Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གྲྭ་བཙུན་རྣམས་གནས་ལུགས་ཚོལ་ཅིག

Posted on 2012-11-06 By ཁ་བརྡ་ 64 Comments on གྲྭ་བཙུན་རྣམས་གནས་ལུགས་ཚོལ་ཅིག

ཨོ་རྒྱན་ཉི་མ།

དེང་སང་ཤར་ནུབ་གཉིས་སུ་ནུབ་ཕྱོགས་པའི་རིག་གཞུང་གིས་ཁྱབ་ཅིང་། ནུབ་ཕྱོགས་པའི་འཚོ་བའི་རྒྱུ་དང་། ངོ་བོ། འབྲས་བུ་དག་ལ་ལོངས་སྤྱོད་པ་ཤ་སྟག་ལས། གཞན་ཞིག་མཐོང་མི་བཏུབ་པ་ལྟ་བུ་རེད། དེ་ཕྱིར་ཚེ་འདིའི་འཚོ་བ་ཙམ་གཙོ་ཆེར་འཛིན་པ་ལས། ཕྱི་མ་བསམ་བློ་གཏོང་མཁན་དཀོན་པ་དང་། ད་ལྟ་རང་གི་མི་ཚེ་ལ་བསམ་བློ་བཏང་བ་ལས། མི་རབས་ཕྱི་མའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ནི་དེ་བས་ཀྱང་དཀོན་པོ་རེད། དེ་ཕྱིར་སྐྱ་སེར་དང་། གྲྭ་བཙུན་ཚོའི་ཁྲོད་དུ་ཐོབ་ཐང་རྩོད་པ་དང་། གོ་ས་རྩོད། ལྟ་གྲུབ་རྩོད། དཔལ་འབྱོར་རྩོད། གོང་མས་འོག་མ་ལ་བརྙས་བཅོས་དང་། འོག་མས་གོང་མ་སྐྱོན་འདོགས་ཀྱི་བྱ་བའི་ཡོ་ལང་དག་མཐོང་དུས། ངོ་མ་རྩོད་ལྡན་ཞེས་པ་འདི་འདྲ་ཞིག་ལ་མི་ཟེར་ན་ཅི་ལ་ཟེར་བསམ་པ་དང་། སྙིགས་མ་ལྔ་བདོ་བའི་སེམས་ཅན་དམུ་རྒོད་ཅེས་པ་འདི་འདྲ་ཞིག་མིན་ན་ཅི་ཡིན་བསྙམ་པའི་འདུ་ཤེས་ནི། ངའི་སེམས་ཀྱི་གཏིང་རུམ་དུ་དུས་ནམ་ཡང་ཟུམ། གྲྭ་བཙུན་དང་། སྐྱ་སེར་ཁྲེལ་མེད་འོག་མ་ཚོས་དུས་རྒྱུན་དུ་རྔམ་ས་ནི་མཁན་སྤྲུལ་དགེ་གསུམ་དང་བླ་མ་ཚོའི་ཐོབ་དང་། གོ་ས། རྒྱུ་དང་དཔལ་འབྱོར་དག་རེད། གོང་ན་ཡོད་པའི་མཁན་སྤྲུལ་དགེ་གསུམ་སྐུ་གཞོན་ཁྲམ་པ་དེ་ཚོས་ནི། དུས་ནམ་ཡང་འོག་མ་ཚོར་བྲན་གཡོག་དང་། ཚེ་གཡོག་ཏུ་བཟུང་སྟེ་གྲྭ་བ་ཞེས་ཐུར་དུ་བཅད་པ་ལས། གུས་ཞབས་དང་། ཆེ་མཐོང་རྩ་བ་ནས་མེད་པ་ཞིག་ཏུ་གྱུར་བ་ཚང་མ་ནུབ་ཕྱོགས་པའི་འགྲན་རྩོད་ལམ་ལུགས་དང་། རང་རྟོན་ལམ་ལུགས་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། དེ་ཕྱིར་ནུབ་ཕྱོགས་པའི་རིག་གཞུང་གསར་པ་ལ་སྐྱོན་དུ་མ་མཐོང་ཕྱིན། སྲོལ་རྒྱུན་གྱི་རིག་གཞུང་དང་། དེར་འཛིན་པའི་གང་ཟག་ལ་སྐྱོན་དུ་མཐོང་ངེས་པར་མ་ཟད། རང་སྐྱོན་རང་གིས་མཐོང་མཁན་དཀོན་པོ་རེད།

ངས་ཆོས་སྒར་མང་པོ་འགྲིམས་མྱོང་ལ། བླ་མ་མང་པོ་མཇལ་མྱོང་། གྲྭ་བཙུན་མང་པོ་དང་མཉམ་དུ་འགྲོགས་མྱོང་། ངའི་མི་ཚེ་ཕལ་ཆེ་བ་གྲྭ་བའི་ཁྲོད་ནས་འཚར་ལོངས་བྱུང་ཞིང་། གྲྭ་བའི་ཁྲོད་ནས་གཉོམ་ལག་རྒྱས་པ་དང་། གྲྭ་བཙུན་གཉིས་ནི་ངའི་མི་ཚེ་ནང་གི་འགྲོགས་འདྲེས་ཆེ་ཤོས་དེ་ཡིན། དེ་ཙམ་དུ་མ་ཟད་མི་སྐྱའི་བསམ་བློ་དང་། ཀུན་སྤྱོད་ལ་ཡང་ཞིབ་འཇུག་ཨེན་ཙམ་བྱས་ཡོད་པའི་ཁུལ་ཡིན། གང་ལྟར་ཡང་གྲྭ་བཙུན་ཚོས་ལོ་ན་ཆུང་ངུ་བྱིས་པ་ཡིན་ན་མ་གཏོགས། དང་པོ་ཉིད་ནས་རང་ཉིད་དགོན་པ་ཞིག་གི་ནང་དུ་འགྲོ་བའི་ཚེ་ཐོག་མའི་ཀུན་སློང་ལ་བརྟགས་དཔྱད་བྱེད། ང་དགོན་པའི་ནང་དུ་འགྲོ་བ་དེ་རྒྱུ་དཔལ་འབྱོར་གྱི་ཆེད་དུ་རེད། ཐོབ་གོ་སའི་ཆེད་དུ་རེད། ཡང་ན་ཚེ་འདི་བློས་བཏང་གི་ཆོས་པ་རྣམ་དག་ཅིག་བྱ་འདོད་ནས་རེད། དང་པོ་གཉིས་ཀྱི་ཆེད་དུ་ཡིན་ན་ནོར་སོང་བ་རེད། དང་པོ་ཉིད་ནས་དགོན་པའི་ནང་དུ་འགྲོ་བ་མཚམས་བཞག་ནས་འཚོ་བའི་སློབ་གྲྭ་ལ་ཕྱིན་ན་ཡག་ཤོས་རེད། གལ་སྲིད་གསུམ་པ་ཚེ་འདི་བློ་བཏང་གི་ཆོས་པ་རྣམ་དག་ཅིག་བྱ་འདོད་ཡོད་ན་དགོན་པ་ལ་སོང་། དགོན་པ་ལ་ཡང་མང་པོ་རེད། དགོན་པའི་མིང་ཡོད་ན་དགོན་པ་མཚན་ཉིད་པ་དང་། སྤྲུལ་སྐུ་དང་། དགེ་བཤེས། མཁན་པོ། བླ་མའི་མིང་ཡོད་མཁན་ཡིན་ན་ཡང་དག་ཡིན་པས་ཁྱབ་པ་མེད་པས། དང་པོ་བརྟག་དཔྱད་ཀྱིས། གཟོད་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་དང་། ལམ་བསླབ་པ་གསུམ་ལ་ཉམས་ལེན་ཡང་དག་པ་ཡོད་ས་ཞིག་ཡིན་ན། དགོན་པ་དེར་འགྲོ་བ་ཐག་ཆོད། དེར་བསླེབས་པ་དང་། རང་ཉིད་ཅིའི་ཕྱིར་དུ་བསླེབས་དང་། གང་གི་ཆེད་དུ་དགོན་པ་ནང་འཛུལ་བ་ཡིན་མིན་ནི་དུས་གཏན་དུ་སེམས་ལ་ངེས་དགོས་པ་དང་། ཡང་ཡང་ཡིད་ལ་བྱེད་དགོས་པའི་གནད་འགག་ཅིག་རེད། དེ་ཕྱིར་བག་ཡོད་དང་། དྲན་པ། ཤེས་བཞིན་ཞེས་པ་སོགས་བསྟན་པ་རེད། གྲྭ་བཙུན་ཚོས་གནས་ལུགས་འཚོལ་སྟངས་མ་ནོར་བ་ཡིན་ན། དགོན་པ་དང་། དེར་འཛིན་གྱི་གཙོ་བོ་འཆང་བུ་དག་གི་དབང་དུ་མི་འགྲོ་བ་དང་། གལ་སྲིད་ཁྲམ་པ་ཚོའི་དབང་དུ་མ་སོང་ན་རང་གི་མི་ཚེ་ཡང་དོན་དང་ལྡན་པ་ཞིག་ཏུ་འགྱུར་བར་མ་ཟད། ཚེ་འདི་བདེ་ལ་ཕྱི་མ་ཡང་བདེ་བའི་ལམ་བླ་ན་མེད་པ་ཞིག་རྙེད་པ་ནི། དུས་གཏན་དུ་དགོས་ངེས་དང་། མ་ནོར། མ་འཆུགས་པ་ཞིག་ལ་འདུན་པ་གཏད་དགོས་པ་རེད། གྲྭ་བཙུན་ཆུང་ཆུང་ཚོས་དང་པོ་ཉིད་ནས་འགྲོ་ཕྱོགས་དང་། འགྲོ་ཡུལ་འཚོལ་མ་ཤེས་ན་ཕ་མ་དང་། སྤུན་མཆེད་ཚོས་འདྲི་རྩད་ཀྱིས་འཚོལ་དགོས་པ་དང་། དགོན་པ་དང་། དགོན་བདག་མཚན་ཉིད་ཚང་བ་ཞིག་མ་རྙེད་ན། ཕྲུ་གུ་དགོན་པར་གཏོང་བ་མཚམས་བཞག་དགོས་པ་རེད། འདིའི་ཉེན་ཁ་ཆེ་ཤོས་དེ་ཧི་མ་ལའི་རི་བརྒྱུད་དུ་གནས་དད་ལྡན་མང་ཚོགས་འབྱུང་བཞིན་པ་དང་། དེ་དག་གིས་དགོན་པའི་མཚན་ཉིད་དང་། ཆོས་པའི་མཚན་ཉིད་མ་ཤེས་པའི་རྒྱུ་མཚན་གྱིས་ཕྲུ་གུ་སྐྱེལ་ས་ནོར་འགྲོ་མཁན་ཡང་མང་པོ་རེད། དེ་ཕྱིར་དང་པོ་ནས་བསམ་བློ་དང་། འགྲོ་ཡུལ་མ་ནོར་བ་དེ་གལ་ཆེན་པོ་རེད། གཞུག་ནས་རང་གི་བསམ་བློ་མ་འཆུགས་པ་དེ་ཡང་གལ་ཆེན་པོ་ཡིན་པར་སེམས།

དེ་འདྲའི་བསམ་བློ་མ་ནོར་བ་ཞིག་གིས་རྩ་བ་ཚུགས་ཤིང་། རྩེ་མོ་རྒྱས་ཐུབ་སོང་ན། གྲྭ་བཙུན་རྣམ་པ་རང་ངོས་ནས། བསླབ་པ་ལ་མཐོང་ཆེན་བྱེད་མཁན་ཞིག་ཏུ་འགྱུར་ངེས་པ་དང་། རང་གི་བླ་མ་ཡང་མཚན་ཉིད་ཚང་བ་ལས། གང་བྱུང་ལ་མགོ་མི་རྒུར་མཁན་ཞིག་ཏུ་འགྱུར་བ་དང་། དེ་ལྟར་བྱུང་ན་གོང་ན་བཞུགས་མཁན་ཚོས་ཀྱང་རང་ཚུགས་མ་འཛིན་རང་འཛིན་རེད། རང་ཚུགས་ཤོར་སོང་ན་བཀུར་མཁན་མེད་པ་དང་། བསླབ་པ་མ་སྲུང་ན་ཚེ་འདིའི་བདེ་བ་མེད་པ་དང་། ཚེ་ཕྱི་མའི་ལམ་འཕྲང་དོག་ཏུ་སོང་བ་འདི་གཉིས་ཀྱིས་ཕུང་གསུམ་པ་ཆེ་ཆུང་བར་གསུམ་ཉུང་དུ་འགྲོ་ངེས་རེད། ཕུང་གསུམ་པ་ཆེ་ཆུང་བར་གསུམ་ཉུང་དུ་ཕྱིན་ཏེ། དགེ་འདུན་སྡེ་གཉིས་ཡང་དག་པ་ཞིག་ཆགས་སོང་ན། ཐོབ་དང་། གོ་སའི་འགྲན་རྩོད་དང་། དཔལ་འབྱོར་ལ་རྔམ་པ་དེ་ཡང་རང་བཞིན་གྱིས་མེད་པར་ཆགས་ངེས་པས། ཚང་མས་བསྟན་པ་རྣལ་མ་འཛིན་འདོད་ན་དགེ་འདུན་སྡེ་གཉིས་གཙང་མ་ཞིག་འབྱུང་བ་འབད་པར་ཞུ། ཕུང་གསུམ་འདི་ཚོས་སྤྱིར་ནང་པ་སངས་རྒྱས་པའི་བསྟན་པ་ལ་རྨ་འབྱིན་པར་མ་ཟད། དགོས་ཧི་མ་ལའི་རི་རྒྱུད་དུ་གནས་པའི་དད་ལྡན་མང་ཚོགས་ཤེས་ཡོན་མེད་པ་ཞིག་ལ། བགས་ཆགས་རྡུག་པོ་བཞག་ཡོད་པར་མ་ཟད། ད་དུང་འདི་ནས་མུ་མཐུད་སོང་ན། ནང་བསྟན་གྱི་རྩ་བ་རུལ་ངེས་རེད། ནང་བསྟན་གནས་མི་གནས་ཞེས་པ་དེ་ལུང་གི་ཆོས་ཀྱི་མགྲིན་པ་མཛེས་ཤིང་། རྟོགས་པའི་ཆོས་ཀྱི་ཐུགས་རྒྱུད་ཕྱུག་པའི་གང་ཟག་ཅི་ཙམ་མང་ན། དེ་ཙམ་གྱིས་བསྟན་པ་རྒྱས་པར་བཞག་དགོས་པས། ཕུང་གསུམ་པ་ཡིན་ན་ལུང་སྡེ་སྣོད་ཡོད་མེད་ཅི་རིགས་པར་ཡོད་ཀྱང་། ལམ་བསླབ་པ་གསུམ་མེད་པས་ཁྱབ་བོ། །

སྣ་ཚོགས།

Post navigation

Previous Post: མཐུན་སྒྲིལ་མེ་ལྕེའི་འོད་མདངས།
Next Post: ཚེ་སྲོག་ལ་འཐིམ་པའི་རོལ་དབྱངས།

Comments (64) on “གྲྭ་བཙུན་རྣམས་གནས་ལུགས་ཚོལ་ཅིག”

  1. མེ་ཏོག་དཀར་པོ། says:
    2012-11-06 at 5:33 am

    ཕུང་གསུམ་པ་ཡིན་ན་སྤྲུལ་སྐུ་ཡིན་པས་ཁྱབ། དེ་ཡིན་ན་བསྟན་དགྲ་ཡིན་པས་ཁྱབ། དེ་ཡང་སྤོབས་པ་མཐའ་ཡས་ཀྱིས་ཞལ་དྲོན་པོ་ནས། ” བོད་ཀྱི་དགེ་འདུན་བཙུན་པ་ཚོའི་དགྲ་ངོ་མ་དེ་གདུང་རྒྱུད་དང་སྤྲུལ་སྐུ་དེ་ཚོ་རེད།” ཅེས་གསུངས་སོ།།

  2. མེ་ཏོག་དཀར་པོ། says:
    2012-11-06 at 5:36 am

    “གང་ལྟར་ཡང་གྲྭ་བཙུན་ཚོས་ལོ་ན་ཆུང་ངུ་བྱིས་པ་ཡིན་ན་མ་གཏོགས། དང་པོ་ཉིད་ནས་རང་ཉིད་དགོན་པ་ཞིག་གི་ནང་དུ་འགྲོ་བའི་ཚེ་ཐོག་མའི་ཀུན་སློང་ལ་བརྟགས་དཔྱད་བྱེད། ང་དགོན་པའི་ནང་དུ་འགྲོ་བ་དེ་རྒྱུ་དཔལ་འབྱོར་གྱི་ཆེད་དུ་རེད། ཐོབ་གོ་སའི་ཆེད་དུ་རེད། ཡང་ན་ཚེ་འདི་བློས་བཏང་གི་ཆོས་པ་རྣམ་དག་ཅིག་བྱ་འདོད་ནས་རེད” འདི་འདྲ་ངས་ཁས་ལེན། ཡིན་ནའང་སྤྲུལ་སྐུ་བླ་མས་ཕྲུ་གུ་སློབ་གྲྭ་འགྲོ་བཞིན་ནས་བསྡུས་ནས་ཕལ་ཆེར་བཙན་དབང་ལྟ་བུས་ཁྲིད་འགྲོ་གི་འདུག་ན་ཐབས་ཟད།

  3. གཡུ་བྲག་པ says:
    2012-11-06 at 5:56 am

    ཨོ་ཉི་ལགས། དང་པོ་ཁྱེད་རང་མི་ཚད་ལྡན་ཞིག་ཡིན་ན་མི་ལ་བསླབ་བྱ་གནང་ན་ཨོ་ཙམ་རེད། ད་ཁ་ཤོ་ཞིག་གིས་བཞིཤོ་ཞིག་ལ་ཅིག་བཤད་བསྡད་ན་དོན་སྙིང་ཆེར་ཡོད་པ་མ་རེད། དེ་ལས་རང་མགོ་ཨེ་ཐོན་ལྟོས།

  4. ཨོ་རྒྱན་ཉི་མ། says:
    2012-11-06 at 6:59 am

    ངའི་ཁ་སྣ་ཚང་མ་ཤོ་མེད་ལ། བདེ་མོ་འཚམས་པོ་ཡིན། ང་ཇི་ལྟར་རྡུགས་ཀྱང་ཕུང་གསུམ་པ་རྣམས་ཀྱི་འོག་ཏུ་ཡིན་པར་མི་འདོད། ད་དུང་ཁྱེད་གཡུ་བྲག་པ་ལས་ང་བཟང་ཚོད་རེད། ཧཧཧཧཧཧཧཧཧཧཧཧཧ

  5. མེ་ཏོག་དཀར་པོ། says:
    2012-11-06 at 8:57 am

    “གྲྭ་བཙུན་དང་། སྐྱ་སེར་ཁྲེལ་མེད་འོག་མ་ཚོས་དུས་རྒྱུན་དུ་རྔམ་ས་ནི་མཁན་སྤྲུལ་དགེ་གསུམ་དང་བླ་མ་ཚོའི་ཐོབ་དང་། གོ་ས། རྒྱུ་དང་དཔལ་འབྱོར་དག་རེད། གོང་ན་ཡོད་པའི་མཁན་སྤྲུལ་དགེ་གསུམ་སྐུ་གཞོན་ཁྲམ་པ་དེ་ཚོས་ནི། དུས་ནམ་ཡང་འོག་མ་ཚོར་བྲན་གཡོག་དང་། ཚེ་གཡོག་ཏུ་བཟུང་སྟེ་གྲྭ་བ་ཞེས་ཐུར་དུ་བཅད་པ་ལས། གུས་ཞབས་དང་། ཆེ་མཐོང་རྩ་བ་ནས་མེད་པ་ཞིག་ཏུ་གྱུར”
    འདི་ནང་བདེན་པ་དང་ཧམ་པ་གཉིས་ཀ་འདུག་པ་ཚང་མས་གསོན་ཅིག སྤྲུལ་གོག་ཚོས་གྲྭ་པ་ལ་ཚེ་གཡོག་བསྐུལ་གི་ཡོད་པར་ཁས་བླངས་འདུག དེ་བདེན་པ་རེད།
    ཡང་སྤྲུལ་གོག་ཚོ་གོང་མ་དང་། གྲྭ་པ་འོག་མ་ཡིན་ཤག་བྱས་པ་ནི་ཧམ་པ་ཁོ་ན་རེད།

  6. ཨོ་རྒྱན་ཉི་མ། says:
    2012-11-06 at 9:25 am

    མཁྲིས་ནད་ཅན་གྱི་གང་ཟག་གིས་དུང་དཀར་པོ་ཡང་སེར་པོ་མཐོང་བ་བཞིན། རང་ཉིད་ཕུང་གསུམ་པ་དང་། ཕུང་གསུམ་པའི་ཉོས་པའི་གང་ཟག་ཡིན་ན་ངས་བཤད་ཚད་རྫུན་དུ་མཐོང་ངེས་རེད།

  7. མེ་ཏོག་དཀར་པོ། says:
    2012-11-06 at 9:51 am

    ང་ལ་གཅིག་གིས་ipaid སྤྲད་སོང་།

  8. གངས་སྤྲེལ་ཚ། says:
    2012-11-06 at 9:52 am

    ཨོ་ཉིའི་གཏམ་ལ་མཐའ་གཅིག་ཏུ་དགག་རྐྱང་མི་རུང་། ཁོ་ལ་སྡོམ་ཤོར་དང་ཁྲེལ་མེད་དེ་བས་བཤདམི་རུང་།གང་ཞེ་ན། ཁོ་ནི་ནང་ཆོས་ལ་སྦྱང་ཙམ་མིན་པའི་དོན་དམ་པའི་སྦྱང་མཐར་ཕྱིན་པའི་སྐྱེསབུ་དམ་པ་ཞིག ད་དུང་ཁོའི་བོད་གངས་ཅན་ན་བླ་མ་གང་བཟང་མང་པོ་བརྟེན་མྱོང་། ཁོའི་བུད་མེད་ཁྲིད་སྐབས་གཞན་དང་མ་འདྲ་བར་སྡོམས་པ་འབུལ་ཡོདངེས་ཡིན། མདོ་ལས། མཁས་པའི་སྡིག་པ་ལྕི་ན་ཡང།། བླུན་པོའི་སྡིག་པ་ཡང་ཡང་ལྕི་ཟེར་བ་ལས་མ་འདས། དེ་ཕུང་གསུམ་པ་དེ་རིགསབློ་ཐག་མི་ཆོད་པའི་སྐྱོ་བོ་བོའི་གྲས་རེད་འདུག ངས་གྲོགསཔོ་འགའ་ལ་བཤདམྱོང་ཁྱོད་ཀྱིས་འདི་ལྟར་མ་བྱེད་ཡངན་གཟན་ཤམ་ཕུད་། ཡང་དེ་ལྟར་མ་བྱེད་བཤད་ཚེ་བློ་ཐག་ཆོད་ཀྱི་མི་འདུག དེཡང་ངས་འདི་ནས་ཅིག་བཤད་འདོད་པ་དེང་སང་སྤྱི་ཚོགས་གི་ཁྲོད་ལ་ཕར་བལྟས་འོང་དུས་ཕུང་གསུམ་པ་ཚོ་མི་ངན་ཁྲེལ་མེད་ཀྱིས་རིགས་རེད་འདུག མི་བཟང་རྣམས་ཆོས་སྒྲུབ་སྐབས་ཆོས་བསྒྲུབ། འཇིག་རྟེན་སྒྲུབ་སྐབས་ཀྱང་བློ་ཐག་ཆོདཔོའི་འཇིག་རྟེན་སྒྲུབ་གི། མི་འགའ་ཞིག་གིས་ཉིན་གཟན་ཤམ་གོན་ནས་ཡིན་མདོག་བྱེད། མཚན་བྱ་བ་གཞན་ལ་ཞུགས། དེལས་ཀྱང་ཉམ་ཐག་འགས་གཟན་ཤམ་གོན་ནས་ཚུལ་མིན་བྱེད་མཁན་མཐོང་ཐོས་རེད། ལྷོ་ཕྱོགས་ནས་ཨ་ཁུ་ཞིག་དང་ཨ་ནེ་གཉིས་ཡོངས་གྲགས་རེད། བལ་ཡུལ་ནས་མི་འགའ་རེ་ཡོངས་གྲགས་ཆགས་ཡོད་མོད་ད་དུང་གཟན་ཤམ་གོན་བསྡད་འདུག ཨོ་ཉིའིབཤད་ན་སྐྱ་ལམ་སེར་ལམ་ཁ་ཁ་བྱེད་དགོས་པ་དམིགས་ཡུལ་མཐརཐུགས་རེད། དེ་དངོས་གནསརེད། ཁོ་རང་སྔགས་ལམ་ལ་ཞུགས་ཡོདརེད། དེར་དེང་སང་མི་འགའ་རེསྐྱ་སར་འབབ་སྐབས་རྙིང་མཡིན་མདོག་མདོག་བྱེད་ཀྱང་ཁོ་དེ་ལྟར་མ་རེད། ཁོ་ཁམས་བྲག་མགོའི་ཕྱོགས་ཀྱི་དགོན་པ་ཚད་ལྡན་ཞིག་གི་སྤྲུལ་སྐུའི་མཚན་གནས་ཡོད་རེད། སྤྲུལ་སྐུ་ཡང་དེང་དུས་སྤྲུལ་སྐུའི་ངོས་འཛིན་ལམ་ལུགས་ལྟར་བྱུང་བ་མིན་པ་འདྲ།

  9. མེ་ཏོག་དཀར་པོ། says:
    2012-11-06 at 10:00 am

    སྤྲུལ་གོག་འདི་ཚོའི་ཤ་དང་རུས་པའི་གསེང་ནས་གཞན་ལ་མཐོང་ཆུང་། ཁྱད་སོད། དམན་པའི་འདུ་ཤེས། གཡོག་པའི་འདུ་ཤེས། རང་ཉིད་ལེགས་པོ། བཟང་པོ། དཔོན་པོ་ཡིན་ཤག་བྱེད་པའི་ཁྲག་རྒྱུན་མ་འདྲ་བ་ཞིག་རྒྱུ་གིན་ཡོད་པ་སྔ་ནས་ཤེས། ད་ལྟའང་ངས་བཤད་པ་རྫུན་དུ་གོ་མཁན་ངན་པ་རེད་ཟེར། ཤུགས་ལ་ངས་མཛུབ་མོ་གར་བསྟན་ཤར་ལ་ཁས་ལེན་ན་བཟང་པོ་རེད་ཟེར་བ་རེད། ད་འདི་མོ་ལས་བལྟས་ངན་ཆེ་བ་དང་། བོད་འབངས་ལ་གཉའ་མནོན་ཆེ་བ་གང་ན་ཡོད།
    ད་ཤོགས། སྤྲུལ་སྐུའི་རིང་ལུགས་རྩད་ནས་བཅོམ་ན་ཕུང་གསུམ་ཤུགས་ལ་ཁེག་ངེས་རེད།

  10. གངས་སྤྲེལ་ཚ། says:
    2012-11-06 at 10:36 am

    སྤྲུལ་སྐུའི་ངོས་འཛིན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་ངེས་རེད་་་་དེར་རྒྱབ་སྐྱོར་ བརྒྱ་ཆ ༡༠༠ ཡོད་་་མེ་ཏོག་དཀར་པོ་་་་་་་་་་

  11. ལེགས་བཤད། says:
    2012-11-06 at 10:42 am

    བོད་པ་བཙན་བྱོལ་ལ་ཡོང་ནས་ཧི་མ་ལའི་ས་ཁུལ་མང་པོ་ཞིག་ལ་དགོན་པ་དང་སློབ་གྲྭ་གསར་རྒྱག །བོད་ཀྱི་རིག་གནས་སློབ་ཁྲིད་སོགས་ཀྱིས་བོད་ཀྱི་སྲོལ་རྒྱུན་མ་ཉམས་པར་གནས་ཡོད་པ་རེད། གདན་སའི་ནང་ལ་ཆ་བཞག་ན་ཡང་ཧི་མ་ལའི་སློབ་ཕྲུག་ཚོ་ཡག་ཐག་ཆོད་འདུག །དེ་མིན་སྤྲུལ་སྐུའི་མིང་ཁུར་ནས་ཚུལ་མིན་ར་ལང་ཆ་ལང་བྱེད་མཁན་ཡོད་སྲིད་ཀྱང་ཧ་ཅང་ཉུང་ཉུང་རེད། གདན་སའི་སྤྲུལ་སྐུ་མང་ཆེ་བས་དཔེ་ཆ་ཡག་པོ་ལྟ་གི་འདུག་ལགས། །

  12. མེ་ཏོག་དཀར་པོ། says:
    2012-11-06 at 10:55 am

    ལེགས་བཤད་ལགས། གདན་ས་ནང་ལའི་གདན་ས་དེ་སུའི་གདན་ས་ལགས།

  13. ལེགས་བཤད། says:
    2012-11-06 at 11:07 am

    མཚུངས་བསྡུར་ཞིག་བྱེད་ན་སྤྲུལ་སྐུའི་ལམ་ལུགས་དེ་མེད་པ་ལས་ཡོད་པ་དགའ། ལས་དང་སྨོན་ལམ་གྱི་དབང་གིས་བསྟན་འགྲོ་ལ་གང་ལ་གང་འཚམས་ཀྱིས་ཕན་ཐོགས་ངེས་ཅན་ཞིག་ཡོང་གི་ཡོད་པ་བཤད་མ་དགོས་པ་རེད། སྤྲུལ་སྐུའི་ངོས་འཛིན་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་ན་དཔལ་འབྱོར་འདུ་འགོད་དང་ཆོས་རིག་སྲུང་སྐྱོབ། དགོན་པ་བདག་སྐྱོང་གི་འགན་སུས་ཁུར་དགོས་པ་རེད། བསྒྱུར་བཅོས་གཏོང་དགོས་པའི་དམིགས་ཡུལ་ཅི་ཡིན་ནམ། ཁོ་ལ་སྤྲུལ་སྐུའི་མིང་ཞིག་སྤྲད་པ་ལ་བོད་ལ་ཕན་གནོད་ཅི་ཞིག་འདུག་གམ།

  14. ལེགས་བཤད། says:
    2012-11-06 at 11:11 am

    མཁས་དབང་མེ་དཀར་ལགས། གདན་ས་གསུམ་དང་གྲྭ་ཚང་དྲུག་གོ །ད་ཨེ་གོ་ཐལ། ཧ་ཧ་བདེ་མོ་བྱོས།

  15. ལེགས་བཤད། says:
    2012-11-06 at 11:18 am

    འོན་ཀྱང་བསྟན་པ་སྤྱི་དང་འགྲོ་བ་ཀུན་ལ་ཕན་ཐོགས་ཡོད་པའི་སྤྲུལ་སྐུ་བྱོན་པ་ནི་ཉུང་ཉུང་རེད།

  16. གངས་སྤྲེལ་ཚ། says:
    2012-11-06 at 11:20 am

    རྙིང་མའི་གདན་ས་དྲུག་དང་་་ས་སྐྱའི་གདན་ས་གསུམ་་་་བཀའ་བརྒྱུད་པའི་གདན་ས་སོགས་གོང་གི་ནང་བསྡུས་ཚར་བ་ཨེ་རེད།

  17. མེ་ཏོག་དཀར་པོ། says:
    2012-11-06 at 11:20 am

    དེ་རང་དྲི་གི་ཡོད། གདན་ས་གསུམ་དང་གྲྭ་ཚང་དྲུག་རྙིང་མ་ས་སྐྱ་བཀའ་བརྒྱུད་དགེ་ལུགས་སུའི་་་་
    ཤེས་འདོད་ཡོད།

  18. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-06 at 2:13 pm

    གངས་སྤྲེལ་ལགས། མཁས་པའི་སྡིག་པ་ལྕི་ཡང་ཡང་། །བླུན་པོའི་སྡིག་པ་ཡང་ཡང་ལྕི། ཞེས་པ་དེ་མདོ་ལས་མིན་པར་ས་སྐྱ་ལེགས་བཤད་ནས་ཡིན་ས་ཡོད།
    ལེགས་བཤད་ལགས། གདན་ས་གསུམ་གྲྭ་ཚང་དྲུག་ཞེས་པ་དེ། བཙན་བྱོལ་རྒྱ་གར་ནང་ལ་དགེ་ལུགས་པའི་དེ་ལྟར་བཤད། བོད་ནང་དགེ་ལུགས་གདན་ས་གསུམ་གྲྭ་ཚང་དྲུག་གི་སྟེང་། ད་དུང་འབྲས་སྤུངས་བདེ་ཡངས་གྲྭ་ཚང་དང་སྔགས་པ་གྲྭ་ཚང་། སེ་ར་སྔགས་པ་གྲྭ་ཚང་བཅས་གྲྭ་ཚང་དགུ། དེ་བཞིན་དུ་བཀྲ་ཤིས་ལྷུན་པོ་ཡང་དགེ་ལུགས་པའི་གདན་ས་བརྩི་དགོས་ཡོད། གཞན་ཡང་གདན་ས་ཞེས་པ་ཆོས་བརྒྱུད་ཆ་ཚང་ལ་རང་རང་སོ་སོའི་གདན་ས་ཡོད། དཔེར་ན་དཔལ་ས་སྐྱའི་གདན་ས། ངོར་གྱི་གདན་ས། ཚར་པའི་གདན་ས། ཀརྨ་པའི་གདན་ས་འོག་མིན་མཚུར་ཕུ། འབྲི་འབྲུག་སྟག་སོགས་ཀྱི་གདན་ས། སྔ་བསྒྱུར་རྙིང་མའི་གདན་ས་དྲུག་སོགས་ཡོད།

    སྤྲུལ་སྐུའི་ལམ་ལུགས་དེ་བཀའ་རྙིང་གཉིས་ཀྱི་ནང་དུ་། ཁོ་རང་ཚོའི་བུ་ཕྲུག་གཉེན་ཉེ་མང་པོ་ཞིག་སྤྲུལ་སྐུ་བཟོས་འདུག དེ་ཚོར་མཐའ་གཅིག་ཏུ་འགག་པ་ཡོད། དེ་ཚོའི་གྲྭ་བ་དཀྱུས་མ་ཚོར་གཉའ་ནོན་བཏང་བ་དང་རང་ཉིད་དཔལ་འབྱོར་དང་ཁེ་ཕན་གཅིག་པུ་ལས་གཞན་ཕན་གྱི་བསམ་བློ་དཀོན་པོ་རེད། དེ་རྗེས་ཕུང་གསུམ་པའི་སྤྲུལ་སྐུ་དེ་ཚོ་མེད་པ་བཟོ་དགོས་འདུག ཡང་ཁ་ཤས་ལོ་གསུམ་བཅུ་ཡོལ་ཟིན་ནས་སྤྲུལ་སྐུ་ངོས་འཛིན་བྱེད་ཀྱི་འདུག ངོས་འཛིན་བྱེད་མཁན་གྱི་བླ་མ་དེ་ཡང་རྫུན་མ་ཡིན་ཤེས་སོང་། གང་ལྟར་དེ་ཚོ་ཚང་མ་མ་རབས་རེད།

  19. སྤྲུལ་སྐུ་དབང་ཆེན། says:
    2012-11-06 at 5:55 pm

    འོ་དེ་རེད།

  20. མུན་འཇོམས་ says:
    2012-11-06 at 6:09 pm

    ཉི་ཤར་སྦར་མོས་མི་ཁེབས་ཟེར་བའི་དཔེ་ལྟར་སྤྱི་ཚོགས་ནང་ངན་པ་ལང་དུ་ཤོར་བའི་མི་ངན་དེ་དག་དངོས་པོའི་སྟོབས་ཤུགས་ཆེས་རྒྱས་ཟིན་པས་དེ་ཚོར་བཀོད་པ་གཏོང་བ་ནི་ཀོ་བ་སྐམ་པོ་ལག་པས་རྙེད་པ་དང་གཅིག་པ་རེད། སངས་རྒྱས་བསྟན་པར་རང་སྣང་གང་དྲན་བྱེད་པའི་ཟོབ་རྫུན་པ་དེ་དག་ཤི་མི་དགོས་ན་དངོས་གནས་སྐྱིད་པོ་རེད།

  21. པདྨ་འཕྲིན་ལས་། says:
    2012-11-06 at 7:17 pm

    ཨ་རོགས་ཨོ་ཉི་ལགས་ཁྱེད་རང་གི་བསམ་ཚུལ་ལ་དགག་པ་མི་བྱེད། འོན་ཀྱང་བཤད་རྒྱུ་ཞིག་ལ་ཚེ་ཕྱི་མ་ངའི་རིག་མ་ཉོང་དེ་ལ་ང་ཡུད་ཆེས་མེད། ལྷག་པར་དུ་སྤྲུ་རྫུན་དང་བླ་རྫུན་དེ་དག་ལ་དེ་བས་ཀྱང་ངའི་ཕྱགས་ཡང་མི་ཚུལ་དད་པ་ཡང་མི་བྱེད་བཅས་ངའི་སེམས་ཀྱི་དམ་བཅའ་ཡིན། གང་ཡིན་ཟེར་ན་ངའི་མི་ཚེ་ནང་དུ་སྤྲུ་རྫུན་་མང་པོ་ཞིག་ཐུགས་ཉོང། དེ་དག་ནི་དངོས་ནས་རྐུ་མ་དང་གཅགས་པ་རྫུན་བྱེད་མཁན་དག་རེད།

  22. མྱི་དཀར་ says:
    2012-11-06 at 8:53 pm

    ཨོ་ཉི་ལགས། ཅེས་པའི་ཁ་བྱང་ཡོད་པའི་རྩོམ་ཡིག་ཅིག་དྲ་ཐོག་འདིར་སྤེལ་དང་ད་ལྟའི་དུས་འདིར་དངོས་གནས་ཁ་ཚ་དགོས་གཏུག་གི་དགོས་པ་ཆེན་པོ་འདུག

  23. མྱི་དཀར་ says:
    2012-11-06 at 8:55 pm

    ཨོ་ཉི་ལགས། སྤྲུལ་གོག་དང་བླ་གོག་ཚོས་གནས་ལུགས་ཚོལ་ཅིག ཅེས་པའི་ཁ་བྱང་ཡོད་པའི་རྩོམ་ཡིག་ཅིག་དྲ་ཐོག་འདིར་སྤེལ་དང་དུས་ངན་འདིར་ཁ་ཚ་དགོས་གཏུག་དང་། རྣག་ཐོག་གཙག་ཁེལ་གྱི་དགོས་པ་ཆེན་པོ་འདུག

  24. དོལ་སྨྱོན། says:
    2012-11-06 at 9:45 pm

    མི་དཀར་གྱིས་གནད་ལ་འཁེལ་བའི་གཏམ་ཞིག་བཤད་འདུག

  25. དོལ་སྨྱོན། says:
    2012-11-06 at 9:46 pm

    མྱི་དཀར་་་་ཞེས་བཅོས།

  26. དོལ་སྨྱོན། says:
    2012-11-06 at 9:48 pm

    ངས་ཀྱང་་་་་སྤྲུལ་སྐུ་རྐྱལ་སྟོང་ཚོ་་་་ཞེས་པའི་སྙན་ངག་ཅིག་བྲིས་ཡོད་པས་མི་འགྱངས་པར་ཁ་བརྡ་སྤེལ་ངེས་ཡིན།

  27. མེ་ཏོག་དཀར་པོ། says:
    2012-11-06 at 9:49 pm

    འོ་ནུ་ཕྱོགས་པ་བཀའ་དྲིན་ཆེ། གོང་གི་དེ་དགེ་ལུགས་པའི་གདན་སའི་དོན་རེད་འདུག་པ། དཔེར་ན་ཁོང་གི་གསུང་། ཁོང་གིས་གསུངས། ཟེར་ན་སུའི་དང་སུས་ཞེས་པའི་དྲི་བ་འོངས་བ་ལྟར། གདན་ས་ཟེར་དུས་ཀྱང་སུའི་གདན་ས་ཞེས་པའི་དྲི་བ་འདི་སླེབས་འགྲོ་གི་འདུག ཐུགས་རྗེ་ཆེ།

  28. རྔ་རྒྱལ། says:
    2012-11-06 at 10:01 pm

    བལྟས་ཡོད།

  29. གངས་དཀར་ says:
    2012-11-06 at 10:41 pm

    ད་སྐབས་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པ་དང་། གལ་ཏེ་མ་གཏང་ན་བོད་ཀྱི་ནང་བསྟན་གཙང་མ་ཆགས་མི་སྲིད། འདིའི་ཐད་སྐྱབས་མགོན་རིན་པོ་ཆེ་ནས་བཀའ་སློབ་རབ་དང་རིམ་པ་མང་པོ་གནང་ཡོད་ཀྱང་དེང་སང་བོད་པའི་རྒེར་སྤྱོད་པའི་བླ་བྲང་དང་། མི་ཆེན་རིང་ལུགས་རྣམས་ཀྱིས་ཚོང་རྩ་དང་ལག་ཆ་ཆགས་ནས་འགྱུར་བ་དེ་ཙམ་གཏོང་ཐུབ་མེད། ཕྱིས་བོད་ཀྱི་སྐྱ་སེར་རྣམས་ཤེས་ཡོན་གོང་མཐོར་གཏོང་ཐུབ་ན་རྫུན་རྐུབ་རྣམས་རིམ་གྱིས་བརྡོལ་ངེས།
    ངས་ཧ་ཅང་ཤེས་དཀའ་བ་ལ་སྤྲུལ་སྐུ་ལ་ལ་ལོ་དགུ་བརྒྱའི་སྔོན་ནས་བྱོན་ཟིན་པ་ད་བར་ངོས་ཟིན་མ་མྱོང་བ་ཡང་སྤྲུལ་སྐུ་བཟོ་ཆོག་དེས་བར་ཞིང་ཁམས་ལ་བཞུགས་པ་རེད་ཟེར། ལ་ལ་བླ་མ་གང་ཞིག་མ་འདས་སྔོན་ནས་སྤུ་གུ་གཞན་དག་ངོས་འཛིན་བྱེད་ནས་མ་འདས་སྤྲུལ་སྐུ་བཤད་ཆོག།
    ལ་ལ་འདས་ནས་བླ་མ་གཅིག་གི་རྣམ་ཤེས་ལ་སྤྲུལ་སྐུ་གསུམ་བཞི་ལྔ་དྲུག་ཁྲི་འདོན་བྱེད་ནས་དེ་ལ་སྐུ་གསུངས་ཐུགས་སྤྲུལ་ཞེས་མིང་བརྟགས་ཆོག། མདོར་ན་མི་ཆེན་དང་བླ་ཆེན་དབང་ཡོད་མགོ་བདེ་རྣམས་ལ་མཁོ་དགོས་བྱུང་ན་གང་དྲན་དྲན་བྱེད་ཆོག། འདི་རང་འགོ་རང་གི་བསྐོར་བ་མ་ཡིན་ནམ། བོད་ཀྱི་ནང་ཆོས་རུལ་སུང་དང་།སོ་སོའི་དབང་ཆ་དང་དཔལ་འབྱོར་ཆེ་བེད་སྤྱོད་བྱས་པ་མ་ཡིན་ནམ། དེའི་ཕྱིར་དཔྱོད་ལྡན་རྣམས་བསམ་གཞིགས་རེ་གཏོང་དགོས་ངེས་བསམ་།

  30. ལེགས་བཤད། says:
    2012-11-06 at 10:49 pm

    ནུབ་ཕྱོགས་གངས་ཕྲུག་གིས་བཤད་པ་ལྟར་རང་གི་གཉེན་ཉེ་སྤྲུལ་སྐུ་བཟོ་བའི་ལམ་ལུགས་ལ་ཆོས་རྒྱུད་རང་རང་གིས་དག་ཐེར་བྱེད་ན་མ་གཏོགས་ཁག་པོ་རེད། ཨོ་ཉིས་གསུངས་པའི་ཕུང་གསུམ་པ་དེ་ཚོ་ཡིན་རྒྱུ་རེད། དེ་མིན་གནའ་སྔ་མོའི་དབུས་ཀྱི་གདན་ས་དྲུག་དང་དུས་ཕྱིས་སུ་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་ཞེས་པ་ཞིག་གོ་མྱོང་། བླ་རབས་རིམ་པར་བྱུང་བ་ལ་གདན་ས་ཟེར་བ་དང་། ང་གསུམ་ས་མོ་གླང་ལ་དགའ་ལྡན་བཏབ། ཅེས་པ་ལྟར་སྤྱི་ལོ་༡༤༠༩་ལོར་རྗེ་ཙོང་ཁ་པས་ལྷ་ལྡན་སྨོན་ལམ་ཆེན་མོ་དང་འབྲོག་རི་བོ་དགའ་ལྡན་བཏབ། ལོ་བདུན་གྱི་ཀྱི་རྗེས་སུ་འཇམ་དབྱངས་ཆོས་རྗེས་དཔལ་ལྡན་འབྲས་སྤུངས་བཏབ། དེ་ནས་ལོ་གཉིས་ཀྱི་རྗེས་སུ་བྱམས་ཆེན་ཆོས་རྗེས་སེ་ར་ཐེག་ཆེན་གླིང་བཏབ། རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས།།ཞེས་པ་ལྟར་སྤྱི་ལོ་༡༤༡༩་ལོ་རབ་བྱུང་བདུན་པའི་ས་ཕག་ལོར་རྗེ་ཙོང་ཁ་བ་དགུང་གྲངས་རེ་གསུམ་ཐོག་སྐུ་གཤེགས། རྗེ་ཙོང་ཁ་བ་སྐུ་གཤེགས་ནས་ལོ་ཉེར་བརྒྱད་ཕྱིན་པའི་རྗེས་སྤྱི་ལོ་༡༤༤༧་ལོ་རབ་བྱུང་བརྒྱད་པའི་དུས་མགོ་ཚུགས་པ་མེ་ཡོས་ལོར་རྗེ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོའི་གདན་ས་ཕྱག་བཏབ་པ་རེད། དེས་ན་གདན་ས་གསུམ་སྔོན་ལ་བྱུང་བ་དང་དེའི་རྗེས་སུ་གྲྭ་ཚང་དྲུག་ཇི་ལྟར་གྱེས་ཚུལ་འབྲས་སྤུངས་གདན་རབས་ན་གསལ། སྔ་འགྱུར་རྙིང་མའི་གདན་ས་དྲུག་ཅེས་པ་གང་དང་གང་ཡིན་གསུངས་རོགས།

  31. ཀརྨ་སྐལ་བཟང་ says:
    2012-11-06 at 11:15 pm

    རྒྱལ་དབང་ཀརྨ་པ ༡༦ རིག་པའི་རྡོ་རྗེ་ངོས་འཛིན་གནང་བའི་སྤྲུལ་སྐུ་དེ་གང་འདྲ་ཞིང་ཡིན་ཀྱང་ཡིད་ཆེས་ཡོད་ལ་དད་པ་འང་་དེ་མ་ཏོག་སུ་གང་ལ་དད་པ་མེད་ལ་ཡིད་ཆེས་མེད་ངོས་ལེན་མེད་

  32. ལེགས་བཤད། says:
    2012-11-06 at 11:50 pm

    བླ་མ་དེ་དང་དེའི་སྤྲུལ་སྐུ་ངོས་བཟུང་མཛད་པ་ལ་ཕན་གནོད་ཅི་ཡོང་གསལ་ཁ་འདོན་པ་གལ་ཆེ། དེ་མིན་རྒྱུ་མཚན་དང་གནས་ལུགས་བགྲང་རྒྱུ་མེད་པར་མུ་གེ་དང་མུག་མུག་བཤད་པས་ཕན་ཐོགས་ཅི་ཡང་ཡོད་པ་མ་རེད། དད་པ་ཡོད་མེད་དེ་རྒྱུ་མཚན་དང་གནས་ལུགས་ཤེས་པའི་ཐོག་ནས་དད་པ་ཡོད་ན་བཟང་བ་ལས་སྲོལ་རྒྱུན་དང་རྨོངས་དད་ཀྱི་རྗེས་སུ་འབྲངས་བ་ལ་ཡ་མཚར་དོན་ཅང་མེད་ག །སྤུལ་སྐུ་བསྟན་དོན་དུ་བྱོན་པ་ཡིན་ན་བསྟན་པ་ལ་བྱས་རྗེས་འཇོག་དགོས་མིན་དེ་དཔྱད་གཞི་གཙོ་བོ་རེད། བླ་མ་དང་སྤྲུལ་སྐུ་ལ་མུ་བཞི་གསུངས་པ་བརྗེད་སོང་བ་རེད་དམ། ནང་གི་ཡོན་ཏན་བསླབ་པ་གསུམ་དང་མཁས་བཙུན་བཟང་གསུམ་འཛོམས་པ་ཡིན་ན་སྤྲུལ་སྐུའི་མིང་མེད་ཀྱང་བླ་མ་ཚད་ལྡན་ཞིག་ཆགས་སོང་བ་རེད། དགེ་བཤེས་ཚད་ལྡན་གྱིས་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་གྱིས་བསྟན་པ་སྐྱོང་བ་དང་སྤྲུལ་སྐུ་ཚད་ལྡན་གྱིས་སྐུ་སྐྱེ་སྔ་མའི་མཛད་པ་བཟང་པོ་བདག་གིར་བཞེས་ནས་དད་ལྡན་དམངས་ཚོགས་ལ་དབང་བཀའ་ཆོས་ཀྱི་བདག་པོར་མཛད་དགོས་པ་རེད།

  33. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-07 at 12:02 am

    ལེགས་བཤད་ལགས། འབྲས་སྤུངས་ལ་གྲྭ་ཚང་བཞི། སེ་རར་གྲྭ་ཚང་གསུམ། དགའ་ལྡན་ལ་གྲྭ་ཚང་གཉིས་ཡོད་པའི་ཞིབ་པར་སྨྲོས་ཟིན། སྔ་བསྒྱུར་རྙིང་མའི་གདན་ས་དྲུག་ནི། སྨིན་གྲོལ་གླིང་། རྡོ་རྗེ་བྲག ཞེ་ཆེན། རྫོགས་ཆེན། ཀཿཐོག དཔལ་ཡུལ་བཅས་དྲུག་ཡིན། སྔོན་ནས་བྱས་ན་ངའི་བསམ་ཚུལ་ལ་བསམ་ཡས་དེ་སྔ་བསྒྱུར་རྙིང་མའི་གདན་སའི་གྲངས་སུ་བརྩི་དགོས་ཀྱང་དུས་ཕྱིས་ས་སྐྱར་བསྒྱུར་ཟིན་པ་བཤད། ལར་ནས་གདན་ས་ཞེས་པ་གྲྭ་བ་གྲངས་མང་བའིདགོན་པར་གོ་དོན་མིན།

  34. མེ་ཏོག་དཀར་པོ། says:
    2012-11-07 at 12:15 am

    ཀརྨ་སྐལ་ནཟང་ལྟར་ན་ཀརྨ་པ་ ༡༦ པ་ཁོ་རང་ལ་ཡིད་ཆེས་མེད་པ་འདྲ། ཁོང་ཁོང་རང་གིས་ངོས་འཛིན་མ་བྱས་པས་སོ།། ཧཧཧ

  35. མེ་ཏོག་དཀར་པོ། says:
    2012-11-07 at 12:18 am

    ནུབ་ཕྱོགས་པས་བཤད་པ་ལྟར། མི་ལས་བླ་མའི་གདན་ས་མཇལ་བ་མ་སོགས་མིལའི་རྣམ་ཐར་ན་གསལ་བས་གདན་ས་ཞེས་གྲྭ་གྲངས་ནས་འཇོག་རྒྱུ་མིན་པ་གསལ།

  36. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-07 at 12:37 am

    ཞྭ་དམར་དང་སི་ཏུ་གཉིས་ཀྱིས་ཀརྨ་པའི་ཡང་སྲིད་ཀྱི་རྩོད་རྙོག་རྗེས་ནས། སྤྲུལ་སྐུའམ་ཡང་སྲིད་ལ་ཡིད་ཆེས་མེད་པ་དེ་ནས་འགོ་ཚུགས་སོང་། ཡིན་ནའང་ཀརྨ་པའི་༡༦ གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་མཐད་ལ་་ང་རང་ཡང་མོས་མཐུན་ཡོད། ཁོང་གིས་མི་རིགས་མི་འདྲ་བ། ལུང་ཚན་མི་འདྲ་བ། ཁྱིམ་ཚང་མི་འདྲ་བ་སོགས་ལ་ངོས་འཛིན་གནང་འདུག སྤྲུལ་སྐུ་ཁ་ཤས་བོད་རིགས། དེ་མིན་འབྲུག་པ། འབྲས་ལྗོངས་པ། བལ་པོ། ཕྱི་རྒྱལ་བ། བོད་རིགས་ལ་ཡང་འགའ་ཤས་དབུས་པ། གཙང་པ། ཁམས་པ། སྟོད་པ། ཨ་མདོ་བ། གཞན་ཡང་འགའ་ཞིག་སྤྲང་པོ། འགའ་ཤས་ཕྱུག་པོ། འགའ་ཤས་འབྱོར་འབྲིང་སོགས་ཆ་ཚང་འདུག དེང་སང་སྤྲུལ་གོག་ཚང་མ་ཁོ་རང་ཚོའི་གཉེན་ཉེ་ཤ་སྟག་རེད།

  37. རྟེན་འབྱུང་། says:
    2012-11-07 at 1:17 am

    དང་པོ་ནས་ངེས་འབྱུང་སྐྱེས་ནས་དགོན་པར་ཞུགས་དགོས་ན་དགོན་པའི་ནང་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྦྱོང་དགོས་ཀྱི་མ་རེད། འདི་འདྲའི་མི་གླེན་པ་ཞིག་གིས་ཆོས་སྲིད་གཉིས་ཀྱི་གནམ་ས་འཇལ་བ་མཐོང་ཚེ་སེམས་པ་སྐྱོ་ཡོང་གི།

  38. ཀརྨ་སྐལ་བཟང་ says:
    2012-11-07 at 1:50 am

    ྄༄། ཀརྨ་བཀའ་རྒྱུད་ནང་ལ་ཀརྨ་པ་ཞ་དམར་ནག་གཉིས་མ་ཏོག་སྤྲུལ་སྐུ་ངོས་འཛིན་གནང་བ
    ཐོབ་ཐང་ཡང་ཡོད་མ་རེད་།

  39. གངས་སྤྲེལ་ཚ། says:
    2012-11-07 at 2:27 am

    བསམ་ཡས་སྔ་འགྱུར་སྤྱི་ཡོང་གི་རྩ་བའི་གདན་ས་ཞིག་རེད། དེར་བསྒྱུར་དང་མ་བསྒྱུར་བའི་སྐད་ཆ་མ་རེད། སྤྱིར་ང་ཚོ་མང་པོ་ཞིག་སྐྱག་ལང་ལ་སོང་ནས་གདན་ས་ཟེར་དུས་དགེ་ལུགས་པའི་སེར་འབྲས་དགའ་གསུམ་གཅིག་པུ་ལ་གོ་བའི་ཤུགས་ཆེ་བའི་གཏམ་རྒྱུད་དེ་ཚོ་དྲང་མོ་མ་རེད། དེའི་མགོར་དགེ་ལུགས་པའི་གདན་ས་གསུམ་ཟེར་ན་འགྲིག་གི་རེད། སྤྱིར་གདན་ས་གསུམ་ཟེར་ན་ས་སྐྱའི་ས་ངོར་ཚ་གསུམ་ལའང་གོ་སྲིད།
    དེ་བཞིན་སྒང་གི་ལུང་འདྲེན་དེ་བྱུང་ཡུལ་མདོ་ལས་བྱུང་ཡང་ཚིག་སྦྱོར་ས་སྐྱའི་ལེགས་བཤད་ཡིན་ཀྱང་སྐྱོན་གང་ཡོད། གཞན་གདན་ས་དྲུག་ཟེར་དུས་རྙིང་མའི་གདན་ས་དྲུག་ལའང་གོ་ཆོག་པས་་་་་གདན་སའི་མགོར་སོ་སོའི་ཆོས་བརྒྱུད་གང་ཡིན་མགོར་འཇོག་དགོས་པ་ལས་རང་དགར་གང་སར་དབང་བསྒྱུར་གྱི་ཚིག་ནག་བཅུགས་མི་རུང་ངོ།།

  40. གངས་སྤྲེལ་ཚ། says:
    2012-11-07 at 2:38 am

    ཀརྨ་སྐལ་བཟང་ནས་་་་བཤད་དོན་ལྟར་་་་བཀའ་བརྒྱུད་ལུགས་ལུགས་ཞ་དམར་ནག་གཉིས་དང་་་དེ་བཞྀན་ས་སྐྱ་ཡིན་ན་ས་སྐྱ་ཁྲི་འཛིན་དང་་་་་རྙིང་མའི་མ་དགོན་དྲུག་གི་བསྟན་བདག་རྣམས། གཞན་དགེ་ལུགས་ལ་སྤྲུལ་སྐུ་ཟེར་བ་ཡོད་ན་དགའ་ལྡན་ཁྲི་བས་བྱེད་རྒྱུ་བྱུང་ན་་་སྤྲུལ་སྐུ་འཕར་མ་དང་་་་སྤྲུལ་སྐུ་གཉིས་གསུམ་་མི་འགྲོ་རྒྱུ་གལ་ཆེ་བམཐོང་་་་དེ་བས་ཆབས་སྲིད་ཀྱི་སྤྲུལ་སྐུ་མང་དྲག་ན་བསྟན་པ་མགོ་ནས་བཤིགསབྱེད་ཀྱི་གཤེད་མ་ངོ་གནས་དེ་རེད་ཤག

  41. ཀརྡོ་གཉེར་ཕྱག་པ་ says:
    2012-11-07 at 2:55 am

    བསྟན་འཛིན་བླ་སྤྲུལ་དང་གྲྭ་བཙུན་སྡོམ་གཙང་རྣམས་རྟག་ཏུ་རྒྱལ་འགྱུར་ཅིག །
    རྒྱའི་གུང་བྲན་དམར་པོ་དང་ལས་ལས་བྱེད་བྱུས་ངན་རྣམས་རྟག་ཏུ་ཕམ་འགྱུར་ཅིག །

  42. སྤོབས་པ་མཐའ་ཡས། says:
    2012-11-07 at 3:29 am

    ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་ཆོས་འཁོར་བསམ་ཡས་ལ་སོགས་པ་ནི་བསྟན་པ་སྔ་དར་གྱི་དུས་སུ་བཞེངས་པའི་གདན་ས་གནད་ཆེན་རེ་རེད་འདུག ཇོ་བོ་རྗེ་བོད་དུ་ཕེབས་སྐབས་སུ་བསམ་ཡས་ལ་ཐུགས་ཧ་ཅང་མཉེས་ནས་དེར་བཞུགས་འདོད་ཡོད་ཀྱང་ཡུལ་མི་མ་རབ་འགས་ཐུགས་དཀྲུགས་ནས་བཞུགས་མ་ཐུབ་པ་རེད་འདུག འདི་དག་དུས་རབས་བཅུ་གཅིག་པའི་མཇུག་དང་དུས་རབས་བཅུ་གཉིས་པའི་སྟོད་ཡས་མས་ལ་ཤིག་ལ་ཀླུ་མེས་དང་སྦ་རག་ཟེར་བའི་ཚོ་བ་གཉིས་ཀྱི་རྩོད་གཞིར་གྱུར་ནས་འཁྲུག་པ་ཆེན་པོ་ཤོར། འཁོར་སའི་ལྷ་ཁང་མང་པོ་ཞིག་མེར་བསྲེགས། སྡེ་འཁྲུག་དེས་རྐྱེན་གྱིས་ལྷ་སའི་ཇོ་ཁང་ལ་ཡང་ཉམ་ཆག་ཆེན་པོ་བྱུང་། དེ་ལ་དྭགས་པོ་ཟླ་ཟོད་གཞོན་ནུའི་ཚ་བོ་དྭགས་སྒོམ་ཚུལ་ཁྲིམས་སྙིང་པོས་ལྷ་སའི་གཙུག་ལག་ཁང་ཉམས་གསོ་མཛད། བླ་མ་རྭ་ལོས་འགྲོ་སོང་ཆེན་པོ་བཏང་ནས་བསམ་ཡས་ཀྱི་འཁོར་སའི་ལྷ་ཁང་རྣམས་ཉམས་གསོ་མཛད། དེ་ནས་མེ་སྐྱོན་བྱུང་རྗེས་སུ་ས་སྐྱ་ཚང་གིས་ཉམས་གསོ་བྱས་འདུག དུས་རབས་བཅོ་བརྒྱད་པའི་ནང་ལ་དགའ་ལྡན་ཕོ་བྲང་པས་ཀྱང་ཉམས་གསོ་ལེགས་པོ་བྱས་འདུག དེང་སང་ནི་ཕྱིའི་བཀོད་པ་ཉམས་གསོ་ལེགས་པོ་དང་མཇལ་སྐོར་ལྟད་མོ་བ་སླེབས་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་འཆད་ཉན་སོགས་ནི་ཆེར་མེད་ཟེར།

  43. ཀླུ་རྟ། says:
    2012-11-07 at 4:14 am

    ཡང་མེ་དཀར་དང་ལེགས་བཤད་འབོད་པ་གཉིས་ཀྱིས་དྲ་འབུའི་སྐྱེས་བ་ལངས་འདུག

  44. མེ་ཏོག་དཀར་པོ། says:
    2012-11-07 at 6:36 am

    “དེང་ན་སྤྲུལ་རྫུན་ཆུ་ཤིང་དར་མས་རྒྱལ་ཁམས་ཁེངས་པར་གྱུར་བ་ན།།
    འགྲོ་བའི་སྡུག་བསྔལ་ཁ་ཚིག་ཙམ་གྱིས་གཞན་མགོ་ཧྲིལ་གྱིས་བསྐོར་བ་འདིས།།
    བྱང་ཆུབ་སེམས་ཀྱི་རྩ་བ་ཕར་ཟད་རྩེ་མོའི་ཕྱོགས་ཙམ་མ་མཐོང་བའི།།
    བདེན་པའི་མེ་ལྕེ་ལྷབ་ལྷུབ་བསྐྱོད་པ་དཔའ་བོ་དཔའ་མོའི་རྟོགས་བརྗོད་ཡིན།།” ལྷ་ཆབ་སྦྱིན་པས་བྲིས་འདུག

  45. གེ་སར་ནས་ says:
    2012-11-07 at 8:28 am

    སྤྲུལ་ཨོ་རྒྱན་ལགས་་་མུ་མཐུད་ནས་སེམས་ཤུགས་གནང་རོགས་་་་དཔེ་ཡག་པོ་འདུག་་་

  46. ཨོ་རྒྱན་ཉི་མ། says:
    2012-11-07 at 8:39 am

    སྤྲུལ་སྐུ་རྫུན་མ་ལ་གཉིས་སུ་མཆིས། གཅིག་ཆུང་ངུའི་དུས་ནས་རྫུན་མ་བཟོས་པ་དང་། གཉིས་རྫུན་མ་བཟོ་མཁན་གྲྭ་རྫུན་དེ་ཚོ་རེད། དང་པོ་ནི་ཁྱིམ་བརྒྱུད་དང་། རིགས་དང་རུས། དཔལ་དང་འབྱོར་བ་ལ་བལྟས་ཏེ་རྫུན་མ་བཟོས་ཏེ། ཆེན་པོ་ཆགས་དུས་བསྟན་པ་ཕན་ཐོགས་གང་ཡང་མེད་པའི་བསྟན་བཤིགས་དེ་ཚོ་རེད། གཉིས་པ་གྲྭ་བ་ཧམ་པ་ཅན་ཚོས་སྤྲུལ་སྐུའི་མིང་བརྐུས་ཏེ་སྤྲུལ་རྫུན་བཟོས་པ་རེད། འདིས་ཆོས་འཇིག་རྟེན་ཡོངས་རྫོགས་ཀྱི་ཁྲིམས་གཏོར་བཤིགས་བཏང་ཡོད་པས། གྲྭ་བ་ཧམ་པ་ཅན་དང་། སྦྱིན་བདག་ཁྲམ་པ་དེ་ཚོས་དཔལ་འབྱོར་སྒྲུབ་པའི་ཆེད་དུ་བཟོས་པ་འབའ་ཞིག་རེད། དེ་ཕྱིར་གྲྭ་བ་རྫུན་མ་ཚོས་བཟོས་པའི་སྤྲུལ་རྫུན་ནི་སྤྲུལ་རྫུན་ནང་ནས་ཐ་ཆད་དོ། །གང་ཡིན་ཞེ་ན་རང་གིས་རང་ཉིད་མི་གཙང་བའི་རྐྱལ་བ་ཞིག་ཡིན་པར་རྟོགས་བཞིན། ཆེན་པོ་ཞིག་ཡིན་པར་ཁས་འཆེ་བས་སོ། །སྤྲུལ་སྐུ་ཡང་དག་པ་ནི་ཕྱག་མཛོད་དང་། སྦྱིན་བདག་གི་དབང་དུ་མ་སོང་ཞིང་། བླ་མ་མཚན་ཉིད་དང་ལྡན་པས་རྟགས་དང་། གཏན་ཚིགས་ཡང་དག་ལ་བརྟེན་ནས་དང་། གོང་མའི་ལུང་བྱང་དང་། རང་བཞིན་ངང་གིས་བཟང་པོའི་ཡོན་ཏན་གྱི་རྒྱུད་ཕྱུག་པའི་བསྟན་འཛིན་སྐྱེས་བུ་དག་གོ། །

  47. མེ་ཏོག་དཀར་པོ། says:
    2012-11-07 at 8:40 am

    སྤྲུལ་སྐུ་ཡིན་ཡིག་རྨོངས་ཡིན་པས་མ་ཁྱབ་སྟེ། ཨོ་རྒྱན་ཉི་མ་དང་དབང་ཆེན་བཞིན། ཡིན་ནའང་མཛུབ་མོ་འགུལ་ཤེས་པའི་འབྲས་བུར་ཨོ་ཉིས་བླ་མ་རྒན་པ་དག་ལ་ཁ་གཏོང་རྒྱུ་འབའ་ཞིག་དང་། དབང་ཆེན་པས་རྒྱོ་རྒྱག་ལུགས་བྲིས་པ་མཐོང་གསལ་ཡིན་པས་མདོར་ན་གོང་དུ་ངས་མཆན་ ༡ “ཕུང་གསུམ་པ་ཡིན་ན་སྤྲུལ་སྐུ་ཡིན་པས་ཁྱབ། དེ་ཡིན་ན་བསྟན་དགྲ་ཡིན་པས་ཁྱབ” ཅེས་བཤད་པ་ཡིན།

  48. མེ་ཏོག་དཀར་པོ། says:
    2012-11-07 at 8:46 am

    ཧ་ཧ་ཧ་ཧ་ཧ། དེ་རིང་སྤྲུལ་གོག་སྐོར་ངག་བཅད་བཏང་སོང་། ཡིན་ནའང་འདིར་ཡང་གྲྭ་བ་ལ་བཀའ་བཀྱོན་བཏང་འདུག་པར་་གོང་དུ་ངས་མཆན་ཨང་ ༩ “སྤྲུལ་གོག་འདི་ཚོའི་ཤ་དང་རུས་པའི་གསེང་ནས་གཞན་ལ་མཐོང་ཆུང་། ཁྱད་སོད། དམན་པའི་འདུ་ཤེས། གཡོག་པའི་འདུ་ཤེས། རང་ཉིད་ལེགས་པོ། བཟང་པོ། དཔོན་པོ་ཡིན་ཤག་བྱེད་པའི་ཁྲག་རྒྱུན་མ་འདྲ་བ་ཞིག་རྒྱུ་གིན་ཡོད་པ་སྔ་ནས་ཤེས། ད་ལྟའང་ངས་བཤད་པ་རྫུན་དུ་གོ་མཁན་ངན་པ་རེད་ཟེར། ཤུགས་ལ་ངས་མཛུབ་མོ་གར་བསྟན་ཤར་ལ་ཁས་ལེན་ན་བཟང་པོ་རེད་ཟེར་བ་རེད། ད་འདི་མོ་ལས་བལྟས་ངན་ཆེ་བ་དང་། བོད་འབངས་ལ་གཉའ་མནོན་ཆེ་བ་གང་ན་ཡོད།” ཅེས་བྲིས་ཡོད།
    ད་ཡིན་ན་སྐུ་ཉིད་ཕྱོགས་གང་དུ་གཏོགས།

  49. མེ་ཏོག་དཀར་པོ། says:
    2012-11-07 at 8:52 am

    གང་ལྟར་རང་ཉིད་སུ་ཡིན་ཧ་མ་གོ་བཞིན་གོང་མའི་ཤེས་རྒྱུད་གཅིག་པར་ཁས་ཆེས་ཏེ་དད་ལྡན་དྲང་པོ་དག་གི་པགས་པ་བཤུས་ནས་འཚོ་བཞིན་མི་སྡོད་ཐབས་མེད་འདི་ལས་ཡ་ང་བ་དང་། སྙིང་རྗེ་བ། ལས་ངན་པ་ཞིག་ག་ན་ཡོད།

  50. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-07 at 10:26 am

    གངས་སྤྲེལ་ལགས། བསམ་ཡས་སྔ་བསྒྱུར་རྩ་བའི་གདན་ས་ཡིན་ཡང་རྙིང་མའི་ཆོས་འབྱུང་རྣམས་སུ་གདན་ས་དྲུག་མ་གཏོགས་བསམ་ཡས་དེའི་ཁོངས་སུ་བརྩི་མི་འདུག ཁྱེད་རང་གི་རེད་ཟེར་ན་མི་འགྲིགས།
    གོང་གི་ལུང་དེ་ས་སྐྱ་ལེགས་བཤད་ཀྱི་ཚིགས་ཇི་མ་ཇི་བཞིན་རེད་འདུག དེ་མདོ་ནས་གསུངས་ཟེར་བ་འོལ་ཚོད་ཀྱི་བཤད་ན་ག་ལ་འགྲིགས། དེ འདྲ་ཡིན་ན་བསྟན་བསྒྱུར་གྱི་ལུང་ཚང་མ་མདོ་ལས་གསུངས་ཟེར་ན་མཆོག་གམ། ལུང་འདྲེན་བྱུང་ཡུལ་མདོ་ལས་བྱུང་བའི་ཕྱིར། དེ་བཞིན་དུ་བསྟན་བཅོས་་ཀྱི་ལུང་ཡིན་ན་བཀའི་ལུང་ཡིན་པའི་ཁྱབ་པར་ཐལ། ཁྱེད་རང་གི་ཁས་ལེན་པའི་ཕྱིར།

  51. ཨོ་རྒྱན་ཉི་མ། says:
    2012-11-07 at 11:37 am

    ཡང་འགའ་ཞིག་གིས་ཟེར་ན། ཆོས་བརྒྱུད་ཀྱི་དབུ་ཁྲིད་དང་། དགོན་སྡེའི་བདག་པོ་ཟེར་བ་ཚང་མ་ལ་འབྲེལ་བ་བྱེད་མཁས་པ་དང་། སྐད་ཆ་བཤད་རྒྱུ་ཡོད་མཁན། ཆབ་སྲིད་ལ་མཁས་པ་ཞིག་དགོས་ཀྱིན་འདུག་ཟེར། དེ་ལྟར་ན་ཁྱེད་ཅག་གིས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་། རྒྱ་རི་སྒྲོལ་མ་གཉིས་དབུ་འཛིན་ལ་བསྐོས་དང་། ཁོང་གཉིས་ཆབ་སྲིད་ལ་མཁས་ཤིང་། འབྲེལ་བ་བཟོ་བ་མཁས་པའི་ཆབ་སྲིད་པའི་གཙོ་གྲས་ཤིག་རེད། བསྟན་པ་ཨེ་ཟིན་གཞུག་ནས་བལྟ་ཆོག ཡང་དཔལ་འབྱོར་ཆེན་པོ་ཞིག་དགོས་རབ་ཤོད་མཁན་ཡང་འདུག དེ་འདྲ་ཡིན་ན་བོད་ཀྱི་ཚོང་པ་ཆེ་བ་ཚོ་ཆོས་བརྒྱུད་ཀྱི་ཆོས་ལུགས་ཀྱི་དབུ་འཛིན་ལ་བསྐོས་ཤིག ཁོ་བོ་ནི་དུས་ནམ་ཡང་ཆབ་སྲིད་པ་དང་། འབྱོར་ལྡན་ལ་མི་དགའ་བ་མིན་ཡང་། ཆོས་ཀྱི་དབུ་འཛིན་དང་། བྱེད་སྒོ་མཐའ་དག་ཆབ་སྲིད་པ་དང་། དཔལ་འབྱོར་གཉིས་ལ་འབྲེལ་དགོས་པ་ཤིག་མཐོང་མྱོང་མེད་ལ། ཆབ་སྲིད་དང་། དཔལ་འབྱོར་གཉིས་ནི་བསྟན་པ་དང་བསྟན་འཛིན་གཉིས་ཀྱི་ཡན་ལག་གི་དགོས་མཁོ་ཞིག་ལས། ཁྱད་པར་འཕགས་པའི་དགོས་པ་ཞིག་ཡོད་པར་མི་སེམས། དེ་ཕྱིར་ཆོས་བརྒྱུད་དང་། དགོན་སྡེ་ཁག་གི་ཆོས་དཔོན་གཞོན་ནུ་རྣམས་ཀྱིས་རང་གི་དགོས་མཁོ་བསྐང་བ་གཙོ་བོ་མི་བྱ་བར། བསྟན་པ་དང་། སྐྱེ་འགྲོ་སྤྱིའི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པར་འདོད་དོ། །

  52. མེ་ཏོག་དཀར་པོ། says:
    2012-11-07 at 11:52 am

    ད་འོ་ན་ཨོ་ཉི་རང་ལེགས་ཤོས་ཡིན་ས་རེད། མ་རེད། མ་རེད། ཁོ་རང་དང་ནང་འདྲིས་ཡོད་མཁན་ཞིག མ་རེད། མརེད། སུ་ཡིན་རུང་ཁོང་ལ་ཤིང་ཁྲི་སེར་པོ་མཐོན་པོ་ཞིག་སྟེང་བཞག་ནས་་་་་

  53. རིག་འཛིན། says:
    2012-11-07 at 1:08 pm

    སྤྲུལ་སྐུ་རིན་པོ་ཆེ་ལ་ཁྱེད་ཚོས་རུབ་མི་ཆོག
    ཁོང་ག་ཚོད་སྡུག་ཀྱང་སེར་འཛར་ཞིག་རེད།

  54. པདྨ་འཕྲིན་ལས་། says:
    2012-11-07 at 5:13 pm

    དང་པོ་སྤྲུ་སྐུ་རྐུ་མ་དང་སྤྲུ་སྐུ་རྫུན་མ་སྤྲུ་སྐུ་ཅག་པ་དེ་དག་ལ་བཙོན་རྭ་ཞིག་བཟོས་ཚང་མ་དེས་ནང་དུ་བཅུག། ལོ་ཉི་ཤུ་ནས་བཞི་བཅུ་བར་བཀག། ད་ལྟད་མོ་ཡོད་ཡ་།

  55. མེ་ཏོག་དཀར་པོ says:
    2012-11-07 at 10:27 pm

    འོ་གཙོན་ཁང་དེའི་གཙོན་སྲུང་གཙོ་བོ་དེ་པད་ཕྲིན་ཁྱོད་རང་ཡིན་ད། ཁྱོད་ངར་མ་ཞིག་འདུག

  56. བསེ་རུ། says:
    2012-11-07 at 10:39 pm

    མེ་ཏོག་དཀར་པོ་ལྷག་བསམ་དཀར་པོ་རེད།།
    བཙོན་ཁང་བཙོན་སྲུང་བཙོན་རྭ་དང་།།
    བཙོན་པ་བཙོན་ཟུར་བཙོན་ཁྲིམས་དང་།།
    བཙོན་ལྟོ་བཙོན་ཆས་བཙོན་བཙོན་གྲོགས་སོགས།།

    སྔོན་འཇུག་བ་དང་མིང་གཞི་ཙ།།
    ན་རོའི་དབྱངས་ལྡན་རྗེས་སུ་ན།།
    བསྐལ་པའི་བར་དུ་འགྱུར་བ་མེད།།
    དེ་དོན་ཀུན་གྱིས་ཡིད་ངོར་ཆོངས།།

  57. འདྲེ་རྐང་ཐོ། says:
    2012-11-07 at 10:42 pm

    སངས་རྒྱས་བསྟན་ལ་སྤྲུལ་སྐུ་མཁོ། །
    རྒྱ་བོད་གྲོས་མོལ་སྤྲུལ་སྐུ་མཁོ། །
    འཛམ་གླིང་ཞི་བདེར་སྤྲུལ་སྐུ་མཁོ། །
    སྤྲུལ་སྐུའི་ལམ་ལུགས་དར་བར་ཤོག །

    རི་སྡེའི་བར་ལ་སྤྲུལ་སྐུ་མཁོ། །
    རྩྭ་ས་རྩོད་གླེང་སྤྲུལ་སྐུ་མཁོ། །
    སྤྲུལ་སྐུ་མི་མཁོ་ས་ཞིག་མེད། །
    སྤྲུལ་སྐུའི་ལམ་ལུགས་དར་བར་ཤོག །

  58. མེ་ཏོག་དཀར་པོ says:
    2012-11-08 at 1:13 am

    བསེ་རུའི་མཛུབ་སྟོན་ལ་བརྐྱངས་ཕྱག་བརྒྱ་ཐམ་པ་བཅས་ངོས་ལེན་ཞུའོ།།

  59. སྤོབས་པ་མཐའ་ཡས། says:
    2012-11-08 at 3:48 am

    ངས་ཡག་པོ་བཀླགས་མི་ཤེས་པ་ཡིན་ས་རེད། རྩོམ་ཡིག་འདིའི་བརྗོད་བྱ་གཙོ་བོ་འདི་རེད་ཟེར་བ་ཞིག་རྙེད་མ་སོང་།

  60. ཀརྡོ་གཉེར་ཕྱག་པ་ says:
    2012-11-08 at 4:17 am

    རྫུན་མ་དང་ཕུང་གསུམ་པ།

    སྤྲུལ་སྐུ་རྫུན་མ་སྤྲུལ་སྐུ་མིན། །
    བླ་མ་རྫུན་མ་བླ་མ་མིན།
    གྲྭ་པ་རྫུན་མ་གྲྭ་པ་མིན། །
    བཙུན་མ་རྫུན་མ་བཙུན་མ་མིན། །

    ཕུང་གསུམ་མེད་པའི་བཀྲ་ཤིས་ཤོག །

  61. མེ་ཏོག་དཀར་པོ says:
    2012-11-08 at 6:29 am

    སྤྲུལ་སྐུ་བསྟན་པའི་དགྲ་བོ་རེད།།
    སྤྲུལ་སྐུ་བོད་མིའི་ཁུར་པོ་རེད།།
    སྤྲུལ་སྐུ་མང་གཙོའི་གཤེད་མ་རེད།།
    སྤྲུལ་སྐུ་ཟེར་ན་ཚོང་དཔོན་རེད།།
    སྤྲུལ་སྐུ་དགོན་པའི་ཉམས་རྒུད་གཞི།།
    སྤྲུལ་སྐུ་རྩོད་རྙོགས་ཆུ་བོའི་གཏེར།།
    སྤྲུལ་སྐུ་ཕྱུག་པོའི་གཡོག་པོ་རེད།།
    སྤྲུལ་སྐུ་དཀོར་བགམ་གཏེ་བོ་རེད།།
    སྤྲུལ་སྐུ་ལམ་ལུགས་གད་སྙིགས་འདིས།།
    ཤཀྱ་ཐུབ་རིང་ལུགས་ནུས་མེད་བཟོས།།
    སོག་པོ་སོགས་ལ་མགོ་བཏགས་ཞུས།།
    གུང་ཕྲན་རིང་ལུགས་བོད་དུ་དྲངས།།
    དད་ཅན་མང་པོ་དད་ལོག་བཟོས།།
    ལོག་པའི་ལམ་ལ་མཐའ་མེད་ཕྱིར།།
    དེས་ན་མང་དུ་མི་སྤྲོ་འོ།།
    གོ་ན་རྣ་བའི་བུ་རམ་གྱིས།།

  62. གནམ says:
    2012-11-08 at 8:44 am

    ཅི་བཤད་འདི་བཤད་མེད་པའི་མི་བུ་འགས། ཁ་མཆུ་བཙུམ་ཙམ་དང་ཇུས་དག་ཉུང་ཙམ་བྱས་ན་གོང་མ་བཀའ་དྲིན་ཅན་ཚོའི་སྐུ་རིང་ནས་བཏབ་པའི་ས་བོན་འདི་བོད་ཕྱི་གཉིས་ལ་སྨིན་སྲིད་པ་ལས། གཏེ་ངན་ཙི་གུའི་བསམ་བློ་ཅན་འདི་ཚོས་ཡོད་ཚད་ལ་ངན་སྨྲས་དང་རིག་ཚད་ལ་སྐུལ་འདེབས་བྱེད་པ་ནི། ཆུ་རྒྱམ་མཚོའི་ནང་ན་སྦལ་བ་གཅིག་པོ་མ་མཏོགས་མེད་པར་འདོད་མཁན་གྱི་སྐྱེ་བུ་ངན་པའི་རང་གཤིས་ཅན་འདི་ཚོའི་ཁ་ཀླད་པ་གཉིས་ཀ་ལོག་ལམ་ལ་འཁོར་བའི་ལྟས་ངན་རང་རེད་འདོད།

  63. མེ་ཏོག་དཀར་པོ says:
    2012-11-08 at 9:48 am

    གནམ་འདིས་བོད་སྐད་ཐོག་བྲིས་ཡོད་ན་ལན་ཞིག་འདོན དགོས་མོད། བོད་སྐད་ཐོག་བྲིས་མི་སྣང་བས་ཅི་བྱ།

  64. ཨོ་རྒྱན་ཉི་མ། says:
    2012-11-08 at 11:34 am

    གནམ་གཉིད་ལས་སད་མ་ཐག་གླལ་རྒྱང་ཞིག་བྱས་ཏེ། རྨི་ལམ་གྱི་འཁྲུལ་སྣང་བགྲང་ཡིན་པ་འདྲ། ཝཝཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme