེ་ཚོ་ཚན་རིག་པའི་ལག་ཏུ་མི་ཤོར་བའི་ཆེད་དུ་གོང་རིམ་ལ་སྙན་ཞུ་དབུལ་དགོས་པ་དང་། དོན་ལག་ལེན་ཐོག་ཏུ་འཁེལ་མིན་སྡེ་བའི་མི་སེར་ཚོའི་སྙིང་སྟོབས་དང་། འཇོན་ཐང་ལ་རག་ལས་པ་རེད།
དྲང་བདེན་དང་། རང་དབང་འཚོལ་བའི་ཆེད་དུ་ཡོད་ཚད་བློས་གཏོང་དགོས་པ་དེ། དོན་ཆེན་ལ་དགྱེས་པ་ཚོའི་ལས་འགན་རེད། ཡིན་ན་ཡང་བྱ་བ་གང་ཡིན་ཡང་རང་གཞན་གཉིས་ཀའི་ཕུགས་ཀྱི་འདུན་མ་ལ་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད། མི་ལ་རྣམ་དཔྱོད་ཡོད་མེད་ཟེར་བ་དེ་རང་གི་མི་ཚེ་གཅིག་གི་བྱས་རྗེས་ཡོད་མེད་ཙམ་མ་ཡིན་པར། གང་ཟག་དེས་བཞག་པའི་བྱས་རྗེས་དེ་མི་རབས་མང་པོར་གོ་རྒྱུ་ཡོད་པ་དང་། རྒྱལ་ཁབ་དང་། མིའི་རིགས་ཀྱིས་མཚོན་པའི་འཇིག་རྟེན་འདིར་བདེ་བའི་ལམ་བཟང་ཞིག་སྲོལ་བཏོད་ཡོད་ན་འཇོན་པ་རེད། དཔེར་ན་བདག་ཅག་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ནང་བཞིན་རེད། ཁོང་གི་སྙིང་སྟོབས་དང་། བློ་གྲོས་ལ་བརྟེན་ནས་བྱུང་བའི་དམ་པའི་ཆོས་འདི་ཉིད་ལ་འགྲན་ནུས་པ་དང་། བསྒྲུན་ནུས་པ་ཞིག་ས་སྟེང་འདི་ན་གཏན་ནས་མེད་ངེས་རེད། གང་ཡིན་ཞེ་ན་འཇིག་རྟེན་འདིའི་སྐྱེ་བོ་ཕལ་ཆེ་བས། སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་ལ་ཐོས་བསམ་གྱིས་མཐའ་རྒྱ་བཅད་དེ། ཉམས་ལེན་གནང་ཐུབ་ན། སྣོད་བཅུད་གཉིས་ཀའི་ཚེ་ཐག་དེ་རིང་དུ་འགྲོ་ངེས་པ་དང་། འབྱུང་བཞིའི་འཇིགས་པ་སོགས་ཀྱང་སྙུང་ངེས་ཡིན། ནང་པའི་རྗེས་སུ་འགྲོ་མཁན་ཕལ་ཆེ་བ་ཞིག་ནི་གཟུགས་བརྙན་ཙམ་ལས། དོན་དངོས་པོའི་རང་གཤིས་ལ་གྲུབ་པའི་དམ་པའི་ཆོས་ཀྱི་བྲོ་བ་མྱོང་ཐུབ་མཁན་ཡང་དཀོན་པོ་རེད། དེ་ཕྱིར་ཆོས་ཁ་ལ་འཁྱེར་བཞིན་ཆོལ་ཁ་དང་ཆོས་ལུགས་བརྩད། རྒྱལ་ཁབ་དང་མི་རིགས་འབྱེད། ཕྱོགས་འཐེན་བྱེད་སྡོད་མཁན་ཕལ་ཆེ་བ་ནི། ཆོས་དང་སེམས་རྒྱུད་འདྲིས་མ་ཐུབ་པ་དང་། ཆོས་ལམ་དུ་མ་སོང་བའི་གང་ཟག་ཚོའི་བྱས་ཉེས་ཆེན་པོ་ཞིག་རེད། སྔོན་གྱི་དུས་སུ་ཆབ་སྲིད་པ་ཚོས་རང་ངོས་ནས་མི་སེར་ལ་དབང་བསྒྱུར་བའི་ནུས་པ་མེད་དུས་རྩ་ནས། ཆོས་བེད་སྤྱོད་ཀྱིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་འཛམ་གླིང་ཤར་ནུབ་གཉིས་སུ་མང་པོ་རེད། ཆབ་སྲིད་པས་ཆོས་ལ་མགོ་སྒུར་མདོག་བྱས་པ་ནི་རང་གི་དགོས་དམིགས་ཤིག་ལས། ཆོས་ཀྱི་ཡོན་ཏན་མཐོང་བ་དང་། བླ་མ་དང་ཆོས་ཀྱི་དབུ་ཁྲིད་ལ་དད་ནས་གང་ཡང་མ་རེད། དེ་ཕྱིར་རིག་གསར་པ་དང་། གསར་བརྗེ་བ་ཚོས་བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་མཐའ་དག་ཆོས་ལས་བྱུང་བར་སེམས་ཏེ། ཆོས་ལུགས་ཡོངས་རྫོགས་རྩ་མེད་བཏང་བའི་ཐབས་ལམ་རབ་དང་རིམ་པ་བཏིང་པ་རེད་དེ། བཀས་བཀོད་རྒྱུད་འཛིན་པ་ཚོས་ཆོས་བེད་སྤྱོད་བཏང་བ་ལས། ཆོས་ཀྱིས་བཀས་བཀོད་པ་ཚོ་ཕར་བེད་སྤྱོད་བཏང་མེད་དུས་རྩ་ནས། བཀས་བཀོད་རྒྱུད་འཛིན་པ་མཇུག་དྲིལ་ལ་ཉེ་ཡང་། ཆོས་ཀྱི་གྲགས་པ་སྔར་ལས་ཆེས་ཆེར་འབར་བཞིན་པ་དང་། ཆོས་ཀྱི་སྙིང་པོ་དེ་ཆོས་པ་རྣལ་མ་ཚོའི་སེམས་ཀྱི་གཤིས་དང་འབྲེལ་ཡོད་པས། རིག་གསར་བ་སུས་ཀྱང་རྩ་མེད་དུ་བཏང་མ་ཐུབ་པ་རེད། དེ་ཕྱིར་ཆོས་པ་ཚོས་ཆོས་ཀྱི་སྙིང་པོ་འཛིན་དགོས་པ་དང་། ཆོས་པས་ཆབ་སྲིད་པ་དག་ལ་དུས་ནམ་ཡང་མགོ་སྒུར་མི་རུང་བ་དེ་ལུགས་ཀྱི་གནད་གསང་ཞིག་ཡིན། སྔོན་ནས་ད་བར་ཆོས་སྐྱོན་ཅན་དུ་མཐོང་དུ་འཇུག་མཁན་ཚང་མ་ཆབ་སྲིད་པ་འདི་ཚོ་རེད། དེ་ཕྱིར་ཆབ་སྲིད་དང་ཆོས་གཉིས་སོ་སོར་ཞོགས། སོ་སོར་ཉམས་སུ་ལོངས་དང་དམིགས་བསལ་གྱི་མྱོང་བ་ཞིག་ཡོད་ངེས་ཡིན། ཆབ་སྲིད་པ་ཚོས་ཆོས་ལུགས་ཁས་ལེན་མིན་རང་དབང་རེད། གལ་སྲིད་ཆོས་ཀྱི་དགེ་ཕན་མཐོང་སྟེ་བསླེབ་མཁན་འདྲ་ཡོད་ན་རྗེས་སུ་ཡི་རང་ཞུ་རྒྱུ་རེད།

སྣ་ཚོགས།

Post navigation

Previous Post: དེ་རིང་ཚེས་ ༩ ཉིན་རེབ་གོང་ནས་སློབ་མས་ཞི་བའི་ངོ་རྒོལ།
Next Post: སྨྱོན་པ་བཞིའི་སྨྱོ་ལབ།

Comments (36) on “འཇིག་རྟེན་སྤྱིའི་དགྲ་བོ་ཚན་རིག་པ་དང་། ཚན་རིག་རེད།”

  1. མེ་ཏོག་དཀར་པོ says:
    2012-11-08 at 11:53 pm

    ངོ་མ་ཉེན་རྟོག་པ་ཞིག་ཡོད་རྒྱུ་ན་སྤྲུལ་སྐུ་འདི་ཚོ་རེ་རེ་ཁྲིམས་ལ་སྦྱར་ཏེ་འཇིག་རྟེན་ཁམས་གཙང་མ་བཟོ་ས་རེད།

  2. མེ་ཏོག་དཀར་པོ says:
    2012-11-09 at 12:03 am

    འཇིག་རྟེན་སྤྱིའི་དགྲ་བོ་དེ་སུ་ཡིན་འཚོལ་དུས་དེ་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པར་རྟོགས། སངས་རྒྱས་བསྟན་པའི་དགྲ་བོ་སུ་ཡིན་ཚུལ་དུས་དེ་ཕུང་གསུམ་པ་ཡིན་པ་རྟོགས། ཕུང་གསུམ་པ་སུ་ཡིན་འཚོལ་དུས་སྤྲུལ་གོག་ཡིན་པར་རྟོགས། དེས་ན་འཇིག་རྟེན་སྤྱིའི་དགྲ་བོ་སྤྲུལ་སྐུ་རེད། ད་མང་ན་དམག་རྒྱོབས། ཉུང་ན་མཐུ་གཏོང་། རིང་ན་མེ་མདའ་རྒྱོབས། ཐུང་ན་མདུང་གིས་འབིགས། ད་བྱེད་རྒྱུ་གང་ཡོད་ཀྱིས་སྤྲུལ་སྐུ་མིང་ཙམ་ལས་རྡུལ་དུ་རློགས། བཀྲ་ཤིས་བདེ་ལེགས།

  3. མེ་ཏོག་དཀར་པོ says:
    2012-11-09 at 12:08 am

    འཇིག་རྟེན་སྤྱིའི་དགྲ་བོ་སུ་རེད་ལྟ་དུས་སངས་རྒྱས་བསྟན་པའི་དགྲ་བོ་དེ་ཡིན་པར་རྟོགས། དེ་སུ་ཡིན་ལྟ་དུས་ཕུང་གསུམ་པ་དེ་ཡིན་པར་རྟོགས། དེ་སུ་ཡིན་ལྟ་དུས་སྤྲུལ་སྐུའམ་སྤྲུལ་གོག་ཡིན་པར་རྟོགས། དེས་ན་མང་ན་དམག ཉུང་ན་མཐུ། རིང་ན་མེ་རྒྱོགས། ཉེ་ན་ཁབ་སོགས་ཀྱིས་སྤྲུལ་རྩ་མེད་གཏོང་། དེས་འཇིག་རྟེན་བདེ་ཞིང་སྐྱིད། བཀྲ་ཤིས་བདེ་ལེགས།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-11-09 at 12:20 am

    ་་་་་་ ཧི་མ་ལ་ཡའི་རི་ངོགས་སུ་ད་དུང་ཚན་རིག་གི་འབྲས་བུ་ཡོངས་སུ་སྨིན་མེད་ལ། སྲོལ་རྒྱུན་གྱི་རིག་གཞུང་གིས་ཕྱུག་པའི་ས་ཆ་རེད། དེ་ཕྱིར་དེང་རབས་ཀྱི་འཛུགས་སྐྲུན་ལ་ཐུར་དུ་མི་བལྟ་བར། སྔོན་བྱོན་གྱི་དཔལ་ཡོན་ལ་གྱེན་དུ་བལྟ་དགོས་པ་དང་། དཔེར་ན་ཆོས་ཀྱི་རྒྱལ་ཁབ་འབྲུག་ལ་དཔེ་བླངས་ཏེ། སྲོལ་རྒྱུན་ལ་སྲུང་སྐྱོབ་བྱ་དགོས་པ་དང་། ད་དུང་མ་འཐུས་པ་དང་། མ་འདང་ས་ཡོད་ན་བོད་རང་གི་རྣམ་དཔྱོད་ལ་བརྟེན་ནས་རང་སྒོ་བསྲུང་དགོས་ངེས་རེད། ་་་་་ཟེར།

  5. ཀརྡོ་གཉེར་ཕྱག་པ་ says:
    2012-11-09 at 12:30 am

    ཨོ་ཉི་ལགས་ཀྱིས། འཇིག་རྟེན་སྤྱིའི་དགྲ་བོ་ཚན་རིག་པ་དང་། ཚན་རིག་རེད། ཟེར།
    མེ་དཀར་ལགས་ཀྱིས། འཇིག་རྟེན་སྤྱིའི་དགྲ་བོ་སུ་རེད་ལྟ་དུས་སངས་རྒྱས་བསྟན་པའི་དགྲ་བོ་དེ་ཡིན་པར་རྟོགས། དེ་སུ་ཡིན་ལྟ་དུས་ཕུང་གསུམ་པ་དེ་ཡིན་པར་རྟོགས། དེ་སུ་ཡིན་ལྟ་དུས་སྤྲུལ་སྐུའམ་སྤྲུལ་གོག་ཡིན་པར་རྟོགས། ་་་་ཟེར།
    ངས་ནི། གཅིག་ལ་ཧ་ཧ་དང་། གཅིལ་ལ་ཧུ་ཧུ། ཞེས་བགད་མོ་ཤོར་སོང་ངོ་། །རྒྱུ་མཚན་ནི། ཚན་རིག་མེད་ན་མི་འབོར་ལ་དཔག་པའི་ཐོན་བསྐྱེད་མེད་པ་དང་། སྤྲུལ་སྐུ་མེད་ན་སངས་རྒྱས་ཀྱང་མེད་དགོས་པས། ཆོས་རྣམ་དག་ཅིག་ག་ནས་འབྱུང་ངམ། ཁྱེད་གཉིས་ལ་འདྲིའོ། །ལན་ཐོབ་ཅིག རིགས་ཀྱི་བུ་གཉིས་ལགས།

  6. དབང་རྡོར་ says:
    2012-11-09 at 1:56 am

    ཨོ་ཉི་ནི་སྣང་བ་དགྲ་ལང་རེད། ཁོ་རང་ངོ་ལ། སྟུ་མ་གཏོགས་གཞན་གཞི་གྲུབ་ན་དགྲ་ཡིན་པས་ཁྱབ་བོ།

  7. ཨོ་རྒྱན་ཉི་མ། says:
    2012-11-09 at 3:26 am

    དབང་རྡོར་འདིས་འདྲ་པོ་ཞིག་ལབ་འདུག

  8. མྱི་དཀར་ says:
    2012-11-09 at 4:55 am

    ཚན་རིག་ལ་གནས་སྐབས་དགེ་སྐྱོན་གཉིས་ཀ་ཡོད་ཀྱང་མཐའ་མ་ང་ཚོའི་འཇིག་རྟེན་འདི་རླག་སྐྱེད་ནི་རྡུལ་ཕྲན་འབར་མདེལ་སོགས་ཚན་རིག་གི་ཐོན་རྫས་རྣམས་ཡིན།

  9. རིག་པའི་བུ says:
    2012-11-09 at 6:40 am

    སྤྲུལ་སྐུ་འདི་སྨྱོ་འདུག

  10. བྱང་སྐར། says:
    2012-11-09 at 7:47 am

    ང་ནི་ཚན་རིག་ལ་ཧ་ཅང་དགའ། གལ་སྲིད་མི་དགའ་མཁན་ཡོད་ན་ཚན་རིག་གིས་བཟོས་པའི་ཅ་དངོས་རྣམས་བེད་སྤྱོད་མ་བཏང་ན་དེ་ག་རེ་བ། འོན་ཀྱང་ཚན་རྩལ་གྱིས་བསྐྲུན་པའི་དངོས་པོ་རྣམས་ལ་ཅི་དགར་
    ལོངས་སུ་སྤྱོད་ནས་ཚན་རིག་ཡག་པོ་མི་འདུག་ཟེར་ན་རྣ་བ་ལ་འགྲོ་རྒྱུ་མ་རེ་བ། རྩམ་པ་རྒྱག་ཚད་འིག་བཟོས་ནས་རྩམ་པ་དུག་རེད་རྩམ་པ་ཡག་པོ་མི་འདུག་ཟེར་ན་མི་ཚོ་དགད་མོ་ཤོར་གི་རེ་བ་སྤྲུལ་ལོ།

  11. པདྨ says:
    2012-11-09 at 7:48 am

    སྤྲུལ་སྐུ་ཨོ་རྒྱན་ཉི་མ་འདི་བ་ཚང་ཆུང་ནས་བཟུང་། ངོ་ཚ་ཁྲེལ་ཡོད། དད་གུས་དག་སྣང་། འདོད་ཆུང་ཆོག་ཤེས། དྲང་བདེན་ལྷག་བསམ། མཁས་བཙུན་བཟང་གསུམ་ལྡན་པའི་དཔལ་སྔ་འགྱུར་བའི་དཔལ་ཡུལ་བའི་དཀྱིལ་ཁྲ་ཟུར་རྒྱན་ཞིག་ཡིན་ཡང་། ད་ཡིན་ན་ཨ་ཀོན་དམ་ཉམས་རུལ་ཟ་དང་ཡུག་མོ་དེ་ཚོ་དང་འབྲེལ་ནས་གདོན་གཟུགས་དངོས་སུ་གྱུར་ཐལ། ཨ་ཁ་ཁ་གྲོགས་ངན་ཟེར་བ་འཇིགས་ཀི་ཡ། ད་ཁྱོད་ལ་ངོ་ཚ་ཁྲེལ་མེད། ལོག་ལྟ་རྒྱུད་སྐྱེས་པས་མཁས་བཙུན་བཟང་པོ་ལྟ་ཅི། ལོག་ལྟ་བཀུར་འདེབས་ཁོ་ན་ཅན། ཁྱད་པར་ཞེ་རྫོགས་སོགས་ཀྱི་སྐྱབས་རྗེ་དང་། རྡོ་གྲུབ་དང་མཁྱེན་བརྩེ་རིན་པོ་སོགས་ལ་ཡང་ཕུང་གསུམ་ཞེས་གང་ཟག་གིས་ཚོད་འཛིན་པ་བདུད་རྒན་ཁྱོད་སྙིང་རྗེའོ། ད་དུང་སྔགས་པ་དང་བླ་མ་ཡིན་འདོགས། ཕེས་་་་་ བླ་རྫུན་ཟོག་པོ་ལས་ངན་ཁྱོད་རྡོ་རྗེའི་དམྱལ་བར་འགྲོ་དུས་ངས་སྨོན་ལམ་རྣམ་པར་དག་པ་རེ་གསུང་རོགས་བྱེད། ཤ་ཚ་སྡིག་རྒན་ཕུང་གསུམ་པ་ཁྱེད་འགྲོ་ས་རྡོ་རྗེའི་དམྱལ་བ་ཡིན་པ་ཧ་གོ་བར་གྱིས་ཤིག། ལས་འབྲས་ཁྱད་གསོད་བྱེད་མཁན་སངས་རྒྱས་བསྟན་པའི་དགྲ་བོ་རང་མིན་གཞན་སུ་ཞིག་ཡོད། ང་ཚོ་གསང་སྔགས་རྙིང་མ་བ་ལ་བདུད་རྒན་རང་འདྲ་བ་ཞིག་དགོས་མཁོ་མེད་མི་རུང་བར་གསང་ཆེན་གྲལ་ནས་གནས་དབྱུང་གཏོང་གི་ཡིན་ལེགས་པར་ཉོན་ལ་ལོག་ཡིད་ལ་ཟུངས་ཤིག།། ཕཊཿཕཊཿཕཊཿ

  12. གཡུ་བྲག་པ says:
    2012-11-09 at 8:03 am

    ཨོ་ཉི་ལགས། དབྱིན་ཡུལ་ལ་འགྲོ་དུས་གནམ་གྲུར་བསྡད། ཐེ་ཝན་ལ་རྒྱུ་བཙལ་དུ་འགྲོ་དུས་ཡང་གནམ་གྲུ་རེད། མང་པོ་མི་བཤད་དེ་གཅིག་ཡང་ཚན་རིག་པའི་མཛད་རྗེས་རེད། ཧ་ཧ་ཧ། སྐད་ཆ་བཤད་ན་ཚང་མའི་ཉན་ན་འདོད་ནི་ཞིག་ཤོད། ཚན་རིག་པས་ཅ་ལག་བེད་སྤྱོད་བཏང་ནས་དགྲ་རེད་ཟེར།

  13. ལེགས་བཤད། says:
    2012-11-09 at 8:59 am

    འཇིག་རྟེན་སྤྱི་དགྲ་ནི་འདོད་ཆགས་ཞེ་སྡང་གཏི་མིག་གསུམ་རེད། བཅོམ་ལྡན་འདས་ཀྱིས། དེ་དག་འཇིག་རྟེན་དུག་གསུམ་ཏེ། །ཞེས་གསུངས། གུས་པས་ཚན་རིག་མི་ཤེས་རུང་མིའི་རིགས་ཀྱི་ཤེས་ཡོན་གོང་མཐོ་གཏོང་བར་ཚན་རིག་ནི་མེད་དུ་མི་རུང་། ཚན་རིག་སྤྱི་དགྲ་ཡིན་ན་ནང་བསྟན་ཡང་སྤྱི་དགྲ་ཡིན་ཟེར་དགོས་ཐུག་པས་ད་མང་པོ་མི་བཤད། གཙོ་བོར་བེད་སྤྱོད་བྱེད་མཁན་ལ་རག་ལས་པ་རེད།

  14. ལེགས་བཤད། says:
    2012-11-09 at 9:17 am

    ང་ཚོའི་སྟོན་པས་སྔར་ནས་གསུངས་ཟིན་པ་དང་། ཚན་རིག་པ་ཚོ་ལ་འཇིག་རྟེན་ཁམས་འདི་ཇི་འདྲ་ཞིག་ཡིན་པ་ཤེས་འདོད་ཡོད་པ་བཤད་མ་དགོས་པ་རེད། འཇིག་རྟེན་གྱི་སྤྱི་དགྲ་ངོ་མ་ནི་དུག་གསུམ་དང་དེའི་དབང་གིས་བདེན་པ་ལ་ཆ་འཇོག་མི་བྱེད་པར་ཚན་རིག་གི་ལག་ཆ་དང་ཆབ་སྲིད་ཀྱི་དབང་ཆ་ལོག་པར་བེད་སྤྱོད་པ་དག་རེད། འཛད་མཐའ་མེད་པའི་འགྲོ་བ་མིའི་དཀའ་ངལ་འདི་ད་དུང་ཡང་མང་ནས་མང་དུ་འགྲོ་བ་ལས་ཉུང་དུ་མི་འགྲོ་བ་ཅི་རེད། ཚན་རིག་གི་ཡར་རྒྱས་ཀྱིས་སེལ་མི་ཐུབ་པའི་དཀའ་ངལ་ནི་ནང་གི་ཞི་བདེ་ཡོད་མེད་ལ་ཐུག་ཡོད། ཚན་རིག་གི་ཐོག་མའི་ཀུན་སློང་རྒྱས་སྤྲོས་ཀྱི་བསམ་བསམ་བློ་དེས་ནི་མི་རྣམས་འདོད་སྲེད་ཇེ་ཆེར་བཏང་ནས་ཚན་རིག་ནི་ཆགས་སྡང་གི་གཞན་དབང་དུ་ཕྱིན་ཡོད། འདི་ལ་སྲིད་དོན་དང་འབྲེལ་བའི་ཚན་རིག་ཟེར་བ་ལས་བདེན་པ་ལ་གཞི་བཅོལ་བའི་ཚན་རིག་མིན།

  15. ངོ་ལུག says:
    2012-11-09 at 8:26 pm

    ངའི་ཕ་ཡུལ་ན་ཆུ་རྡོ་སྔོན་མོ་མང་གི། དེ་རིང་ཁ་བརྡ་ཚང་ནས་ཚོང་ལམ་ཞིག་རྙེད་སོང་། ཚན་རིག་ནི་བེམ་པོ་ཡིན་པས་དགེ་སྡིག་གང་ཡང་མ་ཡིན་ལ་དེ་ཉིད་གང་གི་ཡང་རྒྱུར་རུང་བ་ཡིན་པ་སོགས་མང་པོ་ཞིག་བཤོད་རྒྱུ་འདུག་མོད་ད་ཚོང་ལམ་དེ་ལ་བསམ་ནས་མང་པོ་བྲི་ལོངས་མི་འདུག ཆུ་རྡོ་སྔོན་མོ། ནོར་ཉམས་ཆོད་མི་འདུག་ག

  16. པདྨ་འཕྲིན་ལས་། says:
    2012-11-09 at 9:23 pm

    ཨོ་ཉི་འདི་སྙོ་ལས་འདུག་ཁོ་རེ། ཚན་རིགས་བཙོན་ཁང་དུ་འགྲོ་དགོས་ཀྱི་མི་འདུག། ཁྱོད་ཨོ་ཉི་གཙོས་བའི་སྤྲུ་རྫུན་ཚང་མ་བཙོན་ཁང་དུ་ཚེ་བཙན་བཞག་ན་ཧ་ཅང་བཟང། ཁྱོད་ཨོ་ཉི་དང་སྤྲུ་རྫུན་ཚོས་གདོང་ན་བུ་མིད་གྱི་སྟུ་མ་གཏོགས་གཞན་གང་ཡང་མེད། ཚེ་རྫེས་མ་ཡོད་མེད་མི་ཤེས་མོད་ང་དེ་ལ་ཡུད་ཆེད་མེད། འོན་ཀྱང་ཁྱེད་སྤྲུ་སྐུ་རྫུན་མ་ཚོ་ཚེ་རྫེས་མ་ཡུད་ཆེས་ཡོད་ངེས་རེད། ཡོད་ན་བུ་མེད་མང་པོ་ཞིག་གི་སྟུ་ཡི་ཚེ་རྫེས་མ་ཡང་བསྐྱར་ཁྲིམས་ཐག་གཅོད་ངེས་ེརད།

  17. ཤར་ཕྱོགས་ཀྱི་ཉི་མ། says:
    2012-11-09 at 11:08 pm

    ཨོ་ཉི་ཁོ་རང་ཤི་ཐུབ་ན་བཟང་། དེ་མིན་འཛམ་གླིང་འདི་ནང་ལོ་མཁན་ཁོ་རང་ལས་མེད་པ་འདྲ། དེ་འདྲ་ཡིན་ན་རང་སྡུག་རང་གིས་ཉོ་རེད།

  18. ཨོ་རྒྱན་ཉི་མ། says:
    2012-11-10 at 1:46 am

    ངས་སྐྱེས་འགྲོའི་བདེ་སྐྱིད་བརླགས་མེད་ལ། སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་མེད། ང་ཅིའི་ཕྱིར་ན་བཙོན་ཁང་དུ་འགྲོ། ཝཝཝཝཧཧཧཧཧཧ པདྨ་ཞེས་པ་དང་། པདྨ་འཕྲིན་ལས་འདི་གཉིས་ཕུང་གསུམ་པ་གཏེ་བོ་ཚོས་གསོ་ཕྲུག་རེད། ང་ལ་གནག་པ་ཁག་མེད།

  19. མེ་ཏོག་དཀར་པོ། says:
    2012-11-10 at 3:45 am

    ཨོ་ཉི་ལགས། ཉིད་ལ་རང་ཉིད་སྤྲུལ་སྐུ་མིན་པའི་ངེས་ཤེས་ཨེ་ཡོད།?
    ཡང་ན་སྤྲུལ་སྐུ་ཡིན་པའི་ངེས་ཤེས་ཨེ་ཡོད། ?
    ཡིན་པའི་ངེས་ཤེས་ཡོད་ན་ལམ་ཙམ་གསུངས་རོགས།
    མིན་པའི་ངེས་ཤེས་ཡོད་ན་ཡོངས་བསྒྲགས་ཀྱིས་སྤྲུལ་སྐུའི་མིང་དོར་རོགས། དེ་རྗེས་ཁྱེད་ཀྱི་ཕུང་གསུམ་རྩ་གཏོར་གྱི་ལས་འགུལ་ནང་ང་ཡང་ཞུགས་དགོས་མིན་ལྟ་གི་ཡིན།

  20. སྤོབས་པ་མཐའ་ཡས། says:
    2012-11-10 at 4:09 am

    ཨེ། དེ་རིང་ཡིན་ན་ཁོང་གིས་མཁས་རྟགས་འདི་ན་བཞག་འདུག ཚན་རིག་བཙོན་ཁང་ལ་འཇུག་དགོས་ན་ནང་ཆོས་ཀྱང་བཙོན་ཁང་ནང་ལ་ལྷུང་ས་རེད་ད། ནང་ཆོས་ཀྱང་ཚན་རིག་རེད་ཟེར་གྱི་ཡོད་པ་མ་རེད་དམ། ཚན་རིག་བཙོན་ཁང་ལ་འགྲོ་དགོས་ན་བོད་མིའི་རང་འཐག་ཆུ་འཁོར་འཛུགས་སྟངས། འུར་རྡོ་བཟོ་སྟངས། ཐ་ན་ཁོལ་མོ་ཡན་ཆོད་ཚན་རིག་གི་ཐོན་རྫས་ཡིན་པས་དེ་ཚོ་ཚང་མ་ཡང་བཙོན་ཁང་ལ་འཇུག་གི་ཡིན་པས།

  21. རྡོ་རྗེ་རྒྱལ་མཚན། says:
    2012-11-10 at 6:23 am

    ཤར་ཕྱོགས་ཁུག་རྟ་ལ་རྒྱབ་སྐྱོར་ཡོད།རྩོམ་པ་བོ་ལྷ་མོ་སྐྱབས་ཀྱི་གསུང་དངོས་གནས་རེད་དོ།།

  22. ཨོ་རྒྱན་ཉི་མ། says:
    2012-11-10 at 7:41 am

    སྔར་ང་སྤྲུལ་སྐུ་མིན་པའི་ངེས་ཤེས་གཙང་མ་ཡོད་ཀྱང་། ཕུང་གསུམ་པའི་བྱ་སྤྱོད་དག་མཐོང་དུས་སླར་ཡང་ཐེ་ཚོམ་གྱི་རྒྱར་ཚུད་སོང་། ཧཧཧཧཧཧཧཧཧཧཧཧཧཧཧ

  23. མེ་ཏོག་དཀར་པོ says:
    2012-11-10 at 9:23 am

    ད་འོ་ན་མིན་པར་ཡིན་མདོག་བྱེད་གིན་འདུག་པས་ཁྱེད་ཀྱང་ཡིན་མིན་ཟེར་ས་མེད་པར་ཕུང་གསུམ་པ་ཞིག་རེད་འདུག་པས་ན། དང་པོ་རང་ཉིད་གཙང་མ་བཟོ་རོགས། དེ་རྗེས་ཐུབ་རུང་མ་ཐུབ་རུང་གཞན་གཙང་མ་བཟོ་བའི་གོ་རིམ་འདི་ལ་འཇུག་ན་རང་ཞེ་བདེ། མིས་ལྟས་ཀྱང་བདེ་བདེ་འདྲ་སྣང་བས་དེ་དོན་ཐུགས་ལ་འཇོག

  24. ཨོ་རྒྱན་ཉི་མ། says:
    2012-11-10 at 9:48 am

    གང་ལྟར་ཡང་ཚན་རིག་པས་འཇིག་རྟེན་འདི་མི་རིང་བར་སྟོང་པར་བསྒྱུར་ངེས་པ་དང་། དེའི་སྔོན་དུ་ཕུང་གསུམ་པ་ཚོས་བོད་ཀྱི་དགོན་སྡེ་རྣམས་སྟོང་པར་བསྒྱུར་ངེས་པས། དེ་གཉིས་ཚར་གཅོད་དང་། རྗེས་འཛིན་བྱ་དགོས་པར་འདོད།

  25. མེ་ཏོག་དཀར་པོ says:
    2012-11-10 at 9:55 am

    དགོན་སྡེ་སྟོང་ན་སེམས་ཁྲལ་འདུག་གམ། གཡོག་པོ་བསྐུལ་ས་མེད་པ་ཆགས། རྫིག་རྫིག་གཏོང་ས་ཡལ། ཧ་ཧ་ཧཧ་ཧ

  26. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-10 at 1:34 pm

    ཐེ་ཝེན་སོགས་སུ་བོད་ནས་སླེབས་པའི་རྡོ་ལ་གོང་ཆེན་པོ་སྤྲད་ཟེར། དེ་ཚོ་མགོ་བསྐོར་གཏོང་མཁན་གསར་འབྱོར་བའི་སྤྲུལ་གོག་ཁྱེད་རང་ཚོ་རེད། དང་པོ་བོད་ནས་ཡོང་དུས་ཀུན་སློང་སྡུག་ཅག་ཞིག་འཁུར་ནས་ཐེ་ཝེན་སོགས་སུ་མགོ་བསྐོར་གཏང་ལ་ཡོང་བ་རེད།

  27. པདྨ་འཕྲིན་ལས་། says:
    2012-11-10 at 3:59 pm

    ཚན་རིག་གི་དགྲ་བོ། དྲ་ནང་གི་དགྲ་བོ། བུ་མེད་གྱི་སྟུ་ཡི་རྒྱལ་པོ་སྤྲུ་སྐུ་རྫུན་མ་ཨོ་རྒྱན་ཉི་མ་ཁྱོད་གྱིས་ཤོད་དང་ད་ལྟ་བར་དུ་ཉིད་གྱི་སྤྲུ་རྫུན་གྱི་མིང་འཁྱེར་ནས་བུ་མེད་ག་ཚོད་ཞིག་ལ་མགོ་སྐོར་བཏང་ཉོང།

  28. ཨོ་རྒྱན་ཉི་མ། says:
    2012-11-10 at 4:25 pm

    པད་མ་འཕྲིན་ལས་ཞེས་པ་ཁྱོད་ཀྱིས་དང་པོ་བརྡ་སྤྲོད་སྦྱོངས། དེ་ནས་ཁ་བརྡ་ལ་ཕེབས་ཤོག་་་་་་

  29. ཨོ་རྒྱན་ཉི་མ། says:
    2012-11-10 at 4:40 pm

    རིག་པའི་བྱི་ཕྲུག ང་སྨྱོས་པ་མ་རེད། ཚན་རིག་ལ་དགའ་མཁན་ཚོ་སྨྱོན་པ་རེད།

  30. ངོ་ལུག says:
    2012-11-10 at 4:59 pm

    ཚན་རིག་ལ་དགའ་དང་མི་དགའི་མཚམས་དེ་གང་ནས་འབྱེད། ཁ་ནས་མི་དགའ་ཟེར་བ་ཙམ་གྱིས་ནི་ཨེ་ཆོག ཐུབ་པས་ཁོང་གི་བཀའ་ལ་བརྟག་དཔྱད་དགོས་ཟེར་བ་འདི་དང་ཚན་རིག་བ་ཚོའི་བརྟག་དཔྱད་གཉིས་བར་ལ་ཁྱད་པར་ཅི་མཆིས་གསུངས་རོགས།

  31. ཨོ་རྒྱན་ཉི་མ། says:
    2012-11-10 at 5:19 pm

    ཚན་རིག་གི་རྒྱུ་འབྲས་ངོ་བོ་ཉིད་གསུམ་ལ་བེད་ཆོད་བཏང་བ་དང་། དེར་འཇུག་པ་ཙམ་གྱིས་ཚན་རིག་ལ་དགའ་བའི་ཚད་འཇོག་ཐུབ་པ་ཁག་པོ་རེད། དཔེར་ན་མི་རིགས་ཤིག་རྒྱལ་ཁབ་དེའི་སྲིད་གཞུང་དང་། དེའི་དཔལ་འབྱོར་ལ་མ་དགའ་ན་ཡང་ལོངས་སུ་སྤྱོད་ཆོག་པ་བཞིན་རེད།

  32. ངོ་ལུག says:
    2012-11-10 at 6:10 pm

    དྲི་བ་གཉིས་པ་དེར་ལན་གཅིག དང་པོ་དེའི་ལན་འདེབས་ཁག་པོ་ཡོད་ས་རེད།

  33. པདྨ་འཕྲིན་ལས་། says:
    2012-11-10 at 7:05 pm

    ཨོ་ཉི་ལགས་སྐུ་མཁྱེན། ཁྱེད་གྱིས་སྤྲུ་སྐུ་རྫུན་མའི་མིང་དེ་སྤང་ཐུབ་ན་ངའི་བརྡ་སྤྲོད་སྦྱང་རྒྱུ་ཁྱོད་ལ་ཁས་ལེན་བྱེད་ཆོག།

  34. ཨོ་རྒྱན་ཉི་མ། says:
    2012-11-11 at 4:03 am

    ངའི་སྤྲུལ་སྐུ་རྫུན་མའི་མིང་དེ་ང་མ་ཤི་བར་དུ་འཁུར་ངེས་ཡིན། འདི་ནི་དོན་གཉིས་སྒྲུབ་བྱེད་ཀྱི་ལག་ཆ་ཡག་ཤོས་ཤིག་རེད། ཡིན་ན་ཡང་ཕུང་གསུམ་པ་དང་མི་མཚུངས་ཏེ། ངའི་ལས་དེ་སྡོམ་དང་དམ་ཚིག་གཉིས་དང་མ་འགལ་བའི་ཕྱིར་དང་། ད་དུང་གཞན་ཞིག་ཕུང་གསུམ་བསྟན་བཤིགས་དེ་ཚོ་རྡུང་སྤྲད་པ་ལ་མེད་དུ་མི་རུང་བ་ངའི་མིང་འདིའོ།།

  35. མེ་ཏོག་དཀར་པོ says:
    2012-11-11 at 4:22 am

    དོན་གཉིས་ཏ་གང་ཤེས། ཁྱིམ་ཚང་འཚོ་ཐབས་ཡིན་ངེས་རེད། ཁྱེད་ལ་ཁག་ཅི་ཡོད་དེ་སྤྲུལ་སྐུའི་མིང་མེད་སོང་ན་ཁ་ལག་མི་ཐོབ་ངེས་ཞེས་ངས་སྔ་ནས་མང་དུ་བཤད་ཟིན།
    ད་འོ་ན་ཁྱེད་ཀྱིས་གཞན་ཚོར་ཕུང་གསུམ་ཡིན་པའི་རྒྱུ་མཚན་དུ་རབ་བྱུང་མིན་ཀྱང་ཡིན་མདོག་བྱས་པ་ལ་ཟེར་བ་རེད་དམ་མ་རེད།
    མ་རེད་ཟེར་ས་ག་ལ་ཡོད་དེ་ཁྱོད་ཀྱི་དམ་བཅའ་ལྟེ་བཙདེ་ཡིན་པས་སོ།།
    རིགས་པ་དེ་རང་ལ་བསྐོར་དེ་སྤྲུལ་སྐུ་མིན་ཀྱང་ཡིན་པར་རྫུས་ཏེ་ཉམ་ཆུང་དད་ལྡན་པའི་ཡིད་ཆེས་ཆུད་ཟོས་སུ་བཏང་ཞིང་རྒྱུ་ནོར་ཚུལ་འཆོས་ཏེ་མ་ཡིན་ཡིན་ཁུལ་བྱས་ནས་བྱུང་བ་དང༌། ཁ་གསག་སྟེ་སྤྲེལ་ལད་བཤད་ནས་བྱུང་བ། གཞོགས་སློང་སྟེ་གོ་རྒྱུ་བཏང་ནས་ཡོང་ཐབས་བྱེད་པ། ཐོབ་ཀྱིས་འཇལ་བ་སྟེ་དབང་ཡོད་བཏང་ནས་འཕྲོག་པ། རྙེད་པས་རྙེད་པ་འཚོལ་བ་སྟེ་ཆུང་ཆུང་ཕར་སྤྲད་ནས་ཆེན་པོ་ཚུར་ཡོང་ཐབས་བྱེད་པ་བཅས་ལོག་འཚོས་དཀོར་ལ་བགམ་པར་བྱེད་པ་འདི་ཕུང་གསུམ་མིན་ཟེར་ན་ཅ་འགྲིག་ཨ་ཡོང་ན།
    དེ་ངས་རང་དབང་རེད། ཁྱེད་རྣམས་ལ་བྱུས་གཏོགས་མེད་ཟེར་ན། ཁྱེད་ཀྱིས་ཕུང་གསུམ་པར་འདོད་པ་དེ་ཚོས་ཀྱང་དེ་རང་ཟེར་ན་ཁྱོད་ཀྱིས་ལན་ཅི་བཏབ་རྒྱུ།
    དེས་སྒོ་ནས་ཀུན་ནས་མཚུངས་པའི་རིགས་པ་སོ་གཉིས་པ་ལག་ན་ཐོགས་ཏེ་འཇིགས་འཇིགས་མ་བྱོས་དང་།
    ཡང་ན་ང་ག་རེ་བྱས་ནའང་འགྲིག ཁོང་ཚོ་དེ་ལྟར་བྱེད་མི་ཆོག་ཟེར་ན་ནི་ངོ་ཡང་ཚ།

  36. མེ་ཏོག་དཀར་པོ says:
    2012-11-11 at 9:51 pm

    ལགས། གང་དུ་བཞུགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme