Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གུང་བོད་གནད་དོན་ལ་གནད་དོན་འདུག

Posted on 2012-11-07 By ཁ་བརྡ་ 9 Comments on གུང་བོད་གནད་དོན་ལ་གནད་དོན་འདུག

རྩོམ། འོད་ཟེར།
སྒྱུར། ནགས་ཤོད་སད་མི།

ངས་ད་དུང་ཡང་ཨ་རིར་གནས་སྡོད་རྒྱ་མི་རྩོམ་པ་པོ་ལྕམ་ལིས་ཅང་ལིང་གི << ལྕགས་བྱ་ནམ་མཁར་ལྡིང་སྐབས —— 1956-1962 བར་མཚོ་བོད་ས་མཐོའི་སྒང་གི་གསང་བའི་དམག་འཐབ >> ཅེས་པའི་དཔེ་དེབ་བཀླགས་མེད། ཡིན་ནའང་དྲ་ཐོག་ནས་འབྲེལ་ཡོད་ཡིག་ཆ་དང་རྩོམ་པ་པོའི་སྔོན་གླེང་ཙམ་བཀླགས་པ་ཡིན། རྩོམ་པ་པོའི་སྔོན་གླེང་ནང་གི་སྐད་ཆ་འདི་ཧ་ཅང་གནད་འགག་ཅིག་ཡིན་པ་སྟེ། “ 1950 ལོ་དཀྱིལ་ནས 1960 ལོ་མགོ་བར། ཀྲུང་གོའི་ལྷོ་ནུབ་དང་ནུབ་བྱང་ཁུལ་དུ་ཡ་ང་བའི་དམག་འཐབ་ཅིག་བྱུང་བ་རེད། ས་ཆའི་ཁྱབ་ཚད་ནི་བོད་མི་གནའ་ནས་སྡོད་སའི་བོད་ཆོལ་གསུམ་སྟེ། དེང་དུས་ཀྱི་བོད་རང་སྐྱོང་ལྗོངས་དང་མཐའ་འཁོར་ཞིང་ཆེན་བཞིའི་བོད་ཁུལ་བཅས་རེད། དམག་འཐབ་ཀྱི་ངོས་གཅིག་ནི་དེང་རབས་གོ་མཚོན་ཐོགས་པའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རི་འཐབ་དམག་དཔུང་དང་། དེ་མིན་དམག་སྦྱོང་ཐོབ་པའི་དྲག་ཆས་ཡུལ་དམག་བཅས་རེད། ཕྱོགས་གཞན་ཞིག་ནི་རྫས་མདའ་དང་། རིང་མདའ། དེ་མིན་གྲི་མདུང་གཙོ་བོ་ཐོགས་པའི་བོད་ཁུལ་ཞིང་འབྲོག་མང་ཚོགས་དང་། དགེ་འདུན་པ། གཞུང་ཕྱོགས་ཀྱི་མགོ་ཁྲིད་ཉུང་ཤས་དང་བོད་དམག་ཁག་ཅིག་རེད། ”

ལིས་ཅང་ལིང་གིས་སྐབས་དེའི་ལོ་རྒྱུས་ལ་ཞིབ་འཇུག་དང་ཐེར་འདོན་བྱས་པ་དེར། ང་རང་བོད་མི་ཞིག་ཡིན་པའི་ངོས་ནས་ཐུགས༌རྗེ་ཆེ་ཞུ། རེད་དེ་ངོ་མ་བཤད་ན། དེ་སྐབས་ཀྱི་བྱུང་བ་ནི “ དམག་འཐབ ” ཅིག་མ་རེད། དེ་ནི་སྡེབ་གསོད་རང་རེད། གཞན་ཡང་། གནས་ཚུལ་ངོ་མ་བྱུང་ས་དེ “ ཀྲུང་གོའི་ལྷོ་ནུབ་དང་ནུབ་བྱང་ས་ཁུལ ” ལ་མ་རེད། དེ་ནི་བོད་མིར་དབང་བའི་ཐུ་བྷོད་ཀྱི་ས་ཆ་ཨ་མདོ་དང་། དབུས་གཙང་། ཁམས་བཅས་རེད།

འདི་ཐད། བོད་རིག་གནས་མཁས་པ་དང་། དབྱིན་ཏི་ཨན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨེ་ལོ་ཁྲི་སི་ཕར་ལིང་གིས་སྐབས་དེའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་གསར་ཤོས << མི་ཤིའི་བསྡོམས་ཐོ >> ཞེས་པའི་ནང་བཀོད་དོན། “ ཕལ་ཆེར 1950 ནས 1975 བར། ཐུ་བྷོད་ལ་སྡེབ་ཤི་ཕོག་པའི་དོན་རྐྱེན་བྱུང་ཡོད་མེད་ནི་རྩོད་མེད་ཀྱི་གནད་དོན་ཞིག་རེད …… འདི་སྐོར་རང་དབང་ངང་རྒྱ་ནག་ཕྱོགས་ཀྱི་ཟིན་ཐོ་རག་ཐབས་མེད་རྐྱེན། མི་ཤིའི་ཁ་གྲངས་ཏན་ཏིག་ཅིག་ཡོང་ཐབས་མེད་པ་རེད། ཡིན་ནའང་སྡེབ་གསོད་ཆེན་མོ་ཞིག་བྱུང་ཡོད་པ་ནི་དོན་དངོས་ཡིན་པས་ཐེ་ཚོམ་མི་དགོས་པ་ཞིག་རེད། ” རྩོམ་ཡིག་དང་མཉམ་སྦྱར་བྱས་པའི་རུས་རྐང་སྐྱ་ཉིག་གེ་བའི་པར་རིས་གསུམ་པོ་དེས་སྡེབ་གསོད་ཀྱི་དཔང་པོ་བྱས་པ་རེད། དེ་ནི་ཁམས་ནང་ཆེན་ཁུལ (དེང་མཚོ་སྔོན་ཞིང་ཆེན་ནང་དབྱེ་བཀར་བྱས )དུར་ས་ཞིག་ནས་གསར་དུ་སྔོག་འདོན་བྱས་པའི་པར་རིས་ཡིན་པ་དང་། ས་གནས་བོད་མིས་བཤད་ན། དེ་ནི 1958 ལོར་སྡེབ་གསོད་ཕོག་པའི་བོད་ཀྱི་གྲྭ་བཙུན་ཚོའི་རུས་རྐང་རེད་ཟེར། དེ་མིན 1982 ལོར་རྒྱ་ནག་མི་འབོར་ཞིབ་བཤེར་རྗེས་ནས་བྲིས་པའི “ ཕོ་མོའི་བསྡུར་གྲངས་རི་མོ ”ཞིག་ཡོད། ཐ་མ་རི་མོ་དེ་ལས་གསལ་ཡོང་བ་ནི།“ ཐུ་བྷོད་ས་མཐོ་རྒྱ་ཁྱབ་ཏུ་ཕོ་མོའི་བསྡུར་གྲངས་ལ་ཧེ་བག་ཆེན་པོ་ཤོར་ཡོད་པ་མངོན། དོན་དངོས་ཐོག ཕོ་མོའི་གྲངས་ཀར་འདི་ལྟ་བུའི་ཧེ་བག་ཤོར་དོན་ནི་དྲག་པོའི་འཐབ་འཁྲུགས་ཀྱི་ཉེར་ལེན་ཁོ་ན་ལས་གཞན་བཤད་དུ་མེད། ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་ནང་དུ། ཐུ་བྷོད་ས་མཐོ་ནི་གཞི་ཁྱོན་ཆེ་ཤོས་རེད་ལ་དམར་མདོག་དང་བཅས་འབུར་གཟུགས་དོད་པའི་ས་ཁུལ་ཞིག་ཆགས་ཡོད། ས་ཁུལ་འདིའི་བུད་མེད་གྲངས་ཀ་ག་དུས་ཡིན་ན་ཡང་སྐྱེས་པ་ལས་མང་བ་ཡོད། ”

ངས་ཨ་མདོ་བ་དང་ལྷན་དུ་སྔོན་མ་དང་ད་ལྟའི་སྐོར་གླེང་སྐབས། རྒན་གཞོན་དབྱེར་མེད་ཀྱིས་ག་དུས་ཡིན་ནའང“ལྔ་བཅུ་ང་བརྒྱད”སྐོར་གླེང་ཡོང་། ( དེ་ནི་ཕྱི་ལོ 1958 ཀྱི་བསྡུས་མིང་རེད། )1958 མདུན་རྒྱབ་ཏུ། རྒྱ་ནག་དམག་དཔུང་དང་སྲིད་དབང་གིས་ཐུ་བྷོད་ས་ཆ་ཡོངས་དང་། ལྷག་པར་དུ་ཨ་མདོའི་ས་ཁུལ་གྱི་ཁྱིམ་ཚང་རེ་རེའི་ནང་དུའང་གོད་ཆག་བཟོས་ཡོད་དུས། དཀའ་སྡུག་དེ་བོད་མི་ཚོའི་སེམས་པའི་གཏིང་རིམ་ན་བརྐོས་པ་རེད་ལ། ཐ་ན། རིག་གནས་གསར་བརྗེ་ལ་ཡང“ང་བརྒྱད”ཅེས་འབོད་པ་རེད། “ང་བརྒྱད”ནི“བཅིངས་འགྲོལ”འབོད་པ་དེའི་རྗེས་ནས་སྡུག་བསྔལ་མ་ལུས་པའི་ཚང་ལྟ་བུ་ཆགས་པ་རེད།

ལྕམ་ལིས་ཅང་ལིང་གིས་ཐང་རན་གསར་པའི་བརྙན་འཕྲིན་དུ་འདི་ལྟར་བཤད་པ་སྟེ། “བོད་སྐོར་ལ། ས་ཆ་དེར་ལྷག་པའི་དམག་འཐབ་དེ་ནི། དོན་ངོ་མར་བརྗོད་ན་རྒྱ་ནག་གུང་ཁྲན་སྲིད་དབང་བཙུགས་པ་དང་། རྒྱལ་ཁབ་དབང་ཆ་སྒྲིག་བཀོད་བྱས་པའི་ཆ་ཤས་ཤིག་རེད། དེ་ན་ལྷག་པའི་གནས་ཚུལ་ཡོངས་སུ་རྫོགས་པ། ངོ་བོའི་ཆ་ནས་ནང་སའི་གནས་ཚུལ་དང་ཁྱད་པར་ཡོད་པ་མ་རེད།”ཟེར། ཐང་རན་གསར་པའི་བརྙན་འཕྲིན་མཇུག་སྡུད་སྐབས། ལིས་ཅང་ལིང་གིས་བརྗོད་རྒྱུར། གུང་ཁྲན་ཏང་གིས་བོད་མི་དམངས་ལ་དྲག་གནོན་དང་ཆོས་དད་མེད་བརླག་ཏུ་བཏང་བ་དེའང་། དོན་དམ་དུ། ཁོ་པས་ནང་སའི་རྒྱ་རིགས་མི་དམངས་ལ་བརྩམས་པའི་ལས་ཀ་དང་རང་གཤིས་སྒང་ནས་ཁྱད་པར་ཡོད་པ་མ་རེད། “རྒྱ་བོད་འགལ་ཟླ ”ཟེར་བ་དེ་ཡང་དོན་དམ་དུ “གུང་བོད་འགལ་ཟླ”ཙམ་རེད། (ལིས་ཀྱི་སྐད་ཆ་ཨ་མ “གུང་བོད་གནད་དོན”)ཟེར། ( སྒྱུར་བ་པོའི་མཆན། “ གུང་བོད ” ཟེར་བ་ནི་རྒྱ་གུང་ཁྲན་ཏང་དང་བོད་མི་རིགས་གཉིས་ལ་ཟེར། )

དོན་གནད་འདིར། ངས་རྩ་བ་ནས་མོས་མཐུན་བྱེད་མི་ཐུབ། གཉིས་པོ་དེར་ངོ་བོའི་ཆ་ནས་ཁྱད་པར་ཡོད་པ་ཨ་ཅང་བརྗོད་མེད་རེད། —— “ནང་ས”ཟེར་བ་རུ་ལྷག་པའི་གནད་དོན་དེ་ནི། རྒྱ་ནག་རང་གི་ནང་འཁྲུུགས་ཤིག་རེད། འོན་ཏེ། བོད་དུ་ལྷག་པའི་གནད་དོན་ཡོད་ཚད་རྒྱ་ནག་གིས་བཙན་འཛུལ་དང་བཙན་བཟུང་བྱས་པ་ལས་བྱུང་བ་རེད། གལ་ཏེ་གོང་གི་དོན་གནད་གཉིས་པོ་དེར་ངོ་བོ་ཆ་ནས་ཁྱད་པར་མེད་ན། དེ་ནས་མའོ་ཙེ་ཏུང་གིས་བཤད་པའི“ མི་རིགས་འཐབ་རྩོད་མཐར་གཏུགས་ནས་བཤད་ན། གྲལ་རིམ་འཐབ་རྩོད་ཀྱི་གནད་དོན་ཞིག་རེད། ”ཟེར་བ་དེ་ཡང་གང་དུ་སྤྱད་ནའང་སྤྱོད་ཆོག་པའི་བདེན་གཏམ་ཞིག་ཏུ་འགྲོ་ལ། བཙན་འཛུལ་དང་བཙན་བཟུང་། མི་སེར་སྤེལ་བ་བཅས་ཀྱང་ཁ་མཁས་འདྲ་ཆགས་ཀྱི་གནས་ལུགས་ཤིག་ལ་འགྱུར་སོང་བ་མ་རེད་དམ། དེ་མིན། སྡེབ་གསོད་དང་འགོག་རྒོལ་ལ་ཡང“ གུང”དང“བོད”དབར་གྱི་གནད་དོན་ནམ། ཡང་ན།“འགལ་ཟླ”ཡོད་པ་རེད་ཟེར་བ་དེ་ནི་བཤད་པའི་རྩལ་ལག་ཆེ་དྲགས་ནས། དོན་དངོས་ལ་སྒྲིབ་གཡོགས་སོང་བ་ཨེ་རེད། དེ་ལྟ་ན། ཧྥ་ཤིས་སིའི་ན་ཙིས་ལྗེའུ་མི་རིགས་རྩ་མེད་གཏོང་བའི་སྡེབ་གསོད་བྱ་འགུལ་ལ་ཡང་ང་ཚོས “ན་ལྗེའུ་གནད་དོན”ཡང་ན“ན་ལྗེའུ་འགལ་ཟླ”ཞེས་འབོད་དགོས་སམ།

དུས་རིང་ནང་། རྒྱ་མི་མང་གཙོ་ཤོག་ཁས་ག་དུས་ཡིན་ནའང་ལངས་ཕྱོགས་འདི་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་སྟེ། བོད་ལ་མི་རིགས་ཀྱི་གཉའ་གནོན་མེད། གཅིག་ཡོད་པ་ནི་གུང་ཁྲན་ཏང་སྲིད་དབང་གི་གཉའ་གནོན་རེད། དེ་ལྟ་བུའི་གཉའ་གནོན་དེ་ནི་བོད་རིགས་དང་རྒྱ་རིགས་གཉིས་ཀར་གཅིག་མཚུངས་ཡོད་པ་རེད་ཟེར། འདི་ལྟ་བུའི་ཁོང་ཚོའི་མཁྲེགས་འཛིན་ཅན་དང་། ལབ་ས་ཤོད་ས་མེད་པར་མཐའ་འཁྱོངས་བྱེད་པའི་རྣམ་འགྱུར་འདིས། “བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་རེད།”ཟེར་བའི་གཞུང་ཕྱོགས་སྐད་ཆ་དེར་མང་གཙོའི་གདོང་ཁེབས་གཡོགས་ནས་བསྐྱར་བརྗོད་བྱེད་བཞིན་པ་བསྟན་ཡོད། དོན་དམ་དུ་གནད་འདི་འདྲས་བོད་མི་དམངས་ཀྱི་ལོ་རྒྱུས་དང་རྩ་བའི་སྒང་ནས་འགལ་བ་སོང་བ་མཐོང་ཡོད། དེས་ན། བོད་མི་ཚོའི་སེམས་ནང་བསུབ་ཐབས་མེད་པའི་བློ་ཕམ་ཞིག་ནི། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་མིའི་ལངས་ཕྱོགས་ལ་སྣང་བ་ཧ་ལམ་གཏོང་གི་མེད་པ་དེ་རེད། ཁོང་ཚོའི་བསམ་པར། ཅི་སྟེ་མང་གཙོའི་མིང་ཅན་གྱི་བཙན་ས་བཟུང་ཕྱིན། བཙན་རྒྱལ་བའི་བསམ་བློ་ཅན་གྱི་རྒྱ་ནག་ཆེན་པོའི་འདུ་ཤེས་འདིས་བོད་མིར་སླར་ཡང་བཙན་གནོན་བྱ་ཆོག་བསམ་པ་ལྟར་སྣང་།

2012-11-1 ལྷ་ས་རུ་བྲིས།

འགྱུར་རྩོམ།

Post navigation

Previous Post: བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཚོགས་ཆེན་ ༡༨ པར་ཞུ་སྐུལ་ཡི་གེ
Next Post: དེ་རིང་ཨ་མདོ་རེབ་གོང་ནས་བུད་མེད་ཅིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ། ༼པར༽

Comments (9) on “གུང་བོད་གནད་དོན་ལ་གནད་དོན་འདུག”

  1. རིག་པའི་བུ says:
    2012-11-07 at 3:15 pm

    དཔའ་མོ་དང་བཟང་མོ། དཔྱོད་ལྡན་མ་ཟེར་བ་མོ་མིན་ན་གཞན་ཞིག་འཇོག་ཏུ་དཀོན།

  2. ངོ་ལུག says:
    2012-11-07 at 3:16 pm

    ལིས་ཅང་ལིང་གིས་བོད་འདི་རྒྱ་ནག་ནང་འཛིན་འདོད་ཀྱི་ཀུན་སློང་ཞིག་གི་ཐོག་ནས་རྩོམ་ཡིག་སྤེལ་བ་དང་། གཏམ་བཤད་སྨྲ་བ་སོགས་བྱེད་ཀྱི་ཡོད་པའི་བཟོ་འདུག ཁ་ཙམ་ནས་ཉན་ན་བོད་ལ་ཕན་སྐད་འདོན་མཁན་ཞིག་རེད། དྷ་ས་ལ་མི་མང་པོ་དབུ་འཁོར་མེད་དམ་སྙམ། དོན་ངོ་མར་བསམ་ན། མོས་བསམ་རྒྱུ་དེ་རྒྱ་ལ་བསམ་ནས་འགྲེལ་རྒྱུ་དེ་བོད་ཀྱི་ལོ་རྒྱུས་འགྲེལ་བཞིན། རྒྱ་བོད་བར་གྱི་འཁོན་འཛིན་དེ་དག་ནི་བསམ་མནོ་ཞིག་གམ་ལྟ་གྲུབ་ཞིག་གི་དབང་ལས་བྱུང་བའམ་གུང་ཁྲན་རིང་ལུགས་ཀྱི་གནོད་འཚེ་ཞིག་ཡིན་པ་ལ་བསྒྲུབ་འདོད་ཀྱི་ཡོད་པ་འདྲ། རྒྱ་མི་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད་དུ་ཚོ་ཁྲང་ཆིང་དང་། གྲེན་ཕོ་ཁུང་ནང་བཞིན་བོད་ལ་རང་བཙན་སྤྲོད་འདོད་ཀྱི་ལྟ་བ་གུ་ཡངས་ཅན་ཡོད་མཁན་ཧ་ཅང་ཉུང་ཉུང་རེད། རྒྱ་མིའི་མི་འབོར་དང་བསྡུར་ན་མི་འདུག་ཅེས་འབོད་ཆོག་པ་རེད། ལི་ཅང་ལི་གཙོས་པའི་མི་ཉུང་བ་ཞིག་ལོ་བཅུ་ཉིས་ཤུའི་རྗེས་ཀྱི་རྒྱལ་སྤྱིའི་གནས་བབས་ཞིག་གམ་རྒྱ་ནག་གི་གནས་བབས་ལ་བསམ་ནས་རྒྱ་ནག་གི་ཁེ་ཕན་མ་ཤོར་བྱེད་མཁན་རེད་འདུག་བསམ།

  3. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2012-11-08 at 2:26 pm

    ཨོ་ལེ་ར། ང་ཆེས་མི་དགའ་སའང་མང་གཙོ་ཟེར་བའི་ཐ་སྙད་ཀྱི་ཕོར་བ་འདི་བཟུང་ནས་ཨ་རི་ནས་ཟ་མ་ཟ་མཁན་གྱི་རྒྱ་མི་དེ་དག་ཡིན། རྒྱ་བཟང་ནས་བོད་ལ་ཐུག་པ་མི་སྐོལ་ཟེར་བའི་གཏམ་དཔེ་འདི་ཅི་མ་བདེན། གུང་རྒྱ་གསོད་གཏུབ་གང་བྱས་ཀྱང་ཁོ་ཚོ་ནང་ཁུལ་རེད། འོན་ཀྱང་གིང་ཁྲན་ཏང་གིས་གསོད་གཏུབ་བྱས་པ་བཙན་འཛུལ་དང་དམར་གསོད་རང་རེད། ཧེ་ཐྲ་ལེར་གྱིས་འཇུ་མི་རིགས་ལ་བྱས་པ་དང་ཨ་ན་མ་ན་རེད། དེ་ལ་དམར་གསོད་དམ་སྡེབ་གསོད་ལབ་དགོས་པ་རེད དེའི་དོན་དག་ནི་མི་རིགས་རྩ་མེད་བཟོས་པར་གོ་དགོས།

  4. དབྱངས་ཅན་འབངས། says:
    2012-11-08 at 3:35 pm

    <>

    འདི་ལྟར་ན། མང་པོ་ཞིག་གིས་རྒྱ་ནག་མང་གཙོ་ཆགས་ན་ང་ཚོ་ལ་ཁེ་སང་འདྲ་ཞིག་རེག་ངེས་ཡིན་པའི་ཚོད་དཔག་དེ་ནོར་བ་རེད།
    འདི་ལྟར་ན། ང་ཚོས་རྒྱ་ནག་མང་གཙོ་དོན་གཉེར་བ་ཚོའི་ཁ་ལ་བལྟས་བསྡད་པ་དེ་ནོར་བ་རེད།
    འདི་ལྟར་ན། བོད་མི་རང་གིས་གཅིག་མ་བྱས་ན་རྒྱ་ནག་དམར་པོ་དང་མང་གཙོ་གཞན་ཡང་གང་ཆགས་ཀྱང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད།
    འདི་ལྟར་ན། ད་ལྟ་བར་ང་ཚོས་བརྩམས་པའི་ལས་བསྒུལ་གང་ཡང་དོན་རྩའི་ལམ་ལྷོངས་ཁྱོན་ནས་བྱུང་མེད།
    འདི་ལྟར་ན། ད་ང་ཚོས་གང་བྱེད་དགོས་སམ། ?

  5. དབྱངས་ཅན་འབངས། says:
    2012-11-08 at 3:38 pm

    “བོད་མི་ཚོའི་སེམས་ནང་བསུབ་ཐབས་མེད་པའི་བློ་ཕམ་ཞིག་ནི། རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་མིའི་ལངས་ཕྱོགས་ལ་སྣང་བ་ཧ་ལམ་གཏོང་གི་མེད་པ་དེ་རེད། ཁོང་ཚོའི་བསམ་པར། ཅི་སྟེ་མང་གཙོའི་མིང་ཅན་གྱི་བཙན་ས་བཟུང་ཕྱིན། བཙན་རྒྱལ་བའི་བསམ་བློ་ཅན་གྱི་རྒྱ་ནག་ཆེན་པོའི་འདུ་ཤེས་འདིས་བོད་མིར་སླར་ཡང་བཙན་གནོན་བྱ་ཆོག་བསམ་པ་ལྟར་སྣང་།”

    འདི་ལྟར་ན། མང་པོ་ཞིག་གིས་རྒྱ་ནག་མང་གཙོ་ཆགས་ན་ང་ཚོ་ལ་ཁེ་སང་འདྲ་ཞིག་རེག་ངེས་ཡིན་པའི་ཚོད་དཔག་དེ་ནོར་བ་རེད།
    འདི་ལྟར་ན། ང་ཚོས་རྒྱ་ནག་མང་གཙོ་དོན་གཉེར་བ་ཚོའི་ཁ་ལ་བལྟས་བསྡད་པ་དེ་ནོར་བ་རེད།
    འདི་ལྟར་ན། བོད་མི་རང་གིས་གཅིག་མ་བྱས་ན་རྒྱ་ནག་དམར་པོ་དང་མང་གཙོ་གཞན་ཡང་གང་ཆགས་ཀྱང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད།
    འདི་ལྟར་ན། ད་ལྟ་བར་ང་ཚོས་བརྩམས་པའི་ལས་བསྒུལ་གང་ཡང་དོན་རྩའི་ལམ་ལྷོངས་ཁྱོན་ནས་བྱུང་མེད།
    འདི་ལྟར་ན། ད་ང་ཚོས་གང་བྱེད་དགོས་སམ། ?

  6. ཀརྡོ་གཉེར་ཕྱག་པ་ says:
    2012-11-08 at 4:05 pm

    རྒྱ་ནག་མང་གཙོ་ཆགས་པ་ཙམ་གྱིས། གུང་བྲན་རྒྱ་གཞུང་སྡུག་ཤི་ཐེབས་པ་ཡིན་ཙང་། དང་ཐོག་དེ་གས་འགྲིགས་པ་མིན་ནམ། ལགས།

  7. དབྱངས་ཅན་འབངས། says:
    2012-11-08 at 4:14 pm

    རྒྱ་ནག་མང་གཙོ་ཆགས་ཀྱང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་བྱུང་ན། གཞུང་འཛིན་མཁན་ཆབ་སྲིད་ཚོགས་པ་བརྒྱབ་པ་ཙམ་ལས་བོད་མིར་ཁེ་ཕན་གང་ཡང་མི་ཐོབ་པས། དཔོན་པོ་བརྗེ་པོ་ཐེབས་ཀྱང་བྲན་གཡོག་ནི་བྲན་གཡོག་རང་རེད།

  8. དབྱངས་ཅན་འབངས། says:
    2012-11-08 at 4:15 pm

    རྒྱ་ནག་མང་གཙོ་ཆགས་ཀྱང་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་བྱུང་ན། གཞུང་འཛིན་མཁན་ཆབ་སྲིད་ཚོགས་པ་བརྗེ་པོ་བརྒྱབ་པ་ཙམ་ལས་བོད་མིར་ཁེ་ཕན་གང་ཡང་མི་ཐོབ་པས། དཔོན་པོ་བརྗེ་པོ་ཐེབས་ཀྱང་བྲན་གཡོག་ནི་བྲན་གཡོག་རང་རེད།

  9. ངོ་ལུག says:
    2012-11-09 at 4:46 pm

    འདིར་དོན་དག་འགའ་ཞིག་གསལ་པོ་བྱུང་ན་བསམ་སོང་། གལ་ཆེན་པོ་རེད་འདུག རྒྱ་ནག་མང་གཙོ་བྱུང་བ་ཡིན་ན་བོད་ལ་རང་དབང་ཡོང་མི་ཡོང་དེ་རྒྱ་མི་རྣམས་ལ་རག་ལུས་མེད། བོད་པ་རྣམས་ལ་རག་ལུས་ཡོད། མང་གཙོའི་འགྲོ་སྟངས་ནས་བྱས་ན། བོད་རིགས་ནི་སྐད་ཡིག་སོགས་ཕྱོགས་ཡོངས་ནས་མི་རིགས་ཤིག་གི་ངོ་བོ་ཡོངས་སུ་གྲུབ་པའི་དབང་གིས་རང་ཐག་རང་བཅོད་ཀྱི་དབང་ཆ་དེ་ཡོད་པ་རེད། དེས་ན་རྒྱ་ནག་མང་གཙོའི་སྤྱི་ཚོགས་ནང་དུ་བོད་ཀྱི་ལས་དབང་དེ་བོད་པ་རྣམས་ཀྱི་འོས་ཤོག་ལ་བརྟེན་ནས་ཐག་གཅོད་དགོས་པའི་དུས་ཤིག་ཡོང་གི་རེད། རྒྱུ་མཚན་དེའི་དབང་གིས་རྒྱ་ནག་མང་གཙོ་དོན་གཉེར་བ་ཕལ་ཆེ་བས་ཁ་ཙམ་ངོ་ཙམ་ནས་བོད་ལ་ཕན་པའི་སྐད་འདྲ་པོ་བཤད་ཀྱི་ཡོད་པ་དེ་བོད་པ་རྣམས་ཀྱི་སེམས་བསླུ་ཐུབ་ན་བསམ་པ་དང་། རྒྱ་ནག་མང་གཙོའི་སྤྱི་ཚོགས་སུ་གྱུར་པའི་སྐབས་སུ་བོད་འདི་མུ་འཐུད་རྒྱའི་འོག་ཏུ་གནས་ཐབས་ཤིག་ལ་འབད་པ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོ་ནི་རྒྱ་ནག་ཏུ་མང་གཙོ་དོན་གཉེར་བ་ཡིན་པས་མང་གཙོའི་འགྲོ་སྟངས་དེ་གསལ་པོ་ཤེས་ཀྱི་ཡོད་པ་རེད། རྒྱུ་མཚན་དེའི་དབང་གིས་ད་ལྟ་རྒྱ་མི་མང་པོའི་སེམས་ལ་གལ་སྲིད་རྒྱ་ནག་མང་གཙོར་ཕྱིན་ན་བོད་དང་ཡུ་གུར་རྒྱལ་ཁབ་གཞན་ལ་འགྱུར་སྲིད་བསམ་པའི་དོགས་པ་དང་སེམས་ཁྲལ་ཡོད་པ་རེད། དོགས་པ་དང་སེམས་ཁྲལ་དེ་དག་གིས་རྒྱ་ནག་མང་གཙོར་འགྲོ་བར་འགོག་རྐྱེན་འཕྲད་ཀྱི་ཡོད་པ་ཡང་གསལ་པོ་རེད་འདུག དཔེར་ན་རྒྱ་མི་མང་པོས་མང་གཙོར་ཕྱིན་ན་བོད་ཀྱི་གནད་དོན་ཟེར་བ་ཡོ་མ་རེད་ཟེར་གྱི་འདུག དོན་ནི་བོད་འདི་ལོགས་སུ་གྱུར་འགྲོ་ཟེར་བ་རེད། ལྟ་བ་དེ་ཚོ་རྒྱ་ནག་གི་སྲིད་དབང་ནག་པོ་འཛིན་མཁན་ཚོས་ཁ་གཡར་ས་བྱེད་ངེས་པ་རེད།
    ཡིན་ཀྱང་ལོ་རྒྱུས་ཀྱི་འཁོར་ལོ་ནི་མདུན་དུ་འཁོར་རྐྱང་ཡིན་པས་ནམ་ཞིག་རྒྱ་ནག་ནས་བོད་པ་རྣམས་ལ་རང་ཐག་རང་གཅོད་ཀྱི་དབང་ཆ་དེ་སྤྲད་ནས་མང་གཙོ་དོན་དང་ལྡན་པ། འཛམ་གླིང་མི་དམངས་ཀུན་གྱིས་བརྩི་བཀུར་བྱེད་སའི་རྒྱལ་ཁབ་ཆེན་པོ་ཞིག་བྱེད་པའམ། ཡང་ན་དེ་ལས་ལྡོག་པ་ཞིག་བྱེད་པའི་ཐད་གདམས་ཀ་བྱེད་དགོས་པའི་དུས་ཤིག་ཡོང་གི་རེད་དྲན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme